CLOSE WINDOW

GT2965: rang gnas pa nag po chen po'i sgrub thabs
Wyliee-texts produced with BDRC’s OCR application

ཨོཾ་ན་མོ་མ་ཧཱ་ཀཱ་ལཱ་ཡ། རྒྱ་གར་སྐད་དུ། སྭསྠཱ་ན་མ་ཧཱ་ཀཱ་ལ་སཱ་དྷཱ་ནཾ། བོད་སྐད་དུ། རང་གནས་པ་ནག་པོ་ཆེན་པོའི་སྒྲུབ་ཐབས། རྗེ་བཙུན་ལ་ཕྱག་འཚལ་ལོ།། གདུལ་དཀའ་འདུལ་བ་སྡང་མཐར ་བྱེད།། དེ་ཡི་སྒྲུབ་པ་རབ་བཤད་དེ།། ལྷ་དང་འབྱུང་པོ་འཇིགས་བྱེད་ཅིང་།། དགྲ་དང་བགེགས་རྣམས་རྣམ་པར་ཉམས།། མ་ཞེས་བྱ་བ་ནི་སྒྱུ་མའི་དྲ་བ་དང་སྔགས་ཅནོ།། ཧ་ཞེས་བྱ་བ་ནི་ཧཱུཾ་ཡིག་དང་སྲིད་པ་དང་མྱ་ངན་ལས་འདས་པ་འཕྲོག ་བའོ།། ཨ་ཞེས་བྱ་བའི་ཡི་གེ་ནི་ཨཾ་ཡིག་དང་སྐྱེ་བ་མེད་པའོ།། ཀཱ་ཡིག་ནི་རྒྱུ་ལས་གྲོལ་བ་བདེ་བ་དང་སྙིང་རྗེ་ཆེན་པོའོ།། ལ་ཞེས་བྱ་བའི་ཡི་གེ་ནི། དེས་སྐྱེ་བ་མེད་པ་ལ་རྣམ་པར་རོལ་པའོ།། དེ་ལ་དུར་ཁྲོད་ལ་སོགས་པ་ནག་པོ་ཆེན་པོ་བསྒྲུབ ་པར་བྱའོ།། སྒྲོན་མ་ལྔ་དང་མྱོས་བྱེད་ལ་སོགས་པ་དམ་ཚིག་ལྷག་པར་གནས་པས་ཤྲཱི་ཧེ་རུ་ཀོ&ཧཾ་ཞེས་ང་རྒྱལ་བྱའོ།། ཡི་གེ་ཧཱུཾ་ལས་ཡང་དག་པར་བྱུང་བ་སྣ་ཚོགས་རྡོ་རྗེ་དང་རྡོ་རྗེའི་གུར་དང་། ཕྱོགས་ཐམས་ཅད་དུ་རྡོ་རྗེའི་མེའི་འཁོར་ཡུག་བསམ ་ཨོཾ་རོཀྵཱ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། སྲུང་བའི་སྔག་སོ།། ཨོཾ་ཊཀྐི་ཧཱུཾ་ཛཿའདོད་པའི་རྒྱལ་པོས་བགེགས་རྣམས་དགུག་ཅིང་བཅིང་བར་བྱའོ།། དེ་ནས་རྡོ་རྗེ་བདུད་རྩི་ཕྱུང་ལ། ཨོཾ་གྷ་གྷུ་གྷཱ་ཏཱ་ཡ་བྷཱུ་ཏ་ཡ། སརྦ་དུཥྚཱཾ་ཕཊཀཱི་ལཱ་ཡ་ཀཱི་ལ་ཡ་སརྦ་པ་བཾ་ཕཊ་ཧཱུཾ་ཧཱུཾ ་ཧཱུཾ་བཛྲ་ཀཱི་ལ་བཛྲ་དྷ་ར་ཨ་ཛྙཱ་པ་ཡ་ཏི་སརྦ་བིགྷྣཱན་ཀཱ་ཡ་ཝཀྵི་ཏ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ཕུར་བུས་བཏབ་པའི་སྔགསོ།། ཨོཾ་བཛྲ་མུངྒ་ར་བཛྲ་ཀཱི་ལ་ཨ་ཀོ་ཊ་ཡ་ཧཱུ~ཾ་ཧཱུཾ་ཧཱུཾ་ཕཊ། བརྡུང་བའོ་སྔགསོ།། དེ་ནས་ཇི་སྐད་བཤད་པའི་མཆོད་པ་རྣམ་པ་བདུན་དང་། ཚངས་པ ་གནས་བཞི་བསྒོམ་པར་བྱའོ།། ཨོཾ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཏྨ་ཀ&ཧཾ། སྟོང་པ་ཉིད་དང་མཚན་མ་མང་བ་དང་། སྨོན་པ་མེད་པ་ལས་སླར་ཡང་། འཇིག་རྟེན་མགན་པའོ་ས་བན་ཧྲཱི། ཞེས་ན་མཁར་བཞག་གོ།། ན་མཁའ ་རྡོ་རྗེའི་དབུས་གནས་པར།། དཀྱིལ་འཁོར་རྡོ་རྗེ་ཀུན་སྐྱེས་བསམ།། རྡོ་རྗེ་སྤྲིན་ནི་འཕྲོ་སྐྱེས་པ།། དེ་རུ་ཡི་གེ་བྷྲཱུཾ་བསམ་མོ།། ཕྱི་རོལ་དུ་ནི་དུར་ཁྲོད་ཆེན་པོའོ།། ངོས་བཞི་དང་ནི་གྲཝ་བཞིར་ལྡན།། སྒོ་བཞི་པར་ནི་རྣམ་པར་བརྟག། དེ་ཡི་དབུས ་སུ་འཁོར་ལོ་ནི།། རབ་ཏུ་ཟླུམ་པོ་བྲི་བར་བྱ།། ཉི་མ་དང་ཧྲིཾཿཡིག་འོངས་པ་ཧཱུཾ་དུ་གྱུར་པ་ལས་རྡོ་རྗེ་གྲི་གུག་གོ། དེ་ལ་ནག་པོ་ཆེན་པོ། མུན་པའི་ཞལ་ཅན་སྤྱན་གསུམ་པ། གྲི་གུག་དང་འཕྲང་བ་དང་ཅང་ཏེའུ་ནི་གཡས་པའི་ཕྱག ་གསུམ་གྱིས་འཛིན་པ། དེ་བཞིན་དུ་ཐོད་པ་དང་། མདུང་རྩེ་གསུམ་པ་དང་། ཞགས་པ་ནི་གཡོན་པའིའོ།། མཉམ་པའི་སྟབས་ཀྱི་གཾ་ཡིག་ལས་བྱུང་བའི་ལོག་འདྲེན་མནན་པ་སྦྲུལ་ནི་མི་རུས་དང་། དྲིལ་བུའི་འཕྲེང་བ་དང་།། མགོ ་བོའི་དོ་ཤལ་ཅན། སྟག་གི་ལྤགས་པ་གྲོལ་བ། ཆེར་འཁྲུགས་པ། འབར་བ་ཆེན་པོའི་སྐུ། གཞན་གྱིས་མི་ཐུབ་པ་ཕ་རོལ་འཇོམས་པའོ།། དཔྲལ་བཱར་སིན་དྷུ་རའི་ཐིག་ལེའོ།། ནག་མོ་ཆེན་མོ་ཧྲིཿལས་བྱུང་བ། ཁ་ཊྭཱཾ་ག་དང་། ཐོད་པ ་འཛིན་པས་ཕྲག་པ་ནས་འཁྱུད་པ། དེས་བྱིན་པ་གཉིས་ཀྱིས་མཁྱུད་པའོ།། གཡས་སུ་ནི་གཤིན་རྗེ་ཆོས་བེ་ཅོན་དང་། ཞགས་པ་འཛིན་པ་གཡོན་དུ་ནི་དུས་མཚན་མའོ།། མདུན་དུ་ནི་ཏྲི་ཤུལ་དང་ཀ་པཱ་ལ་འཛིན་པ་ཛྭ་ལི་ནཱའོ།། ཅང ་དང་ཐོད་པ་བསྣམས་པ། ཞིང་སྐྱོང་མ་ནི་རྒྱབ་ཏུའོ།། ཁུ་བ་དང་། ཁྲག་དང་། བདུད་རྩི་ལྔ་དང་། སྒྲོན་མ་ལྔ་ནི་མཚམས་སུའོ།། སྒོ་རྣམས་སུ་ནི་ལྕགས་ཀྱུ་མོ་དང་། ཞགས་པ་མོ་དང་། ལུ་གུ་བརྒྱད་མོ་དང་། འབེབས་མར། ་མཚམས་རྣམས་སུ་ནི། གཤིན་རྗེ་སྲེག་མ་དང་། ཕོ་ཉ་མོ་དང་། མཆེ་བ་མོ་དང་། བེ་ཙན་མའོ།། མ་མོ་དགུ་ནཱཾ། གཅེར་མོ་གྲི་གུག་དང་ཐོད་པ་འཛིན་པའོ།། ཨོཾ་ཨཱཿཧཱུཾ། སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པའི་སྔགས་སོ།། ་ཀྵཾ་ཛཾ་ཁཾ་གཾ་སྐཾ། པོ་ཡིག་ལ་སོགས་པའི་སྔགས་སོ།། ཡེ་ཤེས་སེམས་དཔའ་དགུག་པར་བྱའོ།། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ།། མཆོད་ཆེན་ཇི་ལྟར་རྩལ་བ་ལྟར།། བདག་ཀྱང་རབ་ཏུ་སྦལ་བའི་ཕྱིར།། ན་མཁའི་རྡོ་རྗེ་དང་བདག་སྩོལ ་སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི།། གསང་གསུམ་རྡོ་རྗེ་ལས་བྱུང་བ།། ཁམས་གསུམ་དག་གིས་ཕྱག་བྱས་པ།། རྡོ་རྗེ་དབང་བསྐུར་ཆེན་པོ་སྦྱིན།། གསོལ་བ་བྱ་བ་དང་དབང་བསྐུར་བ་རྡོ་རྗེའོ་ཚིག་གོ།། མི་བསྐྱེད་དམ་ཚིག་དབུ ་བརྒྱན་ལ།། སྒོམ་ན་རབ་ཏུ་མཉེས་པར་འགྱུར།། འདི་ནི་ཁྲོ་བོ་ཐམས་ཅད་ཀྱི།། འདའ་བར་དཀའ་བའི་དམ་ཚིག་གོ།། ཨོཾ་བཛྲ་ས་མཱ་ཛཾཿསྦྱང་བའི་སྔགས་སོ།། ཛཿཧཱུཾ་བཾ་ཧོཿབྱིན་གྱིས་བརླབས་པ་སྟེ་ཕྱག་རྒྱའོ།། དེ་ལ་སྔགས་འང ་ངག་ནི་ལས་ཐམས་ཅད་སྒྲུབ་པའོ།། ཨོཾ་བཛྲ་མ་ཧཱ་ག་ལ་ཀྵིཾ་ཀྵེ་ཏྲ་བིགྷྣཱན་བི་ནཱ་ཡ་ཀུ་ཧཱུཾ་ཕཊ། ཧ་སྔགས་འདི་ལ་རྒྱ་དཔེ་གསར་བ་ན་འདྲ་མིན་དུ་འདུག་ཀྱང་སྔར་གྱི་བོ་ན་ཡོད་པ་ཉིད་དབང་བཅན་པར་བྱས་སོ།། རྩ་བའི་སྔགས་སོ།། ཨོཾ་ཤྲཱི་མ་ཧཱ་ཀ་ལ་ཤ་ས་ནོ་པ་ཧ་རི་ཎེ ་སྱཻ་ཥོ་བ་ཤྲཱི་མཱུཀྵ་ལོ་ཡ་མ་ང་རཏྣ་ཏྲཱ་ཡ་ཨ་བ་ཀཱ་ར་ཎ་ཡ་ད་པྲ་ཏཱ་དྷཱ་སྐཱ་རཱ་ས་ཏྱཱ་དྷ། ཡ་ད་དྲཱནྟུ། གྷ་གརྫྫ་\ུ0f7f་ཁཱ་ས་མྦྷ་ར་མཱ་ར། གྲཱརྞྞ་གྲཱགྣ། བཱནྠ་བྷནྟ། དྷཱ་ན་ཧན། ད་ཧ་དཱ་ཧཱ། བ་ཙ་པནྡྷ། དཱན་མ་ཀཱ་ན་མཱ་ར་སྱཱ་དྡྷ་ཕཊ། བྲཱང་། ་བའི་སྔགས་སོ།། ཨོཾ་བཛྲ་ནཱ་ར་ཀྲྀ་ཀྲྀ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། མཁའ་འགྲོ་མས་དབང་དུ་བྱེད་པའོ།། ཨོཾ་སྟྲཻ་ཤྲཱི་ཡ། ད~ཾ་བོ་ཀཱ་ལཱི་ཀཱ་ལཱཾ་མ་ཧཱ་ཀཱ་ལི་ནཱཾ་བྷྱོ། ནག་མོ་ཆེན་མོ་འི་འོ།། ཨོཾ་ཨཱཿམ་ཧཱ་ཀཱ་ལཱ~ཾ་དེ་བི་ཀཱ་ལ་བིཀྲཱནྡྷ་ཀཱ་རཱ་ཏྲི་ཙཏྟཱ་རཱུ་བི་ཏྟཾ་ཧཱུ~ཾ་ཕཊ། དུས ་མཚན་མའོ།། ཨོཾ་ཧྲཱིཿཀཱ་ལ་རཱུ་པ་ཧཱུཾ་སྔགས་འདི་ཡང་སྔ་འགྱུར་བང་དཔེ་དབང་བ་ཅན་པར་བྱས་སོ།། ཁཾ། ཉི་མའི་བུའོ།། ཨོཾ་ཨཱཿཀྲོ་དྷཾ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫི་ཧཱུཾ་ཕཊ། གཤིན་རྗེ་གཤེད་ཀྱིས་བྱིན་གྱིས་བརླབས་པའི་སྔགས་སོ།། ཐལ་མོ་སྦྱར་བ་རི ་ནག་པོ་ཆེན་པོའི་དམ་ཚིག་གོ། རྡོ་རྗེ་རྩེ་མོ་ལྔ་པ་ནི་ནག་མོའི་ཕྱག་རྒྱའོ།། བྷ་ག་ལྟར་བྱས་པ་ནི་དུས་མཚན་མའིའོ།། འཛུབ་མོ་བརྐྱང་བ་ནི་ཆོས་ཀྱི་རྒྱལ་པོའིའོ།། ཕྱག་རྒྱ་འདི་དག་གིས་སྤྱན་དྲངས་ཤིང་། མདུན་དུ་དམ་ཚིག་སྦྱིན་པ ་སྟེ། ཨོཾ་བཛྲ་ཧ་ན་ཧ་ན་བཛྲ་ས་མ་ཡ་མཱ་ཏི་ཀྲ་མ་ཧཱུཾ་ཕཊ། ཞེས་པ་ནི་སྔགས་སོ།། ལྟེ་བ་ར་བྷ་ག་ལ་གནས་པའི་རྡོ་རྗེ་རྣལ་འབྱོར་མ་བསམ་པར་བྱས་ན། བདེ་བ་ཆེན་པོར་འགྱུར་ཏེ། འཇིགས་བྱེད་ཆེན་པོ་དང་། དུས་མཚན་མོ་མནན ་པ། གྲི་གུག་དང་ཐོད་པ་ཁ་ཊྭཱཾ་ག་འཆང་མ། སྟེང་དུ་ལྟ་ཞིང་དམར་མོ་འབར་བའི་ལུས་ཅན་མའོ།། འདི་ལ་ནི་བཟླས་པ་མེད་དེ། གཞན་དུ་འོདི་ཉིད་སྔགས་སོ།། གཤིན་རྗེ་གཤེད་ནི་ནག་པོ་ནག་དཀར་དམར་བའི་ཞལ། འཁོར ་ལོངང་རལ་གྲི་དང་བེ་ཅོན་དང་། མང་དང་། སྟཱ་རེ་དང་། ཐོང་པ་བསྣམས་བྱའོ།། དུར་ཁྲོད་ཀྱི་རྒྱན་དང་ལྡན་པ་མ་ཧེ་ལ་ནོན་པའོ།། གལ་ཏེ་དམ་ཚིག་ཉམས་པ་ལ། སྒྲུབ་དཔོན་རྡོ་རྗེ་སེམས་དཔས་བདག་ཉིད་ལ་སོགས་པ ་བར་བྱའོ།། རྡོ་རྗེ་སེམས་དཔའི་དམ་ཚིག་དྲན་པ་བཟླས་པས་གསོལ་བ་བྱའོ།། ཅོད་པན་གྱིས། བདག་ལ་སོགས་པ་ལ་དབང་བསྐུར་བ་བསྒོམ་ན། ལས་དང་དངོས་གྲུབ་རྣམས་འགྲུབ་པར་འགྱུར་རོ།། གཞན་ཡང་སྒྲུབ་པ་བཤད ་པ། དབུགས་དབྱུང་བ་དང་། དགང་བ་དང་། རེངས་པ་དང་། བུམ་པ་ཅན་གྱི་ལས་ཀྱིས་ལུས་དག་པར་བྱའོ།། དེ་ནས་གདོལ་པ་མོ་འམ། གཞན་པའི་རིགས་ཀྱིའོ།། པདྨ་ཅན་ནམ། ཇི་ལྟར་རྙེད་པའི་མཾ་མོ། བྷ་ག་བཟང་བ། ་མཆོག་དང་ལྡན་པ། ལོ་བཅུ་གཉིས་མ་ལ་སོགས་པ་བླངས་ནས་དག་པར་བྱས་ཏེ་རིམ་པ་ནི་འདི་ཡིན་ཏོ།། དེ་བཞིན་གཤེགས་པའི་བཙུན་མོའི་མཆོག། སྤྱན་ལ་སོགས་པར་བསྒོམ་པར་བྱ།། ཡི་གེ་ཧཱུཾ་དང་ཨོཾ་ངག་དང་།། ཨཱཿ ་དང་ཕཊ་ནི་རབ་བརྟག་བྱ།། འོད་ཟེར་སྣ་ལྔས་ཁྱབ་པ་ཡི།། པདྨ་རྡོ་རྗེ་རབ་བསྒོམ་བྱ།། མཐོང་བ་དང་ནི་རེག་པ་དང་།། ཙུམ་པ་ན་དང་རྟག་པར་མཁྱུད།། ཡེ་ཤེས་པདྨ་ཁ་བྱེ་བ།། རྡོ་རྗེ་སོར་མོ་ངེས་པ་བཞག། འདོད་ཆགས་རྡོ་རྗེ་འི་ཚུལ ་གནས་ཏེ།། རྡོ་རྗེའི་ཕུར་བུ་ངེས་པར་གང་བ།། དབང་པོ་གཉིས་ནི་མཉམ་སྦྱོར་བསོ།། སངས་རྒྱས་དངོས་གྲུབ་ཐོབ་པར་འགྱུར།། དེ་ནས་དཔའ་བོས་མེ་ཏོག་ཆུ།། འཐུངས་ནས་སྔགས་ནི་རྗེས་དྲན་བྱ།། དབུགས་འབྱིན་བརྒྱལ་དང ་རྒོད་པ་དང་།། སྒེག་པའི་གར་ནི་ངོ་མཚར་བས།། ཕྱག་རྒྱ་ལྷན་ཅིག་སྒྲུབ་པ་པོས།། མྱུར་དུ་བདེ་བ་ཐོབ་པར་འགྱུར།། བུ་མོ་ཡང་གསུངས་པ། ལྕེ་སྦོམ་མག་ནི་དམར་སེར་ལ།། རླུ་བ་ཅང་སྤྱན་དམར་སེར་ཡན ་ངེས་ཀྱང་གྲུབ་པར་འགྱུར་བ་སྟེ།། རོག་མ་ཆེན་མོ་སྤྱན་ལ་སོགས།། རྟོག་ཏུ་འདོད་པའི་དོན་བརྩོན་པ།། འདོད་པའི་ལོངས་སྤྱོད་དག་གིས་ནི།། ཇི་ལྟར་འདོད་པ་བསྟན་ན་འགྲུབ།། ཅེས་གསུངས་སོ།། ལས་ཀྱི་ཕྱག་རྒྱའོ།། བ་ལང ་དང་རྟ་ཤ་དང་།། ཁྱི་ཤྭ་ངག་དང་སྣ་ཚོགས་པས།། དཀྱིལ་འཁོར་གྲུ་གསུམ་བྱས་ནས་ནི།། གཏུམ་མོ་རང་གི་ལུས་ལས་བྱུང་བས་དབྱེར་མེད་པའི་སེམས་བསྒོམ་པར་བྱའོ།། ཆོས་ཀྱི་ཕྱག་རྒྱའོ།། དངོས་པོ་མདོ་ལ་སྒོམ་པ་མེད།། ་བསྒོམ་པར་བྱ་བ་བསྒོམ་པ་མིན།། དེ་ལྟར་དངོས་པོ་དངོས་མེད་པས།། སྦོམ་པོ་དམིགས་སུ་མེད་པའོ།། ཆོས་རྣམས་དངོས་པོ་མེད་པ་ལ།། ཆོས་ཀྱི་དེ་ཉིད་ཀུན་བཤད་པ།། ཨེ་མ་ངོ་མཚར་ལས་བྱུང་བ།། ནམ་མཁའ་ལ་ནི་ན་མཁའ ་བསྒོམ།། ཕྱག་རྒྱ་ཆེན་པོའོ།། ལུས་དང་ངག་སེམས་རྡོ་རྗེ་ལ།། རྡོ་རྗེ་འཇམ་པ་རབ་ཏུ་བསྒོམ།། ལུས་དང་ངག་སེམས་ལ་སྤྲོས་པས།། རྡོ་རྗེ་འཇམ་པ་འདྲ་བར་འགྱུར།། དཔག་ཚད་བརྒྱ་ཡི་ཁྱེན་ཙམ་དུ།། རྡོ་རྗེ་འབར་བའི་འོད་དག་གིས།། ་རྒྱན་རྣམས་ཀུན་གྱིས་བརྒྱན་པ་ཡིས།། དག་པའི་བདག་ཉིད་སྣང་བར་འགྱུར།། འདི་ཉེ་བར་མཚོན་པ་ནི་ཀུན་བརྟགས་ཏེ། དམ་ཚིག་གི་ཕྱག་རྒྱའོ།། དེ་དག་ནི་བསྙེན་པའོ།། དེ་ལྟར་རྟག་ཏུ་གོམས་པ་ན་རིག་པའི་བརྟུལ་ཞུགས ་སྤྱད་པས་བདག་ཉིད་ནག་པོ་ཆེན་པོར་འགྱུར་རོ།། གཞན་ཡང་རྗེ་བཙུན་གྱི་སྐུ་གཟུགས་ཟླ་མཚན་གྱི་རས་སམ། གཡུལ་གྱི་རོ་རས་ལ་གསང་བས་བྲིས་ཏེ་བྱིན་གྱིས་བརླབས་ནས། ནག་པོ་ཆེན་པོ་གང་ཡིན་པ་དེ་རྡོ་རྗེ་སློབ་དཔོན་དུ ་བསམ་པས། རི་མོའི་མདུན་དུ་མཆོད་པ་དང་། དུག་དང་ཤ་ཆེན་པོ་དང་གུ་གུལ་གྱི་བདུག་པ་ཕུལ་ནས་གསོལ་བ་གདབ་པར་བྱའོ།། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྲཱྀ་ཀྵེ་ཏྲ་བིགྷྣཱན་བི་ན་ཡ་ཀ་ཨཱ་གཙྪ་ཨཱ་གཙྪ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ནག་པོ ་ཆེན་པོ་ཉིད་འོངས་ནས་ཅི་འདོད་ཅེས་སྨྲའོ།། དེས་ཀྱང་ནག་པོ་ཆེན་པོར་མཛོད་ཅིག་ཅེས་བྱས་ན། བདག་ཉིད་ནག་པོ་ཆེན་པོར་འགྱུར་རོ།། རིལ་བུ་དང་། མིག་སྨན་དང་། རོ་དང་། རལ་གྲི་ལ་སོགས་དང་། ལས་ཐམས་ཅད་སྟེར་རོ། ་ཆོ་ག་འདི་ཁོ་ནས་ནག་མོ་ཆེན་མོ་ལ་སོགས་པ་འགྲུབ་པར་བྱའོ།། ཡང་ལང་ཚོ་དང་ལྡན་པའི་བུ་མོའི་མགུལ་ནས་འཁྱུད་ནས་ནག་མོ་འམ། དུས་ཀྱི་མཚན་མའི་གསང་སྔགས་དང་བཅས། ཛྭ་ལ་ཡ་ཛྭ་ལ་ཡ་ཞེས་བརྗོད་ན་འབར་བར ་འགྱུར་རོ།། དེ་བཟུང་སྟེ་སྤྱོད་པ་སྤྱད་པས་བདག་ཉིད་ནག་པོ་ཆེན་པོ་དང་མཚུངས་པར་འགྱུར་རོ།། དེ་བཞིན་དུ་ཕྱག་མཚན་རྣམས་དང་། ལྷ་དང་འབྱུང་པོ་ཐམས་ཅད་ནག་པོ་ཆེན་པོའི་བཀས་མངག་གཞུག་ཏུ་བྱའོ།། ཨོཾ་བཛྲ་མ་ཧཱ ་ཀཱ་ལ~ཾ་ཀྵེ་ཀྵ་ཏྲ་བནྡན་མི་ནཱ~ཾ་མ~ཾ་ཀ་བ~ཾ་རྗེས་མུག་སྭ་དྷ་ཡ་སཱ་དྷ་ཡ་ཧཱ་ཧཱ་ཊེ་སྭཱ་ཧཱུ~ཾ། མཚན་མ་སྒྲིབ་པའི་སྡེག་ས་མི།། ཨོཾ་བཛྲམ་ཀཱི་ཀཱ་ལ་མྦི་ཀྵ་ཏྲ་བགྷྣཱན་བ~ཾ་ན་ཡ་ཀ་ཨཱ་ཛྙཱ་མ་ཨི་མུ་ཀ། ཨཱ་ཀཪྵ་ཡ་ཨཱ་ཀཪྵ་ཡ་ཨི་མུ་ག་དྷ་ས་ས་དྷ་ཡ་། ་སྭཱ་ཧཱ། འབྱུང་པོ་ཐམས་ཅད་སྒྲུབ་པའོ།། ཡང་ན་རྡུལ་ཆེན་ལ་སོགས་པའི་དཀྱིལ་འཁོར་བྲིས་ནས་ཀྱང་སྒྲུབ་སྟེ། མཚན་མ་མཐོང་ཞིང་འཇིགས་པ་མེད་པའི་རྣལ་འབྱོར་པས་ཐམས་ཅད་འགྲུབ་པར་འགྱུར་རོ།། ཅི་སྟེ་མ ་གྲུབ་ན་དྲག་ཤུལ་སྦྱོར་བ་བྱའོ།། དེ་དག་ནི་སྒྲུབ་པ་ཆེན་པོའོ།། གཞན་ཡང་ལས་ཀྱི་སྦྱོར་བ་ཕྲ་མོ་དག་ཀྱང་སྒྲུབ་སྟེ། རྩེ་གཅིག་ཏུ་མ་གྱུར་པས་ཀྱང་ངོ་།། གཤིན་རྗེའི་འཁོར་ལོ་དུར་ཁྲོད་ཀྱི་རས་ལ་དྲུག་དང་ཁྲག་དང་ཀེ་ཚེ་དང་། ལནཱ་ཚྭ་དང་། ་དྷ་དུ་རས་བྲིའོ།། ལྟེ་བ་དང་ཁང་པ་སུམ་ཅུ་རྩ་གཉིས་ལ་ཡི་གེ་བཅུ་བདུན་དང་། ནག་པོ་ཆེན་པོ་དང་གཤིན་རྗེ་གཤེད་ཀྱི་སྔགས་ཀྱི་བསྐུལ་བ་དང་བཅས་པ་བྲིའོ།། ཡཀྵེ་མ་མེ་དཾ་ཛ་ས་དོ་རུ་ཡཙྪ་ནི་རཱ་ཎ་ཡོ་ནི་ར། དེ་ཉིད་ཉ་ཕྱིས་གཉིས་ཀྱི ་དབུས་སུ་བཞག་ནས་བསྐུལ་བར་བྱས་ན་ཉི་མ་བདུན་གྱིས་གསོད་པར་བྱེད་དོ།། དེ་བཞིན་དུ་དེ་དང་དེའི་ཆོ་ག་ལས་ཐམས་ཅད་སྒྲུབ་པ་སྟེ། འཁོར་ལོ་འདི་ནི་ཆེན་པོའོ།། གཞན་ཡང་འཁོར་ལོ་རྩིབས་བརྒྱད་པ། ལྟེ་བར་རྩེ་བའི་སྔགས ་དང་། ཕཊ་ཨ་མུ་ཀཾ་མཱ་ར་ཡ་ཕཊ་ཙོས་བྲིས། ཁ་ཁ་ཁཱ་ཧི་ཁཱ་ཧི་ཨ་མུ་ཀཾ་མཱ་ར་ཡ་ཕཊ། ཅེས་བྱ་བ་ལ་སོགས་པ་ཡང་རབ་ཏུ་བྲིས། ཕྲེང་བའི་སྔགས་ཀྱིས་ཕྱི་རོལ་ནས་བསྐོར་བའི་འཁོར་ལོ་འདིས་ཀྱང་དྲག་ཤུལ་ཐམས་ཅད་སྒྲིབ ་པར་བྱེད་ཅིང་། སྔགས་དང་འཁྲུལ་འཁོར་འཆིང་བ་དང་གཅོད་པ་དང་། བྱིས་པའི་གདོན་རྣམས་ཀྱི་གནོད་པ་ཐམས་ཅད་དང་། ཉེ་བར་འཚེ་བ་ཐམས་ཅད་དང་། མི་མཐུན་པ་ཐམས་ཅད་བསྲུང་བར་བྱའོ།། ནག་པོའི་བཀས་མོ་མོ ་རྣམས་དང་། གནོད་སྦྱིན་རྣམས་དང་། གཤིན་རྗེ་རྣམས་དང་། སྲིན་པོ་རྣམས་དང་། ལྷ་མིན་རྣམས་དང་། འབྱུང་པོ་རྣམས་དང་། གྲོང་ཁྱེར་སྐྱོང་བ་རྣམས་བསྐུལ་ནས་ཀྱང་ལས་སྒྲུབ་བོ།། ནག་པོ་ཆེན་པོ་ལ་གཏོར་མ་སྦྱིན་ཏེ་ལས ་རྣམས་བསྒྲུབ་པར་བྱ། སྲེག་བླུགས་དག་ཀྱང་དབུལ་ལོ།། མི་རུས་ལས་བྱུང་ཕུར་བུ་འམ།། ཡང་ན་སེང་ལྡེང་རྩེ་ལས་སྐྱེས།། ལྕགས་ལས་བྱས་པའི་ཕུར་བུ་དག། སྙིང་ག་ནས་ནི་རྐང་པའི་བར།། ཕུར་བུ་བཏབ་ནཱ་མྱུར་དུ་འཆི།། དགྲ ་བོའི་བཤང་གཅི་ལས་གཟུགས་བརྙན་བྱས་ཏེ། ཨཱ་ཀཪྵ་ཡ་ཛཿས་བཀུག་ནས། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵི་ཀྵེ་ཏྲ་བིགྷྣཱན་བི་ནཱ་ཡ་ཀ་བཛྲ་ཀི་ལི་ཀཱི་ལ་ཡ་སརྦ་ཤ་ཏྲུ་ནཱ་བནྡྷ་ཧཱུཾ་ཕཊ། འདིས་གདབ་པོ།། ད་ནི་དྲག་ཤུལ་གྱི་སྦྱོར་བ་ཐམས ་ཅད་པ་བཤད་པ་ན་མཁའ་རྡོ་རྗེའི་སྲིན་པོ་ནི། དྲག་ཅིང་ཁྲོ་བོ་རབ་གཏུམ་དང་།། ཝ་དང་བྱ་རོག་སྣ་ཚོགས་དང་།། བྱ་རྒོད་ཁྱི་ཡིས་གང་བར་བསྒོམ།། མེ་ཡི་དཀྱིལ་འཁོར་དབུས་གནས་པར།། དགྲ་བོ་རྣམས་ནི་སྒྲོག་པར་བསྒོམ།། ་ཁམས་གསུམ་གནས་པའི་སེམས་ཅན་རྣམས།། སངས་རྒྱས་སྐུར་ནི་རྣམ་བསྒོམས་ལ།། དགྲ་བྱི་བསད་པར་བསམ་ནས་སུ།། དེ་ནས་ལས་རྣམས་བརྩམས་པར་བྱ།། དེ་ལ་དཀྱིལ་འཁོར་བ་དེ་རྣམས་ཀྱིས་དེའི་ལུས་བཏང་ཞིང ་དེའི་བསྲུང་བའི་ལྷ་རྣམས་ཀྱང་བཀུག་ནས་རང་ཉིད་ལ་ཐིམ་པར་བྱའོ།། ཕུར་བུས་བཏབ་ཅིང་མཚོན་ཆས་བཅད་པར་བྱའོ།། བསོད་ནམས་གང་གིས་ཚེ་འདིར་སྲུང་བ་རྣམས་ཀྱང་སྔགས་པས་བླང་བར་བྱས་ལ། འབྱུང་པོ་གང་དག་སྲུང་བ་བྱེད ་པ་རྣམས་ལ་གཏོར་མ་སྦྱིན་པ་དང་། ཕུར་བུས་གདབ་བོ།། ཨ་མུ་ཀ་ཀྵ་སམྦྷ་ཊཱ་དི་རཀྵ་མནྟ་དེ་བ་ནཱཾ། ཀཱི་ལ་ཡ་ཀཱི་ལ་ཡ་ཧཱུཾ་ཕཊ། ཕུར་བུ་བསྐུལ་བའི་སྔགས་དང་། ཕྲེང་བའི་སྔགས་དང་བཅས་པ་ནི་གདབ་པའི་སྔག་སོ།། མཁའ་འགྲོ ་མ་རྣམས་ཀྱིས་དེའི་ལྟེ་བ་བཅད་ཅིང་། སྙིང་གའི་ཐིག་ལེ་དབྱེ་བར་བས་མོ།། རྒྱུ་མ་རྐང་དང་ཁྲག་ལ་སོགས།། ཐམས་ཅད་དྲངས་པར་རྣམ་བསྒོམས་ཏེ།། མཚོན་ཆ་སྣ་ཚོགས་ཐོགས་པས་མནན།། བསྒོམས་ན་དགྲ་རྣམས་འཆི་བར་འགྱུར།། བླ་མའི་ཞལ་གྱི ་མན་ངག་གིས་མཚོན་ཆ་དྲུག་པོ་དག་གིས་སྤྲིན་གྱིས་ཆར་དབབ་པའོ།། གཞན་ཡང་མནན་པ་དང་། སྡང་བ་དང་། སྲིན་པོས་འཛིན་པ་དང་། རིམས་དང་། བསྐྲད་པ་དང་། རྨུགས་པ་དང་། དབང་དུ་བྱེད་པ་དང་། བུ་མོ་འགུགས་པ་དང་། ཞི་བ་དང་། རྒྱས་པ་ལ་སོགས ་པདེ་དེའི་ཆོ་གས་བྱ་སྟེ་སྐད་ཅིག་གཅིག་གིས་འགྲུབ་པར་འགྱུར་རོ།། དབང་བསྐུར་བ་ལ་འདི་སྦྱིན་བྱེ།། གཞན་དུ་ཁྲོ་བོ་གཏུམ་པོས་གསོད།། དངོས་གྲུབ་ཀུན་གྱི་སྦྱོར་སྒྲུབ་པ།། སློབ་དཔོན་བཀའ་ལས་དོན་ཡོད་ཡིན།། ཞེས་པ་འཇིག་རྟེན་དབང་ཕྱུག་མ ་ཧཱ་ཀཱ་ལའི་སྒྲུབ་ཐབས་རང་གནས་པ་ཞེས་བྱ་བ་དེ་བཱ་ཨ་ཀ་རས་མཛད་པའོ།། འདིའི་འགྱུར་རྙིང་གྲུབ་ཆེན་ཚུལ་མགོན་ཉིད་ཀྱིས་མཛད་པ་ལས། སྔགས་རྣམས་ཕལ་ཆེར་ཞལ་བ་ཞེས་ཀྱི་དབང་དུ་མཛད་པ་འདྲ་བས་དཀྱུས་ན་མེད། མཛད་བྱང་བྲམ་ཟེ་རཏྣ་ཕ་ལས ་མཛད་ཅེས་འབྱུང་བ་ལ་བར་སྐབསུ་མཚོན་བུ་དཀྱུས་སུ་ཤོར་བ་སོགས་ལྷག་ཆད་ནོར་སྐྱོན་ཤིན་ཏུ་མང་པོ་སྣང་ག། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་པུདྡྷ་བཛྲ་པའི་ཞབས་ཀྱི་རྒྱ་དཔེ་དང་བསྟུན་ནས། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་འགྱུར་ཆད་མང་དུ་བསགས ་ཤིང་། གཡར་ཁྲལ་དུ་ཞུས་ཐུག་བྱས་པའོ།། ་