CLOSE WINDOW

GT291: dpal rdo rje phag mo'i sgrub thabs kyi cho ga don thams cad grub pa zhes bya ba
Wyliee-texts produced with BDRC’s OCR application

སོགས་པ་མདོར་བསྡུས་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་བཛྲ་པཱ་ཎིའི་ཞལ་སྔ་ནས་དང་། ལོ་ཙ་བ་མཚུར་གྱིས་བསྒྱུར་བའོ།། ་རྡོ་རྣ་ཕས་མ་བསྒྲུ་ཐབས་པ་གས།། རྒྱུ་གེར་སྐད་དུ། ཤྲཱི་བཛྲ་བྷ་རཱ་དྷྲྀ་ཀཱལྤཱ། སནྣནྟ་དྷཱ་ནཾ་ནཱ་མ། དཔལ་རྡོ་རྗེ་ཕྲག་མོའི་སྐབས་ཐབས་ཀྱི་ཆོ་གྷྲ་དནྟ་ཐ་མ་ས་ཅད་གྲུབ་པ་ཞེས་བྱ་བྱ། དཔལ་རྡོ་རྗེ ་ཕག་མོ་ལ་ཕྱག་འཚལ་ལོ།། ཨོཾ་ཧྲཱི་གྷཱ་ཏ་ཡ་སརྦྦ་དུཝཱི་ཧཱུཾ་ཕཊ་སྭཱ་ཧཱ། གཏོར་མ་བྱིན་ནས་བསམ་གཏན་བྱའོ།། ལྟེ་བའི་དབུས་སུ་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་གྲུ་གསུམ་པ། དེའི་དབུས་སུ་པདྨ་ཁ ་དོག་དམར་པོ་འདབ་མ་བཞི་པ། དེའི་སྟེང་དུ་ཧྲཱིཿཡི་གེ་བསྐལ་པའི་མེ་འབར་བ་ཅན་དེ་ཡོངས་སུ་གྱུར་པ་ལས། བདག་རྡོ་རྗེ་ཕག་མོར་བསམ་པ་ནི་སྐུ་མདོག་དམར་མོ།། རོའི་གདན་ལ་ཞབས་གཡས་བརྐྱང་བས ་བཞུགས་པ། གཅེརཱ་བུ་སྒྲ་གྱེན་དུ་བརྫེས་པི་ཐོད་པའི་ཅོད་པན་ཅན་ཕྱག་རྒྱ་ལྔསྣ་བརྒྱནྡ་པ་ཕྱག་བཞི་པ་གཡས་ན་རྡོ་རྗེ་དང་རྡོ་རྗེ་ལྕགས་ཀྱུ་འཆང་བ་ལས་གཡོན་ན་ཁ་ཊྭཱཾ་ག་ཐོད་པ་དང་སྡིགས་མཛུབ་ཞགས་པ ་འཆང་བའོ།། ཞལ་གཅིག་སྤྱན་གསུམ་པ་ཞལ་ཁྲོ་གཉེར་ཅན།། རྡོ་རྗེ་དབྱངས་ཤིན་ཏུ་འཇིགས་པར་མཛད་པ། གསུས་པ་རྒྱས་པ་ལྗགས་འགྱུར་བའོ།། དེ་ལྟར་བསམས་ན་ཡེ་ཤེས་སེམས་དཔའ་དགུག་བྱར། ་དེ་ནས་མཆོད་པ་དང་བསྟོད་པ་དང་བདུད་རྩི་མྱངས་ནས་མཉམ་པར་བཞག་པས་གསང་སྔགས་བཟླས་པར་བྱའོ།། ཨོཾ་བཛྲ་བཱ་རཱ་ཧཱི་ཨཱ་བེ་ཤ་ཡ་སརྦྦ་དུཥྚཱན་ཧྲཱི་སྭཱ་ཧཱ་ཉེ་བའི་སྙིང་པོའོ།། ཨོཾ་ཧཱུཾ་ཧྲིཾ་ཧཱུཾ་སྙིང ་པའོ།། འབུམ་ཡང་དག་པར་བཟླས་པར་གྱུར་ན་གྲུབ་པ་ལཱ་ཐེ་ཚོམ་མ་།། ཨོཾ་ཨཱཏྨཧཱུཾ་ཧཱུཾ་ཧཱཾ་ཧེཿསྔགས་འདིས་ཤ་ཆེན་པོའི་ཕྱི་མ་བྱས་ཏེ་ཐིང་སྐུའི་དྲུང་དུ་བདུག་པ་དབུལ་ལོ།། ཞག་ཉི་ཤུ་རྩ་གཅིག་གིས ་འགྲུབ་སྟེ་འདི་གཞན་དུ་མ་ཡིན་ནོ།། ཨོཾ་ཧཱུ~ཾ་ཧོ་ཧཾ་ཧཱཿཧཿཧིཿཧིཿཧྲིཿཧྲིཿཕེཾ་ཕེཾ་ཕེཊ་མཚན་མོ་གཏོར་མ་ཕུལ་ན་བདུད་ཐ་མས་ཙོང་ཞི་བར་འགྱུར་བས་མཚན་མོ་གཏོར་མའི་ཉེར་སྤྱོད་དབུལ་བར་བྱའོ།། གང ་དུ་ཇི་སྐད་བཤད་པ་གསང་བ་བསྒྲུབས་ན་རྡོ་རྗེ་ཕག་མོས་བྱིན་གྱིས་བརླབ་པ་དེ་ལ་ཐེ་ཚོམ་མདོ།། དཔལ་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་ཀྱི་ཆོ་ག་དོན་ཐམས་རད་གྲུབ་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་གཉིས་མེདོ་རྡོ་རྗེ་ཞབས ་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། ། ལོ་ཙ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས་རྩང་ཉང་རོ་ནུང་པའི་གཙུག་ལག་ཁོང་ཆེན་པོའི་འོམ་ཕུག་གནས་རྙིང་དུ་ལེགས ་པར་བསྒྱུར་བའོ།། ། ས་སྟེངས་དུ་ཉི་ཟླ་ལྟར་གྲགས་པར་གྱུར་ཅིག། རྣལ་འབྱོར་མའི་སྦུབས་ཐབས་ན་རོ་པའི་ཞལ་གྱི་བརྒྱུད་པ་གརང་བ་བཞུགས།། རྒྱ་གར་སྐད་དུ། བཛྲ་ཡོ་གི་ནི་སཱ་དྷ་ནཾ། བོང ་