CLOSE WINDOW

GT2922: byin gyis brlabs pa nag po chen po'i sgrub thabs zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཨཱ་དྷིཥྛཱ་ན་མྱ་ཧཱ་ཀ་ལ་ས་དྷ་ན་ནཱ་མ། བོད་སྐད་དུ། བྱིན་གྱིས་བརླབས་པ་ནག་པོ་ཆེན་པོའི་སྒྲུབ་ཐབས་ཞེས་བྱ་བ།། དཔལ་རྡོ་རྗེ་རྣལ་འབྱོར་ལ་ལ་དག་འཚལ་ལོ།། ཇི་ལྟར ་བདེ་བ་རྒྱས་བྱེད་པའི།། དཔལ་ལྡན་ཐུགས་རྗེའི་བདག་པོ་མཆོག། སྤྱན་རས་གཟིགས་ལ་ཕག་འཚལ་ལོ།། ནེནག་པོ་ཆེན་པོའི་སྒྲུབ་ཐབས་བྲི།། དང་པོ་དད་པ་རབ་བརྟན་ནས།། བྱང་ཆུབ་མཆོག་ཏུ་སེམས་སྐྱེད་དེ།། རང་ཉིད ་ཧེ་རུ་ཀར་སྐྱེད་ལ།། དེ་རྗེས་སྟོང་པ་ཉིད་དུ་བསྒོམ།། བླ་མྱ་སངས་རྒྱས་ཅན་ཀུནྡ་མཚད།། བསྟོད་དང་གཤེགས་པ་ལ་སོགས་བྱ།། བསྔོ་ཞིང་ཚད་མེད་བཞི་པོ་བསྒོམ།། དེ་རྗེས་སྟོང་པ་ཉིད་དུ་བསམ།། སྟོང་པོའི་དང་ལས་ཨ ་བསམ་ཏེ།། དེ་རྗེས་ཧཱུཾ་ལས་རྡོ་རྗེའི་བྲག། སྣ་ཚོགས་མདོག་ཅན་རོ་ལས་ནི།། ཉི་མའི་དཀྱིལ་འཁོར་དེ་སྟེངས་སུ།། བྷ་ནི་ཤེལ་གྱི་མདོག་འདྲ་ལས།། བྱི་ན་ཡཀ་བརྡལ་བའི་སྡེང་།། ཧཱུཾ་ལས་ནག་པོ་འཇིག་པར་བྱེད།། ཞལ ་གསུམ་ཕྱག་དྲུག་རྔམ་པའི་སྐུ།། གཡས་དཀར་གཡོན་པ་དམར་བས་ཏེ།། དབུས་མཐིང་སྟག་གི་པགུས་པས་བསྒྲིལ།། རིན་ཆེན་ཞབས་བདུབ་སྦྲུལ་གྱིས་བརྒྱན།། ཕྱག་གཡས་གྲི་གུག་འཕྲེང་བ་དང་།། ཌ་མོ་རུ་ནི་དྲུག ་ཏུ་འཁྲོལ།། གཡོན་པ་ཐོད་པ་མདུང་རྩེ་གསུམ།། དེ་བཞིན་ཞགས་པས་དགྲ་བོ་འཛིན།། དྲག་པོའི་ཞལ་ལས་མཆེ་བ་གཅིག། སྤྱན་གསུམ་དབུ་སྐྲ་གྱེན་དུ་འབར།། དཔྲལ་བ་སིནྡྷུ་ར་ཡི་གེ་ཡུ་རུང་འཁྱིལ།། མོ་སྐྱོང ་སྤྱི་བོར་བཞུགས་པས་བྱིན་གྱིས་བརློབས།། གནས་གསུམ་ལྷ་བསམ་ཡེ་ཤེས་སེམས་དཔའ་བསྟིམ།། དབང་བསྐུར་ནས་ནི་རི་བདག་སོ་སོར་བསམ།། བརྟན་པར་གྱུར་ནས་རང་གི་མདུན།། དཔལ ་ལྡན་ཁྲ་མོ་ཛ་ལི་ནི།། གཡས་པ་གྷྲི་གུག་ཐོད་ཁྲག་གཡོན།། སྐུ་མདག་ནག་མོ་འཇིགས་བྱེད་མ།། གཡས་སུ་ཀྵཱ་ཏྭཱཾ་པ་ལིཾ་མེ།། ཌ་མ་རུ་གཡས་སྡིག་འཇུབ་གཡོན།། སྐུ་མདོག་དུ་བའི་མདོག་ཅན་ནོ།། གཡོན་དུ་ཊ་ཀི་རཱ ་སེར།། གཡས་པ་རྩེ་ག་སུམ་སྡིག་འཛུམ་གཡོན།། རྒྱུབ་ཏུ་མ་ཧཱ་ཀ་ལི་ནི།། དམར་ནོག་གཡས་པ་གྲི་གུག་འཛིན།། གཡོན་པ་ཐོད་ཁྲག་ཞལ་དུ་རྔུབས།། རུས་པའི་རྒྱན་ལྡན་གཅེར་བུ་མོ།། གར་ཐབས་ཀེང་རུས་གདན ་ལ་བཞུགས།། མཆོ་གཙིགས་སྤྱན་གསུམ་ཁྲོས་པའི་ཞོལ།། གཙོ་བོ་དང་ནི་དུས་མཉམ་སྐྱེད།། ལས་ཀྱི་ལྷ་མོ་བཞི་པོ་ནི།། གདུག་པ་ཅན་ཀུན་འགུགས་བྱེད་ཅིང་།། བཟུང་ནས་གཙོ་བོ་ལ་སྟོབ་བྱུད།། སྔགས་ཀྱི་བཟླས ་པ་དེས་རྗེས་ཙམ།། ཨོཾ་ཤྲཱི་མ་ཧཱུ~ཾ་ཀ་ས་ལ་སཱི་ཐཱ་ཐ་ན་མ་མ་ཧཱུཾ་ཧཱུཾ་ཕཊ།། རྩ་བྷའི་སྡིག་སུ་བསྟན་པ་ནི།། ཨོཾ་བཛྲ་མ་ཧཱ་ཀ་ལཱ་ཀྵིཾ་ཀྵེ་ཊུ་བིག་ནན།། བི་ན་ཡ་ཀཾ་ཧཱུཾ་ཧཱུ~ཾ་ཧཱུ~ཾ་ཕཊ་ཕཊ་ཕཊ།། གཙོ་འཁོར་ཏེ་བསྦྱིན་སྟུག་སུ་བྱཱསྠཱནྟ།། ་ཡ་ཧཱ་ཀ་ལི་ཛ་ལི་ནི་ཧ་ཧ་ཕཊ། ཨོཾ་མ་ཧཱ་ཀ་ལི་ནི་ཀྵ་ཏྲ་པ་ལ་ཧཱུཾ་ཧཱུཾ་ཕཊ། ཨོཾ་རད་ཎི་ཊ་ཀི་རཱ་ཙ་ཧཱུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀ་ལི་ནི་ཤེ་ཏྲུ་མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ། འཁོར་གྱི་སྔགས་སུ་བསྟན་པ་ཡིན།། ལྷ་ལ་མཉེས་པའི་གཏོར་མ་ནཾ། ་ཤ་ལྔ་བདུད་རྩི་རྣམ་པ་ལྔ།། ཀ་པ་ལར་ཐུག་བྱིན་བརླབས་ཏེ།། ཙན་དན་ཤིང་ལས་གཙོ་འཁོར་རྣམས།། བྱོན་པ་རྣལ་འབྱོར་མདུན་དུ་ནི།། སྒྲ་དང་བཅས་པས་བྱོན་པ་ལ།། གསང་བའི་སྔགས་འདིས་འབུལ་བར་བྱ།། ་ཨོཾ་ཤྲཱི་བཛྲ་མ་ཧཱ་ཀ་ལ་ཡི་ཤ་ས་ནཾ། ཨ་པ་ཀོ་རི་ན། ཡ་ཏི་པྲ་ཏི་ཛྙཱ་སྨ་ར་སི་ཏ་དྷ་ཨི་དན་དུཥྚ། ཁ་ཁ། ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྲིཧྣ་གྲྀཧྞ། བན་དྷ་བན་དྷ། ཧ་ན་ད་ཧ། ད་ཧ་ད་ཧ། པ་ཙ་པ་ཙ་པ། དྭི་ནི་མེ་ཀཻ་ན ་མཱ་ར་ཡ་ཧཱུ~ཾ་ཧཱུཾ་ཕཊ་ཕཊ། གཙོ་འཁོར་རྣམས་ཀྱིས་གསོལ་བར་བར་བསམ།། དེ་ལྟར་རྟགས་དང་རབ་ལྡན་པས།། སྒྲུབ་པའི་ལས་ལཱ་སྦྱར་བ་ནི།། སྔགས་ལྔ་ཤཱམྦྷ་བྲུ་གདགས་པར་བྱ།། དེ་ནས་བསྡད་པའི་ལས་བྱ་བ། ་སྔགས་ལཱྀ་ཡཾ་དང་ཡ་གདགས་བྱ།། སྦྱིན་སྲེག་བྱས་ལ་མནན་པར་བྱ།། གཏོར་མ་སྟེང་ནས་མནན་ལ་བཞག། རྟག་ས་བྱུང་སྐྱེས་པའི་ཙྪ་ཏ་རུ།། སྒེག་པོ་ཆེན་པོའི་སྙིང་པོ་དང་།། འཁོར་དང་བདུད་རྩིར་བཅས་ལ་བཞུག། ་དར་ནག་གིས་གཏུམས་མཚན་ཁུང་གདགས།། སྐབསུ་ལག་པས་བཟུང་བྱས་ལ།། བསད་པའི་སྔགས་ཀུན་བཟླས་པར་བྱ།། བདག་གིས་ནག་པོ་ཆེན་པོ་ཡི།། སྒྲུབ་ཐབས་བྱིན་གྱིས་རློབ་པ་འདི།། བརྩམས་ལ་དགེ ་པ་གང་ཡོད་པས།། དཔལ་ལྡན་ནག་པོའི་ཞལ་མཐོང་ཤོག། བྱིན་གྱིས་བརླབས་པ་ནག་པོ་ཆེན་པོའི་སྒྲུབ་ཐབས།། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔལ་ལྡན་ཛཱ་བ་ར་བས་མཛད་པ་རྫོགསོ།། ། ་ཨཱ། བྷཱུ་ཡ། རྒྱུ་གར་གྱི་བླ་མ་ཨ་ཏཱ་ཡ་བཛྲཱ་དང་། ལོ་ཙཱ་བ་ཚུལ་ཁྲིམས་མགོན་གྱིས་བསྒྱུར་བའོ།། ། འདིའི་བརྒྱུད་པ་ནི། དངོས་གྲུབ་བརྙེས་པའི་རྣལ་འབྱོར་པ་ཆེན་པོ ་ད་ཝཱན་ཤཱ་བ་ད་། ཛྙཱགཏྟ་། ན་ལ་ན་ན་། ཆོས་སྐྱེད་ཧཱུ~ཾ། ཆོས་ན་། ཁྲིམས་སེཾ་། ་མཚན་འབུམ། བྱམས་པ་དཔལ་བཟང་པོ། བསྒྲུབ་ཆེན་ཆོས་འབྱུང་རིན་ཆེནི། གདེན་སོ་བ་ཀུན་དགའ་དཔལ་བཟང་པོ། དེས་བདག།། བལ་པའི་བཛྲི་ཏཾ་དེ་བ་པུན་མ་ཏི་དང་། ་ལོ་ཙཱ་བ་འགར་ཆོས་ཀྱི་བཟང་པོས་ཀྱང་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་ཅེས་བྱམས་པ་གསུང་ངོ་།། འདིའི་བཀའ་ཡིག་མཆུག་སྒྲུབ་ཀྱི་བཀའ་ཆུང་པ་དང་འཐུན་པར་མཛད།། དྷཱ ་ས་། ནག་ཡིན་ས་སྨྲས་དྡྷེ་དྷ་གས་པ་། རྒྱུ་ག་སྐུད་དུ། ཨ་དྷིནྟཱ་ནཱ་མྦྷ་མ་དྷུ་ཀཱ་ལ་གྲྀ་ཡ་ས་དྷ་ནཾ་ན་མ། བོད་སྐད་དུ། བྱིན་གྱིས་བརླབས་པའི་ནག་པོ་ཆེན ་