| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། མ་ཧཱ་ཀཱུ་ལ་ཤྲཱི་ཨ་དྷིཥྛ་ཝ་ཏི་ས ་ཏན་མ། བོད་སྐད་དུ། དཔལ་ནག་པོ་ཆེན་པོ་བྱིན་བརླབས ་ཅན་གྱི་སྒྲུབ་པའི་ཐབས་ཞེས་བྱ་བ། མྱུར་མཛད་མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།། དམ་པའི་ཆོས་ཚུལ ་བཞིན་སྒྲུབ་པའི་སྒྲུབ་པ་པོ་ཆེན་པོས་མི་དང་མི་མ་ཡིན་པ་གནོད་པ་རབ་ཀྱིས་དགེ་བའི་བར་དུ་གཅོད་པ་བྱུང་ན། དགེ་སྦྱོང་ཉིད་ཀྱི་བར ་ཆད་གསལ་བའི་ཕྱིར།། དཔལ་མགོན་པོ་ནག་པོའི་སྒྲུབ་ཐབས་འདི་ལྟར་བྱ་སྟེ།། གནས་དབེན་པ་བཟང་པོར་མགོན་པོ་ནག་པོ་ཆེན ་པོའི་རྟེན་རྫས་དང་། མཆོད་རྫས་ལ་སོགས་པ་ཕྱི་རྟེན་ནང་རྟེན་དགོས་པའི་ཡོ་བྱད་བསགས་ལ་མཎྜལ་ལེགས་པར་བྱས་ཏེ། མེ་ཏོག་ཚོམ་བུ་དང་། མཆོད་རྫས་དང་རྟེན་རྣམ ་དག་བཀོད་ནས། ཙན་དན་བེར་ལ་དར་ནག་གདགས། རང་སྟན་བདེ་བ་ལ་ཤར་དུ་ཕྱོགས་པར་འདུག་སྟེ། རང་ཡི་དམ་ལྷའི་གཞུང་བཞིན་དུ་འཚམས་གཅད་པ་དང་། ་བྱིན་གྱིས་བརླབ་བྱའི་རྫས་རྣམས་བྱིན་གྱིས་བརླབ་པ་དང་། དགེ་སྦྱོར་ཡན་ལག་བདུན་པ་དང་། ཆེད་མེད་པ་བཞིས་བསོད་ནམས་ཀྱི་ཚོགས་བསག། ཆོས ་ཐམས་ཅད་སྟོང་པ་ཉིད་དུ་བསྒོམས་ཏེ། ཡེ་ཤེས་ཀྱི་ཚེགས་བསོགས་པའི་ངང་ལས་རང་ཡི་དམ་ཡེ་ཤེས་ལྷའི་བསྐྱེད་རིམ་གཞུང་བཞིན་བྱ།། དེའི ་སྙེན་སྔགས་ཅི་རིགས་པར་བཟླས་ནས། རང་གི་སྙིང་ཁའི་ས་བོན་ལས་འོད་འབྲོས་པས། བགེགས་ཀྱི་རྒྱལ་པོ་ལོག་འདྲེན་བཀུལ་བའི་སྟེང་དུ། བཾ་ཡིག་ལས་པདྨ་འདབ་བརྒྱད་བསམ། དེའི་ལྟེ་བར་རཾ་དམར་པོ་ལས ་ཉི་མའི་གདན་བསམས་ཏེ། རང་གི་སྙིང་ཁའི་འོད་ཟེར་གྱིས་ལྷོ་ཕྱོགས་ཀྱི་དུར་ཁྲོད་ཙན་དན་གྱི་ཤིང་ཁ་ནས་དཔལ་ཡེ་ཤེས་ཀྱི་མགོན་པོ་ནག་པོ་ཆེན་པོ་སྤྱན་དྲངས་ནས་ན་མཁའ་ན་ཚུར་བྱོན་ཏེ། གདན་ཐོག་ཏུ་བཞུགས་པར ་བསམས་ལ། ངེས་པར་འབྱོན་ཞིང་བཞུགས་ནས་བདག་ལ་བྱིན་གྱིས་བརློབ་པར་འགྱུར་རོ།། དེ་ལ་ཡིད་མ་ཆེས་ན་རང་ལྷག་པའི་ལྷར་བསྒོམས་ནས་སྙིང་ལ་ཛེས་དོན་ལས་འོད་འཕྲོས་པས་གདན་སྐྱེད་པ་སྔ་མ་བཞིན་བྱས། གདན ་ཐོག་ཏུ་ཡི་གེ་ཧཱུཾ་མཐིང་ནག་བསམ། དེ་ལས་འོད་འཕྲོས་འདུས་རྡོ་རྗེ་གྲི་གུག་ཧཱུཾ་གིས་མཚན་པ་བསམ། དེ་གྱུར་པ་ལས་ནག་པོ་ཆེན་པོ་བསྐྱེད་དེ། ཁྲོ་བོའི་གཟུགས་བརྙན་སྐུ་མདོག་མཐིང་ནག་འོད་འབེར་བ་རྒྱུད་ནས་གསུངས ་པ་བཞིན་ཞལ་གསུམ་པར་སྒོམ་མོ།། དབུས་ཞལ་སྐུ་མདོག་དང་མཐུན་པ། ཞལ་གཡས་དམར་ནག། གཡོན་པ་ལྗང་ནག་ཏུའོ།། སྔོན་དུ་མཐོང་བ་བཞིན་ཞལ་གཅིག་མཐིང་ནག་ཏུ་སྒོམ། གང་ལྟར་དུ་སྒོམ་ཡང་ཕྱག་དྲུག་པ་ཁོ་ན ་སྟེ། ཕྱག་གཡས་ཀྱི་དང་པོ་མི་མགོའི་ཕྲེང་བ་བགྲང་བ། གཉིས་པ་ན་གྲི་གུག། གསུམ་པ་ན་ཌ་མ་རུ་འཁྲོལ་བའོ།། གཡོན་གྱི་དང་པོ་ཐོད་པ་ཁྲག་གིས་བཀང་བ། གཉིས་པ་ན་མདུང་རྩེ་གསུམ་པ། ཐ་མ་ན་ཞབས་པ་བསྣམས ་པ། དབུ་སྐྲ་གྱེན་དུ་བརྫེས་པའི་སྟེང་ན་སངས་རྒྱས་མི་སྐྱོད་པ་བཞུགས་པ། དཔྲལ་བ་སཱིན་དྷུ་རས་བྱུགས་པ། མཆེ་བ་བརྩིགས་པ། དབུ་དང་སྐུ་ལ། སྤྲུལ་དང་རིན་པོ་ཆེའི་རྒྱན་གྱིས་བྲུབས་པ། མི་མགོ་ཁྲག་འཛག་པ་ལྔ་བཅུའི ་དོ་ཤལ་བྱས་པ། སྟག་གི་ལྤགས་པའི་ཤམ་ཐབས་ཀྱི་སྟེང་དུ། སྦྲུལ་དང་རིན་པོ་ཆེའི་ཕྲེང་བའི་སྐེ་རགས་བཅིངས་པ། དྲིལ་བུ་གཡེར་ཁས་བརྒྱན་པ། ཞབས་གཉིས་བགྲད་པས་བགེགས་ཀྱི་རྒྱལ་པོ་མགོ་གཡས་སུ ་བསྟན་པ་མནན་པ། སྐུ་ཆེ་ལ་ཡན་ལག་རགས་པ། གཟི་བརྗིད་འབར་བ། ལྷ་མ་ཡིན་སྡེ་བརྒྱད་བྲན་འཁོར་དུ་འདུས་པར་སྒོམས་ལ། ཨོཾ་ཨཱཿཧཱུཾ་གསུམ་གྱིས་སྐུ་གསུང་ཐུགས་བྱིན་གྱིས་བརླབ། ལྷ་དབང་བསྐུར་བ་བྱ ་མི་དགོས་ཏེ། བྱས་ཀྱང་འགལ་བ་མེད་དོ།། རང་དང་མགོན་པོ་གཉིས་ཀའི་ཐུགས་ཀ་ན་ས་འོད་འཕྲོས་པས་ལྷོ་ཕྱོགས་དུར་ཁྲོད་ཀྱི་ཤིང་ཙན་དན་གྱི་སྡོང་པོ་གཅིག་གོ་སྟེང་ནས་རང་བཞིན་གྱི་དཔལ་ནག་པོ་ཆེན་པོ་སྤྱན་དྲངས ་ཏེ་ན་མཁའ་ལ་ཚུར་ཌཱ་མ་རུ་དང་། དྲིལ་བུ་གཡེར་ཁའི་སྒྲ་དང་བཅས་པ་བྱོན་ནས་མདུན་གྱི་ན་མཁའ་ལ་བཞུགས་པ་ལ། ན་མོ་མ་ཧཱ་ཀཱ་ལཱ་ཡ། བོ་དཾ་སད་ཏཱ་མ་ཧཱ་སད་ཏཱ་ཡ། ཞེས་ཕྱག་བཙལ་ལ། ཤྲཱི་མ་ཧཱ་ཀཱ་ལ་ཛཱ། ཞེས་མདུན་བསྐྱེད་ནག་པོའི ་སྤྱི་བོར་དགུག། མ་ཧཱ་ཀཱ་ལ་ཡ་ཧཱུཾ་གིས་དམ་ཚིག་པ་ལ་ཡེ་ཤེས་པ་གཞུག། མ་ཧཱ་ཀཱ་ལ་ཡ་བཾ་གྱིས་གཉིསུ་མེད་པར་འདྲེས་པར་བསམ། མ་ཧཱ་ཀཱ་ལ་ཧིཿཞེས་པས་མཉེས་པར་བྱའོ།། དེ་ནས་གཞུང་གཞན་བཞིན་དུ་མཆོད་པ་བྱས་ཏེ། ཁྱད་པར་དུ ་ནག་པོ་ཆེན་པོའི་སྤོས་ནི། ཙན་དན་དང་། ཉུངས་ཀར་དང་། སྒོག་སྐྱ་དང་། ཤ་ཆེན་དང་། གུ་གུལ་ཆ་མཉམ་པར་སྦྱར་བའི་སྤོས་དབུལ། ཡང་ན་ཙན་དན་དང་། ཉུངས་ཀ་ར། པུ་རཾ། གུ་གུལ། མི་ཁྲག་གིས་སྦྲུས་པའི ་རིལ་བུ་དབུལ་ལོ།། ཡང་ན་གུ་གུལ་མི་ཁྲག་བསྲེས་ལ་དབུ་ལོ།། སྔགས་ནི། ཙ་ལ་ན་ནི་པུ་ར་ཛ་ལི། ཛ་ལ་ཀི་ན་རི་ལི་ཀ་པ་ཧཱུཾ་ཀཾ། ན་ར་ཝ་པ། ཨུ་ར་དྷ་ཀ་ཧཱུཾ། ཀ་བེ་ཀ་ར། བྷི་བྷི་ན། ཤ་དྷ་བ་དྷ་བི་ལ། དྷ་མ་རུ་ཨེ་བ་ལ་ཨེ་ཀ་ལ། ཧ་ཧི་ལོ་འོ་ཡ་ན། ་ན་དྷེ། ཨེ་བ་ན་ཙ་ལུ་ལ་ཨེ་ས་ན། སི་ར་མ་ལ། ཀ་ཧི་ན་ར་ས་ཏ་པ་ཤ་ཨ་ས་མ་ཐིསྲྀ། མ་ཧཱ་ཀཱ་ལ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་བྱའོ།། དེ་ནས་སྟོང་པ་བྱ་སྟེ། ཧཱུཾ་དཔལ་ལྡན་མགོན་པོ་ནག་པོ་གཟི་བརྗིད་ཆེ།། ཡེ་ཤེས་རྒྱས་ཕྱིར་དབུ་སྐྲ་གྱེན་དུ་འབར། ་དབྱིངས་ན་བཞུགས་ཕྱིར་མི་བསྐྱོད་རྒྱ་ཡི་བཏབ།། མཁའ་འགྲོ་སྡུད་ཕྱིར་སིན་དྷུ་ར་ཡིས་བླུགས།། རིགས་ལྔའི་མཆོག་འདུས་ཐོད་ཕྲེང་དབུ་བརྒྱན་ཅན།། ཁམས་གསུམ་ལ་གཟིགས་སྤྱན་རྩ་དམར་ལ་ཟླུམ།། གདུག་པ་འདུལ་ཕྱིར་རྣོ་སྡུག་མཆེ་བ་བརྩིགས། ་ཕ་རོལ་ཕྱིན་དྲུག་དག་ཕྱིར་ཕྱག་དྲུག་ལྡན།། བདུད་བཞི་རྣམ་གཅོད་རྡོ་རྗེ་གྲི་གུག་ཐོགས།། སྔགས་རྣམས་མི་བརྗེད་གཟུངས་ལྡན་ཐོང་ཕྲེང་བསྣམས།། གསང་ཆོས་སྒྲོག་ཕྱིར་ཅང་ཏེའུ་དྲག་ཏུ་འཁྲོལ།། ཉོན་མོངས་མ་སྤངས་དག་ཕྱིར་ཐོད་ཁྲག་བསྣམས།། ་དུག་གསུམ་སྙིང་འབུགས་མདུང་རྩིརྩེ་གསུམ་ལྡན་འཛིན།། གདུལ་བྱ་མི་འདོར་རྟག་ཏུ་ཞགས་པ་བསྣམས།། འཇིགས་པ་སྐྱོབ་ཕྱིར་སྟག་ལྤགས་སྐུ་སྨད་དཀྲིས།། བསོད་ནམས་ཚེགས་རྫོགས་སྐུ་མདོག་གཟི་བརྗིད་འབར།། འཁོར་བའི་སྐྱོན་གྱིས་མ ་གོས་པད་མའི་གདན།། མ་རིག་མུན་སེལ་ཉི་མའི་གདན་སྟེངས་སུ།། ཉོན་མོངས་ཚད་སེལ་ཟླ་བའི་གདན་ལ་བཞུགས།། གདུག་པ་འདུལ་རྟགས་བགེགས་རྒྱལ་ལོག་འདྲེན་མནན།། ཆོས་སྐུ་མི་འགྱུར་ཐོབ་ཕྱིར་སྐུ་མདོག་མཐིང་ནག་སར། དགོས་འདོད ་སྐོང་ཕྱིར་ཙན་དན་སྟེང་ན་བཞུགས།། ནག་པོ་ཆེན་པོ་དཔལ་ལ་ཕྱག་འཚལ་ལོ།། སྔོན་གྱི་ཞལ་བ་ཞེས་རྗེས་སུ་དྲན་མཛོད་ལ།། བདག་གིས་བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད།། ཅེས་བསྟོད་དོ།། དེ་རྗེས། སྐུ་རིམ་གྱིས་གསལ་བར་སྒོམ། ་དེའི་རྗེས་ལ་དཔལ་ནག་པོ་ཆེན་པོའི་ཐུགས་ཁར་པད་མ་དང་ཉི་མའི་གདན་ལ་ཧཱུཾ་ཡིག་ལ་སྙིང་པོའི་སྔགས་ཀྱིས་བསྐོར་བར་བསམས་ལ་སྔགས་བཟླས་ཏེ། རང་གི་སྙིང་ཁ་ནས་འོད་ཟེར་སྔགས་ཀྱི་ཡི་གེར་འཕྲོས་པས་མཆོད་པར་གྱུར། མགོན་པོའི ་ཐུགས་ཁ་ནས་འོད་ཟེར་སྔགས་ཀྱི་འཕྲེང་བ་ཚུར་འདུས་པས་བདག་བྱིན་གྱིས་བརླབས་ཤིང་། དངོས་གྲུབ་ཐོབ་པར་བསམས་ལ་སྲོག་གི་སྙིང་པོ་འདི་བཟླས། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵི་ཀྵེ་ཏྲ་བིག་ནན་བི་ན་ཡ་ཀ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཞེས་གཏམ་གྱི་བར་མ་ཆང་བར ་བཟླས་ཏེ།། དེ་ཡང་གྲངས་འབུམ་ཕྲག་གསུམ་མམ།། བདུན་ནམ། བཅུ་བཟླས་པ་འམ། ཡང་ན་ཙན་ད་ན་གྱི་ཤའི་གི་རྩ་རུ་ཟླ་བ་དྲུག་བཟླས་པའམ། ཡང་ན་མཚན་རྟགས་སུ་སྔགས་པ་རྣམས་དང་། བཙུན་པ་དང་། ཆུ་ཆེན་པོ་སྐྱེས་པ་དང་། ་གྲོང་ཁྱེར་མེ་ཡིས་ཚིག་པ་དང་། བུད་མེད་མང་པོ་དང་། ཁྱོ་ནག་དང་། བྱ་ནག་ལ་སོགས་པ་རྨི་བ་དང་། གནོད་བྱེད་དང་འཐབས་ནས་རྒྱལ་བ་ལ་སོགས་པ་རྨི་བ་དང་། ཡང་དང་ཡང་དུ་འབྱུང་བ་དང་། ཉམས་དགའ་ཞིང་ཏིང་ངེ་འཛིན་གསལ་བ ་ལ་སོགས་པ་ཉམས་བྱུང་བྱུང་གི་བར་དུ་ཞག་རོ་ལ་ཐུན་བཞི་རུ་བྱས་ལ་བསྙེན་པ་བྱའོ།། ཐུན་རེའི་མཆོད་པ་དང་བསྟོད་པ་དང་། ཉམས་པ་བཤགས་པ་དང་། འདོད་པ་བསྒྲུབ་བར་ཞུ་བ་བྱས་ལ། ཡེ་ཤེས་ཀྱི་མགོན ་པོ་ནག་པོ་གཤེགས་པར་བྱ། བསྐྱེད་པའི་ནག་པོ་ཆེན་པོ་རང་ལ་བསྡུ། སྤྱོད་ལམ་ལ་སོགས་པ་ཆོས་སྤྱི་དང་མཐུན་པ། དེ་དག་གིས་ནི་བསྙེན་པའི་བྱ་ཐབས་སོ།། སྒྲུབ་པ་ནི། གནས་དུར་ཁྲོད་དམ། ཤིང་གཅིག་ག་མ། མ་མོའི་ཁྱིམ་མམ། ཆུ ་འགྲམ་ལ་སོགས་པར་དགོས་པའི་རྫས་བསགས་ལ། དཀྱིལ་འཁོར་ཟླ་གོང་གྲུ་བཞི་པ་བྱ། ཐིག་ལ་སོགས་པ་གཞུང་བཞིན་གདབ། ཚོན་བྲི་བ་ནི་དབུས་གྲུ་གསུམ་མཐིང་ནག་གཙང་གིས་སྐོར། དེའི་མཐར་ཟླུམ་པོ་ཐོད་པའི་རང་བྱ། དེ་གཉིས་པར ་གྱི་ཟླ་གམ་གསུམ་དམར་པོ། ཐོད་རའི་ཕྱིའི་གྲུ་ཆད་བཞི་ལྗང་ཁུ། སྒོ་ལ་སོགས་པ་གཞུང་སྤྱི་དང་མཐུན་པ་བྲིའོ།། དཀྱིལ་འཁོར་དབུས་སུ་དཔལ་མགོན་པོ་ཆེན་པོའི་གཟུགས་བརྙན་དགོད། ཟླ་གམ་གསུམ་ལ་ཕུང་དང་། གཏོར་མ་དང་ཁྲག་གི་སྣོད ་དགོད། སྒོ་བཞི་ལ་ཤར་དུ་འཕགས་མ་ནམ་གྲུ་མ། ལྷོ་རུ་ནག་མོ་ཆེན་པོ་གྲི་གུག་ཐོད་པ་ཅན། ནུབ་ཏུ་ལེགས་ལྡན་ནག་པོ་ཆེན་པོ། བྱང་དུ་དཔལ་རེ་མ་ཏི་རྣམས་ཀྱི་རྩ་ཀ་ལི་དགོད། མགོན་ནག་འཁོར་གྱི་རྟེན་རྫས་རྣམས། མཆོད་རྫས་དང་། ལས ་སྦྱོར་གྱི་རྫས་རྣམས་ཀྱང་བཤམས་ལ། རང་སྟན་བདེ་བ་ལ་འདུག་སྟེ། བྱང་ཆུབ་མཆོག་ཏུ་སྨོན་པའི་སེམས་བསྐྱེད་པས། རང་གི་ལྷག་པའི་ལྷ་གསལ་བར་བྱས་ཏེ། སྙིང་པོ་ཅི་རིགས་བཟླས་པར་བྱ། དེ་ནས་དཀྱིལ་འཁོར་མི་དམིགས་པ ་ལས་ཡི་གེ་བྷྲཱུཾ་སྨུག་ནག་ཏུ་བསམ། དེ་ནས་ལྷའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་དང་ལྡན་པ། རྟ་བབས་བཞི་ཡིས་བརྒྱན་པ་བསམ། ནང་གི་དབུས་རིམ་གྱིས་མཐོ་བ། དབུས་གྲུ་གསུམ་མཐིང་ནག། དེའི་ཕྱིར་ཟླ་གམ་གྲུ་གསུམ་དམར ་པོ། དེའི་ཕྱི་མ་ཟླུམ་པོ་མི་མགོའི་རྩིག་པས་གཙང་ཁང་རྩིགས་པ། དེ་ལྕགས་གཟེར་དང་འདྲ་བ་དམ་པོ་ལྕགས་ཀྱིས་བྱས་པ། དེ་རྣམས་འོད་འབར་བའི་རྣམ་པ་ཅན་སྒོམ། དེའི་དབུས་སུ་གྲུ་གསུམ་གྱི་ཐོག་ཏུ་པདྨ་དང་། བགེགས་ཀྱི་རྒྱལ་པོ ་རྩིགས་པའི་སྟེང་དུ་ཧཱུཾ་ལས་དཔལ་མགོན་པོ་ནག་པོ་སྔོན་བཞིན་སྒོམ། སྒོ་བཞིར་ལེགས་ལྡན་ནག་པོ་ཆེན་པོ། ལྷོར་ནག་པོ་ཆེན་པོ་གྲི་གུག་ཐོད་པ་ཅན། དེ་གཉིས་ཡི་གེ་ཧཱུཾ་མར་ནག་དང་། མཐོང་ནག་ལས་བསྐྱེད་དོ། ཞལ་གཅིག་ཕྱག་གཉིས ་པའོ།། བེང་ནི་ཙན་དན་གྱི་བེང་དང་ཐོང་ཁྲག་བསྣམས་པ། གྲི་གུག་མ་ནི་རྡོ་རྗེ་གྲི་གུག་དང་། ཐོད་ཁྲག་ཐོགས་པའོ།། ཤར་དུ་རུ་སྨུག་ནག་ནས་འཕགས་མ་ནམ་གྲུ་མ་ཞལ་གཅིག་ཕྱག་གཉིས་མ་ཕྱག་ན་རལ་གྲི་དང་ཐོང་ཁྲག། སྐུ་མདོག་སྨུག་ནག ་གོ། བྱང་དུ་ནག་པོ་ཆེན་པོ་ཞལ་འདུ་དྷོ་ཛ~ཾ་དྷ་རཱ་སཿ། གཅིག་ཕྱག་གཉིས་པ། ཕྱག་ན་རིལ་ཨ་ཤྲཱི་ལ་ཨཱ་ཀཱ་ལ་ཧཱུཾ་ཧཱུ~ཾ་ཕཊ། གྲྀ་དང་ཕུབ་ཐོགས་པ། ནག་པོ་ཆེན་པོ་གསུམ་དར་ནགོ་གི་བེར་གསོལ་བ། རིན་པོ་ཆེའི་ཕྲེང་བའི་རྒྱམ་མནམ ་པ་ཆགས་སྐུ་རགས་དང་། ལྷ་མོའི་སྐུ་སྟོང་ཞིང་གི་ལྤགས་པ། སྐུ་སྨད་རེ་ལྡེའི་ཤམ་བུ་ཅན་ནོ།། མིག་མ་ཁྱེན་པ་འི་རྣཾ་ས་དུས་བཚུལ་ཡ། མགོན་པོ་ལྡམ་དྲལ་ཀུན་གཤིན་གྱི་གདན་ལ་བཞུགས་པ། མི་མན ་འཕྲེང་བའི་དོ་ཤལ་དང་། སྦྲུལ་གྱིས་བརྒྱན་ལ་སོགས་པ་དང་ལྡན་པ། ཁྲོ་ཚུལ་ཅན་གཟི་བརྗིང་དང་འོད་འབར་བ། དྲག་ཤུལ་ཆེ་ལ་མཐུ་རྩལ་ཆེ་བ། འཁོར་ནག་པོ་ཆེན་པོའི་ཚོགས་དང་། མ་མོ་དང་། མཁའ་འགྲོ་མའི་གཙོམ ་ལ་སོགས་པ། ཆོས་སྐྱོང་བའི་ལྷ་མ་ཡིན་དཔག་ཏུ་མེད་པས་ཡོངས་སུ་བསྐོར་བར་བསྒོམ། དེ་དག་གི་སྐུ་གསུང་ཐུགས་ཀྱི་བྱིན་བརླབས་དང་། ཡེ་ཤེས་ཀྱི་མགོན་པོ་ནག་པོ་ཆེན་པོ་འཁོར་བཅས་རྣམས་དུར་ཁྲོད་ཆེན་པོའི་གནས་ནས་སྤྱན་དྲངས་ཏེ། ་བསྐྱེད་པའི་དཀྱིལ་འཁོར་ལ་བཞུགས་པ་དང་། ཕྱག་བཙལ་བ་དང་། མཆོད་པ་དང་བསྟོད་པ་རྣམས་བྱས་ལ། དེའི་རྗེས་ལ་བདག་གི་ཐུགས་ཁའི་ས་བོན་ལས་འོད་ཟེར་འཕྲོས་པས་རྡུལ་ཚོན་གཙོ་བོའི་ཐུགས་དམ་བསྐུལ། དེ་ལས་འོད་ཟེར་དང ་སྤྲུལ་པའི་ཁྲོ་བོ་ཁྲོ་མོ་བསམ་གྱིས་མི་ཁྱབ་པ་ཕྱོགས་བཅུར་འཕྲོས་པས། ལོ་ཀའི་ཁམས་ཀུན་གྱི་ཆོས་སྐྱོང་ཐམས་ཅད་དབང་དུ་བསྡུས་ཏེ་ལས་ལ་བཀོལ་ནས། དེ་དག་གི་སྔགས་ལ་བདག་གི་དགྲ་བགེགས་ཐམས་ཅད་དྲག་པོ་མངོན་སྤྱོད་ཀྱིས་བསྒྲལ ་xxx ་xxx ་བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་བ་ཙ། དི་ན་མེ་ཀེ་ནི་མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་སྨྲ་བ་གཞན་གྱིས་བར་མཆོད་པར་བཟླས། ཐུན་མཚམས་སུ་མཆོད་པ་དང་བསྟོད་པ་དང་། ཐུགས་དམ་བསྐུལ་བ་དང་། ཡེ་ཤེས་པ་བྱེ་སྟེ ་རང་ལ་སྟིམ། དམ་ཚིག་ལྷ་ལ་སོགས་པ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་ཤེས་པར་བྱ་ཞིང་། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ལ་བལྟས་ཏེ། སྙིང་རྗེ་དང་བྱམས་པ་བསྒོམ། དེ་ལ་སྒྲུབ་པའི་མཚན་རྟགས་མ་བྱུང་བར་དུ་སྒྲུབ་མཚན་རྟགས ་ནི་སྐྱེས་པ་དང་བུད་མེད་ལ་སོགས་པས་ཚུར་ཕྱག་བྱེད་པ་དང་། སྐྱེ་འགྲོ་མང་པོ་བདག་གི་འཁོར་དུ་འདུག་པ་དང་། གཡོག་བྱེད་པ་དང་། བྱོལ་སོང་འཁོལ་བ་དང་། སེམས་ཅན་ཅི་ཡང་རུང་བ་བསད་པ་རྨི་བ་ལ་སོགས་བྱུང་བྱུང་སྒྲུབ་པར་བྱ། དེ་ཡང ་འཁོར་ལོ་ལ་རྟེན་ནས་སྒྲུབ་པ་དང་། མནན་བསྲེག་སྐྲག་མ་ལ་བརྟེན་ཏེ་སྒྲུབ་པའོ།། འཁོར་ལོ་ལ་རྟེན་ནས་སྒྲུབ་པ་ལ་གཉིས། བསྲུང་བའི་འཁོར་ལོ་དང་། དྲག་པོའི་འཁོར་ལོ་ལ་རྟེན་པའོ།། བསྲུང་བའི་འཁོར་ལོ་ནི། ནང་འཁོར་ལོ་རྩིབས་བརྒྱད། ་ཕྱི་གྲི་གུག་རྩིབས་བརྒྱད། དེའི་ཕྱི་མེ་རི་འབར་བས་སྐོར་བ་བྲི། འཁོར་ལོའི་རྩིབས་རེ་རེ་ལ་སྙེན་སྔགས་དང་། བསྲུངས་ཅིག་སྦྲེལ་ཏེ། ཨོཾ་བདྲམ་སྦས་ལ་གྲཱྀ་ཀྵེ་ཏྲ་བིག་ནན་བི་མ་ལ་ཀརྦྷ་ནྡ། ཆེན་མོ་ལ་རཀྵ་རཀྵ་སྭཱ་ཧཱ། ཨོཾ་མ་ཧཱ་ཀཱ་ལ་ཤས་ན་ཨ་པ་ཧཱ་རི་ཤ་རི་རཾ། ཨ་བ་ཙཾ་མ་ཧཱ། ་ཀྲོ་ལ་ལ། ཡ་ངནཿ། རང་ན་ཐལ་ལོ། ཨ་བག་རི་ནམ་པ་ཏི་ཏི་དྷ་སྠཱང་པ་ཏན་དུ་བྷ་ཆེ་གེ་མོ་ལ་ར་ཀྵ་ར་ཀྵ་སཱཧཱ། འདི་ལ་རྩོལ་ལ་མ་ག་པར་མྱུར་གྱི་བྲེག།། པྲི་ནང་གི་མུ་ཁྱུད་ལ་སྔགས་རིངས་བྲི། ལྟེ་བ་ལ་བསྲུང་བྱའི་གཟུགས་མིང་རུས་གནས་བཅས་པ་བྲིས་ལ། གུར་གུམ་མ་གྷི ་ཝ་གྱིས་རྩུ་བ་མནན་ནོ།། རབ་གནས་བྱེད་ན། བསྐྱེད་རིམས་ལ་སོགས་པ་བསྒྲིམས་ལ། འཁོར་ལོ་མི་དམིགས་པ་ལས་ཡི་གེ་བྲུ་བསམ། དེ་ལས་འཁོར་ལོ་བསྐྱེད། དེའི་སྟེང་དུ་པཾ་ལས་པདྨ་དང་། རཾ་ལས་ཉི་མའི་སྟེང་དུ་སྔགས་ཀྱི ་ཡི་གེ་རྣམས་བསམས་ལ། དེ་ལས་འོད་ཟེར་འཕྲོས་པས་ཆོས་སྐྱོང་བཀུག་སྟེ། སྔགས་ཀྱི་ཡི་གེ་ལ་ཐིམ་པས་ཡི་གེ་རྣམས་དཔལ་ནག་པོ་ཆེན་པོར་སྒོམ། དེའི་ཐུགས་ཁར་པདྨའི་ལྟེ་བ་ལ་ཉི་མ་གནས་པར་བསམ། དེའི་སྟེང་དུ་སྒྲུབ་སྔགས ་བསམས་ནས། བདག་ལྷག་པའི་ལྷར་གསལ་བའི་ཐུགས་ཁ་ནས་འོད་ཟེར་སྔགས་སུ་འཕྲོས་པས། དཔལ་ནག་པོ་ཆེན་པོའི་ཐུགས་ཁར་ཕོག། དེའི་ཐུགས་ཁ་ལས་སྔགས་འོད་བྱུང་ནས་ཞལ་ནས་འཐོན་ཏེ། བདག་གི་ཞལ་ནས་ཐུགས་ཁར་ཐིམ་པས ་སྡིག་སྒྲིབ་དག་ཅིང་། སྡུག་བསྔལ་ཞི་བར་བྱེད་པའི་མཐུ་སྐྱེད་པར་བསམ། སྔགས་བརྒྱ་རྩ་བརྒྱད་དམ་ཅི་ནུས་བཟླས་ལ། མཆོད་བསྟོད་བྱ། ཡེ་ཤེས་ལྷ་གཤེགས། དམ་ཚིག་ལྷ་ཞུ་ནས། སྔགས་ཀྱི་ཡི་གེའི་གཟུགས་སུ་གྱུར་པར་བསམ། མེ ་ཏོག་དཀར་པོ་ལ་རྟེན་འབྲལ་སྔགས་ཏེ། གཏོར་བས་ཀྱང་། སྔགས་ཉིད་མགོན་པོའི་རང་བཞིན་ཡིན་ལ། མགོན་ནག་ཉིད་སྔགས་ཀྱི་གཟུགས་སུ་བཞུགས་པས། ཅིས་ཀྱང་གཞོམ་དུ་མེད་པ་རྡོ་རྗེའི་ཡི་གེར་བསམས་ལ་བསྲུང་བྱའི་ཡུལ་ལ་གདགས ་ཏེ། དེའི་ལུས་རྡོ་རྗེའི་རང་བཞིན། ཡི་གེ་བཏགས་པས་ཅིས་ཀྱང་མི་ཚུགས་པར་བསམ། ཆོ་ག་གཞན་སྤྱི་དང་མཐུན་ནོ།། འཁོར་ལོ་ལ་རྟེན་ཏེ་དྲག་པོའི་སྒྲུབ་པ་བྱེད་ན། འཁོར་ལོ་གཉིས་བྱས་ཏེ། གཉིས་ཀ་ལ་ཕྱིའི་རི་མོ་ཟླུམ་པོ་བཞི་རིམ་དུ་སྐོར ་པའི་མུ་ཁྱུད་སུམ་རིམ་བྱ། རི་མོ་ཕྱི་རོལ་མའི་ཕྱི་མེ་རིས་སྐོར། མུ་ཁྱུད་ཕྱི་རིམ་མ་ལ་སྙེན་སྔགས་ལ་མཱ་ར་ཡ་ཕཊ་བཏགས་པ་དབུ་ཕྱི་རུ་བསྟན་པ་བྲི། བ་ར་མ་ལ་གྲི་གུག་རྣོ་ནང་དུ་བསྟན་པ་ཅི་མང་དུ་བྲིའོ།། ནང་མ་ལ་སྒྲུབ་སྔགས་དབུ་བྱི་རུ་བསྟན་པ་འཁོར ་བབར་དགོད། རི་མོ་ཟླུམ་པ་ནང་མའི་ངོས་སུ་འཁོར་ལོ་རྩིབས་བརྒྱད་རྩེ་ནང་དུ་བསྟན་པ་བྲི། རྩིབས་བརྒྱད་ལ་འཁོར་ལོའི་སྔགས་བརྒྱད་བྲིས་ལ། ཁ་ཁ་ཁཱ་ཧི་ཁཱ་ཧི་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། མཱ་ར་ཡ་མཱ་ར་ཡ་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། གྲཱྀ་ཧྣ་གྷ~ཾ་ཧཱ་ཆེ་གེ་མོ་མཱ ་ར་ཡ་ཧཱུཾ་ཕཊ། བྷནྡྷ་བྷནྡྷ་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། ཧ་ན་ཧ་ན་ཨ་མུ་ཀཾ་མཱ་ར་ཡ་ཧཱུཾ་ཕཊ། ད་ཧ་ད་ཧ་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། པ་ཙ་པ་ཙ་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། དི་ན་མེ་ཀེ་ནི་ཨ་མུ་ཀ་མཱ་ར་ཡ་ཧཱུཾ་ཕཊ། ཞེས་པ་རྣམས་སོ།། དབུས་སུ་སྒྲུབ་བྱའི་གཟུགས་མིང་རུས ་དང་སྔགས་སུ་བཅས་པ་བྲིའོ།། དེ་ཡང་འཁོར་ལོ་སྟེང་མའི་མདུན་ན་གཡས་ངོས་ན་ཕར་ལ་འཁོར་བར་བྲིའོ།། འོག་མའི་ཡི་གེ་གཡོན་དུ་འཁོར་བར་བྲི། རྩིབས་བརྒྱད་ཀྱི་དབུ་ནང་དུ་བསྟན་པ་བྲི། དེ་རྣམས་ཁྲག་ཆེན་དང་དུག་གིས་བྱུགས་ལ། འཁོར ་ལོ་གཉིས་ཁ་སྦྱར་ཏེ། བར་དུ་ལིང་ག་བྲིས་ལ་གཞུག། དེ་ཐོད་པར་བཙུག་ལ་ཐོད་པ་འགྲུབ་ཁུང་དུ་བཅུག་ལ། དེ་ནས་ཡི་དམ་ལྷར་བསྐྱེད། མདུན་དུ་དཔལ་ནག་པོ་ཆེན་པོ་བསྐྱེད་ལ་དགུག་གཞུག་ལ་སོགས་པ་བྱ་སྟེ། བསྙེན་སྔགས་བརྒྱ་ཙམ་བཟླས། དེའི ་ས་སུ་འཁོར་ལོ་སྟོང་པར་བསྒོམས་ལ་དེར་བྲུཾ་ལ། གནམ་ལྕགས་མཚོན་ཆའི་འཁོར་ལོ་མེ་འབར་བར་བསྒོམས་ལ། འཁོར་ལོའི་བར་གྱི་ལིང་ག་ལ་ཎིའམ། ཏྲ~ཾ་ལས་སྒྲུབ་བྱ་བསམས་ལ། རང་ལྕགས་ཀྱུའི་ཕྱག་རྒྱ་བཅས་ཏེ། དཔལ་ནག་པོ་ཆེན་པོ་ལས་སྦྲེལ ་པའི་ཁྲོ་ཚོགས་ལ་ལྕགས་ཀྱུ་དང་། ཐོ་བ་ཐོགས་པ་མང་པོ་འཕྲོས་ཏེ། བསྒྲལ་བྱ་རང་རྒྱུད་ཀྱི་གནས་ནས་དགུག་པར་བྱ། ལྕགས་ཀྱུས་སྙིང་ནས་བཟུང་། ཐོ་བས་རྒྱབ་ནས་ཕུལ། བཀུག་ནས་སྔར་གྱི་སྒྲུབ་བྱ་ལ་གཙུག ་དེ་ནས་འཁོར་ལོ་བསྐོར་ཏེ། འཁོར་ལོ་དྲག་ཏུ་འཁོར་བ་དང་། དཔལ་ནག་པོ་ཆེན་པོ་སྤྲུལ་པ་དང་། འཁོར་དུ་བཅས་པས། མཚོན་ཆའི་ཆར་དུ་ཕབ་པས། བསྒྲལ་བྱ་ལུས་དུམ་བུར་གཏུབས་པར་བསམ། ཤ་རུས་དུམ་བུ་དང་། ཁྲེག་ཟགས་པོ་ཐོད་པས ་བཅུས་ཏེ་གསོལ་བར་མཛད་པ་དང་། ཤ་རུས་ལྷག་མ་མེས་བསྲེགས་ཅིང་ཚོས་པ་ཡང་ཐོད་པར་བླངས་ནས་གསོལ་བར་བསྒོམ། ལྷག་མ་ཐལ་བར་ཡང་སོང་བར་བསམ། བསྙེན་སྔགས་དང་ལས་སྔགས་སྦྲེལ་ལ་ཅི་ནུས་སུ་རང་རེས་སྐབས་སུ་བཟླས ་ཤིང་ཐུན་གྱིས་བྲབ་པོ།། དེ་ལྟར་ཞག་བདུན་ནམ་བཅུ་བཞི་ཉི་ཤུ་རྩ་གཅིག་ཏུ་སྒྲུབ་པར་བྱའོ།། ། མནན་སྲེག་སྐྲག་མ་ལ་རྟེན་ཏེ་སྒྲུབ་ན། འཁོར་ལོ་འམ། འཁོར་ལོ་མེད་པའི་ལིང་ག་བྲིས་པ་ཡང་རུང་སྟེ། རང་གི་མལ་འོག་འབྲུབ་ཁུང་བཅས ་པབར་བཅུག་ལ། མདུན་དུ་མཆོད་རྫས་དང་མེ་ཐབ་ལ་སོགས་པ་བཤམས་ཏེ། མེ་ཐབ་ཏུ་ཉིན་གུང་ངམ་མཚན་གུང་ལ་ལིང་གི་བསྲོ་ཞིང་། ཡང་མལ་འོག་ཏུ་མནན་པར་བྱ། ཆོ་ག་གཞན་སྒྲུབ་པརྩི་དང་མཐུན་ནོ།། དེ་ལྟར་ཞག་བདུན་ནམ། བཅུ་བཞི ་འམ། ཉི་ཤུ་རྩ་གཅིག་བྱའོ།། གཏོར་མ་ལ་རྟེན་ཏེ་སྒྲུབ་ན། མཎྜལ་སྟེང་དུ་གཏོར་སྣོད་བཞག་སྟེ་བྲེ་གང་ཡན་ཆད་ཀྱི་ཕྱེ་ལ་གཏོར་མ་བྱ། གཏོར་མ་དེ་ཟུར་གསུམ་པ་རྩ་བ་ཟླུམ་པོར་བྱས་ལ། གཏོར་མདའ་མདེའུ་ནི་ཐོག་ལྕགས་སམ། མི་བསང ་པའི་ལྕགས་དུམ་བུ་གཟུགས། རས་ཁ་ཚར་མ་ཉམས་པས་ཡོལ་བ་བྱ། མདའ་ལ་ངར་ནག་བཏགས་ལ་གཟུགས། མཎྜལ་སྟེང་དུ་མཆོད་རྫས་ཅི་འབྱོར་པ་ཡང་བཤམ། མེ་ཏོག་ཚོམ་བུ་ལྔ་དགོད། དཔལ་ནག་པོ་ཆེན་པོའི་རྟེན་ཡོད་ན་སྟེང་དུ ་གཟུགས། གཏོར་མའི་ནང་དུ་འཁོར་ལོ་འམ་ལིང་ག་གཞུག། དེ་ནས་ཆོ་ག་གཞུང་བཞིན་བྱས་ལ་མཎྜལ་སྟེང་གི་རྟེན་ནམ། མེ་ཏོག་ཚོམ་བུ་ལྷ་རུ་བསྐྱེད་ལ། ཛཿཧཱུཾ་བཾ་ཧོཿཡེ་ཤེས་པ་དགུག་གཞུག་ཅིང་། དགྱེས་པར་བྱ། དབང་བསྐུར་རྒྱས་གདབ་བྱེད་ན ་ཡང་བྱས་ལ། མཆོད་པ་དང་བསྟོད་པ་བ། དེ་ནས་གཏོར་མ་སྟོང་པར་བསམ་ལ། དེར་ཀཾ་ལས་གཏོར་སྣོད་ཐོད་པ་ཆེན་པོར་བསམ། དེའི་ནང་དུ་གཏོར་མའི་དངོས་པོ་དང་། ལིང་ག་ཡི་གེ་ཎི་འམ་ཏྲི་ལས། དགྲ་འམ་བགེགས་གང་འདོད་པར་སྐྱེད་ལ། ་རང་དང་དཔལ་ནག་པོ་ཆེན་པོའི་ཐུགས་ཁ་ནས་འོད་ཟེར་དཔག་ཏུ་མེད་པ་ལས། ལས་ཀྱི་མགོན་པོ་ཐུགས་ཁ་ནས་ཁྲོ་བོ་དང་ཁྲོ་མ་རྣམས་སྤྲོས་པས། གནོད་བྱེད་ཀྱི་ལུས་སེམས་རང་དབང་མེད་པར་བཀུག་པ་དང་། བསྐྱེད་པ་དེ་ལ་སྙིམ་པ་དང་། མཚོན ་ཆས་བཏུབས་པ་ལ་སོགས་པ་བྱ་ཞིང་། ཐུན་རྡེག་ཅིང་སྔགས་རིངས་བཟླས་སོ།། ཡང་སྐལ་བའི་མ་མ་དང་། མཁའ་འགྲོ་ལག་ན་ཐོད་པ་ཐོགས་པ་མང་པོས་སྤྲུལ་བའི་ཤ་ཁྲག་ཐོང་བས་བཅུས་ཏེ། ནག་པོ་ཆེན་པོ་ཚོགས་ལ་རོལ། རང་རེ་ཡང་རོལ ་བར་བསམ་མོ།། ཐུན་འཇོག་ཙམ་ན་མཆོད་པ། བསྟོད་པ། ཉམས་གྲིབ་བཤགས་པ་དང་། ལས་ལ་བསྐུལ་བར་བྱ། ཡེ་ཤེས་ལྷ་རྟེན་གཤེགས་སུ་མི་གསོལ། རྟེན་ལ་བཞུགས་པར་བྱ། རང་སྤྱོད་ལམ་དགེ་བ་དང་མི་འབྲལ་བར་བྱའོ།། ཐུན ་གཞན་ལ་འཇུག་རྩ་ན། དམ་ཚིག་གི་དཔལ་ནག་པོ་ཆེན་པོ་བྱས་ལ། ཡེ་ཤེས་པ་སྤྱན་དྲངས་ནས་སྙིམ་པ་ལ་སོགས་པ་སྔ་མ་བཞིན་བྱའོ།། དགྲ་བགེགས་ཚར་གཅོད་པའི་རྟགས་བྱུང་ན་གཏོར་མ་བཏང་ཏེ། ནད་པའི་གདོན ་འདུལ་བ་ཡིན་ན། གཏོར་མའི་ཕུང་ཙམ་ཞིག་བཞག་ལ། དེ་ནས་གཏོར་མ་གནོད་བྱེད་ཕྱོགས་སུ་བཏང་སྟེ། གཏོར་མ་སྐྱེལ་མིས་གོས་ནག་བགོ། མེད་ན་དར་ནག་གི་འཕན་ལུས་ལ་གཟུགས། གཏོར་མ་ལ་ལམ་ཕྱེ་སྒོ་ཕྱེ་བྱས་ལ་གཏོར་མ་ཟོར་དུ ་འཕང་ངོ་བཏང་ངོ་།། དེ་ནས་འཕངས་ནས་ཡོན་ཏན་དཔག་ཏུ་མེད་པ་འབྱུང་བ་ལས། ཕན་ཡོན་མདོར་བསྡུས་པ་དྲུག་སྟེ། ཆོས་སྐྱོང་མཉེས་པ་དང་། ཚོགས་གསོག་པ་དང་། དམ་ཚིག་ཉམས་པའི་དྲི་མ་འདག་པ་དང་། བར་ཆད་མི་འབྱུང་བ་དང་། ་དངོས་གྲུབ་སྒྲུབ་པའི་གྲོགས་སུ་འགྲོ་བ་དང་། འཕྲིན་ལས་སྒྲུབ་པའི་ཡན་ལག་ཏུ་འགྱུར་བ་སྟེ། དོན་ཆེན་པོར་འགྱུར་རོ།། ནག་པོའི་གཏོར་མའི་ཆོ་གའོ།། བྱིས་པ་ཆུང་ངུའི་གདོན་བསྲུང་བ་དང་། དེ་ལས་སོགས་པའི་མི་སྤྲོ་འབོག་ལ་སོགས་པའི་ནང ་གསོ་བ་དང་། སེར་བ་བསྲུང་བ་དང་། གཞན་གྱི་སྦྱོར་ངན་ཟློག་པ་དང་། ཆང་ཉེས་ཞོ་ཉེས་བསྲུང་བ་དང་། གཞན་པའི་བསྲུང་བ་ལ་སོགས་པ་བྱ་བར་འདོད་ན་འདི་ལྟར་བྱ་སྟེ། དང་པོ་ནད་པ་དང་། བྱིས་པའི་གདོན་འདུལ་ན། བསྲུང་བའི་འཁོར་ལོ ་སྒྲུབ་པ་སྔར་ལྟར་བྱས་ལ། བསྲུང་བྱའི་སྐྱེར་གདོགས། བསྲུང་དཀའ་ན་གཏོར་ཆེན་ལྟར་བཟུང་ལ། འབྲུབ་ཁུང་བཅས་ལ། ལིང་ག་མང་དུ་བྲིས་ལ་གཞུག། དེ་ནས་མཚམས་གཅད་པ་གྲུབ་ན་ལེགས། མ་གྲུབ་ན་བྱ་བ་གཞན་བཏུས་ལ། ་དཔལ་ནག་པོ་ཆེན་པོའི་སྐྱེད་རིམ་བསྙེན་པ་བཞིན་བྱས་ལ། བསྙེན་སྔགས་དང་སྔགས་རིངས་ལ་ཐུན་བཞིར་བཟླས་པ་བྱ་ཞིང་། ཉུངས་ཀར་ལ་སོགས་པས་བྲག་གྲི་དང་ཕུར་པ་ལ་སོགས་པ་བརྟོག། སྐབས་སུ་མཆོད་བསྟོད་དང་བསྐུལ ་བྱ། འཕྲལ་གཏོར་བཏང་ངོ་།། གཡས་རྣོ་བས་དགྲ་བགེགས་ཐུལ་ལོ་ཟེར་རམ། མཐུལ་ཟེར་ཡང་དེ་དག་ལ་ཡིད་བརྟན་དུ་མི་རུང་བས། རང་དམ་བསྲུང་བྱའི་གཟའ་ཚོ་ལ་སེམས་ཅན་བསད་པ་དང་། ཚིག་པ་ལ་སོགས་པ་བྱུང་གི་བར་དུ་འཕྲིན ་ལས་མ་བཤོལ་བར་བྱའོ།། དེ་ནས་བསྲེག་མནན་ཡང་བྱའོ།། སེར་བ་བསྲུང་ན་ལོ་ཆོག་གཞན་བཞིན་བྱས་ལ། ཁྲོ་བོ་བཅུའི་སྔགས་བཟླས་པའི་རྫས་ཀྱིས་བསྲུང་བ་སྐོར་ལ། ཐལ་ཆེན་དང་ཉུངས་ཀར་ལ་སྔགས་རིངས་བཟླས་ལ་སྤྲིན་ནག་ལ ་གཏོར་རོ།། སྦྱོར་ངན་ཕྱིར་ལ་བཟློག་ལ། རང་དཔལ་ཆེན་པོར་སྒོམས་ལ། འཁོར་ལོ་རྩིབས་བཅུ་པ་ཕྱི་རུ་སྒོམ། འཁོར་ལོ་ནང་དུ་ཕྱོགས་སྐྱོང་བཅུ་དགྱེལ་བའི་སྟེང་དུ་ཁྲོ་བོ་བཅུ་བསྒོམས་ལ་འཁོར་ལོ་བསྐོར་རོ།། ཞོ་ཆང་བསྲུང་ན། སྔགས་བཟླས ་ནས་ཉུངས་ཀོར་བླུགས་པས་ཐུབ། ཞོ་སྐམས་ན་ནུ་མ་ལ་དུད་པས་བདུག། སྔགས་བཟླས་པའི་འཇིམ་པས་བྱུག། དེ་དག་ལ་སྔོན་དུ་གཏོར་མ་བཏང་བ་གལ་ཆེའོ།། མནན་པ་བྱེད་ན། གཏོར་མ་ཆེན་པོ་བཤམས་ལ། མནན་པའི་འཁོར་ལོ་བྲི་བ་ནི། ་ཕྱིའི་མུ་གསུམ་བསད་པའི་འཁོར་ལོ་ལྟར་བྱས་ལ། ཁྱད་པར་དུ་ལས་ཀྱིས་ཁ་སྒྱུར་བ་ནི། མཱ་ར་ཡ་བྱུང་སར་དའི་ཚབ་མ་སྟཾ་བྷ་ནཾ་ཀུ་རུ་ལཾ་བྲི། དབུས་སུ་མུ་ཁྱུད་སྐོར་ལ་དེའི་ཕྱི་རོལ་དུ་འཁོར་ལོ་རྩིབས་ལྷ་རྩེ་མོ་ཕྱི་རུ་བསྟན་པ་པས་ལ་རྩིབས་ལ ་ཁྲོ་བོ་བཅུའི་སྔགས་རེ་བྲིས་ནས་དེ་ནས་དགྲ་འམ་བགེགས་གང་ལ་བྱས་པ་དེ་ལ་དགོད། དེ་ནས་དང་པོ་དགུག་གཞུག་བྱས་ལ། འབྲུབ་ཁུང་གྲུ་གསུམ་རང་གི་མལ་འོག་ཏུ་བྲུ། ཁ་བྱར་སོར་བཞི་ཕྱིར་སྐྱེད་ལ། སོར་གཉིས་དཔངས ་སུ་རྩིག། ཤོག་པུ་ལ་ལིང་ག་མང་དུ་བྲིས་ཏེ། གཟུགས་བྱས་པའི་སྙིང་ཁར་གཞུག། གཟུགས་བརྙན་གྱི་སྐེ་ལ་ཐ་གུ་ནག་པོ་བཏགས་ལ། རང་གི་སྲིན་ལག་གིས་བཟུང་། དང་པོ་དང་། སྐབས་སྐབས་སུ་དགུག་གཞུག་མང་དུ་བྱ། སྐབས་སུ་འམ་ཟིན་ཟིན་ཐ་གུ ་ཤིང་ཕུར་ལ་རྟོད། འབྲུབ་ཁུང་དུ་ལིང་ག་བཅུག་ལ་དེའི་ཁོ་གཡམ་པས་བཅད། གཡམ་པ་དེའི་སྟེང་དུ་རི་རབ་གླིང་བཞི་དང་བཅས་པ་བྲི། འོག་ངོས་སུ་རྡོ་རྗེ་རྒྱ་གྲམ་བྲིས་ལ་ཁ་བཅད། དེ་ནས་གཏོར་ཆེན་བཤམས་ལ་ཤ་ལྔར་བྱིན་གྱིས་བརླབས། དེའི་སྟེང ་དུ་དམ་ཚིག་སེམས་དཔའ་བསྐྱེད་ལ། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་སྟིམ། སྔགས་རིངས་བརྒྱ་རྩ་བཟླས་ཤིང་། རང་གི་ཐུགས་ཁ་ནས་འོད་བྱུང་ནས་ཁ་ནས་འཐོན། མགོན་པོའི་ཐུགས་ཁར་ཐིམ། ལྟེ་བ་ནས་ཁྲོ་བོ་དང་ཁྲོ་མོ་འཐོན། མནན་བྱ ་ཀུག་སྟེ་ལིང་ག་ལ་སྟིམ། ཁྲོ་མོ་ཁྲོ་བོ་རང་གི་སྙིང་ཁར་བསྡུ་བ་ཡང་དང་ཡང་དུ་བསམ། བཟླས་པ་འཕྲོ་གཅོང་ན་སྔགས་རང་ལ་བསྡུ། ཆོས་སྐྱོང་ལ་གཏོར་མ་དང་མཎྜལ་དབུལ། འདོད་པའི་དོན་ཞུ་བའི་གསོལ་བ་གདབ། ཡེ་ཤེས་ལྷ་གཤེགས། ་དམ་ཚིག་ལྷ་དེ་ཀར་བཞག། རིམ་པ་དེ་ལྟར་གྲུབ་རྟགས་མ་བྱུང་བར་དུ་བྱ། གྲུབ་རྟགས་ནི། དམག་གྲངས་པ་དང་། ཆུ་བོ་ཆེན་པོ་སྐྱེས་པ་དང་། གྲོང་ཁྱེར་མེས་ཚིག་པ་དང་། བདག་གམ་གཞན་གནོང་བྱེད་ལ་སོགས་པ་ལས་རྒྱལ་བ་དང་། སེམས ་ཅན་བསད་པ་ལ་སོགས་པ་དྲུང་ན་མནན་པ་བྱ་སྟེ། གཏོར་ཆེན་སྟེང་ནས་དཔལ་མགོན་པོ་སྟེག་སྟེ། བར་སྣང་ལ་བཞུགས་པ་ལ་ཡང་ཡེ་ཤེས་ལྷ་སྤྱན་དྲངས་ལ་གཞུན།། མཆོད་པ་བྱ། གཏོར་མ་ལ་ཡང་བྱིན་བརླབས་བྱས་ལ་བསྔོ་བ་བྱ། རང ་གི་འོག་གི་འཁོར་ལོ་སྟོན། གཏོར་མའི་ཁར་བཞག། གནོད་བྱེད་བཀུག་ལ་སྟིམ། སྔགས་རིངས་བཟླས་ཤིང་། མགོན་པོའི་སྤྲུལ་པའི་འཁོར་གྱིས། གནོད་བྱེད་པ་སད་དེ་བཏུབས་པས་གཏོར་མ་ཤ་ཁྲག་གི་དངོས་པོར་གྱུར་པ་ཆོས་སྐྱོང་འཁོར ་བཅས་ལ་བཏབ་པར་བྱའོ།། དེ་ནས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུབ།། དེ་ནས་མནན་པའི་ས་ནི་དགེ་འདུན་གནས་པའི་ཐེམ་པའི་འོག་གམ། མཆོད་རྟེན་རབ་གནས་བྱས་པའི་འོག་ཏུ་བཅུག་ལ་རྡོ་རྗེ་རྒྱ་གྲམ་བྱས་པའི་གཡམ་པས་ཁ ་བཅད་ལ་ཁསས་དགག་རྐང་པ་གཡས་པས་མནན་དེའི་སྟེང་དུ་གཏོར་མ་བླུགས། དེས་གནོད་བྱེད་མི་འཆོར་རོ།། མནན་པའི་ལས་སོ།། དྲག་པོའི་སྦྱིན་སྲེག་གིས་བཏུབ་པ་འམ་བསད་པ་ནི། མཎྜལ་གྲུ་བཞི་རྒྱར་ཁྲུ་གང་པ་བྱས་ལ་དེའི་སྟང་ལོགས་ཀྱི ་འཐོ་དང་རྒྱ་མཉམ་པ་ཟླུམ་པོ་འཕངས་སུ་ཁྲུ་གང་བ། ཞེང་སོར་བཞི་རྩིག། སྟེང་དུ་སྐྱེད་བུ་གཟུགས། ཕྱོགས་གསུམ་དུ་སྒོ་ར་བྱ། དེའི་ནང་དུ་བུད་ཤིང་སེ་བ་ལ་སོགས་པ་ཚེར་མ་ཅན་གྱིས་དགང་། དེའི་སྟེང་དུ་བྱམ་བླུག་ལ་བཞོག། དེའི་རྩ་རུ་ཡང་འབྲུབ ་ཁུང་ལོགས་རེ་ལ་ཁྲུ་རེ་ཡོད་པ་བྱས་ལ་དེར་ལོང་ག་མང་པོ་གཞུག། མགོན་པོ་བསྐྱེད། དགུག་གཞུག་བྱ་བ་ལ་སོགས་པ་སྔར་བཞིན་བྱས་ལ། མགོན་པོའི་སྔགས་རིངས། ཁ་ཁ་ཁཱ་ཧི་ཁཱ་ཧི། སྟོན་པ་མང་པོ་བཟློས། གནོད་བྱེད་སྐྱེད་ལ་དགུག་གཞུག་ལན ་མང་པོ་བྱ། ཁུགས་པའི་ཡིད་ཆེས་པ་བྱུང་ནས། ཕུར་པ་དང་མཚོན་ཆ་བསྣུན། དུམ་བུ་མང་དུ་མ་སོང་བར་དུ་བསད་པར་བསམ་པར་བྱ། དེ་ནས་ལིང་གའི་རོ་ལ་ལག་པས་མི་བཟུང་བར་འཛིན་བྱེད་གཞན་གྱིས་བཟུང་ལ ་སླར་བཞིན་བསྒྱུར་ཏེ། ཕུར་པ་འམ་མཚོན་གྱིས་ཕྱེ་མ་བཀྲུག། ལིང་ག་ཚིག་པ་དང་། རང་གི་འོག་ཏུ་དོང་གྲུ་གསུམ་པ་བྱས་ལ། དེའི་ནང་དུ་བྱེ་མ་བླུག་ལ། གཡེམ་པ་ལ་འོག་ཏུ་རྡོ་རྗེ་རྒྱ་གྲམ། སྟེང་དུ་གླིང་བཞི་དང་བཅས་པའི་རི་རབ་བྲིས་པ་ཅན་གྱི ་ཁ་བཅད། དེའི་སྟེང་དུ་རང་བསྡད་ལ་རྨི་ལམ་སྟོན་ཅིག་པར་གསོལ་བ་གདབ། རྨི་ལམ་བཟང་ན་དྲག་པོའི་སྦྱིན་སྲེག་བྱ། ངན་ན་བཟླས་པ་མང་དུ་བྱས་ནས་འོག་གི་བྱེ་མ་ཕྱུང་ལ། དགེ་འདུན་གྱི་ཐེམ་པ་ལ་སོགས་པར་མནན། དེ་ནས་སྦྱིན་སྲེག་བྱའོ།། ་དྲག་པོའི་སྦྱིན་སྲེག་བྱ་བར་འདོད་ན། མཎྜལ་གྲུ་བཞི་བྱས་པའི་སྟེང་དུ། རྒྱུ་དང་དབྱངས་ཁྲུ་རེ་ཙམ་པ་གྲུ་གསུམ་པ་རྩིག། དེ་དག་ནག་པོར་བྱ། གྲུ་གསུམ་གྱི་མཐའ་མར་མེ་རི་དམར་པོ་བྷྲཱུཾ། མདུན་ལ་ཉེ་བར་མཆོད་རྫས་བཤམ། གཏོར་ཚོན་ཡང་བཤམས ་ལ་བཞག། ནས་བྲོ་དང་། ཤ་ཆེན་ལ་སོགས་པའི་སྲོག་རྫས་ཡང་ཅི་མང་ཅི་བཟང་དུ་བཤམས། གཡས་སུ་མགོན་པོ་འཁོར་བཅས་ཀྱི་གཏོར་མ་བཤམས། གཡོན་དུ་བགེགས་ཀྱི་གཏོར་མ་བཤམས་པར་བྱ། མགོན་པོའི་གཏོར་མ་བཤམས་པར ་བྱཿམགོན་པོའི་རྟེན་ཡོད་ན་དགོད། མེད་ན་མངའ་བྱ་རྒོད་མ་དང་། དར་ནག་པོ་དང་། སྐྱེས་པ་གྲིར་ཤི་བའི་སྙིང་དང་གསུམ། དར་དང་སྙིང་མདའ་ལ་བཏགས་པ་གཟུགས། སྲེག་རྫས་མི་ཁྲག་དང་ཉུངས་ཀ་ར་དང་། བ་ཙན་དུག་དང་། ཐལ་ནུར་རྣམས་སྦྱར ་ལིང་ག་དང་སྔགས་ལ་སྲེག་གོ།། ཁྲུལ་འཁར་བཅས་པ་ཡང་དབུག་གཟུག་བྱས་ལ་མཚན་གྱིས་བརྟམ་ང་། ཨོཾ་མ་ཧཱཀྵ་ལ་གྷཱཧྞབྷཱུཏྨ། ཨོཾམ་ཧཱཀྵ་ལཱ་བྷཱ་ར་དྷཱགྷྣཱནཱ་དྷཱ། ཨོཾ་མ་ཧཱཀཱ་ལ་ཀྲྀ། ཧ་ན་ཧ་ན། ཨ་མ་ཧཱ་ཀཱ་ལ་ཡ་དྷར ་ཡ་དྷ་ར་ཡ། ཨོཾ་མ་ཧཱ་ཀཱ་ལ་ཤྲི། གྷྲྀ་ཀརྨྨ་ཀུ་རུ་ཧཱུཾ་ཕཊ། ཞེས་སྔགས་རིངས་ཀྱི་བཤམ་དུ་བཏགས་ལ་མུ་ཁྱུད་ལ་བྲིའོ།། སྔགས་དེ་བཟླས་པར་ཡང་བྱའོ།། རང་གི་འཁྲུལ་འཁོར་བསད་པ་དང་། མཐོན་བསྐྱེད་པ་དང་། དགུག་གཞུག་སྔར་ལྟར ་བྱའོ།། རང་ལྷའི་རྣལ་འབྱོར་ནས་བགེགས་གཏོར་བཏང་། མཚམས་བཅད། མཆོད་རྫས་བྱིན་གྱིས་བརླབ། དེ་ནས་ཐབ་ཁུང་དུ་རཾ་ལས་མི་དཔུང་བསམ་པའི་དབུས་སུ། ཧཱུཾ་ལས་དམ་ཚིག་མགོན་པོ་བསྐྱེད། ཡེ་ཤེསོ་མགོན་པོ་སྤྱན་དྲངས། མདུན་གྱི་ནམ ་མོ་ཁའ་ལ་བྱིན་པ་དང་། ཛཿཧཱུཾ་བཾ་ཧོཿདགུག་གཞུག་ཅིང་དགྱེས་པར་བྱ། སྐུ་གསུང་ཐུགས་བྱིན་གྱིས་བརླབ། མཱཾ་བསྐྱོད་པ་དབུ་ལ་སྒོམ་མོ།། དེ་ནས་འཁོར་ལོ་དང་། ལིང་ག་དང་། བསྲེག་རྫས་བསྲེས་ལ་ལྷ་ལ་དབུལ། སྲེག་རྫས་ལ་ལག་པ་མི་རིག་པར ་དགང་གཟར་གྱིས་བླུགས། རབ་བརྒྱ་རྩ་བརྒྱད། འབྲིང་ལྔ་བཅུ་རྩ་བཞི། སྔགས་རིངས་བཟླས་ལ་དབུལ། སྔགས་ཀྱི་བཤམ་ལ། ཨོཾ་ཨག་ནེ་ཡེ་ད་ཝ་ཏེ་ཛྭ་ལ་རཾ། ཞེས་བཏགས་ལ་བཟླས་སོ།། དེའི་དུས་སུ། གསལ་བ་རྣམ་པ་གསུམ་གལ་ཆེ་སྟེ། རང་ཡི ་དམ་གསལ་བ། བསྲེག་རྫས་གནོད་བྱེད་དུ་གསལ་བ། མེ་ཆོས་སྐྱོང་དུ་གསལ་བའོ།། རྫས་མ་ཟད་པར་ཤིང་ཟད་ན། ཤིང་གཞན་གྱིས་གསོས་ལ་བྱ། རྫས་ཟད་པ་དང་། ཡེ་ཤེས་ལྷ་ཕྱེ་ལ་རང་ལ་གཞུག། དམ་ཚིག་ལྷ་རང་ལ་བཏུས་ལ་སྐྱེད་བུ་གསུམ ་གཟུགས། དེའི་སྟེང་དུ་གླང་བཙུགས་ལ་མར་ཁུ་བླུགས། དེའི་འོག་ཏུ་མེ་སྦར་ལ་མར་ཁུ་ཁོལ་བ་དང་། རཾ་ལས་མེ་འཔུང་བསྐྱེད་ལ། རེག་བྱ་རབ་དུས་མཐའི་མེ་ལྟ་བུ་བསམ་ཞིང་། སྲེག་རྫས་རྣམས་གནོད་བྱེད་དུ་བསམས ་ལབསྲེག་ཅིང་ཉུངས་ཀར་དང་། ལྕགས་ཕྱེ་དང་། དུག་ཕྱེ་གསུམ་གྱིས་བྲབ། ཇི་སྲིད་མར་ཁུ་མ་སྐམས་བར་དུ་གནོང་བྱེད་བཀུག་ཅིང་གྲབས་ལ། མར་ཁུ་ཟད་པ་དང་གླང་བའི་ནང་གི་རྫས་མ་ཚིག་པ་དང་། སོལ་བ་རྣམས་བསྡུས་ནས་དེའི་སྟེང་དུ་གླང་བ་ཁ ་སྒྲུབ་པའི་སྟེང་དུ་གཏོར་ཆེན་བཞག་ལ། མགོན་པོ་འཁོར་དང་བཅས་པ་ལ་གཏོར་ཆེན་དབུལ། འདོད་དོན་ཞུ་བའི་གསོལ་བ་བཏབ། གཏོར་མ་རྔ་ལ་སོགས་པའི་སྒྲ་དང་བཅས་པས་བཏང་ངོ་།། མགོན་པོ་རང་བཞིན་གྱི་གནས་སུ་གཤེགས། འཁོར་གྱི ་གཏེར་མ་བཏང་ངོ་།། གཏོར་ཆེན་གྱི་གཏོར་མ་བཏང་ཟིན་པ་དང་། གླང་ང་ཁ་སྦྱར་བ་དབྱེ། སོལ་བ་དེ་ས་ཡིས་ཁ་མནན། ནང་པར་ཕྱགས་ལ་ཆུ་ལ་ཡེད་པ། ལང་ཌ་རླུང་ལ་ཕྱར་བཏང་། སྦྱིན་སྲེག་ལག་ལེན་ནོ།། ། ཨཱི། དཔལ་ནག་པོ་ཆེན ་པོ་འདི། ནག་པོ་གཞན་ཡང་བས་ཀྱང་བྱིན་བརླབས་མྱུར་ལ་ཆེ་བས། སྒྲུབ་པ་པོ་བཀྲ་ཤིས་ལ་བསམས་པ་འགྲུབ་སྤྱིར་སྔགས་ཐམས་ཅད་ནས་རྡོ་རྗེ་སློབ་དཔོན་ལ་དུས་རྟག་ཏུ་བསྙེན་བསྐུར་བྱ་བ་ལ་སོགས་པའི་དམ་ཚིག་བསྲུང་དགོས་པ་རྣམས། འདི་སྒྲུབ ་པོས་ཀྱང་བསྲུང་ཞིང་། སྒྲུབ་པ་བྱས་ནོ།། ཐུན་མོང་དང་མཆོག་གི་དངོས་གྲུབ་ཐོབ་བོ།། དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས། མ་ལ་དཔལ་ཤ་པ་རི་པ་ཆེན་པོས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་པཎྜི་ཏ་མཱུ་ཏཱ་ཡཱ་བྱཱཿདང་། བོད་གྱི་མནྟ། ་བ་ཕུར་བུ་འོད་ཀྱིས་བསྒྱུར་ཅིང་ཞུས་ཏེ། གཏན་ལ་ཕབ་པའོ།། དཔེ་འདི་ལ་ཤིན་ཏུ་དམ་པའི་བཀའ་རྒྱས་བཏབ་བོ།། དཔལ་འབྱོར་ལྷ་མཛེས་ལྷའི་དབང་པོ་དང་།། འདྲ་ཞིང་རྣམ་སྤྱོད་པ་གི་མཐོ་བ་ཡི།། ཕྱག་དཔེ་དགོས་འདོད་རིན་ཆེན་ཕྲེང་བ་འདི།། ག་རུ ་ཤས་པ་དུ་གུ་ལུང་བ་ར་བྱཱ་ཊོ་བདག་གིས་བཟབས་པ་ལགས།། ་