| Wylie | e-texts produced with BDRC’s OCR application |
ལོ་ཙྪ་བ་ནག་ཚེ་ཚུལ་ཁྲིམས་རྒྱལ་[]པས་བསྒྱུར་བའོ།། རྒྱལ་#་བྱོར་བའི་འབྱུང་གནས་ལ་གཏང་བའོ།། ། རྒྱ་གར་སྐད་དུ། བཱི་ན་ཡ་ཀ་ན་རཱ་ཛ་ས་དྷ་ནཱ་མ། བོད་སྐད་དུ། བགེགས ་ཀྱི་རྒྱལ་པོའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ།། མ་མོའི་ཁྱིམ་དང་ཉམས་དགའ་བར།། སྒོམ་པ་བཟང་པོ་བྱས་པ་ཉིད།། འབད་པས་བྲིས་སྐུ་དམིགས་ནས་ནི།། སྔར་མཆོད་བློ་གྲོས་ལྡན ་པ་ཡིས།། གར་མཁན་ཅིང་པ་རྟག་གནས་པ།། དཔལ་ཚོགས་བདོག་ཆེན་པོ་ཞབས་གཡས་བརྐྱང་བས་གནས་པ། སྐུ་མདོག་དམར་པོ་འོད་དམར་པོ་འོད་འབར་བ་དམར་པོས་འཁྲུགས་པ། ཞལ་གཅིག་པ། སྤྱན་གསུམ ་བ། གླང་ཆེན་གདོང་རལ་པའི་དབུ་བརྒྱན་བཅིངས་པ། མཆེ་བ་གཙིགས་པ། བོང་གི་ཐུང་ལ་སྦོམ་ལ་རགས་པ། གསུས་པ་འཁྱིལ་ཞིང་ཆེ་བ། ཤིན་ཏུ་འཇིགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་བཅུ་གཉིས་པ། ་གཡས་དང་པོ་དགྲ་སྟ། གཉིས་པ་གཏུན་ཤིང་། གསུམ་པ་མངའ་གཞུ། བཞི་པ་ཁ་ཊྭཱཾ་ཀ། ལྔ་པ་ལྕགས་ཀྱུ། དྲུག་པ་ཐོད་པ་ཁྲག་གིས་བཀང་བའོ།། གཡོན་པ་དང་པོ་རྡོ་རྗེ། གཉིས་པ་རལ་གྲྀ། གསུམ་པ་ཐོད་པ་ཆེན ་པོས་བཀང་བ། བཞི་པ་ཕུབ་ཆུང་། ལྔ་པ་བ་དན་རྩེ་གསུམ་པ། དྲུག་པ་འཕང་མདུང་བསྣམས་པའོ།། པདྨ་དམར་པོ་དང་། ཉི་མའི་གདན་ལ་གནས་པའོ།། ཨོཾ་གཿགཿསིད་དྷི་སིད་དྷི་སརྦ་ཨཪྵ་མ་པྲ་སཱ་དྷ་ཧཱུ་ཧཱུཾ་ཛཿཛ ་སྭཱ་ཧཱ་དགུག་པའི་སྔགས་སོ།། ཨོཾ་ཨཱཿགཿཧཱུཾ་སྭཱ་ཧཱ། བཟླས་པའི་སྔགས་སོ།། སྟོང་ཕྲག་བརྒྱ་ཡིས་འགྲུབ་འགྱུར་བས།། ཕྱི་ནས་ལས་རྣམས་ཡང་དག་བཅུ་དང་ས་ཆུབ་གཉིས་མ།། ལན་ཅིག་ཡོངས་སུ་བཟླས་ཐོག་ལེ་བྱས།། ། ་སྔགས་པ་སྐལ་བཟང་མཐོང་ན་དགའ།། རྒྱལ་པོའི་སྒྲོ་རུ་ཆེས་མཆོད་ཅིང་།། དགྲ་རྣམས་ཐམས་ཅད་འཇིགས་པར་བྱེད།། ངོར་ཐམས་ཅད་བདག་ལ་རབ་ཏུ་བསྒྲུབས་བགེགས་རྣམས་ཉེ་བར་བསྐོད་ཉིད་དང་།། འདོད་པ་ཀུན་གྱི་འབྲསོ ་གཏེར་བར།། ཐེ་ཚོམ་མེད་པ་ཉིད་དུ་འགྱུར།། དེ་ལྟའི་ཆོ་ག་སྒྲུབ་པ་ཉིད།། མ་མོ་རྣམས་ནི་འགྲུབ་པའི་མཆོག། དཔལ་བགེགས་ཀྱི་རྒྱལ་པོའི་སྒྲུབ་ཐབས་ཞེས་བྱ་བ། གྲུབ་པའི་བརྟུལ་ཞུགས་བརྙེས་པ། སློབ ་དཔོན་ནག་པོ་སྤྱོད་པ་བས་མཛད་པ་རྫོགས་སྷོ།། པཎྜི་ཏ་ག་ཡ་དྷ་ར་དང་ལོ་ཙཱ་བ་གྱི་ཇོ་བླ་བའི་འོད་ཟེར་གྱིས་བསྒྱུར་བའོ།། ་