CLOSE WINDOW

GT2930: nag po chen po phur par sgrub pa zhes bya ba
Wyliee-texts produced with BDRC’s OCR application

ལས། ནག་པོ་ཆེན་པོ་ཕུར་བར་སྒྲུབ་པའི་ཐབས་པོ་ཞུགས།། རྒྱ་གར་སྐད་དུ། མ་ཧཱ་ཀ་ལ་ཀཱི་ལཱི་ཡ་སརྦ་ན་མ། བོད་སྐད་དུ། ནག་པོ་ཆེན་པོ་ཕུར་པར་སྒྲུབ་པ་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ ་ཕྱག་འཚལ་ལོ།། བསྟན་པ་གནས་པར་བྱ་བའི་ཕྱིར།། ནག་པོ་ཆེན་པོ་ཕུར་པར་བསྒྲུབ།། ལྕགས་སམ་ནག་པོའི་ཤིང་ལ་སོགས།། མཁས་པས་འཇིགས་པའི་གཟུགས་བྱས་ནས།། ས་བོན་ལས་བསྐྱེད་འཛགས ་པོའི་གཟུགས།། བསྐྱེད་ནས་རབ་གནས་ཆོ་ག་བྱ།། རྡོ་རྗེ་འཆང་གི་སྤྱན་མངར་རུ།། ཇི་ལྟར་ཁཾས་དྲངས་དམ་བཅས་ཤིང་།། བྱིན་གྱིས་བརླབས་པའི་གནས་འདི་ལ།། རབ་གནས་བྱ་ཕྱིར་སྤྱན་འདྲེན་བཞུགས།། ་ཨོཾ་མ་ཧཱ་ཀ་ལ་ཧཱུཾ་ཕཊ། མཆོད་དང་བསྟོད་པ་ཟིན་པའི་མཐར།། ཧེ་རུ་ཀཱ་ཡི་ཆ་ལུགས་སུ།། གནས་པའི་སྔགས་པ་བློ་ལྡན་པས།། དྲག་པོའི་དུས་སུ་མགོ་བསྟོད་ལ།། རྡོ་རྗེ་གསོར་ཞིང་བུར་བུ་རྡེ་།། ཧཱུཾ་ལས་བྱུང་བའོ།། ་ནག་པོ་ཆེ།། ཐུང་ལྕེ་སྒོམ་པའི་བསུཾས་པོ་ཆེ།། འོད་ཟེར་སྐལ་བའི་མེ་དཔུང་འབར།། དུག་གསུམ་སྲེག་བྱེད་ཀི་ལ་ཡེ།། ཧེ་རུ་ཀའོ་སྤྱན་མངའ་རུ།། ཇི་ལྟར་ཁས་བླངས་དམ་བཅས་པ།། དཀོན་མཆོག་བླ་མྲ ་བརྙས་བྱེད་ལཱ།། འོད་ཟེར་བསྐལ་པའི་མ་དཔུང་འཕྲོ།། དུས་ལ་བབ་པོའི་ཀི་ལ་ཡ།། སྐུ་བསྟིད་ཞལ་གསུམ་ཕྱག་དྲུག་པ།། གྲི་གུག་ཐོད་ཁྲིག་ལས་སོགས་བསྣམས།། སྐུ་སྨད་ཟུར་གསུམ་ཕུར་བའི་དངཔལ ་དམ་ཉམས་སྙིང་ལ་ཀི་ལ་ཡ།། ཟླ་གསུམ་བརྒྱ་མདུད་ཆུ་སྲིན་ཁྭ། བློ་ལྡན་རྡོ་རྗེའི་ཐི་བ་ཡིས།། གནས་བཙུ་རུ་ནི་གདབ་པར་བྱ།། འོད་ཟེར་འབར་བ་ཀི་ལ་ཡ།། ལེགས་ལྗོན་ནག་པོ་དྲག་ཤུལ་ཅན།། ་གདུག་པ་ཅན་གྱི་དགྲ་བགེགས་འདི།། བརྡུལ་དུ་བརླག་པ་ར་ཀི་ལ་ཡ།། ལྷ་མིན་གཡུལ་རྣམས་བཟློག་བྱེད་པ།། ཞལ་གདང་སོ་ཆེ་བརྩིགས་ཁྲག་འཛག་པས།། ཕྲིན་ལས་མཛད་པར་ཀི་ལཱ་ཡ།། དུར་ཁྲོད ་བདག་པོ་སྲིན་པོའི་གཟུགས།། ཁཾ་ནག་རལ་པ་གྱེན་དུ་རྫས།། མ་མོ་འབུམ་གྱིས་འཁོར་གྱིས་བསྐུལ།། བསོད་བྱེད་ལས་མཛད་ཀི་ལ་ཡ།། ལང་ཀའི་གྲོང་ཁྱེར་འཇོམས་མཛད་པ།། འཛག་བྱེད་དཀའ་ཐུབ ་ཕྲེང་ཅན།། འོད་ཟེར་མང་པོ་འཕྲོ་འདུས་པས།། གདུག་པ་རླག་མཛད་ཀི་ལ་ཡ།། ཉི་མ་ལྟ་བུར་དམར་བའི་ཅན།། འོད་ཟེར་སྔོན་པོ་འཁྲུག་ཅིང་འཕྲོ།། སྨིན་མའི་ཁྲོ་གཉེར་གྱེན་དུ་བཟློག། བདུད ་ཚོགས་བསྲེག་མཛད་ཀི་ལ་ཡ།། རྔམ་པ་ཧ་ཧ་ཚར་སྒྲགས་པ།། རི་རབ་བརྡུལ་ཕྲན་བཞིན་དུ་གཏོར།། སྟོབས་ཆེན་བྱང་ཆུབ་སེམས་དཔའ་སྟེ།། ཉོན་མོངས་དྲུག་འཇོམ་ཀི་ལི་ཡ།། ཁམས་གསུམ་དབང་དུ་བསྡུད་མཛད ་པ།། དུག་གསུམ་བརྡུལ་དུ་བརླག་མཛད་ཅིང་།། གྲོང་ཁྱེར་སུམ་བརྩེགས་འཇིགས་བྱེད་པའི།། ལོག་འདྲེན་བསོད་བྱེད་ཀི་ལྭ་ཡ།། དུར་ཁྲོད་མཁའ་འགྲོ་ཕོ་ཉའི་ཚོགས།། དགྲ་བགེགས་མ་ལུས་བསོད་བྱེད་པའི།། ནག ་བོཔོ་ཆེན་པོའི་ཞལེ་དུ་བཏཱབ།། བསྐྱེད་བྱེད་དགྲ་བསོད་ཀི་ལོ་ཡཱ།། ཨོཾ་མ་ཧཱ་ཀ་ལ་ཀི་ལ་ཡོ་ཁ་ཧི་ཁ་ཧི། ཀི་ལེ་ཡ། མཱ་རྀ་མཱ་ར་ཀི་ལ་ཡ། གྷྲྀཧྣི་གྷིཧྣ་ཀི་ལ་ཡ། བྷན་དྷ་བྷན་དྷཱ་ཀི་ཡ་ལེ། ཧ་ན་ཧ་ན་ཀཾ་ལ་ཡ། དོ་ཧ་ད་ཧ་ཀི་ལ་ཡ། ་བ་ཙ་པ་ཙཀཱི་ལ་ཡ། དེ་ན་མི་གི་ནི་ཀོ་ལི་ཀི་ལ་ཡ་ཧཱུ~ཾ་ཕཊ། ཆེ་གེའི་སྙིང་ལྟེ་ཀི་ལ་ཡ། དེ་ལྟར་བློ་ལྡན་ཕུར་པ་ཡིས།། གདུག་པ་ཅན་གྱི་གནས་བཅུར་གདབ། ནག་པོ་ཆེན་པོའི་ཕུར་པ་གདབ་པ་ཕྱེང་སྔགས་དང་བཅས་པ ་རྫོགས་སྷོ།། ། གལ་ཏེ་དེ་ལ་རྟགས་མེད་ན།། ནག་པོ་ཆེན་པོའི་སྲོག་ཕུར་ཙམས།། ཕུར་པ་བདག་པས་དབུ་མནན་ལ།། འགྲེལ་ཞིང་ཞེ་སྡང་ཁྲོ་ཐབ་ས།། གོང་བཞིན་བྱས་ལ་འདི་ཡང ་བརྗོད།། དམ་བཅས་བཞིན་དུ་མ་བྱས་ན།། བདག་གི་བསྒོ་བ་མ་ཉན་ན།། བདག་གི་ཁྱེད་ལ་གཏོར་མ་ཅི་བྱིན་པ།། ཁྱེད་ཀྱི་ལུས་ཀྱི་བདུད་ཡིན་ཏེ།། ལུས་ཉག་ཆ་ལྔ་པར་འགྲོ་བར་འགྱུར།། དེ་མ་ཐག་ཏུ་དམྱལ ་ར་འགྲོ།། དེ་བས་ལས་རྣམས་མྱུར་དུ་བགྱིས།། ཁཱ་ཧི་ཁཱ་ཧི་ཀི་ལ་ཡ། དམ་བཅྡོཾསྣ་བཞིན་དུ་མ་བྱས་ན།། བདོག་གི་ཁྱོད་ལ་བཟླས་པ་ཅི་བྱས་པ།། ཁྱེད་ཀྱི་ངག་གི་གེནད་ཡིན་ཏེ།། ཁྱེད་ཀྱི་ལྕེ་ཡང་དུམ་བཅུ ་འགྱུར།། དེ་མ། དེ་བས། མྱ་ར་ཡཻ་ཀཱི་ལཾ་ཡུང་བས་བཞིན་དུ་མ་བྱས་ན།། བདག་གི་ཏིང་འཛིན་ཅི་བོ་མྱོས་པ།། ཁྱོད་ཀྱི་སྙིང་གི་གནས་ཡིན་ཏེ།། ཁྱེད་ཀྱི་སྟོང་ཡང་འགས་པར་འགྱུར།། དེ་མ་ཐུག་ཏུ་དམྱལ་བར་འགྲོ། ་དཱི་བས་ལུས་རྣམས་མྱུར་དུ་མཛད།། བྷཱིཏྟཱ་སྟྲིདྡྷི་ས་མ་སྱ། ཨོཾ་མཾ་ནྡོཀ་ལ་སྱ་ས་མཱ་ཡཱ། པྲཥྚ་ཁ་ཁ་ས་མྦྷ་ཡཱ། ཁཱ་ཧཱུ~ཾ་ཁཱ་ཧཱུ~ཾ་སྱཱ་མ་ཡྱ། དྲྀ་ནཱི་མཱ~ཾ་གེ་ནཱ་སྱཱ་མོ་སྱཱ། ཅེས་དམ་སྐྲག་ཅིང་། སྲོག་ཕུར་གྱིས་གདུན་དུ་བསྐྲུན་ཅི ་བརྡེག་གོ།། དེས་ལས་རྣམས་མྱུར་དུ་འགྲུབ་པར་འགྱུར།། དཔལ་ནག་པོ་ཆེན་པོ་ཕུར་པར་སྒྲུབ་པ་སློབ་དཔོན་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་རྫོགས་སོ།། ། འདིའི་བརྒྱུད་བི་ནི ་བྲམ་ཟེ་མཆོག་སྲེད། དཔེལ་ཤ་ཝ་རི་ནས་སངས་རྒྱས་བསྟོན་པ་ཡན་གཞན་དང་འདྲ།། ་