CLOSE WINDOW

GT2969: rnam thos sras rjes su 'brang ba'i gtor ma'i cho ga zhes bya ba
Wyliee-texts produced with BDRC’s OCR application

རྒྱུ་གར་སྐད་དུ། བྷཾ་ཤྲ་པ་ཨ་ནུ་ཛྙཱ་པ་བྷི་ཏི་བྷ་ལི་ན་མ། བོད་སྐད་དུ། རྣམ་ཐོས་སྲས་རྗེས་སུ་འབྲང་བའི་གཏོར་མའི་ཆོ་ག་ཞེས་བྱ་བ། བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་གོས་སྔོན་པོ་ཅན་ལ་ཕྱག་འཚལ ་ལོ།། ས་གསུམ་མགོན་པོ་འགྲོ་བུ་ཀུན་གྱི་སྐྱབས།། གདུག་པ་འདུལ་མཛད་བཅོམ་ལྡན་གོས་སྔོན་ཅན།། ན་མཁའ་མཛོད་ཀྱི་གཏེར་འཆང་གནོད་སྦྱིན་ཀུན་གྱི་རྗེ།། གང་གིས་མཚན་ཐོས་སྐྱོབ་མཛད་ལྔ་ཡི་རྒྱལ་པོ་ཕྱག་འཚལ ་ནས།། དེ་མཉེས་བྱ་ཕྱིར་གཏོར་མའི་རྗེས་བཟུང་ནས།། རྗེས་སུ་འབྲངས་པའི་ཆོ་ག་བཤད་པར་བྱ།། ཁྲོ་རྒྱལ་གོས་སྔོན་རྣལ་འབྱོར་པས།། ཡི་གེ་བཅོ་ལྔའི་སྙིང་པོ་ལ།། བྱེ་བ་ལྔ་འབུམ་སྔོན་སོང་ནས།། སྔོན་དུ་འགྲོ་དང་བྱིན་རླབས་སོགས ་གཏོར་མའི་ཆོ་ག་སྔར་བསྟན་བཞིན།། སྒྲུབ་པ་པོས་ནི་འདིར་ཤེས་བྱ།། དེ་ནས་མདུན་དུ་བྲུཾ་ལོས་ནི།། གཞལ་ཡས་ཁང་གི་ནང་ཉིད་དབུས།། པཾ་ལས་པདྨ་འདབ་བརྒྱད་བསམ།། ལྟེ་བར་བཅོམ་ལྡན་གོས་སྔོན་དང་།། བཀའ་སྡོད ་རྒྱལ་པོ་རྣམ་ཐོས་སྲས།། ས་བོན་གཉིས་ལས་ཡང་ངག་སྐྱེད།། དེ་ཡི་ཕྱི་རོལ་འདབ་བརྒྱད་དང་།། ཉི་ཤུ་རྩ་བརྒྱད་སུམ་ཅུ་གཉིས།། ས་བོན་གནས་ལས་དེ་རྣམས་དབྱུང་།། འདབ་བརྒྱད་གནོད་སྦྱིན་གོང་རས་ཀླུ།། ཕྱི་རོལ་ཉི་ཤུ་རྩ་བརྒྱད་ལ།། ་སྡེ་དཔོན་ཉི་ཤུ་རྩ་བརྒྱད་བསྐྱེད།། དེ་ཡི་ཕྱི་རོལ་འདབ་མ་ལོ།། སྟོབས་ཚོན་སུམ་ཅུ་སོ་གཉིས་སྐྱེད།། གཞན་ཡོད་ཀླུ་དང་གནོད་སྦྱིན་རྣམས།། བྱེ་བ་འབུམ་ཕྲག་འཁོར་བཅས་བསམ།། དེ་ནས་རང་གི་སྙིང་ཁ་ཡོ།། ས་བོན་ཧཱུཾ་གི་འོད་ཟེར ་གྱིས།། བཅོམ་ལྡན་རྡོ་རྗེ་གོས་སྔོན་དང་།། རྒྱལ་ཆེན་འཁོར་བཅས་སྤྱན་དྲང་བྱ།། ཧཱུཾ་རི་རྒྱལ་ལྷུན་པོའི་བྱང་ཕྱོགས་ནས།། ལྕང་ལོ་ཅན་གྱི་ཕོ་བྲང་ནས།། རིན་ཆེན་འབར་བའི་གཞལ་ཡས་ནས།། པདྨ་མཛེས་པའི་གདན ་སྟེངས་ནས།། ཀླུ་བརྒྱད་ལུས་སྣོལ་ཉི་ཟླའི་གདན།། ཁྲོ་བོའི་རྒྱལ་པོ་སྐུ་བཞེངས་ཅིག། སྐུ་ལ་ཡེ་ཤེས་འོད་འཕྲོ་བས།། བསྐལ་པའི་མེ་དཔུང་ཆེན་པོ་འབར།། བཅོམ་ལྡན་གསང་བ་དག་གོས་སྔོན་ཅན།། རྣལ་འབྱོར་སྤྲུལ་པའི་གཞལ་ཡས ་འདིར།། གདུག་པ་སྣོལ་བའི་གདན་སྟེངས་སུ།། འཕྲིན་ལས་མཛད་ཕྱིར་གཤེགས་སུ་གསོལ།། ཨོཾ་ནི་ལམ་བྷ་ར་དྷ་ར་བཛྲ་པ་ནི། ས་མ་ཡ་ཛཿཧཱུཾ་བཾ་ཧོཿ། དགུག་གཞུག་བཅིང་དང་དགེས་པར་བྱ།། དེ་རྗེས་དབོང་བསྐུར་བྱིན་གྱིས་རླབས།། དེ ་ནས་རྒྱལ་པོ་སྤྱན་དྲང་སྟེ།། ཧཱུཾ་རི་རྒྱལ་ལྷུན་པོའི་བྱང་ཕྱོགས་ནས།། ལྕང་ལོ་ཅན་གྱི་ཕོ་བྲང་ནས།། རིན་ཆེན་སྤུངས་པའི་གཞལ་ཡས་ནས།། ཁྲོ་རྒྱལ་གསང་བདག་སྤྱན་སྔ་ནས།། དཔལ་ལྡན་རྒྱལ་ཆེན་རྣམ་ཐོས་སྲས།། བཙུན་མོ་སྲས་དང ་བློན་པོར་བཅསོ།། བྱེ་བ་འབུམ་ཕྲག་འཁོར་བཅས་རྣམས།། སྔོན་གྱི་ཐུགས་དམ་རྗེས་དགོངས་ལ།། སངས་རྒྱས་བསྟན་པ་བསྲུང་བ་དང་།། སེམས་ཅན་ཀུན་ལ་སྨན་སླང་དུ།། བྱང་ཕྱོགས་གནས་ན་བཞུགས་པ་རྣམས།། ཡིད་བཞིན་སྤྲུལ་པའི ་གཞལ་ཡས་འདིར།། འཕྲིན་ལས་མཛད་ཕྱིར་གཤེགས་སུ་གསོལ།། ཨོཾ་བྷཾ་ཤ་རཱ་མ་ན་ཡེས་པ་རི་བ་རཱ། བཛྲ་ས་མ་ཡ་ཛཾ་ཛ། ཛཿཧཱུཾ་བཾ་ཧོཿ། བརྡའ་རྒྱུད་ཕྱག་རྒྱ་བཅས་ནས་ནི།། བྷཾ་ཡིག་སུམ་ཅུ་རྩ་བདུན་སྲིང་།། སྟོང་སྙིང་འདོད་དང་མགོ ་ང་དང་།། རང་རང་སྔགས་ཀྱིས་མཆོད་པ་དབུལ།། དགུག་གཞུག་དབང་བསྐུར་བྱིན་རླབས་བཟླ་སྱཱ།། ཨཱ་ནི་ལམ་བྷ་ར་དྷཨཱ་རྱཱ་བདྡྷ་བ་ན་དྷུ་དྦྷ་ཕཊ་སྭཱ་ཧཱ། ཨཱཾ་དྷི་ཤྲ་མ་ན་ཡེ་སྭཱདྡྷ། ཨཱ་ཛ་བ་པ་དྷཱ་དྷ་ཡཱ་སྭཱ་ཧཱ། ཨཱ~ཾ་བྷཱ་ན་བྷཱུ་ཀྲ་ཡ་སྭཱཿ། ་ཨཱཾ་མ་ནཾ་བྷ་ཏྲ་ཡེ་སྭཱ་ཧཱ། ཨོཾ་ཀུ་བེ་ར་ཡེ་སྭཱ་ཧཱ། ཨཱཾ་ས་མ་པྲ་ཛ་ན་ཡཻ་སྭཱ་ཧཱ། ཨཱཾ་གུ་ཧསྟཾ་ན་ཡཾ་སྭཱ་ཧཱ། ཨཱཾ་པན་ཛི་ཏ་ཡེ་སྭཱ་ཧཱ། ཨཱཾ་བི་ཙ~ཾ་ཀུན་དྷ་ལཽ་ཡཻ་སྭཱ་ཧཱ། སརྦ་ཡག་ཀྵ། ན་ག། ཨརྒེ། དུ་པ། པུས་པཾ། དི་པཾ། གན་དྷཾ། ནི་པེ་ཏི། ཤབྡ ་ཨོཾ་ཨ་ཧཱུཾ། ཨི་དི་བྷ་ལི་གྷྲྀ་ཧ་ན་དུ། ས་མ་ཡ་རཀྵ་དུ། མ་མ་སིདྡྷི། མེ་པྲ་ཡང་ཙ། སརྦ་ཀརྨ། སྭ་ཏ་ཨ་མོ་ཀ་སྭཱ་ཧཱ། རིན་ཆེན་བདུན་དང་བཀྲ་ཤིས་བརྒྱད་།། བཟའ་བཏུང་ལོངས་སྤྱོད་ཇི་སྙེད་ཀུན།། ཚོགས་མཆོད་རྒྱལ་ཆེན ་དབུལ་བར་བྱ།། རྟ་དང་གླང་པོ་ཁང་བཟངས་དང་།། གསེར་དངུལ་ལ་སོགས་ནོར་གྱི་དབྱིག། ཕྱི་ནང་གསང་གསུམ་རྟེན་རྣམས་ཀྱང་།། མགོན་པོ་འཁོར་དང་བཅས་ལ་དབུལ།། ནེ་རོ་བྷན་ཛ་ན་སྲེག་པ་རླབ།། ལིང་ག་བཅས་པ་དགུག ་གཞུག་བྱ།། ཕུར་པས་གདབ་ཅིང་མཚོན་གྱིས་བཅད།། དེ་ནས་བཀའ་སྒོ་འཕྲིན་ལས་བཅོལོ།། རཱུ་བཞེངས་ཅིག་བཞེངས་ཅིག་སྒྱུ་བཞེངས་ཅིག། རི་རྒྱལ་ལྷུན་པོའི་བྱང་ཕྱོགས་ནས།། གནམ་ལྕགས་འབར་བའི ་གཞལ་ཡས་ཁང་།། དྲེགས་པ་སྣོལ་བའི་གདན་སྟེངས་ནས།། བཅོམ་ལྡན་ཁྲོ་རྒྱལ་གོས་སྔོན་ཅན།། མི་བཟང་དྲག་པོ་སྐུ་བཞེངས་ཅིག། ཁྲོ་བོའི་རྒྱལ་པོ་འཇིགས་བྱེད་ཀྱིས།། དོ་མ་ཉམས་དགྲ་བགེགས་འབྱུང་པོའི་ཚོགས།། ་དབང་སྡུད་རྡུལ་དུ་བརླག་པའི་ཕྱིར།། ཁྱེད་ཀྱི་འཕྲིན་ལས་དུས་ལ་བག། ཕྱོགས་བཅུ་ཀུན་ཏུ་ཁྱབ་བྱེད་པའི།། སྤྲུལ་པ་དྲག་པོ་འབྱུང་མཛད་པ།། ཁམས་གསུམ་པ་བྱད་རྔམ་པར་དྷུ་སྠཱ་ཅན། ཤིན་ཏུ་མ་བཟང ་ཁྲོ་ཆེན་འཇིགས་པའི་སྐུ་ལ་ཡེ་ཤེས་འོད་འབར་བས།། བསྐལ་པའི་མེ་འབར་ལམ་སེ་ལམ་སོ།། གདུག་པའི་དགྲ་བགོགས་མ་ལུས་འདུལ་མཛད་པའི།། ཞབས་བརྒྱད་བརྐྱང་བསྐུམ་ཁྲོ་བའི་ཚུལ་དུ་བཞུགས།། དྲེགས་པ་སྟོབས ་ཚན་མ་ལུས་གདན་དུ་མཛད།། རིགས་དྲུག་སེམས་ཅན་ཕྱོགས་སྐྱོང་བཅུ།། ལྷ་ཆེན་བརྒྱད་དང་ཀླུ་ཆེན་བརྒྱད་།། ཁྲོ་བཅུ་འབར་བའི་གདན་སྟེངས་ན།། ཀླུ་ཆེན་བརྒྱད་ཀྱི་ལུས་བསྣོལ་ནས།། པདྨ་ཉི་ཟླ་འ་བར་པའི་དབུས།། བཅོམ་ལྡན ་སྐུ་ཡི་ཆུ་ལུགས་བསྟན་པ་ནི།། ཤིན་ཏུ་མི་བཟང་ཁྲོ་བོ་འཇིགས་པའི་སྐུ།། དགྲ་བགེགས་འདུལ་མཛད་ཕྱག་མཚན་སྣ་ཚོགས་བསྣམས།། གཡས་ཀྱི་ཕྱག་བརྒྱད་འབར་བ་ན།། གསོད་ཅིང་སྒྲོལ་བའི་ཕྱག་ཅ་ནི།། རྡོ་རྗེ་དབྱུག་ཐོ་གླང ་ཆེན་མཆེ།། ཉི་མའི་འཁོར་ལོ་ལྕགས་ཀྱུ་དང་།། སྡོམ་ཞིང་འཛིན་པའི་ཕྱག་རྒྱ་སྟེ།། ཞགས་པ་གསལ་ཤིང་གྲིལ་ཆེན་དང་།། བྱ་ཁྱུད་འཕན་དང་རྒྱལ་མཚོན་བསྣམས།། ཞལ་བཞི་ཤིན་ཏུ་ཁྲོས་པ་ནི།། འོ་ཕྲིན་ལས་རྣམ་བཞི་རྫོགས ་པར་མཛད།། རྣམ་ཐར་སྒོ་གསུམ་མཚོན་པའི་ཕྱིར།། ཞལ་གསུམ་ཁྲོ་རྒྱལ་རྔམ་པའི་ཞལ།། ཆོས་ཉིད་མི་འགྱུར་སྟེང་ཞལ་གོ་ནག། རལ་པ་དམར་སེར་གྱེན་དུ་འབར།། མི་བསྐྱོད་རིགས་ཀྱི་བདག་པོར་བཞུགས།། གདུག་པ་འབར ་བ་ཐོང་དུ་བཅིངས།། སྐུ་གསུམ་ལྷུན་གྱིས་གྲུབ་པའི་ཕྱིར།། རྩེ་གསུམ་འབར་བས་དབུ་ལ་བརྒྱན།། སྨིན་མ་དམར་སེར་གྱེན་དུ་འབར།། སྟོབས་ཆེན་མ་ལུས་ཀུན་འདུལ་བས།། སྨ་ར་ཨག་ཆོམ་དམར་སེར་རྩུབ།། གདུག ་པའི་དགྲ་བགེགས་འཇོམས་པའི་ཕྱིར།། ཞེ་སྡང་ཆེན་པོ་འཁྲུགས་པའི་རྟགས།། སྤྱན་རྩ་མེ་ལྟར་འབར་བ་ཡིས།། འགྲོ་དྲུག་ཐུགས་རྗེས་གཟིགས་པའི་རྟགས།། སྤྱན་གསུམ་སྡང་དམིགས་བགྲད་པ་ཡིས།། སྲིད་གསུམ ་ཟིལ་གྱིས་གནོན་པའི་རྟགས།། ཁྲོ་གཉེར་དཔྲལ་བར་བསྡུས་པ་ནི།། དྲེགས་པ་ཆེན་པོས་འདུལ་བའི་རྟགས།། ཤངས་ནས་རྡོ་རྗེའི་རླུང་ནག་འཚུབས་པ་ནི།། སྟོང་གསུམོ་ལོག་འདྲེན་ཐམས་ཅད་འཐོར་བའི་རྟགས།། ལྗགས་ནི ་གློག་དམར་འཁྱུག་པ་ཡིས།། ཞལ་ནས་སྔགས་རྒོད་དྲག་པོ་འདོན་པའི་རྟགས།། དབུགས་འགྱུ་མེ་ལྟར་འབར་བ་ནི།། འཁོར་བའི་བག་ཆགས་སྲེག་པའི་རྟགས།། འཇིགས་པའི་ཡ་སོས་མ་མཆུ་མནན་པ་ནི།། ཁམས ་གསུམ་དྲེགས་པ་དབང་དུ་སྡུད་པའི་རྟགས།། ཨ་ལ་ལ་ཡི་རྒད་རྒྱངས་སྒྲོགས་པ་ནི།། ལོག་འདྲེན་བདུད་སོགས་རླངས་པར་མཛད་པའི་རྟགས།། མཐིང་ནག་ཞལ་དུ་སྦྲུལ་ནག་གསོལ་བ་ནི།། ལོག་འདྲེན་གདོན་གསུམ ་ཞལ་དུ་གསོལ་བའི་རྟགས།། ཤིན་ཏུ་འཇིགས་པའི་ཁྲོ་མཆོག་སྐུ་ཉིད་ལ།། ཀླུ་རིགས་སྦྲུལ་བརྒྱད་སྐུ་ལ་བརྒྱན་པ་ནི།། རིགས་བཞིའི་ཀླུ་རྣམས་དབང་དུ་སྡུད་པའི་རྟགས།། རབ་འཇིགས་སྟག་གིས་སྐུ་སྨད་དཀྲིས་པ་ནི།། ་ཞེ་སྡང་སྲིན་པོ་དབང་དུ་སྡུད་པའི་རྟགས།། དར་ཁ་སྔོན་པོས་སྟོང་གཡོགས་བྱས་པ་ནི།། རྡོ་རྗེ་རིགས་ཀྱི་ཁྲོ་བོར་བཞུགས་པའི་རྟགས།། ཤིན་ཏུ་མི་སྡུག་གཤིན་རྗེའི་ཆ་བྱད་ཅན།། བསྐལ་པའི་མེ ་དཔུང་ནང་ན་དྲེགས་ཤིང་འགྱིང་།། དབང་པོ་ཉི་མ་ཕྲག་པར་ཁུར་བ་ནི།། ཡོན་ཏན་ཐམས་ཅད་སྐུ་ལ་རྫོགས་པའི་རྟགས།། ཞབས་བརྒྱད་རྡོ་རྗེའི་གཞི་ལ་གཏམས་པ་ཡིས།། སྤྲུལ་པའི་ཕོ་ཉ་ཕྱོགས་བཅུར་འགྱེད་པའི ་རྟགས།། བཅོམ་ལྡན་སྐུ་ཡི་ཆ་སྟོང་ནས།། ཁྱུང་དང་ཁྲ་འུག་འོལ་བ་དང་།། ཤང་ཤང་ངུར་བྱ་ཀང་ཀའི་ཚོགས།། ནམ་མཁའ་ལྡིང་གི་ཚོགས་ཆེན་འཕྲོ།། གནམ་ལྕགས་འབར་བའི་མཆུ་སྡེར་གྱིས།། གདུག་པའི་དགྲ་བགེགས ་སྙིང་ནས་འཛིན།། ཁྲོ་རྒྱ་ལ་ཐུགས་དང་སྐྱེད་པ་ལས།། རྡོ་རྗེ་དབྱུག་ཐོ་གཏུན་ཤིང་ཐོགས།། འཁོར་ལོ་རྩེ་གསུམ་བསྣམས་མཛད་པའི།། ཁྲོ་བོ་ཁྲོ་མོའི་ཚོགས་སུ་འཕྲོ།། དམ་ལས་འདྲའ་བྱེད་དགྲ་བགེགས་ལ།། ལྟ་ཕུང་ཡན ་ལག་རྡུལ་དུ་རློག། ཁྲོ་རྒྱལ་སྐུ་ཡི་ཆ་སྨོང་ནས།། སྟག་དང་ངོམ་དྲེང་གླང་ཆེན་སྦྲུལ།། སེང་གེ་ཆུ་སྤྲིན་འཇིགས་པའི་ཚོགས།། གཅན་གཟན་གདུག་པའི་ཚོགས་སུ་འཕྲོ།། བསྟན་པ་གཤེགས་པའི་དགྲ་བགེགས་ཀྱི།། ཤ་ཁྲག ་རུས་པའི་ལྟ་བ་ཆོམ།། དེ་ལྟར་སྤྲུལ་པ་འགྱེད་མཛད་པའི།། བཅོམ་ལྡན་རྡོ་རྗེ་གོས་སྔོན་ཅན།། དྲི་མེད་སྐྱོན་བྲལ་ཕྱག་འཚལ་སྟོང་།། ། ཧཱུཾ་སྔོན་ཚེ་བསྐལ་པ་དང་པོ་ལ།། འཛམ་གླིང་འགྲོ་བའི་མི་རྣམས་ཀྱི།། ཚེ་ལོ་བརྒྱ ་པའི་དུས་ཀྱི་ཚེ།། ཤཱཀྱ་སེང་གེའི་སྤྱན་སྔ་རུ།། བྱང་ཆུབ་སེམས་དཔའ་རིན་ཆེན་མང་།། ཐུགས་དམ་ཞལ་བ་ཞེས་དགོངས་མཛད་པས།། སངས་རྒྱས་བསྟན་པ་བསྲུང་བ་དང་།། འགྲོ་བ་ཀུན་ལ་ཕན་ཏགས་ཕྱིར།། རི་རྒྱལ ་ལྷུན་པོའི་བྱང་ཕྱོགས་ནས།། ཨི་ལྀ་ནི་འདྲེའི་ཞིད་ཁམས་སུ།། ལྕང་ལོ་ཅན་གྱི་ཕོ་བྲང་དེར།། ཡབ་ཅིག་རྣམ་མང་ཐོས་པ་དང་།། ལྷ་མོ་དཔལ་ཚུལ་བཟང་མོ་ཡི།། སྲས་སུ་སྐྱེ་བར་སྨོན་ལམ་བཏབ།། སྨོན་ལོམ་ལ་ས་དང ་མཐུ་སྟོབས་ཀྱིས།། བྱང་ཕྱོགས་སྐྱོང་བ་ཡོངས་ཀྱི་རྗེ།། ལྷ་རྒྱལ་སྲས་ཀྱི་མཐུ་བོར་འཁྲུངས།། ལྕང་ལོ་ཅན་གྱི་ཕོ་བྲང་ངེར།། གསང་བདག་ཕྱག་ན་རྡོ་རྗེ་ཡིས།། མཐུ་སྟོབས་རྩལ་བར་དབང་ཡང་བསྐུར།། བསྟན་པ་བསྲུང་བར ་དམ་ཡང་བཅས།། སྔོན་གྱི་ཐུགས་དམ་རྗེས་དགོངས་ལ།། མགོན་པོ་ནོར་འཆང་སྟོབས་པོ་ཆེ།། ཕོ་བྲང་ལྕང་ལོ་ལྡན་པའི་བདག། དབུས་མོའི་ཕོ་བྲང་སུམ་རྩག་གི། རྩེ་མོ་རིན་ཆེན་ནོར་བུས་བརྒྱན།། ཟུར་བཞི་རིམ་གསུམ་ཁང ་བརྩེགས་དགུ།། རྣམ་པ་བཅོ་ལྔའི་མཆོག་གིས་སྤྲས།། རིན་ཆེན་ཁང་བརྩེགས་སྒོ་བཞི་སྟེ།། ཀཱ་བ་སྟོང་ཕྲག་བཅུ་གཉིས་བརྒྱན།། ཕོ་བྲང་ཕྱི་རོལ་ཕྱོགས་མཚམས་ན།། བུམ་པ་བཟང་པོ་དཔག་བསམ་ཤིང་།། རིན་ཆེན་རྫིང་བུ ་འདོད་འཇོའ་བ།། སྤོས་ཀྱི་གླང་ཆེན་ཐལ་སྐྱ་དང་།། གྷཾ་བ་བན་གླང་མ་ཧེའི་ཚོགས།། རྟ་དང་ཤིང་རྟ་སྐད་སྙན་དང་།། དེ་ན་ལྷ་རྫས་རོལ་མོ་འབྱོར།། ཕྱི་རོལ་དཔག་ཚད་ཉི་ཤུ་ན།། རིན་ཆེན་འབར་བའི་ར་བས་བསྐོར།། དབུས་མའི ་རིན་ཚན་ཕོ་བྲང་ན།། གཏེར་སྐྱོང་རྒྱལ་པོ་གཟི་བརྗིད་ཅན།། སྐུ་ལ་རིན་ཆེན་རྒྱན་གྱིས་སྤྲས།། བཙེ་མ་གསེར་མདོག་འོད་ཟེར་འབར།། ཆིབས་སུ་སེང་གེ་དཀར་མོ་ཆིབས།། ན་བཟའ་ཆུ་དར་སྔོན་པོ་གསོལ།། ་ཕྱག་གཡས་རིན་ཆེན་དབྱུག་ཏོ་བསྣམས།། གནོད་སྦྱིན་འབྱུང་པོ་རྡུལ་དུ་རློག། ཕྱག་གཡོན་གསེར་གྱི་ནི་ལེ་བསྣམས།། སྒྲུབ་པ་པོ་ཡི་རེ་བ་བསྐོང་།། ཞལ་ནས་རིན་ཆེན་ཆར་པ་འབེབས།། ཐུགས་རྗེས་ཕོངས་པ་སྒྲོལ་བར་མཛད།། ཕྲག ་གཡས་གཡོན་ཉི་ཟླས་བརྒྱན།། ཉི་མ་འབུམ་གྱི་གཟི་མདངས་ཅན།། དབུ་སྐ་རལ་པའི་ཐོར་ཚུགས་ལ།། སྣ་ཚོགས་རིན་ཆེན་བརྒྱན་གྱིས་སྤྲས།། སྐུ་ལ་གསེར་ཁྲབ་སེར་པོ་གསོལ།། ཞབས་གཡས་སེམས་དཔའི་སྐྱིལ་ཀྲུང ་བཞུགས།། སེང་གེ་ཁ་དངས་ཡལ་ལེ་ཡལ།། ལྕེ་ནི་བར་སྣང་གློག་པས་འཁྱུག། གཡུ་རལ་སྔོན་པོ་མེ་སྟག་འཕྲོ།། ལྕགས་ཀྱི་སྡེར་ཆེན་ཤིང་དེ་ཤད།། སེང་གེའི་འཁྱུག་ཚུལ་ཞུངས་སེ་ཞུངས།། སེང་གེའི་ང་རོ་ཆེར་སྒྲོགས ་ཤིང་།། དར་ཟབ་སྟན་ཆ་ཕུ་རུ་རུ།། ཧ་དར་ལྕང་སྔོན་ལྷབས་སཾ་ལྷབས།། རྒྱལ་ཆེན་སྐུ་ཡི་གཡས་ཕྱོགས་ནས།། ལྷ་མོ་ཚུལ་བསྲུང་ཟླ་འོད་བཟང་།། རྒྱལ་ཆེན་སྐུ་ཡི་གཡོན་རོལ་ནས།། ལྷ་མོ་མདངས་ལྡན་མེ་ཏོག་བཟང་།། བཙུན་མོ ་ཡང་གཡོག་མེ་ཏོག་བཅས།། བུ་མོ་སྟོང་ཕྲག་དྲུག་ཅུ་སྟེ།། ལ་ལ་བརྒྱན་དང་རོལ་མོས་འབྱོར།། ལ་ལ་ལྷབ་ལྷུབ་ན་བཟའི་ཚོགས།། རྒྱལ་ཆེན་སྟེང་ན་ལྡིང་བ་ནི།། ཚངས་པའི་བྱ་རྒྱལ་ཀ་རུ་ན།། གསེར་གྱི་ཁྱུང་ཆེན་འདབ་གཤོག ་བབྱུང་།། གནམ་ལྕགས་ར་དང་མཆུ་སྦྱར་ཅན།། མཁའ་ལྗང་རྒྱལ་པོ་གསར་གྱི་བྷཱུན།། སྔར་མོ་གནམ་ལྕགས་རྡོ་ཛྙཱ་སྱཱས།། ཀླུ་རྒྱལ་འདབ་བཟངས་ཞལ་དུ་གསོལ།། འཁར་ནི་ཚངས་པའི་བྱ་རྒྱལ་འབུམ།། ལུས་དྲན་རྒྱལ ་པོའི་སྲས་ཆེན་པོ།། ཀུན་ཏུ་རྒྱལ་བ་མི་ལ་ཞོན།། སྐུ་མདོགེ་དམར་ནག་འབར་བ་ལོ།། ན་བཟའ་མཐའ་བོར་འཁོར་ལོ་རིས།། ཕྱག་ན་ཟངས་ཞགས་མདུང་ཐུང་བསྣམས།། སྲིན་པོ་ཟངས་ཀྱི་རལ་པོ་ཅན།། འཁོར་མང་གནོད་སྦྱིན ་བྱེ་བ་འབུམ།། བཙུན་མོ་སྲས་དང་བློན་པོར་བཅས།། ནང་མི་དམག་དཔུང་གཞོན་པར་བཅས།། ཕོ་ཉ་ཡང་གཡོག་བྲན་མོ་རྣམས།། བཅོལ་བའི་ལས་རྣམས་གྲུབ་པར་མཛོད།། དབང་ཕྱུག་ཆེན་པོ་ལྷ་ཆེན་པོ།། ཆིབས་སུ་སེང ་གེ་སྔོན་པོ་ཆིབས།། སྐུ་མདོག་དམར་སེར་མཐིང་གི་རལ་པ་ཅན།། དྲང་སྲོང་སྟོབས་ཆེན་ཕྱག་བཞི་པ།། སེང་གེ་དཀར་པོའི་སྟོད་གཡོགས་ལ།། ཕྱག་ན་རྩེ་གསུམ་འཁོར་ལོ་བསྣམས།། ཨུ་མ་དང་ཡང་ལྷན་ཅིག་བཞུགས། ་འཁོར་དང་ལྷ་དམག་བྱ་བ་འབུམ།། ཁྱོད་ནི་དམག་དཔུང་ཆེན་པོ་སྟེ།། དམག་དཔུང་སྐྱེད་ལོ་རུ་དུར་བྱོར།། གླང་ཆེན་རབ་ཏུ་བརྟན་པ་ལ།། ལེགས་ལྡན་ནག་པོའི་དམག་དཔུང་ཞོ་ནི།། ལྷ་དང་གནོད་སྦྱིན་དམག་སྡུད་ཅིང་།། ་གྲོང་ཁྱེར་སུམ་རྩེག་འཇིག་པར་བྱེད།། ལྷ་མེན་གཡུལ་ལས་རྒྱལ་མཛད་པ།། ཕྱག་ན་གསེར་གྱི་བེ་ཙོན་བསྣམས།། འཁོར་ནི་ལྷ་དམག་བྱེ་བ་འབུམ།། ཁྱོད་ནི་དམག་དཔོན་དཔུང་ཆེན་སྟེ།། དམག་དཔུང་བསྐྱེད་ལ་རུ་དིར་ཕྱོར།། ་ཧཱུཾ་རྒྱལ་ཆེན་ལས་ལ་བསྐྱོད་ཙམ་ན།། ཆིབས་སུ་སྔོན་པོ་ཕུད་ཀར་ཆིབས།། བསེ་སྒ་སྨུག་པོ་ཝངས་སེ་ཝངས།། གསེ་མཐུར་སྨུག་པོ་ཁྱགས་སེ་ཁྲུགས།། མི་མགོ་རྟ་མགོ་ཕྲུ་ལུ་ལུ།། གསེར་གྱི་བློ་ནན་ཁྱགས ་སེ་ཁྱུགས།། མུ་མེན་ཡོབ་ཆེན་ཁྲ་ལ་ལ།། ན་བཟའོ་མཐའ་བེར་དམར་ལྗང་ལ།། སྦྲུལ་ནག་ཤ་ཆིངས་བྲེངས་སི་བྲངས།། འཛམ་བུ་ཆུ་བོའི་གསེར་སྒྲ་ལ།། རིན་ཆེན་མང་པོའི་རྒྱན་ཆ་ཅན།། སྟག་རལ་གཡས་ལ་གཟིག་ཞུ་བས་གཡོམ། ་སྐུ་ལ་བསེ་ཁྲབ་སྨུག་པོ་གསོལ།། སྟག་གི་གཡང་གཞི་ཕྲུ་ལུ་ལུ།། ཕྱག་ན་བེསེ་མདུང་སྨུག་པོ་རྣམས།། བསེ་མདུང་གནམ་ལྕགས་རྡོ་རྗེ་རྩེ།། རྒྱལ་པོ་ཆེན་པོའི་ཕྱག་གཡོན་ན།། རིམ་ཆེན་ཤེལ་གྱི་མཆོད་རྟེན་བསྣམས།། མི་ཡི་རྒྱུ་ཞགས ་ཤྭ་ར་ར།། རྒྱལ་པོའི་ཕྲག་གོང་གཡས་གཡོན་ན།། ཉི་མ་ཟླ་བའི་འོད་ཟེར་འཕྲོ།། སྐུ་མདོག་མཐིང་ནག་གཟི་བྱིན་ཅན།། དབུ་སྐྲ་མཐང་རལ་ཐོར་ཚུགས་ལ།། རིན་ཆེན་བ་སེ་ཡི་རྨོག་ཞུ་ཅན།། ཟབ་ཆེན་འཕྲན་ད་རི་ལྟབས་སྡེ་ལྡབས།། རྒྱལ ་པོའི་སྙན་ཆ་གཡས་གཡོན་ནས།། སྦྲུལ་ནག་ཆུན་འཕྱང་ཕྲུ་ལུ་ལཱ།། ཁྲོས་པའི་སྤྱན་གསུམ་སྡང་མིག་གིས།། ལྟས་པ་ཙམ་གྱིས་སྲིད་གསུམ་འཇིག། ཁྲོ་གཉེར་སྨིན་མ་དཔྲལ་བར་བསྡུས།། ཟློས་པའི་ཤངས་ནི་དུབ་ཞིན་འབུང་།། སྐྲ ་ར་ཨག་ཚེམ་མེ་ལྟར་འབར།། ཞལ་ནས་དྲག་སྔགས་ཀུ་ཚེ་འབྱིན།། རྒྱལ་པོའི་བཀའ་ལུང་ཐེང་ཅིག་གིས།། ཀླུ་རིགས་འབུམ་སྡེའི་དམག་དཔུང་སྡུད་།། རྒྱལ་པོའི་བཀའ་ལུང་ཐང་གཉིས་ཀྱིས།། ལྷ་དམག་བྱེ་བ་འཁོར་དུ་སྡུད།། ་ཉིད་ཀྱི་བཀའ་ལུང་ཐད་གསུམ་གྱིས།། གནོད་སྦྱིན་འབུམ་ཕྲག་དབང་དུ་སྤུང་།། རྒྱལ་ཆེན་བཞུགས་པའི་སྐུ་མཁར་ནི།། རིན་ཆེན་བསེ་ཡི་སྐུ་མཁར་ལ།། མི་མགོའི་ཁ་པད་ཡེངས་སྱེ་ཡེངས།། སྐུ་མཁར་དེ་ཡི་རྩེ་མོ་ན།། བསེ་མདུ ་དམར་པོ་ལྡེམས་སེ་ལྡེམས།། བསེ་ཡི་མདུང་བཟང་རྩེ་མོ་ལ།། མི་སྙིང་རྒྱལ་མཚན་ཡེ་རེ་རེ།། བསེ་ཡེ་མདུང་བཟངས་སྐྱེད་པ་ལ།། དར་ནག་བ་དན་ལྷུབས་སེ་ལྷུབས།། དར་ནུག་རུ་མཚོན་ཕྱར་ཙམཱ་ན།། ལྷ་མིན་འབུམ་སྡེ་གཡུལ ་ངོ་བཟློག། སྐུ་མཁར་དེ་ཡི་ཟུར་བཞིན།། མི་སྙིང་རྟ་སྙིང་ཧྲྀ་ལི་ལཾ།། སྐུ་མཁར་དེ་ཡི་ལོགས་བཞིན།། མི་ཁྲག་རྟ་ཁྲག་ཤ་ལ་ལ།། སྒྱུ་མཁར་དེ་ཡི་འགྲམ་བཞི་ལ།། མི་རོ་རྟ་རོ་བྲུམས་སུ་བརྩིགས།། སྐུ་མཁར་དེ་ཡི་ནང་ཤེད ་ནཱ།། རྟ་བཏགས་སྐད་འདོན་ཅེ་རེ་རེ།། མི་བཏགས་འབོད་དང་ལྷང་ངེ་ལྷང་།། སྲོག་གཅོད་དུ་སྐད་སྟོངས་ས་སྟོངས།། བྲག་ཆ་སྐད་ངན་ཙེ་རེ་རི།། སྐུ་མཁར་དེ་ཡི་གཡས་རོལ་ན།། གནོད་སྦྱིན་ཟངས་ཀྱི་རལ་པ་ཅན།། འཁལ་མ་སྙིང ་གི་ནང་ཁྲོལ་གྱིས།། སྙིམ་པ་དག་ནི་ཡོངས་སུ་བཀང་།། ལག་ན་ཟངས་ཀྱི་བཅུ་སྟེ་ཐོགས།། ཡིད་ལ་གནག་པའི་དགྲ་བོ་ལ།། བཅུ་སྟས་རྡེག་ཅིང་ཞགས་པས་ཟུང་།། སྐུ་མཁར་དེ་ཡི་གཡོན་ལོགས་ན།། གནོད་སྦྱིན་ནག་པོ་སྐད ་རྡངས་ཅན།། རལ་པ་སྤྱི་བཅིངས་ལྕགས་ཀྱིས་སོ།། མི་ལྤགས་གཡང་གནི་གོས་སུ་གོན།། ལག་ན་ལྕགས་ཀྱི་དགྲ་སྟ་བསྣམས།། ཡིད་ལ་རྣམ་པའི་དགྲ་བོ་ལ།། དགྲ་སྟས་མགོ་དང་ཡན་ལག་ཆོང་།། སྐུ་མཁར་དེ་ཡི་རྒྱབ ་ལོགས་ན།། ཕུང་བྱེད་སྦས་པའི་མ་མོ་བཞི།། ཀུན་ཀྱང་སྲིན་མོ་ཁྲག་མིག་མ།། ཁྲག་གི་རལ་པས་ལ་འདྲུང་།། ཁ་ནས་ཁྲག་ལང་གྲོན་མོ་སྐྱུག། ལག་ན་ཟངས་ཀྱི་སྤུ་གྲི་བསྣམས།། ཡིད་ལ་རྣག་པའི་དག་པོ་ལ།། སྤུ ་གྲིས་མགོ་དང་སྙིང་རྣམས་གཤོགས།། སྐུ་མཁར་ལྕགས་ཀྱི་སྒོ་མོ་ལ།། ཟངས་ཀྱི་ཐ་རམ་སི་ལི་ལི།། སྐུ་མཁར་དེ་ཡི་སྒོ་སྲུངས་ལ།། སྲིན་པོ་ཟངས་ཀྱི་མཆེ་བ་ཅན།། བྱུ་རུའི་རལ་ཅིག་གནམ་དུ་འགྲེང་།། སྦྲུལ་ནག་པགས་པའི་སྟོང ་གསོག་ས་འཾ།། ལྀགྶ་ན་ལྕགས་ན་རིགས།། ཡ་ལྐུག་པ་ང་།། བས་ཧཱུ~ཾང་དང་ཡན་མ་ཎམ།། མྱ་བྷི་མི་གས་ས་ལེགས་མ།། ལྕགས་སེཾ་ག་ནྡན་མན་པ་འདི།། མ་བྷཱར་སྟྭ~ཾ་མ་རགས་ན་ངསྱཱམྦྷ ་ལྕགས་ཀྱི་དོམ་ནག་ངུ་ཞིང་ཟུགས།། སྐུ་མཁར་ཡ་ཁང་རྩེ་མོ་ལ།། ལྕགས་ཀྱི་ཁྱུང་ཆེན་སྔོན་པོ་ཅིག། མཆུ་སྡེར་དགྲ་བོའི་སྙིང་ལ་འཛུམས།། སྐུ་མཁར་བ་གམ་ལོགས་བཞིན།། བྱ་ནག་མང་པོ་འཕུར་ཞིང་ལྡེང་།། སྐུ་མཁར་དེ་ཡི ་ཡང་སྟེངས་ནས།། རྒྱལ་པོས་གཡབ་མས་བཏབ་ཙ་ན།། གནོད་སྦྱིན་གདུག་པའི་བློན་པོ་བརྒྱད།། རྒྱལ་པོའི་མདུན་ནི་རྒྱུག་པ་ནི།། གནོད་སྦྱིན་ཆུ་དབང་བུམ་པའི་ལྟོ།། སྐུ་ནི་གསེར་མདོག་འབར་བ་ལ།། མཐའ་བིར་ལྗང་སྔོན་ཤིང་ལ ་རིས།། གསེར་གྱི་སྐྲ་ཆེན་ཁྲུགས་སེ་ཁྱུགས།། ཕྱག་ན་བན་དྷ་སྤུ་གྲྀ་བསྣམས།། ཚབས་སུ་དམར་ནག་ཞུར་པོ་ཚབས།། ཀླུ་རིགས་འབུམ་སྡེའི་དམག་དཔོན་མཛད།། ཁྱོད་ནི་དམག་དཔོན་ཆེན་པོ་སྟེ།། དམག་དཔུང་སྐྱེད་ལ་རུ་དར ་བྱོར།། རྒྱལ་པོའི་གཡས་ནས་རྒྱུག་པ་ནི།། གནོད་སྦྱིན་སྡེ་དཔོ་གང་བ་བཟང་།། སྐུ་མདོག་སེར་ན་ཀ་འཇིགས་ཚུལ་ཅན།། མཐའ་བར་སྨུག་ནག་གླང་ཆེན་རིས།། བྱི་རུའི་སྐ་བཟངས་ཁྲོ་ལ་ལ།། མུ་མེན་ཚུན་འཕྱང་ཤ་ར་ར།། ཕྱག་ན ་བུམ་པ་བཟང་པོ་བསྣམས།། དམར་སེར་འདོངས་པོ་ཆིབས་སུ་ཚ་བས།། འཁོར་དང་གནོད་སྦྱིན་འབུམ་གྱིས་བསྐོར།། ཁྱོད་ནི་དམག་དཔུང་ཚོན་པོ་སྟེ།། དམག་དཔུང་པོསྐྱེད་ལ་རུ་དར་ཕྱོར།། རྒྱལ་པོའི་རྟིང་ནས་རྒྱུགོ་པ་ནི།། སྡེ་དཔོན་ཆེན ་པོ་ནོར་བུ་བཟང་།། སྐུ་མདོག་དམར་ཞིང་གདངས་པ་ལ།། མཐའ་བེར་སྔོན་པོ་སེང་གེ་རིས།། ཟངས་ཀྱི་སྐྲ་བཟངས་ཁྱུག་སོ་སེ་ཁྱུགས།། ཕག་ན་ཤེལ་དཀར་སྐུ་གདུང་བསྣོམས།། ཆིབས་སུ་སྔོ་ནག་ཞུར་པོ་ཆིབས།། འདོད་ཁམས་ལྷ་བྲན ་གཙོ་བོ་སྟེ།། འཁོར་དུ་ལྷ་བྲན་འབུམ་གྱིས་བསྐོར།། ཁྱོད་ནི་དམག་དཔུང་ཆེན་པོ་སྟེ།། དམག་དཔུང་སྐྱེད་ལ་རུ་དར་ཕྱིར།། རྒྱལ་པོའི་གཡོན་ནས་རྒྱུག་པ་ནི།། རྟ་བདག་ཆེན་པོ་ཀུ་བེ་ར།། སྐུ་མདོགེ་སྔོ་ནག་འགྱིང་བ་ལ།། མཐའ་བར་དཀར་སྐྱ ་གཞའ་ཚོན་རིས།། དངུལ་གྱི་སྐྲ་བཟངས་ཁྲོ་ལ་ལ།། ཕྱག་ན་བསྟེ་ཕུབ་རལ་གྲི་བསྣམས།། དབུ་ལ་དར་སྨུག་འགྱིང་ཞུ་གསོལ།། ཆིབས་སུ་མཚལ་དམར་འདོངས་པོ་ཆི་བས།། འཁོར་དུ་གཤིན་རྗེ་འབུམ་གྱིས་བསྐོར།། ཁྱོད་ནི་དམག་དཔུང་ཚོན ་བོ་སྟེ།། དམག་དཔུང་སྐྱེད་ལ་རུ་ངར་ཕྱིར།། སྡེ་དཔོ་ན་རྒྱལ་བའི་ཁྱུ་མཆོག་ནོ།། མདོག་ངོམར་སྐྱའོའཇིགས་ཚུལ་ཙམ།། སེང་གེ་དག་པོའི་སྟོང་གཡོགས་ལ།། སྟག་ཆེར་དམ་པའིཚོགམ་ཐབས་སམ།། སྦྲུལ་ན་ཀ་སྐྲ་ཚངས་ཁྱལས་ས་ཁྲུགས ་ལྕགས་ཀྱི་རྔ་མོ་ཆིབས་སུ་ཆིབས།། གནམ་ལྕགས་འཁོར་ལོ་ཕྱུག་ན་བསྣམས།། གཡོན་པ་ཞགས་འདེབས་ཤ་ར་ར།། འཁོར་དང་གནོད་སྦྱིན་དྲུག་འབུམ་སྟེ།། ཁྱོད་ནི་དམག་དཔོན་ཆེན་པོ་སྟེ།། དམག་དཔུང ་སྐྱེད་ལ་རུ་དར་ཕྱོར།། སྡེ་དཔོན་ཆེན་པོ་ལྔས་ཆེན་ནི།། སྐུ་མདོག་སེར་སྐྱ་རབ་འཇིགས་བྱེད།། མཐའ་བེར་ཀར་ལྗང་སྐར་མངའ་རིས།། དར་ནག་སྐྲ་བཟངས་བདུན་ཡུག་འཕྱར།། ཕྱག་ན་རིན་ཆེན་ཁང་བཟངས་བསྣམས།། དབུ་ལ་དུང་རྨོག ་སྩོལ་མངས་གསོལ།། ལཾ་བརྒན་ཅོད་པན་ལྟབས་སེ་ལྷབས།། ཆིབས་སུ་རག་པ་ཕུད་ངོ་མར་ཆིབས།། འཁོར་ནི་དྲི་ཟ་བདུན་འབུམ་སྟེ།། ཁྱོད་ནི་དམག་དཔོན་ཆེན་པོ་ཡིནོ།། དམོག་དཔུང་བསྐྱེད་ལ་རུ་དར་བྱོར།། གནོད་སྦྱིན་དབང་པོ་ཡང ་དག་ཤེས།། སྐུ་མདོག་སེར་ཞིང་དངས་པ་ལ།། ན་བཟའ་མཐའ་བེར་ལྕགས་ཐག་ཅན།། ལེ་བརྒན་དར་གྱི་སྐུ་རགས་ཅན།། དབུ་ལ་རིན་ཆེན་རྨོག་ཞུ་གསོལ།། ཕྱག་ན་གནམ་ལྕགས་དགྲ་སྟ་བསྣམས།། དཀར་པོ་རྡོག་དམརོ་ཆིབས་སུ་ཆི་བས ་འཁོར་ནི་མ་མོ་འབུམ་གྱིས་བསྐོར།། ཁྱོད་ནི་དམག་དཔུང་ཆེན་པོ་སྟེ།། དམག་དཔུང་སྐྱེད་ལ་རུ་དར་བྱོར།། འབྲོག་གནས་རྒྱལ་པོ་སེར་སྐྱ་ནི།། སྔོ་ཞུར་འཁྱོག་པ་ཆིབས་སུ་ཆི་བས།། སྐུ་ལ་དར་ནཱག་བེར་ཆེན་གསོལ།། རིན་ཆེན་གསེར ་གྱི་སྐུ་བཟངས་ཅན།། ཕྱག་ན་བས་མདུང་སྨུག་པོ་བསྣམས།། ཐའ་ཚོན་བ་དན་ལྷབས་སེ་ལྷབས།། ངོར་སྔོན་ཅོད་པན་པུ་རུ་རུ།། མི་ཞོན་རྟ་ཞོན་སྲིན་པོའི་དམག། དྲུག་འབུམ་བརྒྱད་ཁྲི་དག་གིས་བསྐོར།། ཁྱོད་ནི་དམག་དཔོན་ཆེན ་པ་སྟེ།། དམག་པདྷཱ་སྤྱད་ལནུ་དཱར་བྱོར།། དམག་དཔོ་པི་ཙ~ཾ་ཀུན་དྷཱ་ལཱྀ།། སྒྱུ་མདོག་དཀར་གསལ་ག་བརྗོད་ལྡན།། ན་དཔའ་འདཱུར་བ་འང་རྙིས།། བས་རྨག་རླན་རྒྱུན་ད་ནྟུ་སམ། བྱཱག་ན་གཙང་བའི་རལ་ཟླ་བསྣམས།། ཚབས་ས ་ང་པ་ཕུང་དམར་ཆི་བོས།། འཁོར་ནོ་དྲང་སྲོང་འབུམ་གྱིས་བསྐོར།། ཁྱོད་ནི་དམག་དཔོན་ཆེན་པོ་སྟེ།། དམག་དཔུང་སྐྱེད་ལ་རུ་དཱར་ཕྱོར།། གནོད་སྦྱིན་གདུག་པའི་བློན་པོ་བརྒྱད།། བྱེ་བ་འབུམ་ཕྲག་འཁོར་བཅས་བསྣམས།། སྔོན་ཆེ་བདེ ་གཤེགས་སྤྱན་སྔ་རུ།། བསྟན་པ་བསྲུང་བར་དམ་དུ་བཅས།། འདོད་པ་སྒྲུབ་པར་ཞལ་གྱིས་བཞེས།། ཐུགས་དམ་སྐུལ་ལོ་རྒྱལ་པོ་ཉིད།། གདུས་པའི་ཀླུ་དང་གནོད་སྦྱིན་ཚེགས།། ལས་ལ་སྐོས་སོ་ཤ་ར་ར།། རྒྱལ་པོ་རྟ་དམིག་གཤེགས་ཙམ་ན།། ་ཁུ་སྒྲ་ཐོ་ལེ་ལྗོངས་སེ་ལྷངས།། དགའ་བའི་གཏམ་སྒྲེགས་ཆ་ར་ར།། མི་རྐུན་སྤྱུགས་པ་ཚེ་རེ་རེ།། གསོད་གཅོད་གཏམ་ངན་དི་རི་རི།། བརྡའ་སྒྲ་དྲག་པོ་ཚམས་སེ་ཚམས།། རྟ་རྒྱུག་རྨིག་སྒྲ་ཧྲབས་སེ་ཧྲ་བས།། སྲིན་པོ་མི་ཟན་རྔམ་པའི་གཟུགས།། ་སྤྲིན་པོ་མི་བཟད་ཆོ་ངེས་འདེབས།། མཚོན་ཐོགས་མང་པོ་གནམ་ལ་འཕྱར།། ལ་ལ་ལྕགས་ཀྱུ་ཞགས་པ་ཐོགས།། གཞུ་བདུངས་མང་པོ་ཁྱི་ལི་ལྀ།། སྤྲུལ་པའི་བརྡའ་སྒྲ་འུ་རུ་རུ།། གནོམ་ལྕགས་སྐར་མདའ་སྤོབས་སེ་ཧྲིབས།། སྲིན་པོ་གནོད ་སྦྱིན་བྱ་གག་གཟུགས།། གཅན་གཟན་གཟུགས་ཀྱི་སྤྲུལ་པ་རྣམས།། མི་སྡུག་བཞིན་སྟོན་ཚེ་སྲོག་གཅོང་།། བྱེ་བ་འབུམ་གྱི་དམག་དཔོན་རྣམས།། ལས་སུ་སངས་རྒྱས་བསྟན་པ་སྲུང་།། མས་སུ་ཤ་དང་ཁྲག་ལ་རོལ།། སྙིང་བརྩེ་མེད་པར ་སྒྲོལ་ལ་བརྩོན།། ལོངས་སྤྱོད་དབུགས་དང་མདངས་ལ་རོལ།། ཐུགས་དམ་བརྒྱུད་ནས་རྣལ་འབྱོར་བདག་བསྐུལ་ལོ།། བཅོལ་བའི་འཕྲིན་ལས་མྱུར་དུ་གྲུབ་པར་མཛོད།། སྡང་བའི་དགྲ་པོ་ལས་ངན་འདིས།། ་སངས་རྒྱས་བསྟན་པ་འདི་ཡིས་བཤིག། དཀོན་མོ་ཚིག་དབུ་འཕང་འདི་ཡིས་སྨང་།། སྡང་བའི་དགྲ་བོ་ལས་ངན་འདི།། རི་རབ་ཟོམ་དང་རྒྱ་མཚོའི་གཏིང་།། གང་དང་གང་དུ་གནས་པ་དེར།། མི་དང་ལྷ་རུ་ཁྱེད་ཀྱིས་ཕྱིས།། ལུས་དང ་སེམས་སུ་ཁྱེད་ཀྱིས་ཕྲོལ།། གནམ་གྱི་འཇུ་ཐག་ཁྱེད་ཀྱིས་ཚོང་།། ས་ཡི་རྟེན་ཕུར་ཁྱེད་ཀྱིས་ཕྱུང་།། དུག་མངའ་འཕོངས་ཅིག་དུས་ལ་བབ།། རྒྱལ་པོ་ལས་ལ་བསྐྱོད་པ་ན།། རྔ་ཆེན་རྡུང་ཞིང་དྲིལ་བུ་བཀྲོལ།། དུང་འབུད་ཟངས་དུང་ཆ ་གདབ།། དར་ཕྱར་སྤྱུགས་པས་གདབ་པར་བྱ།། རྒྱལ་པོ་ལས་ལ་བསྐྱོད་པའི་ཚེ།། རྟ་ངུལ་ངར་ཤིང་ཆག་པ་དང་།། ངར་ཕྱར་སྤྱུགས་པས་གདབ་པར་བྱ།། བློན་པོ་ཡུལ་གྱི་རྒན་རབས་རྣམས།། འཁྲོ་སྤུག་འདེབས་ཤིང་ངུ་བ་དང་།། ་ལྟས་ཀྱི་རིམ་པ་བྱུང་བ་ནི།། སྤོགས་པའི་ཆོ་ག་བརྩམ་པར་བྱ།། རང་ཉིད་ཁྲོ་བོའི་ང་རྒྱལ་གྱིས།། རྒྱལ་པོའི་རྟེན་རྣམས་འོག་ཏུ་གཞུག། ཧཱུཾ་བྷཾ་ཤ་ར་མ་ན་ཡེ། ཨཱ་ནུ་ར་ཙ་ཀུ་རུ་ཧཱུཾ། གསང་བའི་སྙིང་པོ་བརྒྱ་རྩ་བརྒྱད།། སེམས་དཔའ་དམ ་ཕྱག་རྒྱ་དང་།། དམག་དཔོན་ལས་ཀྱི་ཕྱག་རྒྱ་དང་།། གནོད་སྦྱིན་གཟིར་བའི་ཕྱག་རྒྱ་ཡིས།། ཁྲོ་བོ་གཟིར་བའི་གཟུངས་སྔགས་ཀྱིས།། འཁུ་ན་སྔོན་འགྲོའི་ཆོ་ག་བྱ།། རྒྱལ་པོ་གཟི་བརྗིད་ཆེ་བ་དང་།། ལྟས་ཀྱི་རིམ་པ་བཟང་བ་ནི།། ་འདོད་པའི་དོན་རྣམས་འགྲུབ་པའོ།། འཕྲིན་ལས་དྲག་དུ་བཅོལ་བ་དང་།། གང་འདོད་དོན་ལ་གསོལ་བ་གདབ།། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱིས་རྗེས་སུ་འབྲང་བའི་གཏོར་མའི་ཆོ་ག་ཞེས་བྱ་བ། འགྲོ་བཟང་སྙིང་པོས ་མཛད་པ་རྫོགས་སྷོ། ་