CLOSE WINDOW

GT2970: glang po rin po che la nor blang ba'i man ngag ces bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཧཱསྟི་རད་ན་དྷ་ན་ཡེ་ཏི། ཨུ་བ་དྷེ་ཤ་ན་མ། བོད་སྐད་དུ། གླང་པོ་རིན་པོ་ཆེ་ལ་ནོར་བླང་བའི་མན་ངག་ཅེས་བྱ་བ། དགོས་འདོད་མ་ལུས་འབྱུང་བའི་རིན་པོ་ཆེ།། རིན་ཆེན་བདུན་ལས་ཁྱད་པར ་འཕགས།། གཏེར་མཛོད་ཁྱོད་ལ་རྨང་པ8་གྲང་མན་ང་ཅེས་བྱ་ཕྱག་འཚལ་ལོ།། དབུལ་བའི་སྡུག་བསྔལ་སེལ་འདོད་ཅིང་།། གོང་ཞིག་ནོར་རྫས་སྒྲུབ་འདོད་པས།། གཏེར་མཛོད་འདི་ལ་འབད་པར་བྱ།། གླང་པོ ་གཏེར་མཛོད་ཅེས་བྱ་བའི།། ནོར་སྒྲུབ་གང་ཞིག་བྱེད་འདོད་པས།། བསྲེག་ཐུབོ་རྫས་བཟང་པོ་ལ།། རང་ན་སྣ་ལྔ་བདར་བྱས་ཏེ།། རྒྱ་གར་གླང་པོ་ཆེ་ཡི་གཟུགས།། ཉམ་བག་ཚོ་ཞིང་ལྟ་ན་མཛེས།། ཡན་ལག་ཐུང་ཤིང་གསུས་པ ་ཆེ།། མགོ་ལ་ཡིད་བཞིན་ནོར་བུས་བརྒྱན།། མཁས་པས་ནང་དང་ལྡན་པར་བྱ།། དེ་ཉིད་མ་ཡི་སྨིན་བྱ་སྟེ།། དེ་ཡི་ནང་དུ་གཞུག་པ་ནི།། སྔགས་དང་རྫས་སུ་ཤེས་པར་བྱ།། དང་པོ་སྔགས་ཀྱི་མཚན་ཉིད་ནི།། གྲུབ་ན་གསེར་གྱི་བྲི ་བར་བྱ།། མ་གྲུབ་རྒྱ་ཤོག་དཀར་པོ་ལ།། རྒྱ་སྨུག་ངག་གིས་བྲི་བར་བྱ།། དྲི་བཟང་ལྔ་ཡི་ཙ་ནན་བྱ།། དེ་ཡི་སྔགས་ནི་འདི་ལྟ་སྟེ།། ཨོཾ་མ་ཧཱ་ཧ་སྟེ་རང་ན་སརྦ་སཾ་དྷི་ཕ་ལ་ཧཱུཾ། རད་ན་པུ་ནེ་སིདྷཾ་སིདྡྷི་ཧཱུཾ། རིན་པོ་ཆེ་གཏེར་གྱི་དངོས་གྲུབ་ཆེན ་པོ་ཐོབ་པར་གྱུར་ཅིག། དྷ་ན་མེ་དྷི་ཧི་སིདྡྷི་ནཱཾ། ནོར་ཟས་དང་ལོངས་སྤྱོད་ཀྱི་དངོས་གྲུབ་ཆེན་པོ་ཐོབ་པར་གྱུར་ཅིག། ན་ན་ཁེང་དྷི་སིདྡྷི་སིདྡྷི་ཧཱུཾ། ཁ་ཟས་ཀྱི་མཆོག་ཆེན་པོ་ཐམས་ཅད་ཀྱི་དངོས་གྲུབ་ཐོབ་པར་གྱུར་ཅིག། དྷ་ལ ་ས་སྥོ་སིདྷི་སིདྡྷི་ཧཱུཾ་ཛ་ཛ། འཁོར་དང་ལོངས་སྤྱོད་ཀྱི་དངོས་གྲུབ་ཆེན་པོ་ཐོབ་པར་གྱུར་ཅིག། བཀྐུ་ཤིས་པར་གྱུར་ཅིག། སདྱ་ཐཱ་དན། བི་ཛ་ཡེ་བི་ཛཱ་ཡེ་ཨུག་གེ་ཨུག་གེ་སྭསྟཱི་ཏྲ་པ་ཏཱི་ཨ་ཁུ་མེ། པྲཱ་ས་ར་དྷ། སཱ་དྷི ་པྲ་ཧ་ཁེ། མུ་ནེ་མུ་ནེ་གུ་ར་ནེ་གུ་རཱ་ནེ། ཨ་ཁེ་མུ་ཁེ་མུ་ར་གྲེ་མུ་ར་གཽ། སྭསྟེ་གུར་ན་ཡཱ། སརྦ་པ་སྟི་བྲུཾ་བྷུ་བྲུཾ། སྭི་སྟི་སྭི་སྟི། མུ་ལེ་མུ་ལྀ། ཀེ་ཤེ་ཀེ་ཤེ། ཙུ་ར་ན། ཙུ་ར་ན། བྷི་མཱ་ལེ་སྭཱ་ཧཱ། ཨོཾ་ཀཾ་ཀ་ར། ཀཱཾ་ཀ་ར། ནིར་གད་ཙ་ཏ་ནི། ནིར་གད་ཙ་ཏ་སྭསྟི། ་ཆེ་གེ་མོ་ཞེས་བགྱི་བའི་ཁྱིམ་འདི་རུ། ཕོ་བྲང་རིན་པོ་ཆེའི་གཏར་གྱི་གང་བར་གྱུར་ཅིག། འབྲུ་དང་ལོངས་སྤྱོད་ཀྱི་ཆར་འབབ་པར་གྱུར་ཅིག། འཁོར་དང་ལོངས་སྤྱོད་སྤྲིན་ལྟར་འདུ་བར་གྱུར་ཅིག། བུ་ཚ་དང་རིགས་རྒྱུད་ཐམས་ཅད་དར ་ཤིང་རྒྱས་པར་གྱུར་ཅིག། སྙན་པ་དང་གྲགས་པ་ན་མཁའ་དང་མཉམ་པར་གྱུར་ཅིག། རྐྱེན་དང་བར་ཆད་ཉེ་བར་ཞི་བར་གྱུར་ཅིག། ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས་པར་གྱུར་ཅིག། ཚེ་སྲོག་བྲག་པས་སྲ་བར་གྱུར་ཅིག། ་ལོངས་སྤྱོད་འཕྲུལ་དགའི་ལྷ་དང་མཉམ་པར་གྱུར་ཅིག། ཟས་ནོར་ཐམས་ཅད་འཕེལ་བར་གྱུར་ཅིག། ཟས་ནོར་གྱི་དབྱིག་ཆེན་པོ་ཐོབ་པར་གྱུར་ཅིག། མི་ནོར་ཟས་གསུམ་གྱི་ལུད་ཅིང་གང་བར་གྱུར་ཅིག། འབྲུའི་བང་བ་ཐམས་ཅད ་ཀྱང་ཏིལ་གྱི་གའུ་བཞིན་དུ་གང་ཞིང་འཕེལ་བར་གྱུར་ཅིག། འཐར་པ་ཐམས་ཅད་སྡུད་ཅིག། ཉམས་པ་ཐམས་ཅད་སོས་ཅིག། ཟད་པ་ཐམས་ཅད་སྣོན་ཅིག། དམའ་བ་ཐམས་ཅད་ཁོང་ཅིག། ཁེངས་པ་ཐམས་ཅད་སྲུད་ཅིག། ་དམྱ་ཡད་ཀྱི་ཞག་ཆེན་པ་ཕུབ་ཅིག། བདེ་ལེགས་ཕུན་སུམ་ཚོགས་པ་འབྱུང་བར་གྱུར་ཅིག། དེ་ནསརྒྱུ་ཤོག་དཀར་པོ་ལཱ། རིན་རྐྱེན་སྣ་བདུན་བྲིས་བྱས་ལ།། རང་རང་རྒྱབ་ཏུ་སྔགས་འདི་བྲི།། ཨོཾ་ཙྪཀྵ་རཱང་ན་པཱ་ལྱཱ། སིདྡྷིཙྪ། ་ཨོཾ་མ་ཧཱ་རད་ན་ཕ་ལ་སྱཱ་ཏི་ཧཱུཾ། ཨོཾ་བྷཱི་ཧི་རང་ན་ཕ་ལ་སཱཾཏྟི་ཧཱུཾ། ཨོཾ་མ་ཧཱ་རང་ནཱ་ཕ་ལ་སི་ཏི་ཧཱུཾ། ཨོཾ་ཧ་ཏཽ་རད་ན། ཕ་ལ་སཾ་ཏི་ཧཱུཾ། ཨོཾ་དྷ་ནཱི་ར་ག་མ་ཤ་རོད་ན་སཾ་ཏི་པ་ལ་ཙྪ། ཨོཾ་གྷེ་ཏི་རཱང་ན་ཕ[]་མལ་སཾ་ཏི་ཕ་ལ་ཧཱུཾ། གཞན ་ནོར་བུ་ཆེན་པོ་ཆེ་ཡང་རྒྱ་ཤོག། ཙུན་མ་རི་བཆེ་དཀར་པོ་ལ།། བཀྲ་གླང་ཟེ་ཆེང་པོ་ཆེ་ཤིས་རྫས་བརྒྱདོ་སློང་མ་ཆེ་པོ་ཚང་བར་བྲི།། དེ་ནས་མཆེག་ཆེན་པོའི་གླང་ཆེན་ཁོག་པར་གཞུག། དཔག་པོར་རི་པོ་ཆེ་གཉིས་པ་རྫས་ཀྱི་རིམ་པ་ནི།། པྲེ ་སྲང་དགུ་ཡི་བྲེག་པ་དང་།། ཕྱུག་པོ་དགུ་ཡི་ཞིང་སྐྲ་ཁང་ས་དང་།། འཕན་པོ་དགུ་ཡི་ཞིང་ས་ཁང་ས་དང་།། གསེར་དངུལ་ཟངས་ལྕགས་དུང་དང་ནི།། མན་ཤེལ་བྱི་རུ་མུ་ཏིག་དང་།། འབྲུ་སྣ་ལྔ་དང་དར་ཟབ་དང་།། ཟས་སྣ་མང་པོ ་རྒྱ་མ་འང་དག་དང་ནི།། དཀར་གསུམ་དང་ནི་དང་རཾ་གསུམ་དང་།། མཛོ་དང་དྲེའུ་མཱ་གཏོགས་པ།། ཕྱུག་མ་ཟིལ་ཕྱགས་དགུ་ཡི་སྤུ།། རྟ་དང་ར་ལུག་བཟང་པོའི་སྤུ།། འབྲི་གཡག ་གཉིས་ཀྱི་སྤུ་དང་ནི།། བཟང་དྲུག་སྨན་དང་མེ་ཏོག་དང་།། ཕྱུག་པོ་བདུན་གྱི་སར་ཚམ་ཝང་ནས་འབྲུ་དང་།། བཀྲ་ཤིས་འཛེམ་པའི་ནོར་རྫས་དང་།། མ་ལུས་གླང་ཚན་ཁོག་པར་གཞུག། རྟེན་འབྲེལ་སྙིང་པོ་བརྒྱ་རྩ་བརྒྱད།། ་བཟླས་ལ་གོང་གི་རྫས་ལ་གདབ།། དེ་ནས་ཞབས་སྡོམ་ལེགས་པར་བྱ།། སུམ་ཅུ་རྩ་གསུམ་ལྷ་ཡུལ་ནས།། དགོས་འདོད་མ་ལུས་འབྱུང་བ་ཡི།། གླང་པོ་རིན་ཆེན་སྤྱན་དྲངས་ལ།། དེ་ལ་གཉིས ་ས་ཀྱུ་ལྟ་བུས་སུ་མེད་པར་བསྟིམ།། བསྟིམ་པའི་རྫ་ཡི་གླང་པོ་དེ།། གླང་པོ་རིན་ཆེན་ཉིད་དུ་འགྱུར།། ཏིང་འཛིན་གྱི་སྤྱན་དྲང་བ་གྱུར་པའི་བདག་གི་འདོད་པ་ཀུན།། གླང་པོ་དེ་ལས་འབྱུང་བར་བསམ།། དགོས་ཙཾ་ཏི་རང་ནས་མ་ཡ་ཧཱུཾཿཞེས་པ་འོང་ཟེར ་འདོད་ཀུན་འབྱུང་འབྱུང་བ་དེ།། རང་གི་མཛོད་དམ་ཕུགས་སུ་གཞུག། ནས་ཚུགས་སམ་ནི་བང་མཛོད་དུ།། བཞག་པའི་ཐབས་ནི་འདི་ལྟར་ཏེ།། དར་སྣ་ལྔ་ཡི་སྣ་ནས་གདག། སེང་ལྡེང་ཕུར་པ་སོར་བཞི་ལ།། གླང་པོ་རིན་ཆེན་བསྟོད ་ལ་བཞིག།། དེ་ལ་རབ་གནས་གོང་ལྟར་བྱ།། འབྲང་རྒྱས་བྱསལ་བཀྲ་ཤིས་ནས་མི་ཁེངས་པའི་བ་6གསོལ།། དེ་ཚེ་དེ་ཡི་ཉིན་པར་ལ།། ནོར་རྫས་གཏེར་བ་བྱུང་གྱུར་ན། ཤིན་ཏུ་རྟེན་འབྲེལ་བཟང་བས་ན།། དངོས་གྲུབ་ཆེན ་པོ་འབྱུང་བའི་སེ་རྣམ་དང་ཏིང་མི་ཛིར་གལ་རྩཝ་རྟགས།། ཡི་གླང་པོ་དེ།། མི་ཡིས་མཐོང་བར་མི་བྱ་ཞིང་།། འགོམ་ཤིང་ཐོ་ཡུགས་མཱི་བཏ་བླང་བ་མ་སའི་དང་རབ་གནས་བྱེད་མ་ང་བ་ར།། ཤིན་ཏུ་ཅེས་བཀྲུས་ལྡན་པར་བྱ།། མི་ལག་འབྲིམ ་པར་མི་བྱའོ།། དེ་ལྟར་བྱས་པའི་ཡོན་ཏན་ནི།། དག་ཉིད་ཤིན་ཏུ་དབང་ཕྱུག་ཅིང་།། ལོངས་སྤྱོད་འཕྲུལ་དགའི་ལྷ་དང་མཉམ།། ཅི་བསམ་ལྷུན་གྱིས་འགྲུབ་པར་འགྱུར།། སེམས་ཅན་ཀུན་གྱི་སྨོན་པར་འགྱུརརོ།། ནོར་ཟས་སྤྲིན་ལྟར ་འདུ་བར་འགྱུར།། མི་རྒྱུད་ནགས་ཚལ་བཞིན་དུ་རྒྱས།། ནང་དང་གདོན་ལས་གྲོལ་འགྱུར་ཏེ།། བདེ་ལེགས་ཕུན་སུམ་ཚོགས་པར་འགྱུར།། མདོར་ན་ཡོན་ཏན་མ་ལུས་ཀུན།། གླང་པོ་རིན་ཆེན་ཉིད་དང་མཚུངས།། དེ་ཕྱིར་འདི་ལ་འབད ་པར་བྱ།། འདི་ལས་དགོས་འདོད་ཐམས་ཅད་འབྱུང་།། གླང་པོ་རིན་པོ་ཆེའི་ནོར་གྱི་ཆར་འབེབས་པ་ཞེས་བྱ་བ། ཟས་ནོར་ལོངས་སྤྱོད་ཚེ་དང་བསོད་ནམས་ཐམས་ཅད་སྤྲིན་ལྟར་སྡུད་པའི་མན་ངག། འབྱོར་པ་སྐུ་ཡང་གཽ་ཏེར་དང་སྤོང ་པའི་ག་མ་ངག། ཤིན་ཏུ་ཟབ་པའོ།། སྔགས་ཀྱི་མཚང་། ཨོཾ་མ་ཧཱ་ཧཱསྟི་རང་ན་སརྦ་སིདྷི་ཕ་ལ་བ་ཤང་ཀུ་རུ་ཧཱུཾ་ཧཱུཾ། ཅེས་ཤོག་བུ་ལ་མང་དུ་བྲིས་ལ། གླང་པོ་ཆེའི་ནང་དུ་གཞུག་གོ།། བདག་འཆང་བ་པོའི་ལོངས་སྤྱོད་དང་། ་འབྱོར་པ་ཐམས་ཅད་སྤེལ་ཅིག་བྱའོ།། འཕགས་པ་ཀླུ་གྲུབ་ཀྱིས་མཛད་པའོ།། ། བླ་མ་གསེར་གླིང་བས་མཛད་པའི་ཚོགས་བདས་ཀྱི་སྒྲུབ་ཐབས་ལགས་སོ།། རྒྱ་གར་སྐད་དུ། གཱ་ཎ་པ་ཏི་པ་ཏྲ་མ་ཧཱ་སཱ་དྷ་ནཱ་མ། བོད་སྐད་དུ། ཚོགས་ཀྱི ་