CLOSE WINDOW

GT2958: dam tshig 'dus pa'i dbang
Wyliee-texts produced with BDRC’s OCR application

སོ།། །། བྲམ་ཟེ་ཆེན་པོ་ལ་རིམ་པར་བརྒྱུད་ནས། ཚུལ་ཤེས་སྒྱུར་བའི་མན་ངག་གི་རྒྱུད་དོ།། མགོན་པོ་འདི་མན་ངག་གི་དབང་དུ་བྱས་པ་ཡིན་པས། སྒྲུབ་ཐག་ཉེའོ་རྫོགས་སོ།། བླ་མ་རིན་ཆེན་འོད་པའི་ཕྱག ་དཔེ་ལ། བླ་མ་སང་འོང་པའི་ཞལ་ཞུས་སོ།། དེའི་དཔེ་ལ་དག་པར་བྱས་ཏེ། རིམ་པར་བན་ཆུང་གིས་ཀྱང་ཞལ་ཞུས་སོ།། ། དམ་ཚང་འདུས་པའི་དབང་བཞུལས་སོ།། རྒྱ་གར་སྐད་དུ། ས་མ་ཡཱ། ཨ་བྷི་ཤེ་ཀ་ཏ། ཀེ་དུཿ། བོད་སྐད་དུ། དམ ་ཚིག་འདུས་པའི་དབང་།། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ།། རྡུལ་གྱི་གྲངས་ཀྱི་མགོན་པོ་བཀུག། ཤ་ཁྲག་རྒྱན་པའི་གཏོར་སོགས་དབུལ།། བསྟོད་སོགས་དམ་ཚིག་རྡོ་རྗེ་གཏང་།། སྣང་བ་ཞུས་པས་སྣང་བར་བསམ།། ཏྭོ་ཧཱ ་སངས་རྒྱས་ཀྱི་བསྟན་པ་བསྲུང་བར་ཞལ་གྱིས་བཞེས་པའི་དཔལ་མགོན་པོ་དང་ལྷ་མོ་རྣམས་སྙན་གསན་ཅིང་ཐུགས་བཏང་དུ་གསོལ། ཁྱེད་རྣམས་ཀྱི་སྤྱན་སྔར། སངས་རྒྱས་ཀྱི་བསྟན་པ་བསྲུང་། དཀོན་མཆོག་གི་དབུ་ཕངས་བསྟོད། དམ་པའི་ཆོས་ཀྱི་ཚུལ ་འཇིམ་དགེ་འདུན་གྱི་སྡེ་སྐྱོང་། དམ་ཚིག་ཅིག་ལ་གནས་པར་ཁྭས་བསླངས་པ་བཞིན་དུ། བདག་དང་སློབ་མ་སངས་རྒྱས་མ་རྒྱས་ཀྱི་བར་དུ། སྲུང་སྐྱོབ་པོ་དངོས་གྲུབ་སྩལ་དུ་གསོལ། རྟེན་ཅིག་ལ་འདུ་བ་དང་། སྙིང་པོ་ཅིག་ལ་འདུ་བ་དང་། ཆོས་ཉིད་ཅིག་ལ ་འདུ་བ་དང་། མཆོད་པ་དང་གཏོར་མ་ཅིག་ལ་འདུ་བ་དང་། དམ་ཚིག་ཅིག་ལ་འདུ་སྟེ། ཕན་ཚུན་འཁུམ་ལྡོག། ཞེ་མ་སྡང་། ཕྲག་མ་དོག། འཁོན་དང་སེལ་མེད་པར་མཛད་དུ་གསོལ། དེ་ལས་འདས་ན། ཁྱེད་རྣམས་རང་ཤ་རང་གིས་ཟ་བ་དང་། རང་ཁྲག་རང ་གིས་འཐུང་བ་དང་། སངས་རྒྱས་ཀྱི་བཀའ་ཡང་བླུས་ཏེ། གནར་མེད་པར་གྱུར་ཏ་རེ། དེ་བས་ན་བདག་དང་སློབ་མ་ལ་འགོ་བ་དང་འདྲེས་པ་དང་གནས་པར་མཛད་དུ་གསོལ། མགོན་པོ་རྣམས་ཀྱི་རྡོ་རྗེ་འཛིན་པ་ལེགསོ་ལེགསོ་དེ་བཞིན་དུ ་བྱའོ།། ཐབས་ཡིན་ནོ་གསུང་། ལེགསོ་བརྗོད། ད་ནི་དབང་བསྐུར་ཏེ། འདི་ནི་མགོན་པོ་ཀུན་ལ་བྱིན་པའི་གཏོར་མ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་བདེན་སྟོབས་ཀྱིས། བསྟན་པ་བསྲུང་བའི་མགོན་པོ་མ་ལུས་ཀུན།། དམ་ཚིག་ཅིག་ལ་འདུ ་བའི་དབང་ཐོབ་ཤོག། འདི་ནི་མགོན་པོ་ཀུན་གྱིས་མྱངས་པའི་བདུད་རྩིས་ཏེ།། འདི་ནི་མགོན་པོ་ཀུན་གྱིས་སྤྱི་བོར་ཁུར་བའི་དམ་ཆོས་ཏེ།། འོདདི་ནི་མགོན་པོ་ཀུན་གྱིས་བལྟས་པའི་མར་མེ་སྟེ།། འདི་ནི་མགོན་པོ་ཀུན་གྱི་སྙིང་ལ་གནས་པའི་སྲོག་ཡིན་ཏེ། ་འདི་ནི་མགོན་པོ་ཀུན་གྱི་ལག་ཏུ་གཏང་བའི་རྡོ་རྗེ་སྟེ།། ལྷག་མ་སྦྱར་ཏེ་བརྗོད་པར་བྱ།། གང་བཞིན་གསོལ་གདབ་བྱིན་པར་བསམ།། འདི་ནི་སངས་རྒྱས་ཀུན་གྱི་དམ་ཚིག་སྒྲུབ་པའི་རིགས་ཡིན་ཏེ།། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས།། ་བསྟན་པ་བསྲུང་བའི་མགོན་པོ་མ་ལུས་ཀུན།། རིག་འཛིན་འདི་ལ་འགྲོ་ཞིང་འདྲེས་གྱུར་ཅིག། ཨོཾ་མ་ཧཱ་ཀ་ལ་སརྦཱཿསཽ་མ་ཡཱཿསིདྷི་ཧཱུཾཿཿཧྲིས་བརྒྱན་དར་དམར་དབུ་ཐོང་དབུལ།། འགྲོ་བ་འདུ་བའི་རྟེན་འབྲེལ་ཐོབ།། མགོན་པོ་འདུས་པ་ཡི་གེ་བཅུ་ཅེས་བྱས་རྫོགས། ་བླ་མཾ་བྲམ་ཟེས་མཛད་པ་རྫོགས་སོ།། ཚུལ་ཤེས་རྒྱུར་རོ།། གཏོར་མ་དབུས་གཡས་སུ་བདུད་རྩི། མདོ་རྒྱུད་པོ་ཏི། གྱི་གཅིག་པའི་རྫོགས་ཡི་དུ་ཐམས་གཡོན་དུ་མར་མེ། ཡི་གེ་བཅུ་པ། མདུན་དུ་རྡོ་རྗེ་དང་མཆོད་པའོ་ལག་ལེན་ནོ།། ་