| Wylie | e-texts produced with BDRC’s OCR application |
།། མགན་པའི་མྱུ་ས་བརྟག་པ་བཀུག་ཏོ།། @#།། བླ་མ་མགོན་པོ་དབྱེར་མེད་ཕྱག་འཚ་ལོ།། འདི་ནི་མགོན་པོ་རྒྱུ་བའི་དུས་སོ།། དུས་གཉིས་ལས་ཡང་ངོའི་ཟླ་བ་དང་།། མར་ངོའི་ཟླ་བའོ།། ཡར་ངོའི་ཚེས་པ་བཅུ་གསུམ ་ལ་ནམ་གུང་རྒྱུ་དེ། ཁ་ཤར་དུ་ལྟས་ལ་བྱའོ།། ཚེས་བརྒྱད་ལ་སྤྱོད་དང་ཐོ་རངས་རྒྱུ་སྟེ། ཁ་ནུབ་ཏུ་ལྟའོ།། ཚྭས་བཅུ་ལ་བསྲིད་ལ་རྒྱུ་སྟེ།། ཁ་བྱང་དུ་ལྟའོ།། བཅུ་དང་བཅོ་ལྔ་ལ་སྐྱ་རེངས་ཤར་ནས་རྒྱུ་སྟེ། ཁ ་ནུབ་ཏུ་ལྟས་ལ་བྱའོ།། མཱར་ངོའི་ཉི་ཤུ་གཉིས་ལ་ཉི་མེ་ནུབ་པ་ལ་རྒྱུསྟེ། ཁ་ནུབ་དུ་ལྟའོ།། ཉི་ཤུ་ལཾ་སོད་ལ་རྒྱུ་སྟེ། ཁ་བྱང་དུ་ལྟའོ།། ཕུར་པེ་གདབ་པ་དང་ཐོད་པ་མནན་པ་དང་། ཁྲག ་ཟོར་འཕངས་པ་ཐོབས་པའི་དུས་ནི། དབང་ཕྱུག་ཆེན་པོ་སྐྱེད་གདོང་ནེ་ག་པོ་དང་། ལྷ་མོ་དབུ་མ་དང་གཉིས། ཟླ་བ་བཅུ་གཉིས་པ་ལ་སྐྱེ་འགྲོ་སྲང་ལ་འཇལ་ཞིང་ཉུལ་བས་དེའི་དུས་སུ་བྱས་ན ་ཐེབས་ཆེ། སྤྱད་ཟླ་ར་བའི་ཚེས་བཅུ་ལ་འཁོར་བསྟན་མ་བཅུ་གཉིས་དང་བཅས་ནས་ཉུལ་བས་ཐབས་ཆེའོ།། འདིང་པོའི་ཆོས་བཅུ་དྲུག་ལ་འཁོར་བདུད་བཞི་དང་བཅས་ཉུལ་བས་ཐེབོས་སོ།། ་ཐ་ཆུངས་གི་ཉིར་ཤུ་གཉིས་ལ་མ་བདུད་དང་བཅས་ནས་ཉུལ་བས་ཐབས་སོ།། དབྱར་ཟླ་ར་བའི་ཚེས་བརྒྱད་ལ་འཁོར་བཟའ་ཆེན་བརྒྱད་དང་བཅས་ནས་ཉུལ་བས་ཐེབས་སོ།། འབྲིང་པོའི ་ཚེས་བཅོ་ལྔ་ལ་འཁོར་ཀླུ་དྲུག་དང་བཅས་ནས་ཉུལ་བས་ཐབས་སོ།། ཐ་ཆུངས་ལྔ་རིགས་ལྔ་ཡབ་ཡུམ་དང་མ་མོ་ཐམས་ཅད་ལྟད་མོ་ལ་ཡངས་པས་མཱི་བྱཱ། སྟོན ་ཟླ་ར་བའི་ཉ་གསུམ་ཀ་འཁོར་མ་མོ་དང་བཅས་ནས་ཉུལ་བས་ཐབས་སོ།། འབྲིང་པོའི་བཅུ་བདུན་ནས་གནམ་སྟོང་གི་བར་འཁོར་རྒྱུ་སྐར་གྱིས་བྱས་ནས་ཉུལ་བས་ཐེབས་སོ།། ཐ་ཆུངས་ཀྱིས་ཚེས ་བརྒྱད་ནུས་སྟོང་གྱི་བར་དུ་འཁོར་ལྷ་ཆེན་པོ་བརྒྱད་ཀྱིས་བྱས་ནས་ཉུལ་བས་ཐབས་སོ།། ཆུན་ཟླ་ར་བའི་ཚེས་བཅུ་གསུམ་ནས་བཅུ་དྲུག་གཽ་བར་དུ་འཁོར་གནོད་སྦྱིན་དང་བཅས་ནས་ཉུལ་བས ་ཐབས་སོ།། འབྲིང་པོའི་ཉི་ཤུ་ནས་སྟོང་གི་བཱ་ར་དུ་འཁོར་གཤིན་རྗེ་དང་བཅས་ནས་ཉུལ་བས་ཐེབསོ།། ཐ་ཆུངས་ཀྱི་ཉི་ཤུ་དགུ་ལ་ལྷ་སྲིན་ཡོངས་ཀྱི་ཁ་ལོ་བསྒྱུར་ནས་སེམས་ཅན་ལ་རྩིས་འདེབས ་བྱེད་ཅིང་སྲོག་བདུད་པས་ཐེབས་སོ།། དྲག་པོའི་ལས་ཀྱི་ཕུར་བུ་འདེབས་པ་དང་། ཐོད་པ་གནོད་པ་དང་། ཟོར་འཕེན་པ་དང་། ཧི་སྤོར་བ་དང་། སེར་བ་འབེབས་པ་ཆོ་གར་སོང་སོང་བྱར་མི་རུང་བྱས ་ནོནི་ཕུར་པ་བཏབ་ཀྱང་སྣང་།། ཐོད་པ་གནོན་ཀྱང་རྫས་འདྲུལ། ཟོར་འཕངས་ཀྱང་ཁྲག་མཛད།། ངན་སྔགས་ཟླས་ཀྱང་རླུང་འདང་། ལྷ་མོ་སྒྲུབས་ཀྱང་དོན་མེད། ལོག་ནས་སྔགས་པོ་རང་ཕུང་པོས་མི ་བྱའོ།། དྲུག་པོ་རི་ལས་གང་བྱེད་ཀྱང་མི་རུང་། ཕྱིར་ཟློག་པའི་དུས་ནི། སྠི་ཟླ་ར་བའི་བཅུ་བདུན་དང་བཅུ་དགུ་ལ་བྱས་ན་ཟློག། འབྲིང་པོའི་ཚེས་གཅིག་དང་ཉི་རྒྱུད་པ་བཟློག། ཐ་ཆུངས་ཀྱི་གནམ་སྐྱོང་ལ་ལྡོག། ་དབྱར་ཟླ་ར་བའི་ཚེས་གཉིས་དང་ལྷ་ལ་ཟློག། འབྲིང་པོའི་དྲུག་ལ་ལྡོག། ཐ་ཆུངས་གོ་ཚིས་བཅུ་གཅིག་ལ་ལྡོག། སྟོན་ཟླ་ར་བའི་ཉི་ཤུ་ལ་ལྡོག། འབྲིང་པོའི་ཚེས་གསུམ་ལ་ལྡོག། ཐ་ཆུངས་ཀྱི་ཆེས་གཉིས ་ལ་ལྡོག། རྒུན་ཟླ་རཱ་བིའི་ཚེ་སྲ་བཅོ་བརྒྱད་ལ་ལྡོག། འབྲིང་པོའི་ཉི་ཤུ་ལ་ལྡོག། ཐ་ཆུང་སྤྱི་ཉི་ཤུ་བདུན་ལ་ལྡེག། དེ་རྣམས་སུ་དྲག་པོའི་ལས་གང་བྱེད། ཀྱང་ལོག་འདྲེན་གདུག་པ་ཅན་གནོད་པས་རང་གི་སྒྲོག ་ལ་གནོད་དོ།། རང་ཏིང་ངེ་འཛིན་དང་ལྡན་ཡང་། བུ་དང་ཆུང་མ་དང་། བྱུག་ལ་ལོག་ཏོ། སྔགས་པ་ཚེ་ཐུང་བ་དང་། བག་བ་ངན་པ་དང་། དབུལ་བར་འགྱུར་བའི་ཀྱོན་དེ་ལྟ་བུ་འོང་བ་ཡིན་ནོ།། སློབ་དཔོན ་འཇམ་དཔལ་ག་ཤེས་གཉེན་གྱིས་མཛད་པ་རྫོགས་སྷོ།། ། འཐུ་རྩལ་ཐོགས་པ་མེད་པར་ཤོག། བཀྲ་ཤིས ་