CLOSE WINDOW

GT2952: rdo rje nag po chen po'i las mngon spyod slar gso bar byed pa zhi ba'i las zhes bya ba
Wyliee-texts produced with BDRC’s OCR application

རྫོགས་སོ།། །། གལ་ཏེ་མངོན་སྤྱོད་དེ་རྣམས་ཀྱིས།། སྒྲུབ་བྱ་རྣམ་པར་སྒྲོག་གྱུར་ནས།། སྡིག་ལས་ཡོངས་སུ་ལྡོག་པ་དང་།། སྒྲུབ་པ་པོ་ལ་གུས་བྱེད་ན།། སླར་ཡང་ཞི་བར་བྱེད་པ་ཡི།། འཕྲིན་ལས་སྒྲུབ་པ་པོས་བརྩམ་པ།། ་སྔ་དྲོ་ཡི་ནི་དུ་ཀྱི་ཆར།། གཙང་མའི་རས་སམ་དགེ་བོ་ཡི།། ཤིང་གི་ལོ་མ་གོང་རུང་ལ།། གུར་གུམ་ཡང་ན་གི་ཝི་ནི།། དངུལ་གྱི་སྣང་དུ་འོ་མ་དང་།། སྦྱར་ཏེ་འོ་ཅན་ཤིང་སྟུག་གིས།། རྩིབས་བརྒྱང་འཁོར་ལོ་ལྟེ་བ་དང་།། བཅས་པ་བྲིས་ཏེ་རྩིབས ་ལ་སྔགས།། ལྟེ་བར་སྒྲུབ་མིང་བསྐུལ་ཚིག་དང་།། མཐའ་རྟེན་བཅས་པ་བྲི་བ་དང་།། རང་ཉིད་ཤར་དུ་ཁ་བལྟས་པའི།། མདུན་དུ་དངུལ་ལམ་དུང་ལས་སུ།། བྱས་པའི་སྣོད་དུ་བཞག་པ་དང་།། རང་ཉིད་རྣལ་འབྱོར་ཞི་བ་ཡི།། སེམས་དང ་ལྡན་པས་ཞི་བའི་ལས།། སྒྲུབ་བྱེད་གསང་སྔགས་བཟླས་པ་ནི།། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཧཱུཾ་ཕཊ་སྭཱ་ཧཱ་ཆེ་གེ་མོ་ཤཱནྟི་ཀུ་རུ་སྭཱ་ཧཱ། ཞེས་བཟླས་ཞི་བའི་ཏིང་འཛིན་ནི།། རང་ཉིད་ཁ་ནས་འོད་ཟེར་ནི།། ཀུནང་ལྟར་ང ་འཕྲོས་པ་ཡིས།། མདུན་གནས་འཁོར་ལོའི་སྔགས་རྣམས་ལ།། ཕོག་ནས་དེ་ལ་ཤེལ་གོང་ལྟར།། དཀར་ཞིང་ཟླ་བ་ལྟར་བསིལ་བའི།། དོད་འཕྲོས་སྒྲུབ་བྱའི་ལུས་ཕོག་པས།། ཞི་བར་བྱེད་པར་སྒོམ་པ་དང་།། གསང་སྔགས་སྟོང་ཕྲ། ་གསུམ་བཟླས་ཏེ།། མཐར་ནི་འཁོར་ལོ་དྲི་ཞིམ་ཆུས།། བཀྲུས་ཏེ་སྒྲུབ་བྱའི་ལུས་བཀྲུས་པས།། ཞི་བར་བྱེད་པར་གདོན་མི་ཟ།། རྡོ་རྗེ་ནག་པོ་ཆེན་པོའི་ལས་མངོན་སྤྱོད་སླར་གསོ་བར་བྱེད་པ་ཞི་པའི་ལས་རྫོགས་སོ།། ་