CLOSE WINDOW

GT2926: mgon po dmar po'i tshe bsgrub kyi zhal gdams
Wyliee-texts produced with BDRC’s OCR application

བདེ་ལེགས་འཕེལ་གྱུར་ཅིག། མགོན་པོའི་བཀྲ་ཤིས་ཡོན་ཏན་རྒྱ་མཚོ་ཞེས་བྱ་བ། དཔལ་ཤ་ཝ་རི་པས་མཛད་པ་རྫོགས་སྷོ།། ། ཕྱག་དྲུག་ཡེ་ཤེས་མགོན་པོའི་ཆས་སྐར ་མགོན་པོ་དམར་པོའི་ཚེ་བསྒྲུབ་བཞུགས་སྷོ།། ན་མོ་གུ་རུ། མགོན་པོ་དམར་པོའི་ཚེ་བསྒྲུབ་ཀྱི་ཞལ་གདམྱོས་ནི། བདག་བསྐྱེད་གང་མོ་སུ་བསྐྱེད་པའི་མདུན་དུ་ཆེས་འབྱུང་དམར་པོ་གཉིས་རྩེགས། དེའི་ཕྱིར་གཞལ་ཡས་ཁང་གྲུ ་བཞི་འཁྱམས་ཕྱོགས་མཚོན་དུར་ཁྲོད་བརྒྱད་དང་བཅས་པ། དེའི་དབུསུ་གྷཾ་དམར་པོ་ལས་ཚོགས་བདག་དམར་པོ། དེའི་སྟེང་དུ་ཧཱུཾ་དམར་ནག། དེ་ལས་འོད་ཟེར་འཕྲོས། གདུག་པ་ཅན་ཐམས་ཅད་ཚར་གཅད། ཆུར ་འདུས་ཧཱུ~ཾ་ལ་ཐི་མཽ། ཧཱུཾ་མེར་གྱིས་ཞུ་བ་ལས། ཡིད་བཞིན་ནོར་བུའི་མགོན་པོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་དྲུག་པ། ཞབས་གཉིས་གྱད་ཀྱི་དོར་ཐབསུ་བཞུགས་པ། ཕྱག་གཡོན་དང་པོ་གཉིས་གྲི་ཐོད། བར་པ ་གཉིསྣ་ཚོ་རི་བུམ་པོ་འཛིན་པ། ཐ་མ་གཉིས་ཊཱ་མ་རུ་དང་དྲིལ་བུ་བསྣམས་པ། རྒྱུན་ཆ་ལུགས་གཞན་རྣམས་མཐུན་པ། གནོད་སྦྱིན་བཞི། ལྷ་མོ་གཙང་རིས། དམ་ཙཱན་རྒྱ་མཚོ་རྣམས་བསྐྱེད་ལ། ཡེ་ཤེས་པ་སྤྱན་དྲངས ་དམ་ཚིག་པ་ལ་སྟིམ། གསོལ་བ་གང་བ། ཡིགེ་བརྒྱ་བཟླས། བཤགས་པ་བྱ། དེ་ནས་མགོན་པོའི་ཐུགས་ཀར་ཧཱུཾ་དམར་ནག་གི་མཐའ་མར། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵ་རཏྣ་གུ་རུ་ཧཱུཾ་ཅེས་པོས་བསྐོར་བ་ལ་དམིགས་ལ ་ཉེར་གཅིག་བཟླས། བསྙེན་པ་གཞན་རྣམས་ཀྱང་བྱ། སྐུ་གསུང་ཐུགས་ཀྱི་གསོལ་བ་གདབ་བོ།། སློབ་མ་གཞུག་པ་ནི། སྔོན་འགྲོ་རྣམས་ཚར་བ་དང་། དངོས་གཞི་ནི་མཎྜལ་དབུས་སུ་མགོན་པོ་གོང་བཞིན་གས ་གདབ། མགོན་པོའི་སྤྱི་བོར་མི་བསྐྱོད་པ་སྔོ་སྐྱ། ཞོལ་གཅིག་ཕྱག་གཉིས་རྡོ་རྗེ་དྲིལ་བུ་བསྣམས་པ་བསྒོམ། དེའི་ཐུགས་ཀ་ནས་འོད་འཕྲོས། རྒྱུད་པའི་བླ་མ་སྤྱན་དྲངས་བསྟིམ། མི་བསྐྱོད་པ་ཡང་མགོན་པ་ལ ་བསྟིམ། དབྱར་མང་དུ་བསམ། དེ་ནས་མགོན་པོའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱ་དམར་པོ།། ཐུགས་ཀར་ཧཱུཾ་དམར་པོ། དཀྱིལ་འཁོར་གྱི་དབུས་ལ་བཞེངས་ནས་རང་གི་སྔགས་ཀྱི་སྒྲ་དང་བཅས་པས་སློབ ་མམིའི་སྤྱི་བར་བྱིན། ལྷ་སྒོམ་སྤྱོད་པ་སྣང་སྟོང་ཟུང་འཇུག་ཏུ་དྲོ་སྤྲང་།། དེ་ནས་མགོན་པོའི་དཔྲལ་བའི་ཨོཾ་དཀར་པོ་ལས། འོད་དཀར་པོ་འབྱུང་།། སློབ་མའི་སྤྱི་བར་ཐིམ་བུམ་དབང་ཐོབ། ལུས་ཀྱི་དྲི་མ་དག། མགྲིན་པའི་ཨཱཿདམར་པོ ་ལས། འོད་དམོད་པ་ལས་བྱུང་།། གསང་དབང་ཐོབ། ངག་གི་དྲི་མ་དག། ཐུགས་ཀའི་ཧཱུཾ་དམར་ནག། སྙིང་གར་ཐིམ། ཡིད་ཀྱི་དྲི་མ་དག། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། འོད་དཀར་དྲ་མར་ཐ~ཾང་གསུམ་གཅིག་ཏུ་འདྲེས། ་དབུ་མའི་ནང་དུ་ལྟེ་བར་སླེབ།། ཚིག་དབང་རིན་པོ་ཆེ་ཐོབ་ལུས་ངག་མེད་གསུམ་གྱི་དྲི་མ་དག། རང་ལུས་ཕྱི་དུང་དཀར་ཕྱིས་པ་ལྟ་བུར་བསམ། དེ་ནས་མགོན་པོ་རང་དབང་མེད་པར་སྤྱི་བོ་ན་མར་ཞུགས།། སྟོང་གའི་ཧཱུ~ཾ་དང་དཀྲུས ་འདྲེས་པས། སྐད་ཅིག་གི་ཕྱག་དྲུག་པར་སྐྱོང་བསྐྱེད། དེ་ནས་ཐུགས་ཀ་རཱི་ཧཱུཾ་གི་མཐའ་མར་རྩཝ་སྔགས་ཀྱིས་བསྐོར་བ་ལ་དམིགས་པ་གཏད་། ཧཱུཾ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། གདུག་པ་ཅན ་ཐམས་ཅད་ཚར་གཅད། འོད་ཟེར་ཚུར་འདུས་ཧཱུཾ་ལ་ཐིམ། ཡོང་སྔགས་ལས་འོད་ཟེར་འཕྲོས། རང་གི་སྙིང་གི་དཀྱིལ་དུ་འོང་བདེ་སྟོང་དུ་མེ་རེ་གནས། ཁམས་གསུམ་སྐྲག་ས་ལི་མཐོང་བར་བསམ། རང་གིས་རང་གི་སྤྱི་བོ་བུམ་པ ་བཞག། བུམ་པ་ལས་བདུད་རྩི་དཀར་དམར་གསུམ་བབས། ཚེའི་བུམ་དབང་ཐོབ། མགྲིན་པར་སླེབ། གསང་དབང་ཐོབ། སྙིང་གར་སླེ་བ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། རྩ་གས་མ་འཁོར་ལོ་བཞི་བདེ་སྟང་གིས་ཁེངས། ་རིག་འཛིན་གྱི་ས་ལ་གནས་པར་བསྒོམ། དེ་དུས་ལྔ་སྒོམ་སྣང་སྟོང་ཟུང་འཇུག་ཏུ་ངོ་སྤྲད་དོ།། རྫོགས་རིམ་ནི་དཔྲལ་བའི་ཨོཾ་ཨཱརྒྷ་ལ་ཐིམ། ཨ་ཧཱུཾ་ལ། ཧཱུཾ་ཐིག་ལེ་ལ། ཐིག་ལེ་ན་ང་ད་སྟོང་པ་ཉིད་ལ་ལྷུན་གྱི་བཞག། སེམས ་ཕྱག་རྒྱ་ཆེན་པོར་བཞག།། དཔལ་ཤ་ཝ་རི་བའི་ཚེ་སྒྲུབ་རོག་འཛིན་ཨཱིཿ། བརྒྱུད་པ་ནི། རྡོ་རྗེ་འཆང་། ཤ་ཝ་རི་པ། མཻ་ཏཱི་པ། ར་ཧུ་ལ། ཁྱུང་པོ་རྣལ་འབྱོར། ལ་སྟོང་དཀོན་མམཁར། སློབ་དཔོན་བྱམས་པ། སློབ ་ངོ་བོ་སང་བློ། མཁས་མཆོག་བློ་བཟང་། སྒྲུབ་པོ་སངས་རྒྱས་དར། བྱ་བ་དང་ཡས་རྡོར། འཇམ་དབྱངས་ན་མཁའ་རྒྱལ་པོ།། དེས་བདག་བླ་མ་རིན་ཆེན་ལོའོ།། ། ་