| Wylie | e-texts produced with BDRC’s OCR application |
བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ།། དཔལ་ལྡན་ལྷ་མོའི་སྒོ་ནས་གླཏོར་མའི་རྗེས་གནང་བྱ་བར་འདོད་པས། གནས་ཁང་ཡིད་དང་མཐུན་པར། མཎྜལ་དང་མཆོད་གཏོར་ཚོགས་ཀྱི་ཡོ་བྱུང ་འཚོགས་པར་བཤམས་ལ། རང་ཉིད་བསྟན་བདེ་བ་ལ་འདུག་ནས་དགྱེས་པ་རྡོ་རྗེ་འམ།། གདུན་བཞིའི་མངོན་རྟོགས་བསྒོམ།། ཡི་དམ་གྱི་གཏོར་མ་བཏང་བའི་རྗེས་ལ།། ལྷ་མོའི་མཆོད་གཏོར་བརྒྱས་པར་བཏང་།། ཚོ་གས ་ཀྱིས་མཆོད་ནས། སློབ་མ་སྶ་མཎྜལ་ཕུལ། ལག་པ་མེ་ཏོག་དང་བཅས་པ་ལ། སློབ་དཔོན་གྱི་སློབ་མ་ལ། མདུན་འདི་ནི་དགྱེས་པ་རྡོ་རྗེ་འམ། རྡོ་རྗེ་གདན་བཞིའི་དཀྱིལ་འཁོར་གྱི་འཁོར་ལོ་རྟེན་གཞལ་ཡས་ཁང་། བརྟེན་པ་ལྔ ་དང་བཅས་པ་བཞུགས་པ་ཡིན་པས། གཞལ་ཡས་ཁང་གི་ཕྱི་རོལ། རྡོ་རྗེ་རཱ་བའི་ནང་རོལ། དུར་ཁྲོད་ཆེན་པོ་བརྒྱད་ཀྱི་ཤར་ཕྱོགས་ནག་པོ་དྲག་པོའི་ཁུལ་ན་ཁྱེད་རང་འདུག་པར་བསྒོམས། མདུན་གྱི་ནམ་མཁའ་འདི་ནི་ཕྱོགས ་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དང་ཡི་དམ་ཀྱི་ལྷ་ཚོགས་ཆོས་སྐྱོང་བའི་བསྲུངས་མའི་ཚོགས་དང་བཅས་པ་རྣམས་སྦྱིན་ཕུང་སྟོབས་པ་བཞིན་དུ་ཐིབས་སོ་བོ་ཞུགས། ་པར་བསམས་ལ། མོས་པ་དང་གུས་པོ་བགྱིས་ཤིག་བྱས་ལ། ལྷ་མོའི་གཏོར་མ་དེ་སློབ་མའི་མགོ་ཐོག་ཏུ་བཞག་ལ། ལྷ་མོ་དུད་པའི་སོལ་བ་མ་འཁོར་ནག་མོ་འཛུམ་སྡེའི་ཚོགས་དང་བཅས་པ་ཁྱེད་རྣམས་ཀྱིས། སློབ་མི་ཛི ་ཞེས་བྱ་བའི་ལུས་ངག་ཡིད་གསུམ་ལ་སྐུ་གསུང་ཐུགས་གསུམ་གྱིས་བྱིན་གྱིས་རློབས་སྙམ་དུ་བསམས་ལ། མོས་པ་དང་གུས་པའི་སྒོ་ནས་བླ་མ་ཡི་དམ་ཆོས་སྐྱོང་བསྲུངས་མ་དཔལ་ལྷ་མོ་དུད ་པའི་སེལ་བ་མ་འཁོར་དང་བཅས་པ་རྣམས་ཀྱི་མགྲིན་གཅིག་ཏུ། བ་ཤིས་པ་འདི་ཁྱེད་རང་རྣམས་ལ་བརྗོད་པར་བསོམས་ཤིག་བྱས་ལ། སློབ་མ་ཤེས་པ་དེ་དམ་སྨྲ་བའི་སེང་གེ་ཡིས།། ཉོན་མོངས་སྲིད་པའི་ཉེས་པ་སྐྱེ ་ནོནོས་གྱི། རྒྱོང་མོ་གཉིངས་གཡོ་བ་གཅོ་ཕྱི། སྦྱོར་དོན་དམ་རྒྱལ་བ་ཉིད་དུ་འགྲུབ་གྱུར་ཅིག། ཅེས་བརྗོད་པའི་བརྗོད་ལ།། དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་དབང་གིས་བསྟོད་པ་ཚར་གཅིག་བརྗོད། གཏོར་མ་སློབ་མའི་ལག་ཏུ་གཏད ་ནསོ། དུར་ཁྲོད་བདག་པོ་ཚར་གཅིག་བརྗོད་ལ། དཔལ་ལྡན་དུད་པོའི་སོལ་བ་མ་འཁོར་ནག་མོ་འབུམ་སྡེའི་ཚོགས་དང་བཅས་པ་རྣམས་ལ་མཆོད་པ་དང་། བསྟོད་པ་དང་། གཏོར་མ་ལ་སོགས་པ་ཕུལ་ནས།། བདག་གི་སློབ་མ་མང ་རུས་འདི་ཞེས་པ་གཏད་ཀྱི། ཇི་སྲིད་གནས་ཀྱི་བར་དུ།། འདིའི་ལུས་ངག་ཡིད་གསུམ་ལ་ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་རློབས་ལ། སངས་རྒྱས་ཀྱི་བསྟན་པ་གཉེན་པོ་བསྲུངས།། དཀོན་མཆོག་གི་ཆ་འཕྱུང་གཅིག། བླ་མ ་དམ་པའི་འཕྲིན་ལས་སྦུབས་ཤོག། སེམས་ཅན་གྱི་བདེ་སྐྱིད་སྦལ་གཅིག། ཁྱད་པར་དུའང་སློབ་མ་འདི་ཞེས་བྱ་བ་ལ་སྡོང་གྲགས་དང་། བསྲུང་བ་དང་། སྐྱབས་པ་དང་། སྭ་བ་དང་། བྱིན་གྱིས་བརླབས་པ་ཆེན་པོ་མཛད་དུ་གསོལ ་ནད་དང་། གདོན་དང་། རྐྱེན་དང་། བར་དུ་གཅོད་པ་ཐམས་ཅད་ཞི་བ་དང་།། བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་ཅིང་། ཚེ་དང་། དཔལ་དང་། འབྱོར་པ་ལ་སོགས་པ་ཟླ་བ་ཡར་གྱི་ངོ་བཞིན་དུ་རྒྱས་པའི་འཕྲིན་ལས་མཛད་དུ ་གསོལ།། ཁྱེད་རྣམས་ཀྱིས་ཀྱང་དུས་འདི་ནས་བཟུང་ནས། སངས་རྒྱས་མ་ཐོབ་ཀྱི་བར་དུ།། ཆོས་སྐྱོང་བའི་བསྲུངས་མི་ཡིན་པས། མཆོད་བསྟོད་བསྒོམ་བཟླས་རྒྱུན་མ་ཆད་པར་མཛོད་ཅིག། ཅེས་བརྗོད།། ལྷ་མོ་དང་དེ་ཚིག་བསྲེ་བའི་ཕྱིར ་འཐོབ་ཀྱུ་གཅིག་དང་། མ་ད་ན་དུ་བ་གཅིག་བྱིན། བཀའ་བསྒོས་པ་བཞིན་འགྲོགས་ནས་སྟོང་ཕྱོགས་བྱེད་པར་བསམ་མོ།། གཏོར་མ་ས་གཙང་སར་བཏང་།། སྨོན་ལམ་དང་བསྔོ་བས་རྒྱས་གདབ། དཀོན་མཆོག་གསུམ་དང་ཡི་དོམ ་གྱི་བཀྲིས་བརྗོད།། དཔལ་ལྡན་ལྷ་མོའི་རྗེས་གོན་དྭེ། སློབ་དཔོན་ཆེན་པོ་ཞེ་སྡང་རྡོ་རྗེས་མཛད་པ་རྫོག་སོ།། །། དཔལ་མགོན་ཞལ་བཞི་པའི་བསྟོད་ཆེན་བཞུགསོ།། །། ཧཱུཾ་དཔལ་ལྡན་མགྲོན་པོ་ནག་པོ་ཆེ།། དབང ་