| Wylie | e-texts produced with BDRC’s OCR application |
གདུག་པའི་སེམས་ཅན་ལ། ཞི་བ་ཉེ་བར་མི་སྦྱར་ཏེ། ཞེས་པས་སྙིང་རྗེ་ཆེན་པོ་དང་གཅིག་པ་ཉིད་ཀྱི་གདུལ་དཀའ་བ་དབང་ཕྱུག་ཆེན་པོ་ལ་སོགས་པ་རྣམས་ལམ་ལ་གནས་པ་དང་འབྲས་བུ་ལ་གནས་བྱ་བའི་ཕྱིར་རང་གི་དབང་དུ ་བྱེད་ཅིང་འདུལ་བར་བྱེད་པ་ནི། གདུལ་དཀའ་བ་འདུལ་བ་པོའོ།། སྲེད་མེད་ཀྱི་བུ་ལ་སོགས་པ་ཡང་ལྷ་མ་ཡིན་གདུལ་དཀའ་བ་འདུལ་བ་པོ་ཡིན་ཡང་དེ་ལས་ཕུལ་དུ་བྱུང་བས་ན་མཆོག་གོ།། དེ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ངང་ཚུལ ་ཉིད་ཀྱི་ཕྱིར་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་ལོ།། དེ་ཉིད་ཤིན་ཏུ་དཔའ་བས་ན་དཔའ་བོ་སྟེ། མཆོག་ཅེས་པ་འདིར་ཡང་སྦྱར་རོ།། ཇི་ལྟ་བུ་ཞེ་ན་གསུངས་པ། གསང་བ་ཞེས་པ་ལ་སོགས་པ་སྟེ། ཤིན་ཏུ་རྣམ་པར་དག་པ་གཉིས་སུ་མེད་པའི ་སྣང་བ་དང་དབྱེར་མེད་པ་ཁམས་གསུམ་པའི་རང་བཞིན་གྱི་སྐུ་དང་གསུང་དང་ཐུགས་ནི་གསང་བར་བཤད་དེ་དེ་ཡི་གསལ་ཞིང་འབར་བའི་ཕྱིར་གསང་བའི་རྒྱལ་པོའོ།། གསང་བའི་རྒྱལ་པོའི་རྒྱུ་གསུངས་པ། རྡོ་རྗེ་ཞེས་པ་ལ་སོགས་པ་སྟེ། རྡོ ་རྗེནི་རྡོ་རྗེའི་རིགས་ཉེ་བར་མཚོན་པ་སྟེ། ཐུགས་ཀྱི་རིགས་སྐྱེས་པའི་དོན་ཏོ།། དེ་ཁྱབ་བདག་ཉིད་ཀྱི་ཕྱིར་རྡོ་རྗེ་དབང་ཕྱུག་གོ།། འདིས་ནི་སྐུ་དོང་གསུང་གི་རི་དག་ལས་ཐུགས་ཀྱི་རིགས་གཙོ་བོར་མངོན་པར་བརྗོད་དོ།། གཞན་དུ་གསང་བའི་རྒྱལ ་ཞེས་པ་གནོད་སྦྱིན་གྱི་རྒྱལ་པོ་ཞེས་བཤད་པ་དེ་མི་འཕང་ངོ་ཞེ་ན། ལན་སྨྲས་པ། གསང་དབང་ཞེས་འཆད་པར་འགྱུར་བར་འདི་ཉིད་གནོད་སྦྱིན་གྱི་རིགས་ཀྱི་བདག་པོ་ཉིད་དུ་གསལ་བའི་ཕྱིར་རོ།། རྣམ་རྒྱས་ཞེས་པ་ལ་སོགས་པ ་ནས་རྡོ་རྗེ་རྩེ་མོ་རབ་འཕྲོ་བ་ཞེས་པའི་མཐར་ཐུག་པས། སྒེག་པ་དང་། ཁྲོ་བས་འདུལ་བའི་སེམས་ཅན་འདུལ་བའི་ཐངས་གསུངས་ཏེ། རྣམ་རྒྱས་པདྨ་དཀར་པོ་ནི་ཆུ་སྐྱེས་དཀར་པོའོ།། གང་གི་སྤྱན་དེ་བཞིན་དུ་ཡིད་དུ་འོང་བའི་ཕྱིར་རོ།། པདྨ་རྒྱས་འདྲའི་ཞལ ་མདའ་བ་ནི་ཞལ་གྱི་དཀྱིལ་འཁོར་མཐའ་དག་གང་གི་ཡིན་པ་དེ་དེ་བཞིན་དུ་གསུང་སོ།། འདི་ཡང་སྤྱན་དང་ཞལ་རྣམ་པར་རྒྱས་པ་སྟེ། ཡང་དག་པའི་དེ་ཁོ་ན་ཉིད་རྟོགས་པས་ནང་གི་དགའ་བ་བསྙེས་པ་མཚོན་པར་རིག་པར་བྱའོ།། བྱ་བ་མཉམ་པས་རང ་དང་རྗེ་སུ་མཐུན་པའི་འཁོར་རྣམས་དང་ལྡན་པས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་ཞེས་སྟོན་པར་བྱེད་པ་ལ། གསོར་བྱེད་པ་ཞེས་པ་ལ་སོགས་པ་ནི་སྔར་བཤད་པའི་རང་བཞིན་གྱི་རྡོ་རྗེ་འཛིན་པས་རང་གི་ལག་གིས་གསོར་བར་བྱེད་པ་སྟེ། ་གདུལ་བྱའི་སྐྱེ་བོ་རྣམས་ཀྱི་དྲེགས་པ་གཞོམ་པའི་ཕྱིར། ཡང་དང་ཡང་དུ་གསོར་བྱེད་པའོ།། དེ་ལྷོར་རང་དང་དྷེ་སུ་མཐུན་པའི་འཁོར་གྱི་ཁྱད་པར་གསུངས་པ། ཁྲོ་གཉེར་ཞེས་པ་ལ་སོགས་པ་སྟེ། ཁྲོ་གཉེར་རིམ་པར་ལྡན་ལོ་སོགས། ་སོགས་པོ་གོང་རྣམས་ཡིན་ན་འདོད་པ་དང་དབྱུག་སྔོན་ཅན་དང་སྟོབས་པོ་ཆེ་དང་མཱི་གཡོ་བ་ལ་སོགས་པ་རྣམས།། དེ་རྣམས་ནི་མཐའ་ཡས་པ་སྟེ་ན་མཁའི་ཁམས་ཐམས་ཅད་དུ་ཁྱབ་པ་རྣམསོ།། སེམས་ཅན་ལ་འཚེ་བའི་གདུག་པ་འདུལ ་པབལ་ཤིན་ཏུ་དཔའ་བ་ཉིད་ཀྱིས་འཇིག་སུ་རུང་བ་དང་མི་སྡུག་པའི་གཟུགས་འཛིན་པས་ན། དཔའ་ཞིང་འཇིགས་རུང་གཟུགས་ཅན་དང་ངོ་།། རང་གི་ལག་གི་གསོར་བྱེད་པ།། ཞེས་པར་རྡོ་རྗེ་ཞེས་པ་ལྷག་མའོ།། འདི་ཡང་ཚིག་གཉིས་ཀྱི ་དབྱེ་བའི་དབང་དུ་བྱེད་པའོ།། རྡོ་རྗེ་རྩེ་མོ་རབ་འཕྲོ་བ།། ཞེས་པ་འདིས་ནི་ལག་མཐིལ་ན་གནས་པའི་རྡོ་རྗེ་འཕྲོ་བ་མཐའ་ཡས་པ་ཉིད་དུ་བསྟན་ཏོ།། ཤེས་རབ་ནི་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་ཀྱི་ཡེ་ཤེས་སོ།། ཐབས་ནི་བདེན་པ ་གཉིས་རྣམ་པར་འབྱེད་པ་ལ་མཁས་པོས་ཞུགས་ཏེ་མི་གཡོ་བར་བྱེད་པའོ།། སྙིང་རྗེ་ཆེན་པོ་དེ་ཡང་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་རྣམས་ལ་རྐང་གི་ཁོང་ནས་མཛྙཱ་ག་ཏཱ་སྡུག་བསྔལ་དང་དེའི་རྒྱུ་ལས་ཀུན་ཏུ་འབྱིན་པར་འདོད་པའོ།། ཤེས་རབ ་ཀྱང་ཡིན་ལ་ཐབས་ཀྱང་ཡིན་ཞིང་སྙིང་རྗེ་ཆེན་པོ་ཡང་ཡིན་ཞེས་ཚིག་རྣམ་པར་སྦྱར་ཏེ། དེ་རྣམས་ཀྱི་འགྲོ་བའི་དོན་བྱེད་པའོ།། ཡང་ན་ཐབས་ནི་སྙིང་རྗེ་ཆེན་པོའོ་ཞེས་ཚིག་གཅིག་ཏུ་བྱའོ།། དེ་ཉིད་མཆོག་དེ་གཙོ་བོའོ།། དགའ་བའི་བསམ་པ་ནི་རྒྱུའི ་ཁྱད་པར་ཉེ་བར་དམིགས་པས་སོ།། མགུ་བའི་བསམ་པ་ནི་འབྲས་བུའི་ཁྱད་པར་ཉེ་བར་བ་མིགས་པས་ན་དགའ་མགུའི་བསམ་པའོ།། རངས་པ་ནི་དེ་གཉི་ག་རྫོགས་པར་མཐོང་བས་སོ།། ཁྲོ་བར་བྱེད་པས་ཁྲོ་བོ་སྟེ། ཁྲོ་བོ་རྣམས་ལྟ་བུའི་ལུས་དང་གཟུགས ་ནི་འཇིག་སུ་རུང་བའི་ལུས་ཀྱི་རྣམ་པའོ།། དེ་གང་ལ་ཡོད་པ་ནི་ཁྲོ་བོའི་ལུས་ཀྱི་གཟུགས་ལྡན་པ་སྟེ། གདུག་པ་འདུལ་བར་བྱེད་པའི་དོན་དུ་ཁྲོ་བོའི་ལུས་ཀྱི་གཟུགས་ལྡན་པའོ།། དེས་ནི་ཁྲོ་བོ་རྣམས་སྙིང་རྗེ་ཆེན་པོའི་བསམ་པ་དང་ལྡན་པའི་ཕྱིར་ཞེས ་དགོངས་པའོ།། དེ་ཉིད་གསུངས་པ། སངས་རྒྱས་འཕྲིན་ལས་བྱེད་པ་ཞེས་པ་སྟེ། ཐབས་ཆེན་པོ་ཉིད་ཀྱིས་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བ་ཡང་དག་པར་བསྒྲུབ་པའོ།། དེ་ཉིད་ཀྱི་ཕྱིར་ལགོན་ནོ།། ལུས་བཏུད་རྣམས་དང་ལྷན་ཅིག་ཏོ།། ་མགོན་པོ་བཅོམ་ལྡན་དེ་བཞིན་གཤེགས།། རྫོགས་སངས་རྒྱས་ལ་ཕྱག་འཚལ་ཏེ།། ཐལ་མོ་སྦྱར་བར་བྱས་གྱུར་ནས།། འདི་སྐད་གསོལ། ཞེས་འཆད་པར་བྱེད་པ་ལ་སྤྱན་སྔར་འདུག་སྟེ་ཞེས་པ་ནི་གུས་པ་མ་ཡིན་པ་སྤངས་པའི་དོན་དུ་ལོགས ་དང་རྒྱབ་ཏུ་འདུག་པ་ལྟ་བུ་མ་ཡིན་ཞེས་པའི་དོན་ཏོ།། ཅི་ཞིག་གསོལ་ཞེ་ན་གསུངས་པ། བདག་ལ་སྨོན་པ་དང་ཞེས་པ་ལ་སོགས་པ་སྟེ། བདག་ལ་སྨན་པོ་དང་བདག་གི་དོན་དུ་ཞེས་ཚིག་གཉིསུ་དྲངས་ཏེ་དེ་ནི་འདི་དང་ཕྱི་མའི་རྣམ་པར ་དག་པའི་འབྲས་བུ་རྫོགས་པའི་དོན་དུ་གསུང་སོ།། ཐུགས་བརྩེ་བའི་ཕྱིར་ནི་དེ་གཉི་ག་རྫོགས་པར་བྱ་བའི་ཕྱིརརོ།། སྒྱུ་འཕྲུལ་ནི་མ་རིག་པས་སྤྲུལ་པའི་ཁམས་གསུམ་པའི་གྲོང་ཁྱེར་ཏེ། དེ་ཉིད་དམིགས་པ་མེད་པར་གཅིག་པོའི་ཕྱིར་དེ་ལ་མངོན ་དུ་ཕྱོགས་པའི་ཡང་དག་པའི་བྱང་ཆུབ་ནི་རྒྱུ་འཕྲུལ་དྲ་བས་མངོན་པར་རྫོགས་པར་བྱང་ཆུབ་པ་སྟེ། རྣམ་པ་ཐམས་ཅད་པ་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་ཀྱི་ཡེ་ཤེས་ཞེས་པོའི་དོན་ཏོ།། དེ་ཉིད་ཅི་ནས་ཀྱང་བདག་གིས་ཐོས་པར་འགྱུར་བ་དེ ་ལྟར་བདག་ལ་རྫོགས་པའི་སངས་རྒྱས་ཀྱི་མཚན་ཡང་དག་པར་བརྗོད་པ་ཡང་དག་པོར་བཤད་དུ་གསོལ་ཞེས་སྦྱར་རོ།། དེ་ཐོབ་ནས་དོན་ཅི་ཞིག་བྱེད་ཅེ་ན་གསུངས་པ། མི་ཤེས་ཞེས་པ་ལ་སོགས་པ་སྟེ། མི་ཤེས་འདམ་དུ་བྱིང་བ་ནི་ལོག་པའི་ཤེས ་པས་ཟིལ་གྱིས་མནན་པའོ།། དེ་ཉིད་མི་བདེན་པ་དང་བདེན་པའི་འདུ་ཤེས་ཉིད་ཀྱི་ཕྱིར་ཉོན་མོངས་པས་སེམས་དཀྲུགས་པ་རྣམས་ལ་ཕན་པའི་ཕྱིར་རོ།། ཕན་པ་ཉིད་གསུངས་པ། བླ་མེད་འབྲས་བུ་ཐོབ་བྱའི་ཕྱིར་ཞེས་པ་སེམས་ཅན་ཐམས་ཅད ་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར་ཞེས་འབྲེལ་ལོ།། ཤེས་རབ་དང་ཐབས་ཀྱིས་གཞན་ལ་ཕན་པ་ནི་ཡང་དག་པའོ།། ཡང་དག་པའི་དོན་ཁོང་དུ་ཆུད་པའི་ཕྱིར་རྫོགས་པའི་སངས་རྒྱས་སོ།། ་དེའི་རྒྱུ་གསུངས་པ། བཅོམ་ལྡན་འདས་ཞེས་པ་ལ་ཆོས་ཐམས་ཅད་ངེས་པར་འོ་བྱེད་པོར་བྱེད་ཅིང་ཉོན་མོངས་པ་དང་བདུད་ལ་སོགས་པ་སེལ་བར་བྱེད་པས་ཤེས་རབ་ནི་བཅོམ་པ་སྟེ། དེ་དེའི་བདག་ཉིད་དུ་ཡོད་པས་བཅོམ་ལྡན་ནོ།། དེ་སྐད་དུ་ཡང་། ་ཤེས་རབ་ཉོན་མོངས་གསོད་བྱེད་དེ། དེ་ཕྱིར་ཤེས་རབ་བཅོམ་ཞེས་བརྗོད།། ཙོསོ།། དེ་ཉིད་འགྲོ་བ་རྗེ་སུ་འཚེས་པའི་ཕྱིར་སྟོན་པའོ།། དེའི་ཕྱིར་འགྲོ་བའི་བླ་མའོ།། དེའི་རྒྱུ་གསུངས་པ། དམ་ཚིག་ཆེན་པོ་དེ་ཉིད་མཁྱེན།། དབང་པོ་བསམ་པ ་རིག་པ་མཆོག། ཅེས་པ་སྟེ། དེ་ལ་དཀྱིལ་འཁོར་ངེས་པ་དུས་དང་བརྡ།། སྔགས་དང་ཕྱག་རྒྱ་ལྷ་རྣམས་དང་།། གྲུབ་མཐའ་རྣམས་ལ་དམ་ཚིག་ཅེས།། རྒྱལ་བ་རྣམས་ཀྱི་བཤད་པ་ཡིན།། ཞེས་པ་འདི་ནི་དམ་ཚིག་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་དོ།། ་དབང་པོ་རྣམས་དང་བསམ་པ་རྣམས་ཡོངསུ་མཁྱེན་པའི་ཕྱིར་དམ་ཚིག་ཆེན་པོའི་དེ་ཉིད་མཁྱེན།། དབང་པོ་བསམ་པ་རིག་པ་ཡང་ངོ་།། དེ་ཉིད་ཀྱི་ཕྱིར་མཆོག་སྟེ། ཐམས་ཅད་ཀྱི་མཆོག་འགྲོ་བ་རྗེ་སུ་འཆོས་པའི་བླ་མ་ཞེས་པའི་དོན་ཏོ།། ་དབང་པོ་རྣམས་ཐ་དད་པ་ལ་སོགས་པའོ།། བསམ་པ་རྣམས་ནི་མངོན་པར་འདོད་པའོ།། སུའི་མཚན་ཡང་དག་པར་བརྗོད་ཅེ་ན་གསུངས་པ། བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཞེས་པ་ལ་སོགས་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི ་སྟེ་ཤེས་ཀྱི་སྐུ་ཉིད་ངེ་འཇམ་དཔལ་ལོ།། དེའི་རླུང་བཞིན་ཡིན་པའི་ཕྱི་རོ།། དེ་ལྟར་ཡང་། བདེ་གཤེགས་ཤེས་རབ་དྲི་མ་མེད།། རྡོ་རྗེ་རྣོན་པོར་དེ་བཤད་དོ།། ཞེས་གསུངས་སོ།། དེ་ཉིད་ཐམས་ཅད་ལས་འཕགས་པའི་ཕྱིར་གཙུག་ཏོར་ཆེན་པོའོ།། ་ཚིག་གི་བདེནི་མ་ཀྱི་ཁྲི་ནྡན་ཚིག་གི་དབང་ཕྱུག་སྟེ་ཁམས་གསུམ་པའི་སེམས་ཅན་ཐམས་ཅད་ཀྱི་ངག་ཐམས་ཅད་ལ་རབ་ཏུ་འཇུག་པའི་མངབ་བདག་ཅེས་པའི་བར་རོ།། འཇམ་པ་ནི་ཡིད་དུ་འོང་བའོ།། དཔལ་ནི་སེམས་ཅན ་ཐམས་ཅད་རྗེ་སུ་འཛིན་པའི་ཟབ་པ་དང་རྒྱ་ཆེ་བའི་ཚུལ་གྱི་སྐུ་དང་གསུང་དང་ཐུགས་ཕུན་སུམ་ཚོགས་པ་གང་ཡིན་པ་སྟེ། དེ་ཡེ་ཤེས་ཀྱང་ཡིན་སེམས་དཔའ་ཡང་ཡིན་པ་ཞེས་ཚིག་རྣམ་པར་སྦྱར་རོ།། རྣམ་པར་དཔྱད་པ་ན་ཕྱི་རོལ་གྱི་དོན་མེད ་པའི་ཕྱིར་ཡེ་ཤེས་ཁོ་ན་གང་གི་སྐུ་ཡིན་པ་དེ་ནི་ཡེ་ཤེས་སྐུའོ།། དེ་ཕྱི་རོལ་གྱི་དོན་དུ་དམིགས་པ་ལས་མ་སྐྱེས་པས་རང་བྱུང་ངོ་།། ལྷའི་རྣམ་པ་ཕྱག་རྒྱ་ཆེན་པོ་ནི་ཡེ་ཤེས་ཀྱི་སྐུ་ཡིན་ལ། དེའི་ཐུགས་ཀའི་མཚན་མོའི་ནང་དུ་གནས་པ་ནི་ཡེ ་ཤེས་སེམས་དཔའ་ཞེས་བྱ་བ་ནི་གཉིས་པོའི་ཁྱད་པར་རོ།། མཚན་ཡང་དག་པར་བརྗོད་པ་ལ་ནི་ཁྱད་པར་མེད་དོ།། དོན་ཟབ་ཅེས་པ་ལ་སོགས་པ་ལ་དོན་ཟབ་ནི་སྟོང་པ་ཉིད་ལ་སོགས་པ་སྟོན་པའི་ཕྱིར་རོ།། དོན་རྒྱ་ཆེ་བ་ནི་སངས་རྒྱས་ཀྱི་ཡོན་ཏན ་རྒྱ་ཆེན་པོའི་རང་བཞིན་ལོངས་སྤྱོད་རྫོགས་པའི་སྐུ་རབ་ཏུ་གསལ་བར་བྱེད་པའི་ཕྱིར་རོ།། དོན་ཆེན་ནི་ཟབ་པ་དང་རྒྱ་ཆེ་བའི་བདག་ཉིད་ཅན་ཀུན་ཏུ་བཟང་པོའི་རང་བཞིན་མངོན་པར་རྗོད་པར་བྱེད་པའི་ཕྱིར་རོ།། དེའི་ཕྱིར་མཚུངས་མེད་ནི་མཉམ་པ ་མེད་པའི་ཕྱིར་རོ།། ཞི་བ་ནི་མྱ་ངན་ལས་འདས་པའི་ལམ་རབ་ཏུ་སྟོན་པའི་ཕྱིར་རོ།། ཐོག་མར་དགེ་བ་ནི་ཉན་ཐོས་ཀྱི་བྱང་ཆུབ་ཀྱི་རྒྱུ་ཉིད་ཀྱི་ཕྱིར་རོ།། བར་དུ་དགེ་བ་ནི་རང་བྱང་ཆུབ་ཀྱི་རྒྱུའི་ལམ་རབ་ཏུ་གསལ་བར་བྱེད་པའི ་ཕྱིར་རོ།། ཐ་མར་དགེ་བ་ནི་ཡང་དོག་པར་རྫོགས་པོའི་བྱང་ཆུབ་ཐོབ་པར་བྱེད་པའི་ཕྱིར་རོ།། ཡོད་ན་ཐོས་པ་དང་བསམ་པ་དང་སྦོམ་པོའི་དབྱི་བས་ཐོག་མ་བ.རོ་དང་མཐར་དགེ་བའོ།། དེ་ཉིད་ཀྱི་ཕྱིར་ཐམས་ཅད་ལས་ཕུལ་དུ་བྱུང་བས་མཆོག། ་མཚན་མངོན་པར་བརྗོད་པ་ཆོས་དང་དོན་དང་ངེས་པའི་ཚིག་ལ་སོགས་པའི་དབྱེ་བས་ཡང་དག་པ་ཕྱིན་ཅི་མ་ལོག་པར་བརྗོད་པས་ན་ཡང་དགོ་བར་བརྗོད་པ་སྟེ། དེ་རབ་ཏུ་གསལ་བར་མཛད་དུ་གསོལ་ལོ།། ངེས་པར་རབ་ཏུ་གསལ་བ་ཉིད་དུ ་མཛད་པར་རིགས་པར་གསུངས་པ་འདས་པའི་ཞེས་པ་ལ་སོགས་པ་སྟེ། དུས་གསུམ་པའི་དེ་བཞིན་གཤེགས་པས་བསྟན་པའི་ཡུལ་དུ་གྱུར་པ་ཉིད་ཀྱིས་དེ་བཞིན་གཤེགས་པ་ཁྱོད་ཀྱིས་ཀྱང་རྟག་ཏུ་སྟོན་པར་མཛད་དགོས་ཏེ། ཆོས་སྟོན་པའི་འགྲོ ་བའི་དོན་གྱི་བྱ་བ་ནི་དེ་བཞིན་གཤེགས་པའི་འབྲས་བུ་ཡིན་པའི་ཕྱིར་ཞེས་དགོངས་པའོ།། དེ་བཞིན་གཤེགས་པ་འབའ་ཞིག་གིས་གསུངས་པ་མ་ཡིན་ནོ་ཞེས་གསུངས་པ་སྒྱུ་འཕྲུལ་ཞེས་པ་ལ་སོགས་པ་སྟེ། རྡོ་རྗེ་འཆང་ཆེན་པོ་དེ་བཞིན ་གཤེགས་པ་སྐྱེད་པ་པོ་རྣམས་ཀྱིས་ཀྱང་ངོ་།། འདིར་སྒྱུ་འཕྲུལ་དྲོ་བའི་རྒྱུད་སྟོང་ཕྲག་བཅུ་དྲུག་པར་ཡང་དག་པར་གླུར་དྲངས་པ་དེ་རབ་ཏུ་བཤད་དུ་གསོལ་ཞེས་འབྲེལ་ལོ།། བསྟན་པའི་འབྲས་བུ་གསུངས་པ། དགས་བཞིན་དུ་ཞེས་པ་ལ ་སོགས་པ་སྟེ། བདག་ཀྱང་ཞེས་པ་ཀྱང་ཡིག་གིས་ནི་འདི་བདག་འབའ་ཞིག་མ་ཡིན་པའོ།། དགེས་བཞིན་དུ་ཞེས་པ་ཁྲོ་གཉེར་རིམ་པ་ལྡན་ལ་སོགས་པ་གསང་སྔགས་འཛིན་པ་དཔག་ཏུ་མེད་པ་དང་ཐབས་ཅིག་ཏུ་དོན་དང་གཞུང་ལས་གཟུང ་བར་བགྱི་ཞིག་མ་འོངས་པའི་བྱང་ཆུབ་སེམས་དཔའ་གཞན་དག་ཀྱང་ཅི་ནས་ཀྱང་འཛིན་དུ་གཞུག་པར་བགྱིའོ་ཞེས་དགོངས་པའོ།། དུས་ཀྱི་ཁྱད་པར་གསུངས་པ། ངེས་པར་འབྱུང་གི་བར་དུ་ནི་ཞེས་པ་ངེས་པར་འབྱུང་བའི་མཐར་ཐུག་པའོ།། ་བསམ་པ་བརྟན་པོས་ཞེས་པ་བརྩོན་འགྲུས་བརྟན་པོ་ཉིད་ལ་བརྗོད་དེ་བརྩོན་འགྲུས་བརྟན་པོ་དེ་ཡང་མྱ་ངན་ལས་འདས་པ་ཐོབ་པར་འདོད་པའི་བསམ་པ་བརྟན་པོ་དེར་བརྗོད་དོ།། གཟུང་བར་བགྱིའོ།། ཞེས་གསུངས་པ། ཅི་ནས་ཞེས་པ་ལ ་སོགས་པ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་གསང་བ་སྐུ་གསུང་ཐུགས་རོ་གཅོག་ཏུ་གྱུར་པ་དེ་འཛིན་པར་བྱེད་པ་ལ་དེ་ལྟར་བཤད་དོ།། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གསང་བ་འཛིན་པར་བདག་ཅི་ནས་ཀྱང ་འགྱུར་པ་དེ་ལྟར་གཟུང་བར་བགྱིའོ་ཞེས་དགོངས་པའོ།། དེའི་ཕྱིར་རང་གི་དོན་ཕུན་སུམ་ཚོགས་པ་དེ་སེམས་ཅན་རྣམས་ལ་བཤད་པར་འཚལ། དེ་ཡང་བསམ་པའི་ཁྱད་པར་ཇི་བཞིན་དུ་སྟེ། གང་གི་བསམ་པའི་ཁྱད་པར་དབང་པོ ་བརྟུལ་པོ་དང་འབྲིང་དང་ཆེན་པོའི་དབྱེ་བས་ཕྱེ་བ་དེ་རྣམས་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཕྱིར་ཞེས་པའི་དོན་ཏོ།། དོན་ཅི་ཞིག་གི་ཕྱིར་འཆད་ཅེ་ན་གསུངས་པ། མ་ལུས་ཞེས་པ་ལ་སོགས་པ་སྟེ། ཉོན་མོངས་པ་དང་ལས་དང་སྐྱེ་བ་དང ་ཀུན་ནས་ཉོན་མོངས་པ་ཞེས་བཤད་པ་ལ།། ཉོན་མོངས་པ་ནི་ཉན་ཐོས་ལ་སོགས་པ་རྣམས་ཀྱིའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་རྣམ་པར་རྟོག་པ་ཉིད་ཉོན་མོངས་པ་སྟེ། དེ་རྣམས་མ་ལུས་བསལ་བའི་ཕྱིར།། ་དེ་སེལ་བའི་རྒྱུ་གསུང་སྭཱ་པཱུ། མི་ཤེས་མ་ལུས་སྤྱད་པའི་ཕྱིར།། ཞེས་པ་ལ་མི་ཤེས་པ་ནི་མ་རིག་པའོ།། དེ་སྤྱད་པ་ནིད་སྔོན་དུ་འགྲོ་བའི་འདོད་ཆགས་ལ་སོགས་པ་སྤང་བའི་ཕྱིར་ཞེས་པ་སྟེ། འདི་ནི་བག་ཆགས་དང་བཅས་པའི་ཉོན ་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པའི་ཕྱིར་དུ་ཞེས་པའོ་དོན་ཏོ།། དེ་སྐད་དུ་ཞེས་པ་ལ་སོགས་པ་ནི་གོ་སླའོ།། ། དེ་ནས་ཞེས་པ་གསོལ་བཏབ་པའི་དེ་མ ་ཐག་ཏུའོ།། ཤཱཀྱ་ཐུབ་པས་གསེང་དབང་ལོ་ནཱི་སླར་གསུངས་པ་ཞེས་སྦྱར་ཏེ། ལྷ་དང་མི་ལས་ཕུལ་དུ་བྱུང་བའི་ཕྱིར་རྐང་གཉིས་མཆོག་གོ། ཅི་ལྟར་མཛད་ནས་ལན་གསུངས་ཤྭེ་ན་གསུངས་པ། བརྐྱང་མཛད་དེ་ཞེས་པ་ལ་སོ ་པ་སྟེ། བརྐྱང་བ་ནི་ངེས་པར་ཕྱུང་བའོ།། ཉིད་ཀྱི་ལྗགས་ནི་བྱིན་གྱིས་བརླབས་ཀྱིས་སེམས་ཅན་གཞན་དང་འབྲེལ་པ་མོ་ཡིན་པའོ་སྲིད་དུ་རིང་བའོ།། ཞེང་དང་ལྡན་པས་ཡངས་པ་སྟེ། རིང་ཞིང་ཡངས་པ་ཉིད་ཀྱིས་དཔྲལ་བའི་མཐར་ཐུག ་པའི་ཞལ་གྱི་དཀྱིལ་འཁོར་རབ་དུ་ཁེབས་པ་ཆེ་ཞིང་སྲབ་ལ་ཟངས་ཀྱི་ཁ་དོག་ལ་སོགས་པ་སྐྱེས་བུ་ཆེན་པའི་མཚན་དང་ལྡན་པ་ཞེས་གསུངས་སོ།། ཉིད་ཀྱི་ཞལ་ནེས་ཏེ། རྫུ་འཕྲུལ་ཀྱི་སེམས་ཅན་གཞན་གྱི་ཁ་ནས་བསྟན་པ་མ་ཡིན་པའོ།། ་སྤྱོད་རྣམས་ཀྱི་ཚོགས་མྱང་བ་ལས་ངས་པར་འཁྲུངས་པའི་ཕྱིར་བཟུང་བསྟེ། ཤིན་ཏུ་བབར་བཞེས་བཤན་།། དཡང་སྔགས་ཀྱི་ཁྱང་པ་ཏི་མ་བསྐལ་བཟུང་དུམ་ཡིན་པ་ནས་བདེན་པར་གསུང་བར་གོམས་པ་ལས་བྱུང་བ་སེམས་ཅན་ཐམས་ཅད ་ལ་མི་བསླུ་ཞིང་བྱིན་ཅི་མ་ལོག་པའི་ཆོས་སྟོན་པ་ཉིད་རྟོགས་པོར་བྱ་བའི་དོན་ཏེ།། ཞེས་ཤེས་པར་བྱའོ།། ཉིད་ཀྱི་ལྕགས་བརྐྱང་བབཔའ་ཞིག་མ་ཡིན་གྱི་འཛུམ་པ་བསྟན་པ་ཡང་མཛད་པར་བལྟ་བར་བྱ་སྟེ། འཛུམ་པ་ཇི་ལྟ་གུ་ཞིག་ཅེན་གསུངས་པ། ་འཇིག་རྟེན་རྣམས་ཀྱི་ངན་སོང་གསུམ།། སྦྱོང་བར་བྱེད་ཅེས་པ་སྟེ། འཇིག་རྟེན་རྣམས་ཀྱི་ཞེས་འབྲེལ་ལོ།། ངན་སོང་གསུམ་གྱི་དམྱལ་བ་དང་ཡི་དགས་དང་དུང་འདྲའོ་སྐྱེ་གནས་ཀྱི་ངོ་བོ་གང་ཡིན་པ་སྟེ། དེར་འཛུམ་པ་ཞམ་ལས་ངེས་པར་འཐོན་པའི ་ཁ་དོག་སྣ་ཚོགས་པའི་འོད་ཟེར་རྣམས་ཀྱིས་ཡང་དགོ་བར་རེག་ནས་དམྱལ་བ་ལ་སོགས་པའི་སྡུག་བསྔལ་ཉེ་བར་ཞི་ཞིང་རྒྱུན་འཆད་དོ་ལུས་དང་ངག་དང་སེམས་རྣལ་དུ་གནས་པ་ཐོབ་ནས་དཀོན་མཆོག་གསུམ་ལ་སྒྲུབ་སུ་འགྲོ་བ་ལ་སོགས་པའི་རིམ་གྱིས ་དང་མི་ཉིད་ཐོབ་པར་བྱེད་པའི་ཕྱིར་སྦྱོང་བར་བྱེད་པ་སྟེ་ངན་སོང་གསུམ་སྦྱོང་བའོ།། ཡང་ན་ངན་སོང་གསུམ་གྱི་རྒྱུ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་རྣམ་པར་སྦྱོང་བས་ན་ངན་སོང་གསུམ་སྦྱོང་བའོ།། ཡང་འཛུམ་པ་ཅི་ལྟ་བུར་གྱུར་པས་ཤེ་ན། ་འཇིག་རྟེན་གསུམ་པོ་སྣང་བར་བྱེད་པ་སྟེ། ཁམས་གསུམ་ཀུན་ཏུ་སྣང་བར་བྱེད་པའོ།། བདུད་བཞི་ནི་ཕུང་པོ་དང་ཉོན་མོངས་པ་དང་འཆི་བདག་དང་ལྷའི་བུའི་བདུད་ཅེས་གྲགས་པ་རྣམས་ཏེ། དེ་དག་ཉིད་ནི་དགྲ་རྣམ་སོ།། དེ་རྣམས་འདུལ་བར་བྱེད་པ་ནི ་རང་གི་ཡུལ་ལས་སྤྲོ་བ་དང་བྱང་ཆུབ་ཀྱི་ལ་མུ་ལ་ཨ་པར་སྟོང་པར་བྱེད་པས་ན་བདུད་བཞིའི་དགྲ་རྣམས་འདུལ་བྱེད་པའོ།། ཅི་ཡིས་ལན་གསུངས་ཤེ་ན་གསུངས་པ། ཚངས་པའི་ཞེས་པ་ལ་སོགས་པ་སྟེ། ཚངས་པ་ནི་གཉི་སུ་མེད་པ ་ཡེ་ཤེས།། དེའི་རྒྱུ་དང་ལྡན་པ་ཡང་ཚངས་པའོ།། དེའི་གསུང་དེ་ནི་ངེས་པར་ཚངས་པའི་གསུང་སྟེ། ཇི་ལྟར་ཡུལ་ཉེ་བར་གནས་པ་དག་གིས་ཐོས་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་གཞན་ན་གནས་པ་དག་གིས་ཀྱང་ཐོས་ཏེ། གམ་ན་གནས་པ ་དབང་པོ་གནོད་པ་མེད་པ་རྣམས་ཀྱིས་ཐོས་པར་མ་ཟད་ཀྱི། ཐག་རིང་པོར་གནས་ལ་སྨན་ཅིང་རྣ་བ་མི་གསལ་བ་རྣམས་ཀྱིས་ཀྱང་སྙན་ཅིང་ཡིད་དུ་འོད་ལ་རྣམ་པར་གསལ་བའི་དོན་རྟོགས་པར་བྱེད་པའི་རྒྱུར་གྱུར་པའོ།། དེའི་རང་བཞིན་གསུངས་པ། འཇིག ་རྟེན་གསུམ་པོ་ཀུན་བཀང་ནས། ཞེས་པ་སྟེ། སྙན་པ་ཡིས་ཞེས་པ་ནི་དོན་དང་སྒྲ་ལས་ཡིད་འཕྲོག་པར་བྱེད་པ་ཞེས་པའི་དོན་ཏོ།། གསང་དབང་ཞེས་པ་ནི་གནོད་སྦྱིན་གྱི་བདག་པོ་སྟེ། འོདིས་གནོད་སྦྱིན་རྣམས་འདུལ་བའི་དོན་དུ་དེ་ལྟ་བུའི་རིགསུ་སྐྱེ་བ ་ཡོངསུ་གཟུང་སྟེ། རྡོ་རྗེ་འཛིན་པར་བསྟན་པའོ།། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐར་སོན་པས་ལག་ན་རྡོ་རྗེ་སྟོབས་པོ་ཆེའོ།། དེ་ལྟར་ཡང་ཀླུ་སྒྲུབ་ཞབས་ཀྱི་སྨོན་ལམ་དུ། སྟོབས་ཕྱག་ན་རྡོ་རྗེ་ལྟ་བུར་གྱུར་ཅིག་ཅེས་སོ།། ལན་དུ་ཅི་གསུངས་པ ་ལེགསོ་ཞེས་པ་ལ་སོགས་པ་སྟེ། ཀྱེ་གསང་བ་པའི་བདག་པོ་དཔལ་ལྡན་རྡོ་རྗེ་འཆང་གང་ཡིན་པ་ཁྱོད་ཅེས་བྱའོ།། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་བསགས་པ་ནི་སྙིང་རྗེ་ཆེ་དང་ལྡན་གྱུར་ཅིང་ངོ་།། དེ་ནི་དོན་ཆེན་ཏེ་དོན་དམ་པར་བསལ ་བར་བྱེད་པའོ།། ཀློག་ཅིང་འདོན་པ་ལ་སོགས་པས་སྡིག་པ་སེལ་བའོ།། དེའི་ཕྱིར་གཙང་བར་བྱེད་པས་ན་དག་པར་བྱེད་ཅིང་ངོ་།། འཇམ་དཔལ་ཡེ་ཤེས་སྐུ་ཡི་མཚན།། ཡང་དག་པར་བརྗོད་པ་ནི་ཕྱག་ན་རྡོ་རྗེ་ཁྱོད་འགྲོ་བ་ལ་ཕན་པའི་དོན་དེའི ་ཆེད་དུ། ང་ལས་ཉན་པར་བརྩོན་པ་ནི། ལེགསོ་ལེགསོ་ཞེས་རབ་ཏུ་དགེས་པ་སོ་གཉིས་མངོན་པོར་བརྗོད་པའོ།། དེའི་དོན་དུ་ལེགས་སོའི་སྒྲ་སྦྱོར་བ་ལ་བཞི་པའོ།། གང་གི་ཕྱིར། མགོན་པོ་རྫོགས་སངས་རྒྱས་ཀུན་གྱི།། གསང་འཛིན་ཅི་ནས་བདག ་འགྱུར་གྱི།། ཞེས་ཁྱོད་ཀྱི་མངོན་པར་སྨྲས་པ་དེའི་ཕྱིར་འདི་གསུངས་ཏེ། དེ་བཞིན་དུ་ཁྱོད་ལེགས་པར་སྟོན་ཅིག། ཅི་ནས་ཀྱང་ཟུང་ཞིག། རྫོགས་པའི་སངས་རྒྱས་ཀུན་གྱི་གསང་བ་ཅི་ནས་ཀྱང་ཟུང་ཞིག། སེམས་ཅན་རྣམས་ལ་ཇི་ལྟ་བར་རབ་ཏུ ་གསལ་བར་གྱིས་ཤིག། དེའི་ཕྱིར་ཁྱོད་ཉོན་ཞེས་སྦྱར་ཏེ། ཅི་ལྟར་ཉན་ཞེ་ན་གསུངས་པ། རྩེ་གཅིག་ཡིད་ཀྱིས་ཏེ་རྣམ་པར་གཡེང་བ་མེད་པའི་སེམས་ཀྱིས་སོ།། བཅོམ་ལྡན་དེ་ནི་ལེགས་ཤེས་གསོལ་ཞེས་པ། བཅོམ་ལྡན་འདས་ལ ་ལེགསོ་ཞེས་གསོལ་པ་སྟེ། ལེགས་སོ་ཞེས་བྱ་བ་ལ་གསོལ་པའོ།། གུས་པ་བསྐུལ་ཏེ་ཉན་ནོ་ཞེས་པའི་དོན། རྣམ་པར་གཡེང་བ་མེད་པའི་སེམས་དང་དད་པ་བསྐྱེད་པས་ལྷག་པར་རྟོགས་པར་བྱ་བར་ནུས་ཞེས་དགོངས་པའོ།། འདི་ཡང ་མ་འོངས་པའི་གདུལ་བྱའི་སྐྱེ་བོ་རྣམས་ལ་བསླབོ་པའི་དོན་དུ་གསུངས་ཀྱི། རྡོ་རྗེ་འཛིན་པ་ལ་ནི་མཉམ་པར་མ་བཞག་པའི་སེམས་མེད་དེ་ཞེས་མ་ཡིན་པ་མི་བྱའོ་ཞེས་སོ།། དེ་ལྟར་ཡང་རབ་ཏུ་དམོའ་བའི་སྟན་ལ་འདུག། དུལ་བའི་དཔལ ་ཉིད་ཐམས་ཅད་དུ་ཁྱབ་པ་ཉིད་ཀྱིས་མཐུ་ཆེན་ཏེ། འདི་ལ་མཐུ་ཆེན་པོ་མངའ་བས་དེ་ལྟར་བཤད་དེ།། དེས་སེམས་ཅན་མ་ལུས་པའི་དོན་མཛད་པའི་མཚན་ཉིད་ཀྱི་དེ་བཞིན་གཤེགས་པའི་ཕྲིན་ལས་ལ་གཅེས་པར ་བཛིན་པའི་ཕྱིར། ཅེས་པ་འཛིན་པའོ།། དེ་ཉིད་སྔོན་གྱི་སྐྱོན་ལམ་གྱི་འཕེན་པའི་ཤུགས་ཀྱིས་རང་གི་དང་གིས་འཇུག་པའི་ཕྱིར། གཞན་གྱི་དྲིང་མི་འཇོག་པའོ།། ན་མཁའ་བཞིན་དུ་སེམས་ཅན་ཐམས་ཅད་ལ་འདིས་གོ་སྐབས་འབྱེད་པའི ་ཕྱིར་ཆེན་པོ་ཡང་འདི་ཡིན་ལ་སྔགས་ལ་སོགས་པའི་ཐེག་པ་ཆེན་པོའི་བདག་ཉིད་ཅན་གྱི་ལམ་གྱི་ངོ་བོ་ཉིད་ཀྱི་ཚུལ་ཡང་ཡིན་པས་ན་ཚུལ་ཆེན་ནོ།། ཚིགས་ཐམས་ཅད་ཀྱི་དབང་ཕྱུག་ཉིད་དུ་གྱུར་པའི་བདག་ཉིད་ཆེན་པོ་གསུངས་པ ་ཚིག་རྗེ་ཞེས་པ་ལ་སོགས་པ་སྟེ། དོན་སོ་སྟེ་ཡང་དག་པར་རིག་པ་ལྷག་པར་རྟོགས་པས་ཆོས་ཐམས་ཅད་སྟོང་པ་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་དང་མངོན་པར་འདུ་བྱ་བ་མེད་པ་ཡི་སོགས་པའི་དོན་ངེས་པར་བསྟན་པ་རྣམས ་དང་མི་ཟད་པ་ངེས་པར་བསྟན་པ་རྣམས་ལ་ཚིག་གི་དབང་ཕྱུག་ཏུ་གྱུར་པའི་ཕྱིར་ཚིག་རྗེའོ།། ཆོས་སོ་སོ་ཡང་དག་པར་རིག་པ་ལྷག་པར་རྟོགས་པས་སེམས་ཅན་རྣམས་ཀྱི་སྤྱོད་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་སེམས་ཀྱི་འཇུག་པ་རྣམས ་འདིས་མཁྱེན་ནས་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་པོ་རྣམས་སྐད་ཐོ་དད་པ་སྣ་ཚོགས་ཀྱིས་ངེས་པར་སྟོན་པ་ལ་ཚིག་གི་མངའ་བདག་ཏུ་གྱུར་པའི་ཕྱིར། ཚིག་གི་བདག་པོའོ།། རིགས་པ་དང་གྲོལ་བར་སྨྲ་བའི་ནུས་པའི་མཚ ་ཉིད་ཅན་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ལྷག་པར་རྟོགས་པས་འདུལ་བའི་ཐབས་མཐའ་ཡས་པས་སེམས་ཅན་མཐའ་ཡས་པའི་ཡིད་རབ་ཏུ་ཚིམ་པར་མཛད་ཅིང་སྤོབས་པ་མཐའ་ཡས་པས་རྒྱུན་མི་འཆད་པའི་ཚིག་གི་རྒྱུན ་འབྱུང་བ་གང་ཡིན་པ་དེ་ནི་ཚིག་མཐའ་ཡས་པའོ།། འདིས་ཀྱང་བཅོམ་ལྡན་འདས་མགོན་པོ་འཇམ་པའི་དཔལ་ནི་ཟད་མི་ཤེས་པའི་ཚིག་གི་མཛོད་ཉིད་དུ་བསྟན་ཏོ།། སེམས་ཅན་རྣམས་ལ་གཅིག་ཏུ་ཕནི་ཞིང་མི་བསླུ་བ་ཉིད་ཀྱིས་ཚིག ་བདེན་པ་གང་ཡིན་པ་དེ་དེ་བཞིན་ནོ།། བདེན་པ་ནི་མི་གནས་པའི་མྱ་ངན་ལས་འདས་པ་སྟེ། དེ་གསུང་བའི་ངང་ཚུལ་ཉིད་ཀྱི་ཕྱིར་བདེན་པར་སྨྲ་བའོ།། ངང་གི་སྒྲ་ནི་ངེས་གཟུང་གི་དོན་ཏོ།། བདེན་པ་བཞི་ནི་སྡུག་བསྔལ་དང་། ཀུན་འབྱུང ་དང་། འགོག་པ་དང་། ལམ་ཞེས་བཤད་པ་རྣམས་ལ་རིམ་པ་བཞིན་རེ་རེ་ལ་ཡང་རྣམ་པ་བཞི་སྟེ། མི་རྟག་པ་དང་སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་དང་། ཀུན་འབྱུང་བ་དང་། རྒྱུ་དང་རབ་ཏུ་སྐྱེ་བ་དང་། རྐྱེན་དང ་འགོག་པ་དང་། ཞི་བ་དང་། གྱ་ནོམ་དང་། ངེས་འབྱུང་དང་། ལམ་དང་། རིགས་པ་དང་། སྒྲུབ་པ་དང་། ངེས་འབྱིན་གྱི་རྣམ་པ་རྣམས།། འཕགས་པ་རྣམས་ལ་དེ་ཁོ་ན་ལྟར་བདེན་པས་འཇིགས་པའི་བདེན་པ་རྣམ་སོ།། དེ་རྣམས ་ཇི་ལྟར་གནས་པ་དེ་བཞིན་དུ་ཕྱིན་ཅི་མ་ལོག་པར་སྟོན་པར་བྱེད་པས་ན། བདེན་པ་བཞི་ནི་སྟོན་པ་པོ།། དེ་ཡང་། སྡུག་བསྔལ་གསུམ་དང་ལྡན་པས་མི་མཐུན་པས་གཟིར་བ་ཉིད་ཀྱིས་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་བ་སྟེ། ་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་ཕྱིར་རང་བཞིན་མེད་པར་ཡོངསུ་ཤེས་པའོ།། གང་གི་ཕྱིར་སྡུག་བསྔལ་གྱི་རྒྱུ་ནི་ཀུན་འབྱུང་སྟེ། སྲེད་པ་དང་། ལས་དང་། ཉོན་མོངས་པའི་མཚན་ཉིད་ཀུན་འབྱུང་བ ་དེ་ཡང་སྔ་མ་བཞིན་དུ་ཡོངསུ་ཤེས་པ་ཉིད་ཀྱིས་སྤང་བར་བྱའོ།། སྡུག་བསྔལ་དང་བྲལ་ནས་སླར་མི་འབྱུང་བ་ནི་འགོག་པ་སྟེ། དེ་ནི་དེ་བཞིན་ཁོ་ནར་མངོན་དུ་བྱའོ།། སྡུག་བསྔལ་འགོག་པར་འགྲོ་བའི་འཕགས་པའི་ལམ་ཡན་ལག་བརྒྱད་པ ་སྒྲུབ་པའི་མཚན་ཉིད་ནི་ལམ་སྟེ། དེ་ཡང་དེ་བཞིན་ཁོ་ནར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསམ་པར་བྱ་ཞིང་བསྒོམ་པར་བྱའོ།། ཉན་ཐོས་ལ་སོགས་པ་རྣམས་ལ་ནི་མི་རྟག་པ་ལ་སོགས་པའི་རྣམ་པས་སྡུག་བསྔལ་ཡོངསུ་ཤེས ་པར་བྱས་ཏེ། ངེས་པར་འབྱིན་པས་སེམས་ཅན་གྱི་དོན་ལ་རྒྱུ་བོ་གྱིས་ཕྱོགས་ནས་ཀུན་འབྱུང་བ་སྲེད་པ་ལ་སོགས་པའི་མཚན་ཉིད་སྤངས་ནས། ཕུང་པོ་རྣམས་ཐམས་ཅད་དུ་ཆད་པའི་འགོག་པ་མངོན་དུ་བྱས་ཏེ། ལམ་བསྒོམས་ནས་མར་མེ ་བཞིན་མྱ་ངན་ལས་འདའ་བའི་ལམ་སྟོན་པས་བདེན་པ་བཞི་ནི་སྟོན་པ་པོ།། ཕྱིར་མི་ལྡོག་པ་ཞེས་པ་ནི། རྟོགས་པ་ལས་ཕྱིར་མི་ལྡོག་པ་སྟེ། དེ་ཉིད་ཕྱིར་མི་ལྡོག་པའོ།། རང་གི་དོན་ལ་དེ་ཕན་གྱི་རྐྱེན་དང་ཚིག་སྔོན་མ་ལ་འཕེལ་བའོ།། ་བརྒྱད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཕྱིར་མི་ལྡོག་པར་བཤད་དོ།། ཕྱིར་མི་འོང་ཞེས་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པོའི་འབྲས་བུ་ལ་བྱམ་ས་མ་མ་ཐམ་ལ@# ་གནས་པའི་སློབ་པ་ལ་བརྗོད་དེ། འདོད་པའི་འཇིག་རྟེན་དུ་ཕྱིར་མི་འོང་བར་དེ་ཉིད་དུ་ཉོན་མོངས་པ་ཟད་པར་བྱས་ནས་ཡོངསུ་མྱ་ངན་ལས་འདའ་བའོ།། ཐེག་པ་ཆེན་པོ་ལ་ནི་ཕྱིར་མི་ལྡོག་པ་གང་ཡིན་པ་དེ་ཉིད་ཕྱིར་མི་འོང་བའོ།། བསེ་རུའི ་ར་ཅན་བཞིན་གཅིག་པུར་སྤྱོད་པ་རང་སངས་རྒྱས་ཏེ། བེསེ་རུ་ཞེས་བརྗོད་དེ། ཀུན་རྫོབ་ཏུའོ།། དོན་དམ་པར་ནི་བསེ་རུ་དང་འདྲ་བས་བསེ་རུ་སྟེ། གཉིསུ་མེད་པའི་ཕྱིར་རོ།། འདིས་ནི་རང་སངས་རྒྱས་ཀྱིས་འདུལ་བའི་སེམས་ཅན་འདུལ ་བའི་དོན་དུ་རང་སངས་རྒྱས་ཀྱི་ཚོགས་ཀྱི་གཟུགསུ་བདག་ཉིད་སྟོན་པར་གསུངསོ།། འདྲེན་པ་རང་རྒྱལ་ནི་སོ་སོར་འདྲེན་པ་ཞེས་བརྗོད་དེ། སོ་སོ་སོ་སོ་ནི་རེ་རེའི་འདྲེན་པོ་སྟེ། འདི་ཡང་ཀུན་རྫོབ་ཏུ་སྦྱོར་རོ།། དོན་དམ་པར་ནི་འདི་འཇིག་རྟེན ་གྱི་ཁམས་སོ་སོར་སེམས་ཅན་ཐམས་ཅད་ཀྱི་འདྲེན་པར་གྱུར་ཏེ་བྱང་ཆུབ་ཀྱི་ལམ་ཐོབ་པར་བྱེད་པའི་ཕྱིར་སོ་སོ་འདྲེན་པ་སྟེ། འདི་ཡང་ཉན་ཐོས་ལ་སོགས་པའི་གཟུགས་ཀྱིས་འདུལ་བའི་སེམས་ཅན་རྣམས་ལ་བསྟན་པའོ།། དེ་ཉིད་ཀྱི ་ཕྱིར་ངེས་འབྱུང་སྣ་ཚོགས་ངེས་འབྱུང་བ་སྟེ། བསམ་པ་པ་ཇི་ལྟ་བོར་ལམ་ཐམས་ཅད་ཀྱིས་སེམས་ཅན་ཐམས་ཅད་མྱ་ངན་ལས་འདས་པ་ཐམས་ཅད་ཐོབ་པར་ར་ཀྱི་གཉིས་ལ་པམཤེས་པ་དོན་ས་ས་བྱ་བའི་ཕྱིར་རབ་ཏུ་འཇུག་པའི་ཕྱིར་རོ།། འབྱུང་བ ་ཆེན་པོ་རྒྱུ་གཅིག་པ། ཞེས་པ་ལ་འབྱུང་བ་ཆེན་པོ་ནི་ས་ལ་སོགས་པ་རྣམསོ།། དེ་རྣམས་ཀྱི་གཉིསུ་མེད་པའི་རྒྱུནི་བྱང་ཆུབ་ཀྱི་སེམས་ཏེ། ཐམས་ཅད་སྒྲུབ་པར་བྱེད་པའི་ཕྱིརརོ།། ལིངྒ་སྱ་ཏོནྟ་ཏཱཏ་པུཾ་སྟེ། པ ་དེ་ཡང་རྒྱུད་གཅིག་པ་ཞེས་པའི་སྐད་དོ་ལ། ཨེ་ཀ་ཀ་ཎཞེས་སྐྱེས་པའི་རྟགས་མ་ཁར་ཡོད་པ་ནི་རྩཝའི་རྟགས་ཀྱི་རྒྱུད་ལ་དེ་ལྟར་བཤད་པའི་ཕྱིར་རོ་ཞེས་འཆད་བའོ། ཡང་ན་འབྱུང་བ་ཆེན་པོ་རྣམས་དེ་ལྟ་བུར་རྒྱུ་གཅིག་པ་གཉིསུ་མེད་པར་ཤེས་པར་བྱེད་པ་པོའི་རྒྱུ་གང་ཡིན་པ ་ཞེས་ཚིག་རྣམ་པར་སྦྱརརོ།། འབྱུང་བ་ཆེན་པོ་རྣམས་ཇི་ལྟར་འབྱུང་ཞིང་བྱ་བ་དེ་ལྟར་དེས་བསྐྱེད་ཞེས་དགོངས་པའོ།། མྱ་ངན་ལས་འདས་པའི་ལམ་གྱི་སྒྲ་ནི་ཉོན་མོངས་པ་རྣམས་ཏེ། དེ་རྣམས་འཕགས་པའི་ལམ་གྱོས་བཅོམ་པས་ན་དགྲ ་བཅོམ་པ་སྟེ། འདི་ནི་ངོས་པོའི་ཚིག་གི་མཚན་ཉིད་ཀྱིས་འགྲུབ་པོ།། ནང་གི་བདག་ཉིད་ཀྱིས་ཉོན་མོངས་པ་ཟང་པོའི་ཕྱིར་ཟག་པ་ཟད་པའོ།། དགེ་སློང་ཚུར་ཤོག་ཅེས་བྱ་བ་དང་གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས ་པའི་ཕྱིར་དགེ་སློང་ངོ་།། ཁམས་གསུམ་པའི་འདོད་ཆགས་དང་མམ་ག་ཕྱིས་ཉི་ཀྱི་སྲོག་བྱས་ཏེ་སྦྱ་ས་མ་ཉམས་པ་སོང་པར་ཞེས་ལ་དང།། བྲལ་བ་གང་ཡིན་དེ་ནི་འདོད་ཆགས་བྲལ་བའོ།། ཡུལ་རྣམས་ལ་འཇུག་པ་འགོག་པས ་ན་དབང་པོ་ཐུལ་པ་གང་ཡིན་པ་དེ་དེ་བཞིནོ།། དེ་ལྟར་ཀུན་རྫོབ་ཏུ་བཅོམ་ལྡན་འདས་ཉིད་དེ་དེའི་གཟུགས་ཀྱིས་དེ་ལྟ་དེ་ལྟར་སྟོན་པར་མཛད་པའོ།། དོན་དམ་པར་ནི་ཁམས་གསུམ་པས་མཆོད་པར་འོས་པའི་ཕྱིར་དགྲ་བཅོམ་པའོ།། ་ཟག་པ་ཟད་པ་ནི་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟེ། འདི་ཡང་བདུན་སྲིད་ཀྱི་བརྒྱ་པ་ལས་གསུངས་པ། བདགས་མ་མ་མ་མ་པ་པ་ཡོ་ཉིད་ཀྱི་ཟག་པ ་ཟད་པ་ནི་ཉན་ཐོས་ཀྱི་བྱང་ཆུབ་དང་རང་སངས་རྒྱས་ཀྱི་བྱང་ཆུབ་རྣམས་ཀྱི་ཟག་པ་ཟད་པས་ཡིན་གྱི། འདོད་ཆགས་དང་བྲལ་བ་བཞིན་ཉོན་མོངས་པའི་ཟག་པ་ཟད་པ་ཙམ་ནི་མ་ཡིན་ནོ་ཞེས་སོ།། རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ཀྱི་ཕྱིར ་ན་མོངས་པ་རྣམས་ཤིན་ཏུ་ནུབ་པར་གྱུར་པ་དེ་ལྟ་བུ་དེ་ནི་ཟད་པ་སྟེ། ཇི་སྐད་དུ། གལ་ཏེ་ལ་ལའི་ཉོན་མོངས་པ། གང་དག་རང་བཞིན་གྱིས་ཡོད་ན།། ཇི་ལྟ་བུར་ན་སྤོང་བར་འགྱུར།། ཡོད་པ་སུ་ཞིག་སྤོང་བར་བྱིང་།། གལ་ཏེ་ལ ་ལའི་ཉོན་མོངས་པ།། གང་དག་རང་བཞིན་གྱིས་མོད་ན།། ཇི་ལྟ་བུར་ན་སྤོང་ར་བྱེད་ཆ་གསུམ་ས་བར་འགྱུར།། མེད་པ་སུ་ཞིག་སྤོང་བར་བྱེད།། ཅེས་གསུངསོ།། ཡང་ན་ཉོན་མོངས་པ་བཅོམ་པ་ཉིད་ཀྱིས་ན་དགེ་སློང་ངོ་།། འཁོར་བ་དང་མྱ་ངན ་ལས་འདས་པ་དགྲ་ལ་མ་ཆགས་པའི་ཕྱིར་ཆགས་བྲལ་ལོ།། ཐར་པའི་ཆ་དང་འཐུན་པ་དང་དད་པ་ལ་སོགས་པའི་དབང་པོ་ལྔའི་དབང་དུ་གྱུར་པས་དབང་པོ་ཐུལ་བའོ།། ཉེ་བར་དམིགས་པའི་ཉོན་མོངས་པ་དང་གནས་ངན་ལེན་དང་བྲལ ་བའི་ཕྱིར་བདེ་བ་རྙེད་པ་དང་འཇིགས་མོད་ཐོབ་པའོ།། རང་གི་རྒྱུད་ཉོན་མོངས་པ་ཐམས་ཅད་དང་བྲལ་བས་ཉོན་མོངས་ཐམས་ཅད་རྒྱུན་ཆད་པའི་ཕྱིར་བསིལ་བར་གྱུར་པའོ།། བསིལ་བར་བྱེད་པས་བསིལ་བ་སྟེ། བསིལ་བ་མ་ཡིན་པ ་བསིལ་བར་གྱུར་ཞེས་སྦྱར་བར་བྱའི།། ཉན་ཐོས་ལ་སོགས་པའི་མར་མེ་ཤི་བ་ལྟ་བུའི་བསིལ་བ་ཐོབ་པར་གྱུར་པ་ནི་མ་ཡིན་ནོ།། གང་གི་ཕྱིར་རྣམ་པར་རྟོག་པའི་རྙོག་པ་དང་བྲལ་བར་གྱུར་པ་དེའི་ཕྱིར་རྙོག་པ་མེད་པའོ།། འཕགས་པའི ་ལམ་ཡན་ལག་བརྒྱད་ལས་ཡང་དག་པའི་ལྟ་བ་ནི་རིག་པའོ།། ཡན་ལག་ལྷག་མ་བདུན་པོ་རྣམས་ནི་རྐང་པ་སྟེ། དེ་དག་དང་ལྡན་པའི་ཕྱིར་རིག་པ་ནི་རྐང་པར་ལྡན་ནོ།། བདེ་བར་གཤེགས་པ་ནི་མཛེས ་པར་གཤེགས་པས་གཟུགས་མཛེས་པའི་བུ་མོ་བཞིན་དང་མ་ལུས་པར་གཤེགས་པས་བུམ་པ་ལེགས་པར་གང་བ་བཞིན་དང་། ཕྱིར་མི་ལྡོག་པར་གཤེགས་པོ་རིམས་ནང་ལེགས་པར་བྱང་བ་བཞིན་ནོ།། འདི་དག་གིས་ཀྱང ་གཤེགས་པ་ནི་མཁྱེན་པའི་དོན་ཏེ་ཕྱིན་ཅི་མ་ལོག་པའི་ལམ་ཐུགསུ་ཆུད་པ་དང་། ཤེས་བྱ་མཐའ་དག་ཐུགས་སུ་ཆུད་པ་དང་། ཆོས་ཉིད་ཐུགས་ཆུད་པ་ཡོངསུ་མ་ཉམས་པ་རྣམས་དང་གྲངས་ཇི་ལྟ་བ་བཞིན་དུ་སྦྱར་རོ།། འགྲོ ་པབའི་སྐྱེ་གནས་ཀྱི་དབྱེ་བ་ས་དང་རི་བོ་དང་རྒྱ་མཚོ་དང་གླིང་གི་དབྱེ་བས་ཕྱེ་བ་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་ཏེ། ཤ་ལ་སོགས་པའི་སྤྱན་ལྔ་པོས་ཇི་ལྟ་བ་བཞིན་རིག་ཅིང་མཐོང་བས་ན་འཇིག་རྟེན་རིག། ཡང་ན་ཕུང་པོ་ལྔ་ནི ་བཇིག་རྟེན་ཞེས་བཤོད་དེ། དེ་ཡང་དོན་དམ་པར་འཇིག་པ་དང་མི་འཇིག་པའི་རང་བཞིན་མེད་པ་ཉིད་དུ་ཡོངསུ་ཤེས་པའི་ཕྱིར་འཇིག་རྟེན་རིག་གོ། དེ་ཉིད་ཀྱི་ཕྱིར་རང་དང་གཞན་གྱི་སྡེ་རྣམས་ལས་ཕུལ་དུ་བྱུང་བའི་ཕྱིར་མཆོག། ་གཉིསུ་མེད་པའི་ཡེ་ཤེས་ཀྱི་བདག་འདིའོ་ཞེས་རྟོག་པ་དང་བྲལ་བས་བདག་གིར་མི་འཛིན་པའོ།། བདག་རྐྱེན་དུ་གཟུང་བའི་བདག་ཉིད་ནི་ཚད་མས་གནོད་པ་ཉིད་ཀྱིས་ཁས་མ་བླངས་པའི་ཕྱིར་བདག་གིར་མི་འཛིན་པའོ།། དོན་དམ ་པར་ནི་འདི་ལ་བདག་གིར་མི་འཛིན་པ་དང་ངར་མི་འཛིན་པ་ཡང་མེད་དེ། ཇི་སྐད་དུ། ང་དང་ང་ཡིར་འཛིན་མེད་གང་།། དེ་ཡང་ཡོད་པ་མ་ཡིན་ཏེ།། ང་དང་ང་ཡིར་འཛིན་མེད་པར།། གང་གི་མཐོང་པ་དེ་མི་མཐོང་།། ཞེས།། བཅོམ་ལྡན ་འདས་ཀྱི་ཚུལ་འདི་དག་ཕན་ཚུན་མི་འགལ་ལམ་ཅི་ཞེ་ན། བདེན་པ་ཞེས་པ་ལ་སོགས་པ་གསུངས་ཏེ། བདེན་པ་གཉིས་ནི་ཀུན་རྫོབ་དང་དོན་དམ་པའི་བདེན་པའི་ངོ་བོའོ།། དེ་ལ་ཀུན་རྫོབ་ཀྱི་བདེན་པའི་ཚུལ་ནི་ཉན་ཐོས་དང་རེང ་སངས་རྒྱས་ཀྱི་ལམ་ཐུགས་སུ་ཆུད་ཅིང་ཉོན་མོངས་པ་དང་རྣམ་པར་བྱང་བྱེད་བཅི་བརྒྱད་པ་བདག་དང་ཚམ་བརྟགས། བ་ལ་སོགས་པའི་ཚུལ་གྱིས་བཞུགས་པའོ།། དོན་དམ་པའི་བདེན་པ་ནི་སྤྲོས་པ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན ་གྱི་བདག་པོ་འཇམ་པའི་མགོན་པ་སྟེ། དེ་ཉིད་གདུལ་བྱ་རྣམས་ལ་དེ་ལྟ་དེ་ལྟར་སྣང་བར་མཛད་པས་ན། བདེན་པ་གཉིས་ཀྱི་ཚུལ་ལ་མི་གནས་པའི་ཚུལ་གྱིས་གནས་ཏེ་ཁྱད་པར་ནི་དེ་ཡོད་དོ།། དེ་ལྟར་ཡང་ལང་ཀར་གཤེ ་པར་གསུངས་པ། ང་ཡི་ཚུལ་ནི་རྣམ་གཉིས་ཏེ། བསྟོན་པ་དང་ནི་གྲུབ་མཐའོ།། བྱིས་པ་རྣམས་ལ་སྨྲ་བ་བསྟན།། རྣལ་འབྱོར་ཅན་ལ་གྲུབ་པའི་མཐའ།། ཞེས་སེ། གནས་ནི་འཆད་པར་འགྱུར་བ་ལ་ཡང་སྦྱརརོ།། བསྟོད་ནམ ་དང་ཡེ་ཤེས་ཀྱི་ཚོགས་ཀྱི་བདག་ཉིད་ཆེན་པོ་གསུངས་པ། འཁོར་བའོ་ཞེས་པ་ལ་སོགས་པ་སྟེ། ཉོན་མོངས་པ་དང་ལས་ལས་བྱུང་བའི་འགྲོ་བ་ལྔ་པོ་རྒ་ཤེས་རབ་ཏུ་བཅིངས་པའི་ངོ་བོ་ནི་འཁོར་བའོ།། ཕ་རོལ་ནི་མྱ ་དྲན་ལས་འདས་པའོ།། དེ་དག་གི་མཐའ་ནི་རང་བཞིན་མེད་པ་ཉིད་དེ། འཁོར་བ་དང་མྱ་ངན་ལས་འདས་པའི་དབྱེ་བ་གཉི་སུ་མེད་དོ་ཞེས་པའི་དོན་ཏོ།། དེ་ལ་གནས་པ་ནི་མི་གནས་པའི་ཚུལ་གྱིས་གནས་པའོ།། ་དེ་སྐད་དུ་ཡང་། ཤེས་པས་སྲིད་ལ་མི་གནས་ཤིང་།། སྙིང་རྗེས་ཞི་ལ་མི་གནས་དང་།། ཐབས་མ་ཡིན་པས་རིང་བ་དང་།། ཐབས་ཀྱི་རིང་བ་མ་ཡིན་ཉིད།། ཅེསོ།། དབྱེར་མི་ཕྱེད་པའི་མཐའ་ལ་ཆོས་ཉིད་ཀྱི་གནས་པ་ཉིད་དེ། ཇི་སྐད་དུ། ་མྱ་ངན་ལས་མ་མནགས་ཅན་རྩིགས་ག་འདས་པ་བརྟག་པུར།། འཁོར་བ་མྱ་ངན་འདས་པ་ལས།། ཁྱད་པར་ཅུང་ཟད་ཡོད་མ་ཡིན།། མྱ་ངན་འདས་པའང་འཁོར་བ་ལས།། ཁྱད་པར་ཅུང་ཟད་ཡོད་མ་ཡིན།། མྱ་ངན་འདས་མཐའ་མས ་གོང་ཡིན་པ།། དེ་ནི་འཁོར་བའི་མཐའ་ཡིན་ཏེ།། དེ་གཉིས་ཁྱད་པར་ཅུང་ཟད་དེ།། ཤིན་ཏུ་ཕྲ་བོའང་ཡོད་མ་ཡིན།། ཞེས་སོ།། དེ་ལྟ་བུར་བཤད་པ་ཇི་ལྟར་ཡིན་ཞེ་ན། གསུངས་པ། བྱ་བ་བྱས་པ་ཞེས་པ་སྟེ། བྱ་བ་ནི་གང་བྱང ་ཆུབ་སེམས་དཔའ་རྣམས་སེམས་ཅན་མ་ལུས་པའི་དོན་མཛད་པར་སྤྱོད་པའི་བདག་ཉིད་ཀྱི་དངོས་པོ་བསྐྱེད་དེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ས་དང་ཕ་རོལ་ཏུ་ཕྱིན་པ་ཡོངསསུ་རྫོགས་པར་བྱེད་པའི་མཚ་ནི་ཉིད་ཅན་ནོ།། ་བྱ་བ་དེ་བྱས་པ་གང་ཡིན་པ་དེ་དེ་བཞིན་ནོ།། བྱ་བ་དེ་བྱས་ནས་སྲིད་པ་དང་མྱ་ངན་ལས་འདས་པའི་གཡང་ས་ལས་འདས་ཤིང་ཐམས་ཅད་ལས་འཕགས་པས་སྐྲག་པ་ཐམས་ཅད་དང་བྲལ་བའི་གནས་ལ་གནས་པའི་ཕྱིར་སྐམ་པར ་གནས་པའོ།། ཉན་ཐོས་ཀྱི་ཐེག་པ་ལྔ་ནི་འཁོར་བའི་ཕ་རོལ་ཞེས་པ་ལ་སོགས་པ་མྱ་ངན་ལས་འདས་པ་ཐོབ་པ་ལ་བཤད་དེ། མྱ་ངན་ལས་འདས་པས་འདུལ་བ་རྣམས་ལ་དེ་ལྟར་སྣང་བའོ།། ཡེ་ཤེས་འབའ་ཞིག་ནི་གཉི་སུ་མེད་ཅེས ་པའི་དོན་ཏོ།། འབའ་ཞིག་པ་ཉིད་ནི་ཡེ་ཤེས་འབའ་ཞིག་པ་སྟེ། དེས་ངེས་པར་གསལ་ཏེ་ཕྱུང་བས་ན། བཅོམ་ལྡན་འདས་འཇམ་དཔལ་ནི་དེ་བཞིན་གཤེགས་པའི་གཉིསུ་མེད་པའི་ཡེ་ཤེས་ལས་ངེས་པར་འཁྲུངས་པའོ།། ཞེས་པའི་དོན ་ཏོ། ཡང་ན་གྲངས་ཅན་པ་དང་ཕྱོགས་ཀྱི་གོས་ཅན་པས་ཐར་པའི་རྒྱུར་ཡོངསུ་རྟོགས་པ་ནི་ཤེས་པ་བགའ་ཞིག་གོ།། དེ་ནི་ཤིན་ཏུ་རྣོ་བའི་ཤེས་རབ་ཀྱི་སྣང་བས་ངེས་པར་ཕྱུང་བ་སྟེ། འཇུག་པའི་གནས་ངེས་པར་བསལ་ཞིང་མེད་པར་བྱས་པ ་གང་ཡིན་པ་དེ་ལ་ལྟར་བཤད་དོ།། གཅེར་བུ་བ་མི་ངེས་ཕྱུང་ཤེས་པ་འབའ་ཞིག་པ་ཞེས་པའི་དོན་ཏོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། ཤེས་རབ་མཚོན་ཆ་ཞེས་པ་སྟེ། 8འགྱུ་ཐམ་བཏུ་ཅིང་མམ་མས་པས། ས་པ་ད་ཏེ། ཆོས་རྣམས་ངེས་པར་འབྱེད་པའི ་ཡེ་ཤེས་ནི་ཤེས་རབ་སྟེ། དེ་ཉིད་མཚོན་ཆའོ།། གང་གི་ཞེས་དབྱེ་བས་དོན་དམ་པར་ནི་དེ་ཉིད་ཤེས་རབ་ཀྱི་རང་བཞིན་གྱིས་མཚོན་ཆའོ།། ལིངྒི་ཏྲ་ཏནྟྲ། དེ་ཉིད་ཕས་ཀྱི་རྒོལ་བ་རྣམས་ཀྱི་ལོག་པའི་བློ་གྲོས་འཇོམས་པའི་ཕྱིར་རྣམས་འཇོམས ་པའོད་ཡེ་ཤེས་འབའ་ཞིག་ངེས་བསལ་ངས་སོག། པ་དང་ཤེས་རབ་མཚོན་ཆ་ཞེས་ཀློག་པ་ཡང་གི་སླ་བ་ཉིད་དོ།། དམ་ཅི་ང་ས་མ་ས་རྒྱ་མ་བ་ཀྱི་ང་འི་རྒྱ་ནམ་མང་དས། བ་ནི་བྱང་ཆུབ་སེམས ་དཔའ་རྣམསོ།། ཆོས་ཀྱི་བརྩེ་བ་དང་སྦྱིན་པ་ལ་སོགས་པའི་རང་བཞིན་བཅོམ་ལྡན་འདས་འཇམ་དཔལ་ནི་དམ་ཆོས་ཏེ། དེ་ལ་གོམས་པས་དེ་ཉིད་དུ་གྲུབ་པ་སྟེ། ཇི་སྐད་དུ། ཡེ་ཤེས་ཞབས་ཀྱིས། སེམས་ཅན ་མ་ལུས་པའི་ཕུན་སུམ་ཚོགས་པ་འཛིན་པའི་ཆོས་ལ་སྐྱབསུ་མཆིའོ་ཞེས་གསུངསོ།། དེ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་ཆོས་ཀྱི་སྣང་བས་མཛེས་པས་ན་ཆོས་རྒྱལོ།། དེའི་ཕྱིར་གསལ་བར་ལྡན། འཇིག་རྟེན་སྣང་བར་བྱེད་པའི ་མཆོག་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་དུ་གཏོགས་པའི་མི་ཤེས་པའི་མུན་པ་མུན་ནག་དང་བྲལ་འི་རྟོགས་པ་ཚནས་ཕྱོག་རྣམ་ན་པོ་སྔགསས་འད་ཆེམ་མཚན་བར་བྱེད་པའི་འོད་ཟེར་གྱི ་ཚོགས་ཉིད་ཀྱིས་གསལ་ལྡན་ནོ།། གཞན་ཡང་གསུལ་ལྡན་ནཱི་འཇིག་རྟེན་སྣང་བས་ཡོ་སུཾ་ཁྱབ་པར་བྱེད་པ་སྟེ། གླང་རྟེན་ཙམོ་སྣང་བར་བྱིང་ཀྱི་ཕྱུབ་འཇིག་རྟེན་སྣང་བར་མི་བྱེད་པ་ལྟ་བུ་ནི་མ་ཡིན་ནོ།། མཆོག་ནི་ཁྱད་པར་དུ་བྱ ་པའོ།། ཆོས་ཀྱིས་རང་དང་གཞན་གྱི་བདེ་བ་སྒྲུབ་པར་བྱེད་པས་མི་ཟད་པའི་མཛོད་ཀྱི་རང་བཞིན་ཉིད་ཀྱི་དབངོ་ཕྱུག་སྟེ། ཆོས་ཀྱི་དབང་ཕྱུག་གོ།། ཡང་ནཱ་ཆོས་ཐམས་ཅད་ལ་དབང་སྦྱོར་བའི་ཕྱིར་ཆོས་ཐམས་ཅད་དེ་ལ་རག་ལས་པས་འཇུག ་པས་ན། ཆོས་ཀྱི་དབང་ཕྱུག། དེ་ཉིད་ཀྱི་ཕྱིར་ཆོས་ཀྱི་ས་སེམས་ཅན་ཐམས་ཅད་འདུལ་བར་བྱེད་པའི་ཕྱིར་ཆོས་ཀྱི་རྒྱལ་པོའོ།། དེའི་ཕྱིར་ལེགས་པའི་ལམ་མི་གནས་པའི་མྱ་ངན་ལས་འོངས་པའི་ཚུལ་ཉེ་བར་སྟོན་པ་པོ་སྟེ། འདྲས ་བུ་ཡོད་པ་ཉེ་བར་སྟོན་པའི་ཕྱིར་རོ།། གྲུབ་པ་ནི་ཡོངསུ་གྲུབ་པ་ཡིན་ལ། དོན་ནི་གདུལ་བྱ་རྣམས་ཀྱི་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་མཚན་ཉིད་དེ། གང་གི་ཕྱིར་འདི་ནི་དོན་གྲུབ་པོ།། ཅི་ལས་ཤེ་ན་གསུངས་པ། བས ་པ་གྲུབ་ཅེས་པ་ལ་སོགས་པ་སྟེ། བསམ་པ་ནི་སྨོན་ལམ་སྟེ་སྔོན་བྱང་ཆུབ་ཏུ་ཐུགས་བསྐྱོད་པ་དང་། ལས་དང་པོ་པའི་གནས་སྐབས་ན་སྨོན་ལམ་མཐའ་ཡས་པ་བཏབ་པ་གང་ཡིན་པ་དེ་རྣམ་པར་སྨིན་པས་ན་བསམ་པ་གྲུབ་པའོ།། ་དེ་ཉིད་ཀྱི་ཕྱིར་གསུངས་པ། ཀུན་ཏུ་རྟོག་པ་ཐམས་ཅད་སྤངས།། ཞེས་པ་ནི། རིམ་གྱིས་ཆོས་ཀྱི་དབྱིངས་ལ་གོམས་པའི་རང་བཞིན་གྱིས་བག་ཆགས་དང་བཅས་པའི་ཀུན་ཏུ་རྟོག་པ་ཐམས་ཅད་སྤངས་ཤིང་དོར་བས་སྐབས་མི་འབྱེད་པ ་སྟེ། ཇི་ལྟར་ཆོས་སྟོན་པར་མཛད་པ་ན་རྣམ་པར་རྟོག་པ་སྣ་ཚོགས་ལ་ལྷག་པར་སྤྱོད་པའི་ཚིག་སྟོན་པར་མཛད་ཀྱང་དེ་ཁོ་ན་ཉིད་དུ་ཀུན་ཏུ་རྟོག་པ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལ་བཅོམ་ལྡན་འདས་མོ ་བརྙེས་པས། བསམ་པ་ཇི་ལྟ་བ་དང་རྗེ་སུ་མཐུན་པའི་ཆོས་སྟོན་པ་ལྟ་བུར་སྣང་བ་ནི་གདུལ་བྱ་རྣམས་ཀྱི་རྐྱེན་ལས་བྱུང་བ་ཡིན་ལ། དེ་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ཀྱིས་ཞལ་གྱི་སྒོ་ནས་སྒྲའི་ཚོགས་རྣམས་བྱུང་བར་ཤེས ་ཤིང་ཆོས་སྟོན་པར་མཛད་དེ།། ཞེས་རྣམ་པར་འཛེག་པས་ན་འགལ་བ་མེད་དེ།། དེ་སྐད་དུ་ཡོང་། དེ་ཡི་བྱིན་གྱི་རླབས་ཙམ་གྱིས།། སྐྱེས་བུ་ཡིད་བཞིན་ནོར་བུ་ལྟར།། རྩིག་པ་ལ་སོགས་རྣམས་ལས་ཀྱང་།། ཇི་ལྟར་འདོད ་བཞིན་སྟོན་པ་འབྱུང་།། དེ་ཡི་དོན་རྣམས་དཔྱད་ནས་ནི་མི་རྣམས་ཀྱིས་ནི་ཀུན་ཤེས་ཏེ། ཕན་པ་རྣམས་ལ་ཅི་རིགས་པར།། མྱུར་བ་ཉིད་དུ་སྦྱོར་བར་འགྱུར།། ཞེས་གསུངས།། སྟོང་པ་བཞི་པར་ཡང་གསུངས་པ།། ་མགོན་པོ་སེམས་དཔའ་མི་མངའ་ཞིང་།། རྣམ་རྟོག་གཡོ་བ་མི་མངའ་ཡང་།། ལྷུན་གྱིས་གྲུབ་པར་འཇིག་རྟེན་དུ།། སངས་རྒྱས་ཀྱིས་ནི་མཛད་པ་འཇུག། གཙོ་ཏེ་ཁྱེད་ཀྱི་འགའ་ཞིག་ཏུ།། ཡི་གེ་གཅིག་ཀྱང་མ་པ་ཙུད་གསུངས ་ལ། གདུལ་བྱའི་སྐྱེ་བོ་མ་ལུས་རྣམས།། ཆོས་ཀྱི་ཆར་གྱིས་ཚིམ་པར་མཛད།། ཅེས་སོ།། དེ་ཉིད་ཀྱི་ཕྱིར། རྣམ་པར་མི་རྟོག་དབྱིངས་མི་ཟད།། དེ་ཡང་གང་ཡིན་ཞེ་ན།། ཆོས་ཀྱི་དབྱིངས་ཏེ། ཆོས་ཀྱི་དབྱིངས་ཞེས་པ་ཆོས ་ཐམས་ཅད་འབྱུང་བའི་རིགས་ཡིན་ནོ།། དེའི་ཕྱིར་ཐམས་ཅད་ལྔས་མཆོག་ཏུ་ཕུལ་དུ་བྱུང་བས་དམ་པའོ།། དངོས་པོ་གང་ཞིག་གནས་མེད་པ།། འགྲིབ་དང་འཕེལ་བ་མི་རིགས།། ཞེས་པའི་རིགས་པས་ཟུད་མི་ཤེས་པའོ།། བསོད ་ནམས་ལྡན་པ་ལ་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་གསུམ་ནི་བསོད་ནམས་ཀྱི་ཆགས་སོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟ་སོགས་པ་ལྔ་ནི་ཡེ་ཤེས་ཀྱི་ཚོགསོ།། བརྩོན་འགྲུས་དང་བསམ་གཏན་ནི་གཉིས་ཀར་གཏོག་སོ།། དེ ་ལ་བསོད་ནམས་ལྗོན་པ་སྦྱིན་པཚུལ་ཁྲིམས་བཅ་ཞེས་བྱ་བ་ནི་རྒྱུའི་གནས་སྐབསོ།། བསོད་ནམས་ཚོགས་ཞེས་བྱ་བ་ནི་འབྲས་ཤེས་ས་པ་ཤེས་བུའི་གནས་སྐབས་སོ།། དེ་བཞིན་དུ་ཡེ་ཤེས་ཡེ་ཤེས་འབྱུང་གནས་ཆེ།། ་ཞེས་པ་རྒྱུ་དང་འབྲས་བུའི་དངོས་པོ་ཉིད་ཀྱིས་ཚིགས་གཉིསུ་སྦྱར་བར་བྱའོ།། ཡེ་ཤེས་འབྱུང་གནས་ཞེས་པ་རྟགས་ཀྱི་ཕྱིར་མ་ནིང་གི་རྟགསོ།། ཡེ་ཤེས་འབྱུང་གནས་ཉིད་ཀྱི་ཕྱིར་དེའི་འབྲས་བུར་གྱུར་པའི་ཡེ་ཤེས་ནི་ཡེ་ཤེས་ལྡན ་པའོ།། ཡང་ནི་ཡེ་ཤེས་ཉིད་འབྱུང་གནས་ཏེ་སྐྱེད་པའི་གནས་གང་ཡིན་པ་ཞེས་ཚིག་ཤེས་འབྱུང་གནས་ན་ལ་རྣནན་ཆེན་མནོང་གི་རྟག་ཏུ་ཡོང་རྣམ་པར་སྦྱར་ཏེ། གཉི་སུ་མེད་པའི་ཡེ་ཤེས་གོམས་པ་ཉིད་ལས་དེ་བསྐྱེད་པས་ན། ཡེ ་ཤེས་འབྱུང་གནས་སོ།། ཡང་མེད་ཤེས་པ་ནི། ཟབ་པ་དང་རྒྱ་ཆེ་བ་ཉིད་ཀྱིས་དངོས་པོ་དང་དངོས་པོ་མེད་པ་རོ་གཅིག་པར་རྟོགས་པ་སྟེ། དེ་དེའི་དེདག་ཉིད་དུ་ལྡན་པའི་འཇམ་པའི་དཔལ་ནི་ཡོད་མེད་ཤེས་པོའོ།། དེའི་ཕྱིར་བསོ། ་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཡང་དག་པར་བསགས་པའོ།། ། ད་ནི་གསང་སྔགས་ཀྱི་ཚུལ་གྱི་ལྷ་རྣམས་ཀྱི་ངོ་བོ་དང་། ཏིང་འཛིན་དང་། སྔགས་དང་། ཁྲོ་བོ་ལ་སོགས་པའི། ་གཟུགས་ཀྱིས་གདུལ་བྱ་རྗེསུ་གཟུང་བའི་ཕྱིར་ཀུན་ཏུ་གནས་སོ་ཞེས་སྟོན་པར་བྱེད་པ་ནི། རྟག་པ་ཞེས་པ་ལ་སོགས་པ་སྟེ། ཐམས་ཅད་དུ་རྒྱུན་མི་འཆད་པར་གནས་པའི་ཕྱིར་རྟག་པ་སྟེ། རྣམ་པར་སྣང་མཛད་དོ།། གཟུགས ་སྣ་ཚོགས་པས་སངས་རྒྱས་ཀྱི་མཛད་པ་སྒྲུབ་པས་མཛེས་པའི་ཕྱིར་སྣ་ཚོགས་རྒྱལོ་པོ་སྟེ། དོན་ཡོད་གྲུབ་པའོ།། ཐབས་དང་ཤེས་རབ་སྙོམས་པར་འཇུག་པའི་མཚན་ཉིད་ཅན་གྱི་རྣལ་འབྱོར་དང་ལྡན་པའི་ཕྱིར་རྣལ་འབྱོར་ཅན་ཏེ། ་འདོད་ཆགས་དུ་རྗེའོ།། བསམ་གཏན་ཞེས་བཱ་ན། བསམ་པ་པོ་དང་བྱསམ་པར་བྱུང་དང་བསུམ་ག་ཁྱ་བ་དང་ཕྱུ་རྣམ་པར་རྟོག་པ་སོང་བ་ཐུགས་རྡོ་རྗེའི་རང་བཞིན་མོ་བསྐྱོད་པའོ།། བླསམ་བྱ་ན་སྟ། ་རྒྱས་ཉིད་དོན་དུ་གཉེར་བ་རྣམས་ཀྱིས་མཐའ་ཡས་པའི་དགའ་བའི་རྒྱུད་ཀྱི་རྒྱུ་ཉིད་ཀྱིས་བསྒོམ་པར་བྱ་བ་སྟེ། འདི་ནི་རིན་ཆེན་འབྱུང་ལྡན་ནོ།། དེ་བཞིན་དུ་བློ་ལྡན་བདག་ནི། དེ་བཞིན་གཤེགས་པ་ལྔ་པོ་རྣམས་ཀྱི་ཡེ་ཤོས་ཀྱི ་བདག་པོ་དྲུག་པ་རྡོ་རྗེ་འཆང་གི་རང་བཞིན་ཏེ། འདི་ཡང་འཇམ་པའི་དཔལ་ཉིད་དོ་ཞེས་མངོན་པར་བརྗོད་པའོ།། དེ་ལྟར་ཡང་། བདེ་གཤེགས་ཤེས་རབ་དྲི་མ་མེད།། འཇམ་པའི་དབྱངསུ་དེ་བཤད་དོ།། དངོས་དང་དངོས་མེད་རྣམ་དཔྱང ་ན། སངས་རྒྱས་ཀུན་ལ་བདག་མེད་ཀྱང་།། བདག་གི་དབང་དུ་འཇུག་འགྱུར་བ།། ཨེ་མའོ་ཆོས་ཀྱི་ཆོད་ཉིད་ཡིན།། རྡོ་རྗེ་ཧྲཱིཿ་ངས་རྒྱན་གྱི་རྒྱུད་ལས་ཞེས་གསུང་སོ།། དེ་ལྟ་བུའི་ངོ་བོ་ཉིད་དུ་གང་གིས་ཇི་ལྟར་རྟོགས་པར་བྱ་ཞེ་ན་གསུངས་པ། སོ ་སོ་རང་རིག་ཅེས་པ་སྟེ། སོ་སོ་རང་རིག་པའི་ངོ་བོ་ཉིད་ལས་མ་རྟོགས་པར་གང་གིས་ཇི་ལྟར་ཡང་རྟོགས་པར་མི་ནུས་སོ་ཞེས་བྱ་བའི་དོན་ཏོ།། ཧི་ནི་ངེས་པར་གཟུང་བའོ།། དོན་དམ་པར་ནི་ངོ་བོ་གཞན་དུ་མི་འགྱུར་བའི་རང་བཞིན་གྱི་ཕྱིར ་མི་གཡོ་བ་སྟེ། རང་བཞིན་མེད་པའི་རང་བཞིན་གྱི་ཕྱིར་གཡོ་བ་མེད་དོ་ཞེས་པའི་དོན་ཏོ།། རི་བྲག་ལྟར་གནས་ནས་རྟག་པོ་ཉིད་ཀྱི་མི་ཚིགཔ་དས་མཅང་འཟུ་པ་མ་ཆུ་བ་མས་རྒྱ་@ས་པ་རྙེད་འོ་གཡོ་བ་ནི་མ་ཡོ་ནོ།། ་དེ་ཉིད་ཀྱི་ཕྱིར་གསུངས་པ།། ཆོ་ག་གི་དང་པོ་ཞེས་པ་སྟེ། མཆོག་གི་དང་པོ་རྡོ་རྗེ་འཆང་ངོ་།། དེ་སྐད་དུ་ཡེ་ཤེས་ཞབས་ཀྱིས། མཆོག་གི་དང་པོ་སྙིང་གར་འབྱུང་བ་ཡི།། རླུང་གྲང་ནར་བུའི་གཟུགས་ཅན་ད་རྡོ་རྗེ་ཞེསོ།། ཐམས་ཅད་ལས ་ཕུལ་དུ་བྱུང་བས་མཆོག་ཀྱང་འདི་ཡིན་ལ་དང་པོ་ཡང་ཡིན་པས་དེ་ཉིད་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བསྐྱེད་པ་པོའོ།། དེ་ལྟར་དབྱེར་མེད་ཀྱང་དེ་ཚེས་ཉིད་ཀྱི་སྐུའི་མངའ་བདག་ཉིད་ཀྱིས་རིགས་གསུམ་གྱི་བདག་ཉིད ་ཅན་ནི་སྐུ་གསུམ་དུ་གདུལ་བྱ་ལ་སྣང་བ་སྐྱེའོ་ཞེས་གསུངས་པ་ནི་སྐུ་གསུམ་འཆང་ཞེས་པ་སྟེ། སྐུ་གསུམ་ནི་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་ཞེས་བྱ་བ་རྣམས་སོ།། སྐུ་གསུམ་པོ་དེ་ཉིད་རིགས་ལྔའི་བདག་ཉིད་ཅན་ངོ་བོ་ཉིད་དང་། ་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པ་དང་། ཆོས་དང་ཡེ་ཤེས་ཀྱི་དབྱེ་བས་རྣམ་པ་སྔར་སྣང་བས་ན། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན།། ཞེས་པ་རྡོ་རྗེ་འཆང་སྟེ། སངས་རྒྱས་རྡོ་རྗེ་འཆང་དུ་བཤད།། ཅེས་གསུངས་པའོ།། དེ ་ལ་ངོ་བོ་ཉིད་ནི་ཆོས་ཉིད་ཀྱི་སྐུའོ།། སྐུ་བཞི་པོའི་རང་བཞིན་གྱི་ཚུལ་ནི་གཞན་གྱི་སྤྱོད་ཡུལ་མ་ཡིནོ།། ལོངས་སྤྱོད་རྫོགས་པའི་སྐུ་ནི་མཚན་དང་དཔེ་བྱད་ཤིན་ཏུ་འབར་བ་སྟེ། བྱང་ཆུབ་སེམས་དཔའ་ས་བཅུའི་དབང་ཕྱུག་རྣམས་ཀྱི་སྤྱོད ་ཡུལ་ལོ།། སྤྲུལ་པ་ནི་ཉན་ཐོས་ལ་སོགས་པ་རྣམས་ཀྱི་ཡང་སྤྱོད་ཡུལོ།། ཆོས་ཀྱི་སྐུ་ནི་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་བསྒོམ་པར་བྱ་བའི་ཆོས་ཀྱི་རང་བཞིན་ནོ།། ཡེ་ཤེས་ཀྱི་སྐུ་ནི་སེམས་ཅན་གྱི་དོན་བྱ་བ་ཐུགསུ་ཆུད་པའི་བདག་ཉིད ་ཅན་ན་ཞེས་པ་ཁྱད་པར་ཏེ། མ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔབ་བདག་ཉིད་ཀྱིས་ས་སོར་སྣང་བའི་ཕྱིར་རོ།། ང་ཉིད་མེ་ནས་ལྔའི་བདག་ཉིད་ཅན་ནོ།། དཱལཱ་དྲི་མ་མེད་པའི་སྒོ་ཤེས་མོ་ལིང་ལྟ་བུལ་ཤཱ། ་བྱཱབྷྲྀ་མྦྷ་ཁོ་མཐའ་དགུ་གཟུགས་སྤྲིནྡན་གྱི་ཚུལ་དུ་སང་རྒྱས་ན། མྨེ་གྲོང་བྷཱུ་དྷ་ནཱི་མེ་ཤེས་སོ།། རྡུལ་དེ་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཁོང་དུ་ཆུད་པ་ནི་མཉམ་པ་རྙེད་རྣཾ་མ་ན་སོ།། དེ་ཉིད་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད ་ཕྱིར་སོ་སོ་རླུང་རིག་པས་རྟོགས་པར་བྱེད་པས་ན། སཽ་སོར་རྟོགས་པའི་ཡེ་ཤེས་སོ།། དེ་ཉིད་སེམས་ཅན་མ་ལུས་པའི་དོན་གྱི་བྱ་བ་སྒྲུབ་པར་སྣང་བས་ནི། བྱ་བ་སྒྲུབ་པའི་ཡེ་ཤེསོ།། དེ་ལྟར་རྣམ་པར་གནས་ཀྱང་རང་བཞིན་གྱིས ་དྲི་མ་མེད་པའི་ཕྱིར། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཞེས་བརྗོད་པ་ནི། བཅོམ་ལྡན་འདས་འཇམ་དཔལ་ཁོམས་གསུམ་པའི་དཔལ་ཡེ་ཤེས་ལྔའི་བདག་ཉིད་ཅན་ཉིད་དོ།། སྔགས་ཀྱི་ཚུལ་ལ་ནི་ཐབས་དང ་ཤེས་རབ་གཉི་སུ་མེད་པའི་བདེ་བ་ཆེན་པོའི་རྣམ་པ་རྒྱུད་མ་ཆོད་པ་སྟེ། ཤིན་ཏུ་རྣམ་པར་དག་པའི་ཆོས་འབྱུང་གི་ཡེ་ཤེས་ཉིད་མཐོང་བའི་དབྱེ་བས་དེ་བཞིན་གཤེགས་པ་ལྔའི་གཟུགས་ཉིད་ཀྱི་ཕྱིར་ཡེ་ཤེས་ལྔའི་བདག་ཉིད་ཅེས་རྣམ ་པར་བཤད་པའོ།། དེ་ཉིད་ཀྱི་ཕྱིར་སྣ་ཚོགས་པའི་གཟུགས་དེ་རྣམས་ལ་དེའི་རང་བཞིན་གྱི་ཁྱབ་པས་ན་ཁྱབ་བདག་གོ།། རྒྱུ་ལ་འབྲས་བུས་རྒྱས་བཏབ་སྟེ། འབྲས་བུ་ལ་ཡང་རྒྱུས་རྒྱས་གོང་བ།། ཅེས་གསུངས་པའི་ཕྱིར། ་རྒྱུའི་རྡོ་རྗེ་འཆང་ལ་འབྲས་བུ་སངས་རྒྱས་ལྔས་རྒྱས་གདབ་པ་གསུངས་པ། སངས་རྒྱས་ལྔ་ཞེས་པ་ལ་སོགས་པ་སྟེ། སངས་རྒྱས་ལྔ་བདག་ཉིད་ཀྱི་ཅོད་པན་གྱིས་ཁམས་གསུམ་པའི་ཆོས་ཀྱི་རྒྱལ་སྲིད་དུ་མངོན་པར་དབང་བསྐུར་བའི་ཕྱིར། ་སངས་རྒྱས་ལྔ་བདག་ཅོད་པན་ཅན་ནོ།། ཤིའི་དང་ལྷའི་དང་། ཆོས་ཀྱི་དང་། ཤེས་རབ་ཀྱི་དང་། སངས་རྒྱས་ཀྱི་སྤྱན་ཞེས་བྱ་བ་རྣམས་ནི། དངོས་པོ་སོ་སོར་ངེས་པ་དང་། སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་དང་སྐྱེ་བ་དང་། ཆོས་ཐམས ་ཅད་ལ་རྣམ་པར་རྟོག་པ་དང་། འཕགས་པའི་གང་ཟག་ཐམས་ཅད་རྟོགས་པ་དང་། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཡུལ་ཅན་རྣམས་ཏེ། སྤྱན་ལྔ་པོ་རྣམས་ཆགས་པོ་མེད་པ་དང་། ཐོགས ་པ་མེད་འཛིན་པར་བྱེད་པ་ན། སྤྱན་ལྔ་ཆགས་མེད་པ་འཆང་བ་སྟེ། ཆགས་པ་མེད་པའི་སྤྱན་ལྔ་འཚང་།། ཞེས་པའི་དོན་ཏོ།། ཡང་ན་སྤྱན་ལྔ་ཞེས་ཚིག་ཐ་དད་པ་སྟེ། འདི་ཉིད་བཅོམ་ལྡན་འདས་ཀྱི་ལྔ་རྣམས་དང་སྤྱན་རྣམས་ནི་སྤྱན ་ལྔ་སྟེ་འཇམ་དཔལ་ཉིད་དོ།། ཀུན་སྡུད་པའི་བསྡུ་བར་སྦྱར་ཏེ་ཐམས་ཅད་དུ་ཆགས་པའི་དངོས་པོ་མེད་པས་ཆགས་པ་མེད་པ་འཛིན་པས་ནི་ཆགས་མེད་འཆང་བའོ།། དེ་ལྟར་ཡང་། བདེ་སྡུག་བདག་དང་བདག་མེད་དང་། རྟག་དོང ་མི་རྟག་ལ་སོགས་པ།། ཐ་དང་རྣམ་པར་རྟོག་རྣམས་ལོ།། གཙོ་ཁྱོད་བློ་ནི་ཆགས་མ་ལགས།། ཞེས་གསུང་སོ།། བྱང་ཆུབ་ཀྱི་སེམས་རྡོ་རྗེའི་རང་བཞིན་ཉིད་ཀྱིས་དེ་དེ་བཞིན་ར་མེད་པར་ཏན་པ་གཤེགས་པ་ཐམས་ཅད་སྐྱེད་པ་པོ་ཡིན ་བའི་ཕྱིར།། སངས་རྒྱས་ཐམས་ཅད་བསྐྱེད་པའོ།། ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ངེས་པར་འཁྲུངས་པར་འདོད་དོ།། ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་ནི་རྡོ་རྗེའི་བློའོ།། ཞེས་གསུངས་པས་ན། འཛམ་དཔལ་ཉིད་སངས་རྒྱས་ཐམས་ཅད་སྐྱེད་པ་པོ་ཞེས་བཤད་པའོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཚུལ་གྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པའི་རིམ་གྱིས ་སེམས་ཅན་གངྒཱའི་ཀླུང་གི་བྱེ་མ་སྙེད་རྣམས་སངས་རྒྱས་ལ་བཞག་ཅེས་པ་ལུས་ལས་སོ།། དེ་ལྟ་ན་ཡང་། འདི་ནི་སངས་རྒྱས་སྲས་པོ་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སླར་ཡང་བྱང་ཆུབ་སེམས་ངོ་བའི་ཚུལ་གྱིས་རྟག་ཏུ་བཞུགས ་བའི་ཕྱིར་རོ།། ངས་རྒྱས་སྲས་པོ་ཡང་ཅི་འདྲ་བ་ཞིག་ཅེ་ན་དམ་པ་ཞེས་བྱ་སྟེ། སེམས་ཅན་གྱི་ཚོགས་མ་ལུས་པའི་དོན་བྱེང་བའི་མཚན་ཉིད་སངས་རྒྱས་ཀྱི་མཛད་པ་བྱེད་པས་ཐུགས་ལས་སྐྱེས་པའི་སངས་རྒྱས་སྲས་པོ་ཞེས་པའི་དེ ་ཏོ། དེ་ཉིད་ཀྱི་ཕྱིར་གསུངས་པ། མཆོག་ཅེས་པ་སྟེ། ཤེས་རབ་ཀྱིས་ཆོས་ཐམས་ཅད་རང་བཞིན་པ་ཉིད་དུ་ཤེས་པའོ།། དེ་ཉིད་སྲིད་པ་སྐྱེད་པའི་གནས་ཏེ་དེའི་ཕྱིར་མཚན་དང་དཔེ་བྱད་འབར་པོའི་སྐུ་འབྱུང་བ་གང་ཡིན་པ་ནི་ཤེས་རབ ་སྲིད་འབྱུང་ངོ་།། དེ་བཞིན་དུ་སྐྱེ་གནས་ཀྱང་སྲིད་པ་དང་ལས་དང་ཉོན་མོངས་པའི་སྐྱེ་གནས་དང་བྲལ་བའོ།། དེའི་ཕྱིར་གསུངས་པ། ཆོས་ཀྱི་སྐྱེ་གནས་ཞེས་པ་སྟེ། ཆོས་འབྱུང་གི་རོང་བཞིན་ཉིད་ཀྱིས་ཆོས་ཐམས་ཅད་ཀྱི་སྐྱེ་གནས་ཡིན ་པའི་ཕྱིར་ཆོས་ཀྱི་སྐྱེ་གནས་སོ།། ཡང་ན་ཆོས་ཀྱི་དབྱིངས་དེ་ལ་རང་བཞིན་གྱི་རྒྱུ་མེད་པའི་ཕྱིར། སྐྱེ་གནས་མ་ཡིན་པ་ཉིད་དོ་ཞེས་པ་ལའང་འགལ་བ་མེད་དོ།། ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་ཆོས་སྟོན་པས་སྲིད་པ་མཐར་བྱེད ་པའི་ཕྱིར་སྲིད་པ་མཐར་བྱེད་དོ།། དེ་ཉིད་ཇི་ལྟ་བུ་ཞེ་ན་གསུངས་པ་གཅིག་པུ་སྲ་མཁྲེགས་ཞེས་པ་ལ་སོགས་པ་སྟེ། མཁྲེགས་པ་ནི་ཁོང་སྟོང་མ་ཡིན་པའོ།། ཇི་ལྟར་མཁྲེགས་ན། གཅིག་པུ་སྟེ་དེ་བཞིན་ཉིད་ཀྱི་ཕྱིར་གཉིསུ ་མེད་པོས་ཆེ་ཤས་མེད་པའོ།། གཅིག་པུ་ནི་འདི་རྣམས་དེ་བཞིན་ཉིད་དང་གཉིསུ་མེད་པར་གསུངས་པའོ།། ས་པ་ཡང་ཡིན་ལ་ཐམས་ཅད་ཀྱི་མཆོག་ཡང་ཡིན་པས་ན། གཅིག་པུ་སྲ་མཁྲེགསོ།། དེ་ཉིད་ཀྱི་ཕྱིར་རྡོ་རྗེའི་བདག ་སྟེ། འདིའི་བདག་གི་རང་བཞིན་ནི་རྡོ་རྗེའི་བདག་ཡིན་པས་དེ་ལྟར་བཤད་དོ།། གཟུགས་ཀྱི་སྐུའི་ཕྱོགས་ལ་ནི་ཧཱུཾ་མཛད་རྡོ་རྗེའི་བདག་ཡིན་ཏེ། དེ་ཡང་མཚན་དང་དཔེ་བྱད་འབར་བའི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་པས ་རྡོ་རྗེའི་བདག་གོ། རྡོ་རྗེ་མཁྲེགས་པ་ནི་སྲ་བ་སྟེ། མི་ཕྱེད་པ་བྱེད་པའི་ཕྱིར་རོ།། གཅིག་པུ་ནི་ཐམས་ཅད་ལས་ཕུལ་དུ་བྱུང་བའི་ཕྱིར་གཙོ་བོའོ།། སྲ་ཞིང་བརྟན་པའི་ཕྱིར་གཅིག་པུ་སྲ་མཁྲེགསོ།། ཡང་ན་ཁོང་སྟོང་ལྟ་བུའི ་གཉིས་པ་མེད་པའི་ཕྱིར་གཅིག་པུ་གཉི་སུ་མེད་པ་ཉིད་མཁྲེགས་པ་སྟེ། དེ་ནི་རང་རིག་པ་མ་གཏོགས་པ་རིག་པར་བྱ་བ་མེད་པས་ན་གཉིས་མེད་ཉིད་དེ། གཉིས་པ་ནི་ཚོད་མ་དང་འགལ་བའི་ཕྱིར་སྙིང་པོ་མེད་པ་ཉིད་དོ།། ་བས་ན་རྡོ་རྗེ་ལྟར་མི་ཕྱེད་པའི་རང་བཞིན་ཡིན་པའི་ཕྱིར།། རྡོ་རྗེའི་བདག་འཇམ་དཔལ་ཉིད་དེ། རྡོ་རྗེ་འཆང་བ་ཞེས་པའི་དོན་ཏོ།། རྡོའི་ཕྱིར་རྡོ་རྗེ་ཧཱུཾ་ནཱི། འཕྲལ་དུ་སྐྱེས་པ་འགྲོ་བའི་བདག་སྟེ། འཁོར་ལོས་སྒྱུར་བར ་བུ་ཐུ་བོ་བཞིན་ནོ་ཞེས་དགོངས་པའོ།། རང་བཞིན་གྱིས་སྐྱེ་བ་མེད་ཀྱང་ཀུན་རྫོབ་ཏུ་ན་མཁའ་སྟེ། སྟོང་པ་ཉིད་དང་ཡེ་ཤེས་ཀྱི་བདག་ཉིད་ན་མཁའ་ལྟ་བུའི་རང་བཞིན་རྡོ་རྗེ་གསུམ་གྱི་བདག་ཉིད་ཀྱི་གཟུགས་ཀྱི་སྐུ་ལས་བྱུང་བའི་ཕྱིར། ནམ ་མཁའ་ལས་བྱུང་བའོ།། གདུལ་བྱའི་བསམ་པའི་དབང་གིས་དེ་དང་དེའི་གཟུགས་ཀྱི་སྙིང་རྗེ་ཆེན་པོས་རང་འབྱུང་བས་ན་རང་བྱུང་ངོ་།། དེ་ལྟ་ན་འགྲོ་བ་ཐམས་ཅད་དུ་སེང་བས་དཱར་གཏོགས་པའི་ཉེས་པས་སྐྱོན་དང་ལྡན་པར་འགྱུར་བར་དེ། ་པ་ལ་གསུངས་པ། ཤེས་རབ་ཅེས་པ་ལ་སོགས་པ་སྟེ། ཤེས་རབ་དང་ཡེ་ཤེས་ནི་ཆོས་ཐམས་ཅད་རང་བཞིན་མེད་པར་ཁོང་དུ་ཆུད་པ་སྟེ། དེ་ཉིད་ཕུང་པོ་ལ་སོགས་པའི་བུད་ཤིང་སྲེག་པར་བྱེད་པའི་ཕྱིར་མོའོ།། འཇིག་རྟེན་ལས་འདས ་ཤིང་ཞི་བ་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་ཕྱིར་ཆེན་པོའོ།། དེ་སྐད་དུ་ཡང་། འགྲོ་བའི་ཆོས་རྣམས་ཐམས་ཅད་ནི་རྣམ་ཤེས་མི་ཡི་བུད་ཤིང་འདོད།། དེ་དག་ཇི་བཞིན་རྣམོ་དཔྱད་པསོ།། འབར་ཞིང་བསྲེགས་པས་ཉེ་བར ་ཞི། ཞེས་སོ།། དེ་ཉིད་ཀྱི་ཕྱིར་དེ་ཉིད་གདུལ་བྱའི་སྐྱེ་བོའི་རྒྱུད་ལ་རྣམ་པ་ཐ་དད་པའི་ཚུལ་གྱིས་བསལ་བར་བྱེད་པས་ན་ལམ་མེ་བ་སྟེ། རྣམ་པར་སྣང་བར་བྱེད་པའོ།། འཇིག་རྟེན་གྱི་ཁམས་ཐམས་ཅོད་དུ་ཆོས་ཉིད་ཀྱི་སྣང་བ་བྱེད་པས་ན་འོད་ཆེན ་འོའོད་ཆེན་པོ་ཡང་ཕྱི་རོལ་གྱི་བེམས་པོ་ལྟ་བུ་ནི་ནམ་ཡང་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་གསུངས་པ། ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་སྟེ། ཡེ་ཤེས་ཀྱི་སྣང་བ་རབ་ཏུ་གསལ་བའི་བདག་ཉིད་རྣམ་པར་སྣང་བས་ན་ཡ་ཤེས་ཀྱི་སྣང་བ ་ལམ་མེ་བའོ།། དེ་ལྟར་རྣམ་པར་སྣང་བར་མཛད་པ་ན་ཉི་མ་ལྟར་འཇིག་རྟེན་གྱི་ཁམས་གཅིག་སྣང་བར་བྱེད་དམ། གལ་ཏོ་ཐམས་ཅད་དུ་ཞེ་ན། དེ་ཉིད་གཅིག་པུས་ཞེས་གསུངས་ཏེ། འགྲོ་བའི་མར་མེ་ཞེས་པ་སྟེ། ཉོན་མོངས་པ་དང ་ཤེས་བྱའི་སྒྲིབ་པ་དང་བྲལ་བའི་ཕྱིར་ཅིག་ཅར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གདུལ་བ་ཐམས་ཅད་ཀྱི་རྒྱུད་ལ་ཡེ་ཤེས་ཀྱི་སྣང་བ་འཆར་བར་མཛད་པའི་ཕྱིར་འགྲོ་བའི་མར་མེཿཕྱི་རོལ་གྱི་དོན་ནི་མ་ཡིནོ་ཞེས་པའི་དོན་ཏོ།། ན་མཁའི ་ཁོང་ཐམས་ཅད་སྣང་བར་བྱེད་པའི་ཡེ་ཤེས་ཉིད་དེའི་བདག་ཉིད་དུ་གསལ་བས་ན་ཡེ་ཤེས་སྒྲོན་མེའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་ཉིད་ཀྱི་སེམས་ཅན་གྱི་ཕུང་པོ་མཐའ་དག་གི་མི་ཤེས་པའི་མུན་པ་མུན་ནག་རྣམ ་པར་འཇོམས་པའི་ཕྱིར།། གཟི་བརྗིད་ཆེན་པོ་འོད་གསལ་བའོ།། ད་ནི་དྲག་པོས་འདུལ་བའི་སེམས་ཅན་རྗེ་སུ་གཟུང་བའི་ཕྱིར་གནོད་མཛེས་ལ་སོགས་པའི་འཁོར་ལོས་སྒྱུར་བའི་སྔགས་ཀྱི་ལྷ་རྣམས་ཀྱི་ལྷ་རྣམས་ཀྱི་བདག་ཉིད་ཅན་དུ ་གྱུར་པའི་བྱེ་བྲག་བསྟན་པའི་ཕྱིར་གསུངས་པ། རིག་པའི་རྒྱལ་པོ་ཞེས་པ་ལ་སོགས་པ་སྟེ། རིག་པའི་རྒྱལ་པོ་ནི་གོནོད་མཛེས།། ཧཱུཾ་ཡིག་བཞི་པའི་རང་བཞིན་གྱི་ཕྱིར་སྔགས་དྲག་དབང་པོའོ།། དེ་ཉིད་ཁྲོ་བོའི་སྔགས་ཀྱི་མངའ ་བདག་ཡིན་པའི་ཕྱིར། གསང་སྔགས་རྒྱལ་པོ་སྟེ་བྷྲཱུཾ་ཡིག་གོ། དེའི་རང་བཞིན་ཡང་འཇམ་དཔལ་སྟེ་གསང་སྔགས་རྒྱལ་པོའོ།། སེམས་ཅན་གྱི་ཕུང་པོ་ཆེན་པོ་དང་འབྲེལ་པ་ཉིད་ཀྱིས་ཆེན་པོའོ།། ཀུན་ཏུ་སྣང་བའི ་གཙུག་ཏོར་གྱི་ཚུལ་གྱིས་དེ་དག་གི་དོན་བྱེད་པའི་ཕྱིར། དོན་ཆེན་བྱེད་པའོ།། ཡི་གེ་གཅིག་པའི་འཁོར་ལོས་སྒྱུར་བའི་རང་བཞིན་ཡིན་པའི་ཕྱིར་གཙུག་ཏོར་ཆེན་པོའོ།། འཁོར་ལོར་སྒྱུར་བའི་རང་བཞིན་གྱིས་ཉོན་མོངས་པ་སེལ་བའི་ཕྱིར ་རྨངད་དུ་བྱུང་གཙུག་ཏོར་རོ།། གཙུག་ཏོར་ཆེན་པོ་རྨོད་དུ་བྱུང་གཙུག།། ཅེས་མཐའ་དག་གྲགས་པ་ན། རྨད་བྱུང་གཙུག་ཅེས་བྱ་བ་ནི་ཁྲོ་བོའི་ཁྱོད་པར་རོ།། མཐའ་དག་དཀླགས་པ་ནི་སྡེ་ཆེན་ཉིད་དུ་ཡང་དག་པར་འདོད་དོ།། ཞེས་གནསོ།། ་གཟི་བརྗིད་ཕུང་བ་ནི་ངོ་བོ་ཉིད་དུ་གྱུར་པས་ན་སྣ་ཚོགས་སྦྱིན་ཏོ།། གཙུག་ཏོར་གྱེན་དུ་འཕགས་ཀྱི་ངོ་བོ་ཉིད་དུ་གྱུར་པས་ནན་མཁའི་བདེག་པོའོ།། གསང་སྔགས་ཀྱི་མཛོད་ཀྱི་གཙུག་ཏེར་ཐམས་ཅད་ཀྱི་བདག་པོ་ཉིད་དུ་གྱུར་པས་ན། སངས ་རྒྱས་ཀུན་བདག་དངོས་པོ་མཆོག་གོ། ཡང་ན་གཟུངས་ཀྱི་དཀྱིལ་འཁོར་དུ་སྤྱན་མ་ལ་སོགས་པ་རིག་མའི་དབུས་སུ་མཛེས་པས་རིག་པའི་རྒྱལ་པོའོ།། ཁྲོ་བོའི་དཀྱིལ་འཁོར་དུ་དེའི་བདག་པོ་ཉིད་དུ་གྱུར་པའི་ཕྱིར་སྔགས་དྲག་བདག་པོའོ།། ་ཆོས་ཀྱི་དཀྱིལ་འཁོར་དུ་གསང་སྔགས་ཐམས་ཅད་ཀྱི་མངའ་བདག་ཏུ་གྱུར་པའི་ཕྱིར་གསང་སྔགས་རྒྱལ་པོའོ།། དེ་ཉིད་ཀྱི་ཕྱིར་དོན་ཆེན་བྱེད་དོ།། གཙུག་ཏོར་འཁོར་ལོས་སྒྱུར་བ་བཅུ་གཉིས་ཀྱི་གསང་སྔགས་ཀྱི་ལྷ་རྣམས་དང་ཏིང་འཛིན ་གྱི་ཁྱད་པར་རྨད་དུ་བྱུང་བ་ལ་སྩོགས་པའི་ཚུལ་གྱིས་བཞུགས་པས་ན། གཙུག་ཏོར་ཆེན་པོ་རྨད་བྱུང་གཙུག་གོ། འགྲོ་བ་འདུལ་བའི་དཀྱིལ་འཁོར་དུ་སྣ་ཚོགས་སྟོན་པའི་ངང་ཚུལ་ཉིད་ཀྱི་ཕྱིར་སྣ་ཚོགས་སྟོན་ནོ།། ན་མཁའི་སྙིང་པོའི ་དཀྱིལ་འཁོར་དུ་དེའི་བདག་པོ་ཉིད་ཀྱི་ཕྱིར་ན་མཁའི་བདག་གོ། རྣམ་པར་སྣང་མཛད་ཆེན་པོ་ལ་སོགས་པ་དེ་བཞིན་གཤེགས་པ་ལྔའི་དཀྱིལ་འཁོར་ཆེན་པོའི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ངོ་བོ་ཉིད་དུ་གྱུར་པས་ན། སངས་རྒྱས་ཀུན ་བདག་དངོས་པོ་མཆོག་གོ།། དེ་ལྟར་མཉམ་པར་ལྟ་བས་འགྲོ་བ་རྣམས་ཀུན་ཏུ་དགའ་བར་བྱེད་པའི་མིག་གང་ཡིན་པ་དེ་ནི་དེ་ལྟར་བཤད་དོ།། གདུལ་བྱ་དང་མཐུན་པའི་སྣ་ཚོགས་པའི་གཟུགས་སྤྲུལ་པར་བྱེད་པའི་ཕྱིར་སྣ་ཚོགས་གཟུགས ་ཅན་ནོ།། གདུལ་བྱ་སོ་སོ་སྐྱེ་བོ་རྣམས་ལ་འདིས་སྔོན་གྱི་རྒྱལ་བའི་གཟུགས་བརྙན་སྐྱེད་པར་བྱེད་པའི་ཕྱིར་སྐྱེད་པ་པོའོ།། དང་ནི་སྡུད་པའོ།། དེ་ནི་ཁམས་གསུམ་པའི་བླ་མ་ཡིན་པའི་ཕྱིར་མཆོད་ཅིང་རྗེད་པའོ།། ཆོས་ཐམས་ཅད་ཀྱི་དེ་ཁོ ་ན་ཉིད་རྣམ་པ་ཐམས་ཅད་དུ་མངོན་སུམ་དུ་མཛད་པས་འཇིག་རྟེན་དང་འཇིག་རྟེན་ལྔས་འདས་པའི་དྲང་སྲོང་ཐམས་ཅད་ཀྱི་དབུས་ན་མཆོག་ཏུ་གྱུར་པའི་ཕྱིར་དྲང་སྲོང་ཆེན་པོའོ།། དེ་བཞིན་གཤེགས་པ་དང་རྡོ་རྗེ་དང་པདྨ་ཞེས་བྱ་བ་རིགས ་གསུམ་གྱི་གཟུགས་ཀྱི་བདག་ཉིད་འཛིན་པས་ན། རིགས་གསུམ་འཆང་བའོ།། རིགས་གསུམ་གྱི་ནང་དུ་གཏོགས་པའི་རིགས་ཐམས་ཅད་ཀྱི་གསང་སྔགས་འཛིན་པས་གསང་སྔགས་ལྡན་ནོ།། མ་ཧཱ་ལལ་ས་གྱུ་མ་འཇུག་བལྟར་ཤང་ས་མ ་ཡ་ནི་གྲུབ་པའི་མཐའ་ཐམས་ཅད་ཀྱི་གསང་སྔགས་རབ་ཏུ་སྟོན་པའི་གཙོ་བོར་གྱུར་པ་ཉིད་ཀྱིས་འཆང་བར་མཛད་པས་ནཱ། གྲུབ་མཐའ་ཆེན་པོའི་གསང་སྔགས་འཛིན་ཅེས་བྱའོ།། ཡང་ན་དམ་ཚིག་ཆེན་པོ་ནི་རྡོ་རྗེའི ་ཚུལ་དུ་རབ་ཏུ་གྲུབ་པའོ།། དེ་རྣམས་ཀྱི་གསང་སྔགས་ནི་ཐབས་དང་ཤེས་རབ་གཅིག་པའི་ཡེ་ཤེས་ཏེ། དེ་འཆང་བར་མཛད་པས་ན། དམ་ཚིག་ཆེན་པོའི་གསང་སྔགས་འཛིན་ནོ།། དཀོན་མཆོག་གསུམ་གྱི་དོན་རབ་ཏུ་གསལ་བར ་མཛད་ཅིང་རབ་ཏུ་སྟོན་པ་ལ་རག་ལས་པ་ཉིད་ཀྱི་ཕྱིར། གཙོ་བོ་དཀོན་མཆོག་གསུམ་འཛིན་པའོ།། ཐེག་པ་གསུམ་ནི་ཉན་ཐོས་ལ་སོགས་པ་རྣམས་ཀྱི་སྟེ། ཐེག་པའི་རྣམ་པར་དབྱེ་བ་དེ་དང་དེ་རྣམས་ལ་དེ་ལྟ་དེ་ལྟར་སྟོན་པར་མཛད་པའི ་ཕྱིར། ཐེག་པ་མཆོག་གསུམ་སྟོན་པ་པོའོ།། ། ད་ནི་འཇིག་རྟེན་འཇིགས་པར་བྱེད་པ་བསྟན་པའི་ཕྱིར། འཇིགས་བྱེད་ཆེན་པོའི་གཟུགས་ཀྱིས་བཞེངས་ནོས་ལྷ་ཆེན་པོ་ལ་སོགས་པ། ལྷ་ཁྲོ་བ་རྣམས་གདུལ ་བོའི་ཕྱིར་འཕགས་པ་གཤིན་རྗེའི་གཤེད་ཀྱི་གཟུགས་ཅན་གྱི་བཅོམ་ལྡན་འདས་ནི། དོན་ཡོད་ཞགས་པ་ཞེས་བྱ་བོ་ལ་སོགས་པ་ན། སྒྲ་དང་ལྡན་པ་རྣམས་ཀྱི་མཆོག་ཅེས་པའི་མཐར་ཐུགས་པས་གསུངས་པའོ།། སེམས ་ཅན་ཐམས་ཅད་བཀུག་ནས་ཐེག་པ་ཆེན་པོ་ལས་མི་གཡེ་བར་བྱེད་པས་དོན་ཅིང་འབྲས་བུ་དང་བཅས་པའི་སྙིང་རྗེ་ཆེན་པོའི་རང་བཞིན་གྱི་ཞགས་པ་གང་ཡིན་པ་དེ་ནི་དོན་ཡང་ཞགས་པའོ།། དེ་ཉིད་མུ་སྟེགས་དང་བདུད་ཀྱི་དགྲ ་ལས་རྣམ་པར་རྒྱུ་ལ་བའི་ངང་ཚུལ་ཉིད་ཀྱིས་རྣམ་པར་རྒྱུ་ལྟ་ལྷོ།། དེའི་ཕྱིར་བྱམས་པའི་ཞུགས་བྱས་བཀུག་ནས་དབང་དུ་གྱུར་པར་བཀོད་དེ་སེམས་ཅན་ཐམས་ཅད་ཡང་དག་པར་སྡུད་པ་དང་། དབྱེར་མི་ཕྱེད་པའི་བསྡུ་བའི་དངོས་པོ ་བཞིའི་རང་བཞིན་རྡོ་རྗེ་ལྟ་བུའི་ཞགས་པ་གང་ཡིན་པ་དེ་ནི་འཛིན་པ་ཆེན་པོ་རྡོ་རྗེ་ནགས་སོ།། སྟོབས་ཀྱིས་སྒྲུབ་པའི་ཕྱིར་དེ་བཞིན་གཤེགས་པ་ལ་སོགས་པ་དང་སེམས་ཅན་ཐམས་ཅད་འགུགོས་པ་དང་དབྱེར་མི་ཕྱེད་པའི་སྙིང་རྗེ ་ཆེན་པོའི་རང་བཞིན་གྱི་ཡེ་ཤེས་ནི་ལྕགས་ཀྱུའི་རང་བཞིན་གྱི་རྡོ་རྗེ་ལྕགས་ཀྱུའོ།། སྟོབས་ཀྱི་བཀུག་པའི་སེམས་ཅན་རྣམས་ཐབས་དང་ཤེས་རབ་གཉིསུ་མེད་པའི་ཡེ་ཤེས་ལ་ངེས་པར་སྦྱོར་བས་ནི་ཞགས་པ་ཆེའོ།། ་རྡོ་རྗེ་འཇིགས་བྱེད་ཀྱི་གཟུགས་ཀྱིས་གདུལ་དཀའ་པའི་སེམས་ཅན་རྣམས་འཇིགས་པར་བྱེད་པས་ན། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད་དེ། རྗེ་བཙུན་འཇམ་དཔལ་ཉིད་དང་དབྱེར་མི་ཕྱེད་པའི་གཤིན་རྗེ་མཐར་བྱེད་དོ།། དེ་ཉིད ་ཀྱི་ཕྱིར་ཁྲོ་བོའི་རྒྱལ་པོ་སྟེ་ཁྲོ་བོའི་གཙོ་བོའོ།། ཡང་ན་ཁྲོ་བོ་ཉིད་ཀྱིས་མཛེས་ཤིང་གསལོ་བས་ན་ཁྲོ་བོའི་རྒྱལ་པོའི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རང་བཞིན་གྱིས་འདིའི་ཞལ་དྲུག་ཡིན་པོས་གདོང་དྲུག་ཅེས་བྱ་སྟེ། ཞལ་གྱི་དབྱིབས་ནི ་དུ་མ་སྟེ།། སྒྲ་ནི་རྒྱ་མཚོ་འཁྲུངས་དང་འདྲ།། ཁ་ཅིག་བཞད་ཅིང་ཁ་ཅིག་ཞི།། ཁ་ཅིག་འཇིགས་པར་བགྲང་པོའི་ཞལ།། ཁ་ཅི་གོ་ཞལ་ནི་གདངས་པ་སྟེ།། ལྗགས་ཀྱང་སྐྱོང་བར་མཛད་པ་དང་།། ཁ་ཅིག་ཀྱང་ནི་མཆེ་བ་གཙིགས། ་ཞེས་པའི་རིགས་པས་སོ།། འཇིགས་པ་ནི་འཇིག་སུ་རུང་བའོ།། མངོན་པར་ཤེས་པ་དྲུག་གི་རང་བཞིན་དངོས་པོ་མ་ལུས་པ་མཐོང་བའི་བདག་ཉིད་མི་སྡུག་ཅིང་འཇིག་སུ་རུང་བའི་སྤྱན་དྲུག་དཔྲལ་བའི་ཕྱོགས་ན ་ཡོད་པ་གང་ཡིན་པ་དེ་ནི་མིག་དྲུག་གོ།། སངས་རྒྱས་དང་ཆོས་དང་དགེ་འདུན་དང་ལྷ་དང་འཆི་བ་དང་སྐྱོ་བ་ཞེས་བྱ་བ་སྟེ། རྗེ་སུ་དྲན་པ་དྲུག་གི་རང་བཞིན་ཕྱག་དྲུག་གང་ཡིན་པ་དེ་ནི་ལག་དྲུག་གོ། དད་པ་ལ་སོགས་པའི་སྟོབས་ལྔ་དང་ལྡན ་པའི་ཕྱིར་སྟོབས་དང་ལྔ་ནོ།། ངེས་པར་འབྱེད་པའི་ཤེས་རབ་རྣོན་པོའི་མཚོ་བ་གཙིགས་པའི་ཚེ་མས་མཐོན་པོ་མངའ་བས་ན་མཆེ་བ་གཙིགས་པའོ།། མི་མགོ་རློན་དང་སྐམ་པོ་དང་།། ཡི་དགས་ཕྲེངས་པས་རྣམ་བརྒྱན་པ།། དེ་ལྷའི ་མགོན་པོ་བསྒོམ་པར་བྱ།། ཞེས་གསུངས་པའི་ཕྱིར། ཀེང་རུས་ཀྱི་རྒྱན་དང་ལྡན་པས་ཀེང་རུས་སོ།། མཆེ་བ་གཙིགས་པ་ཡང་འདི་ཡིན་ལ་ཀེང་རུས་ཀྱང་ངོ་ཞེས་ཚིག་རྣམ་པར་སྦྱར་བར་བྱའོ།། ལྟེ་བ་དང་། མཆེ་བ་དང་། ཁ་ཆུ་དང་། ་རེག་པའི་དུག་དང་ལྡན་པོ། རེ་འབར་བ་ལྔར་དུག་འབར་ཞིང་རྣམ་པར་འཕྱོ་བས་གཟིངས་པ། མིག་ཤིན་ཏུ་གདུག་པ། ལྕེ་ཤིན་ཏུ་བསྐྱོད་ཅིང་ཀློག་ལྟར་འགྱུ་བ། ཤིན་ཏུ་འཇིག་སུ་རུང་བ། དབྱིབས་དང་ཁ་དོག་སྣ་ཚོགས་པའི་ནོར ་བུའི་གདེངས་ཀ་ཅན་གྱི་ཀླུ་ཆེན་པོ་རྣམས་ནི་ཧ་ལཱ་ཧ་ལ་ཞེས་བྱ་སྟེ། དེ་རྣམས་ཀྱི་སྒྲ་བཅིངས་པ་དང་། དཔྲལ་བར་དར་དཔྱངས་དང་། རྣ་རྒྱན་དང་། མགུལ་རྒྱན་དང་། མཆོད་ཕྱིར་ཐོགས་དང་། དཔུང་རྒྱན་དང་། གདུ་བུ་དང་། ་ལུས་ལ་སྐ་རགས་དང་། ཞབས་གདུབ་དང་། རྒྱན་རྣམསུ་བྱས་པའི་ཕྱིར། ཧ་ལྱ་ཧ་ལ་རྣམས་ཀྱི་གྲངས་བརྒྱ་སྙེད་ཀྱི་གདོང་རྣམས་གང་ལ་ཡོད་པ་ནི། ཧ་ལྤ་ཧ་ལ་གདོང་བརྒྱ་པ་སྟེ་གཤིན་རྗེ་ཁོ་ན་མཐར་བྱེད་པའོ།། དེ་ཡང་མཐར ་བྱེད་པའོ།། དེ་ཡང་མཐར་བྱེད་ཅིང་འཛིན་པར་བྱེད་པ་འདུལ་པོར་བྱེད་པས་ན་གཤིན་རྗེ་མཐར་བྱེད་དོ།། ཡང་ན་གཤིན་རྗེའི་སྒྲ་ནི་གཉིས་ལ་བརྗོད་དེ། དེ་མཐར་བྱེད་པ་ནི་གཉིསུ་མེད་པའི་ཆོས་བསྟན་པས་འཇོམས་པས་ན་དེ་ལྟར ་བོཤད་དེ།། སེམས་ཅན་རྣམས་ཀྱི་མངོན་པར་འདོད་པའི་དོན་གྱི་ཁྱད་པར་འཇོམས་པར་བྱེད་པ་ནི་བགེགསོ།། དེའི་གཙོ་བོར་གྱུར་པ་ཉིད་ཀྱི་ཕྱིར་བགེགས་ཀྱི་རྒྱལ་པོ་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་བགྲེགས ་རྣམས་མེད་པར་བྱེད་པའོ།། གདུལ་བྱ་རྗེསུ་གཟུང་བའི་ཕྱིར་ཐོག་པོ་མེད་པ་ཡིད་ལྟར་མགྱོགས་པའི་ཏིང་ངེ་འཛིན་པ་མངོན་དུ་ཕྱོགས་པར་བྱེད་པའི་ཕྱིར་རྡོ་རྗེ་ཤུགསོ།། གདུལ་དགའ་བའི་སེམས་ཅན་འཇིགས་པར་བྱེད་པའི་ཕྱིར ་འཇིགས་བྱེད་པའོ།། ཁམས་གསུམ་པར་བྱེད་པའི་སྒྲ་སྒྲོགས་པས་གྲགས་པ་ཡང་འདི་ཡིན་ལ་མི་ཕྱེད་པ་ཉིད་ཀྱིས་རྡོ་རྗེ་ཡོང་འདི་ཡིན་པས་རྡོ་རྗེ་གྲགས་པའོ།། ཡང་ན་སྐྲག་པ་རྣམ་པ་མང་པོའི་སྒྲ་ནི་གྲགས་པ་ཡིན་ལ།། དེ ་ཉིད་མི་ཕྱེད་པ་འཇོམས་པའི་ཕྱིར་རྡོ་རྗེ་སྟེ། དེ་ལྟ་བུ་གང་ཡིན་པ་ནི་རྡོ་རྗེ་གྲགས་པའོ།། ཐུགས་རྡོ་རྗེའི་རང་བཞིན་གྱི་ཕྱིར་རྡོ་རྗེ་སྙིང་ངོ་།། རྡོ་རྗེ་ཁྲོ་བོའི་གཟུགས་ཀྱི་སྒྱུ་མ་སྤྲུལ་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར ་བྱེད་པའི་ཕྱིར་སྒྱུ་འཕྲུལ་རྡོ་རྗེའོ།། ཡང་ན་སྒྱུ་འཕྲུལ་གྱི་རང་བཞིན་ཉིད་རྡོ་རྗེ་སྟེ། ཁམས་གསུམ་སྟོང་པ་ཉིད་ཀྱི་ཡེ་ཤེས་གང་ཡིན་པ་དེ་སྒྱུ་འཕྲུལ་རྡོ་རྗེའོ།། གང་གི་ཕྱིར་སྟོང་པ་ཉིད་ཀྱི་ཡེ་ཤེས་ཁོ་ན་རྡོ་རྗེ ་ཞེས་སྦྱར་རོ།། གདུག་པ་འདུལ་བའི་ཕྱིར། གསུས་ཁྱིམ་ཆེ་ཞིང་འ་ཇིགས་པས་ན་གསུས་པོ་ཆེའོ།། ཡང་ན་ཆེན་པོ་ནི་དྲི་མ་མེད་ཅིང་མཐའ་ཡས་པའི་ན་མཁའ་ཡོན་ལ། གསུས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ཁས ་གསུམོ་པའི་ཁོང་སྟེ། དེ་གང་ཡིན་པ་ལ་དེ་ལྟར་བཤད་དོ།། རྡོ་རྗེའི་རིགས་ཀྱི་གཙོ་བོར་གྱུར་པས་ན་རྡོ་རྗེའི་བདག་གོ། ཡང་ན་རིགས་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་རྡོ་རྗེ་སྟེ། འདོད་པ་འབྱུང་བར་བྱེད་པས་རྡོ་རྗེའི་བདག་གོ།། བྱང ་བ་ཀྱི་སེམས་ཀྱི་རང་བཞིན་གྱི་རྡོ་རྗེ་ལས་དེ་བཞིན་གཤེགས་པ་རྣམས་འབྱུང་བའི་ཕྱིར་རྡོ་རྗེ་གནས་སོ།། ཡང་ན་རྡོ་རྗེ་ནི་གཉིསུ་མེད་པའི་ཡེ་ཤེས་སོ།། དེ་ནི་སྐྱེ་གནས་ཏེ། གཉི་སུ་མེད་པའི་ཡེ་ཤེས་དེ་ཉིད་ལས་སེམས་ཅན ་མིས་འབྱུང་བའོ།། ཡང་ན་སངས་རྒྱས་སྲས་པོ་ཉིད་ཀྱིས་རྡོ་རྗེ་དེ་བཞིན་གཤེགས་པའི་སྐྱེ་གནས་གང་ཡིན་པ་སྟེ། ཞེས་ཚིག་རྣམ་པར་སྦྱརརོ།། དེ་ཉིད་ཀྱི་ཕྱིར་རྡོ་རྗེ་སྙིང་པོ་ནི་རྡོ་རྗེ་ཉིད་ཁུ་སྟེ། མེ་ལོང་སྟ་བུ་ལ་སོགས་པའི་ཡེ་ཤེས ་རང་བཞིན་རྡོ་རྗེ་རྣམས་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཉིང་ཁུ་སྟེ་སྙིང་པོ་ཞེས་པའི་དོན་ཏེ།། དངོས་པོ་ཐམས་ཅད་ལ་གོ་སྐབས་སྦྱིན་པའི་ཕྱིར་དང་། རང་བཞིན་མེད་པ་ཉིད་ཀྱིས་ཉེས་པ་ཐམས་ཅད་ཀྱིས་མ་གོས་པས་ན། ་ན་མཁའ་འ་དྲ་བའོ།། ནན་པའི་སྐད་དང་ལ་ན་རྒྱས་སེཾ་པ་ཡོད་འདྲ་བའི་སྐད་དོང་ལ་སུ་པ་མ་ཞེས་པ་དང་མཚམ་སྦྱར་བའི་མ་ན་རྒྱས་ཀྱིས་ཕྱིས་ནས་བྷོ་ས་མ་ཞེས་པ་བྱུང་སྡེ་སྦྱོར་གྱི་དབང་གསས་ཕྱིས་པའོ་ཞེས་པའི་དོན་ནོ། ས་ཕྱིས་པས་ནི་ངེས་པའི་ཚིག་གོ།། དེ་ཉིད་ཀྱི་ཕྱིར་དེ་ལས་སྐྱེས་པ་ནི་ཆོས་ཀྱི་དབྱིངས ་ཀྱི་རང་བཞིན་ལས་མི་གཡོ་བས་ན་མི་གཡོ་བའོ།། ཡང་ན་ནམ་མཁའ་ལྟ་བུ་དེ་ཡང་སྙིང་རྗེ་ཆེན་པོས་རྗེསུ་ཆགས་པས་སེམས་ཅན་ཐམས་ཅད་ཀྱི་དོན་ལས་མི་གཡེ་བའི་ཕྱིར། མི་གཡོ་བའོ།། ཧ~ཾ་ནི་ངེས་པར་གཟུང་བའོ།། རལ་པ ་རྣམས་བསྒྱིངས་པ་ནི་ན་མཁར་རྣམ་པར་འཕགས་པའི་རལ་པའི་ཚོགས་ཞེས་པའི་དོན་ཏེ།། གཅིག་ནི་མི་མཉམ་པའི་རལ་པ་བསྒྱིངས་པ་གང་ཡིན་པའོ།། ཡང་ན་ཁྲོ་བོ་རལ་པ་གཅིག་པའི་གཟུགས་ཀྱིས་ཁྱབ་པས་བསྒྱིངས་པ ་སྟེ། གདུལ་དཀའ་བ་རྣམས་ཀུན་ཏུ་འཇོམས་པར་རྩོམ་པ་གང་ཡིན་པ་དེ་ནི་རལ་པ་གཅིག་བསྒྱིངས་པའོ།། ཚོགས་ཀྱི་བདག་པོའི་གླང་པོའི་པགས་པ་རློན་པའི་ན་བཟའ་འཆང་བསྡུ་ན། གླང་ཆེན་ཀཽ་རློན་གོས་སུ་གྱོན་པ་སྟེ། རློན ་བཅས་གླང་པོའི་པགས་པའི་གོས་འཆང་བ་ཞེས་པའི་དོན་ཏོ།། གདུག་ཅིང་གདུལ་དཀའ་བའི་སེམས་ཅན་འདུལ་བའི་ཕྱིར་འཇིག་རྟེན་གསུམ་ཀུན་ཏུ་བསྐྱེད་པར་བྱེད་པ་ཧཱ་ཧཱ་དང་ཧཱི་ཧཱིའི་རང་བཞིན་གྱིས་སྒྲ་ཆེན་པོ་འཇིག་སུ་རུང་བའི་སྤཊ ་ཀྱི་དབྱངས་སྐད་གསང་མཐེན་པོས་སྒྲོགས་པས་ན། དྲག་ཆེན་ཧཱ་ཧཱ་ཞེས་སྒྲོགས་པ། ཧཱུཾ་ཧཱི་ཞེས་སྒྲོགས་འཇིགས་པར་བྱེད།། ཅེས་པ་སྟེ། ཧཱི་ཧཱཾ་ཞེས་སྒྲོགས་པ་ཡང་འདི་ཡིན་ལ་འཇིགས་པར་བྱེད་པ་ཡང་ཡིན་པས་ཞེས་ཚིག ་རྣམ་པར་སྦྱར་རོ།། དེ་ཉིད་ཀྱིས་ཐམས་ཅད་ཀུན་ཏུ་སྐྲག་པ་བསྐྱེད་པའི་ཕྱིར་ཤིན་ཏུ་བའི་དོན་ཏེ་ཆེན་པོ་ཡང་ཡིན་ལ་གད་མོ་ཡང་ཡིན་པས་གད་མོ་ཆེན་མོ་གང་བརྒྱངས་ཅན་ནོ།། དེ་གཉེན་པོའི་ངོ་བོ་ཉིད་ཀྱིས ་གཞིག་པར་དཀའ་བླ་འཇིག་པར་བྱེད་པའི་གད་མོ་དང་ལྡན་པས་རྡོ་རྗེ་གད་མོའོ།། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པའི་གད་མོའི་སྒྲ་དང་ལྡན་པའི་ཕྱིར་ཆེར་སྒྲོགས་པའོ།། རྣམ་པར་དཔྱད་པའི་རྡོ་རྗེས་སོ་སོར་འཇོམས་ཤིང ་དབྱེར་མི་ཕྱེད་པའི་སེམས་ཀྱི་རང་བཞིན་གྱི་ཕྱིར་རྡོ་རྗེ་སེམས་དཔའོ།། དེ་ཡང་རྩེ་བས་མཐུའ་གཅིག་ཏུ་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་རམ་བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་དུ་བྱང་ཆུབ་སེམས་དཔའ་རྡོ་རྗེ་ལེགས་པའི་ངོ་བོ ་ཉིད་ཀྱི་ཕྱིར་སེམས་དཔའ་ཆེན་པོའོ།། རྡོ་རྗེ་དང་འདྲ་བར་མི་ཕྱེད་པའི་གཟུགས་ཀྱིས་མཛེས་པའམ། རྡོ་རྗེ་ལྕགས་ཀྱུའི་གཟུགས་འཛིན་པར་མཛད་པས་ན་རྡོ་རྗེ་རྒྱལ་པོའོ།། མཆོག་ཏུ་ཕུལ་དུ་བྱུང་ཞིང་ལྷུན་གྱིས་གྲུབ་པའི་པདེ ་པ་འབྱུང་བའི་ངོ་བོར་གྱུར་པའམ། བྱང་ཆུབ་སེམས་དཔའ་རྡོ་རྗེ་ཆགས་པའི་གཟུགས་ཉིད་ཀྱི་ཕྱིར་བདེ་བ་ཆེའོ།། སེམས་ཅན་ཤིན་ཏུ་གཏུམ་པོ་རྣམས་གདུལ་བར་བྱ་བའི་ཕྱིར་དྲག་ཅིང་གཞག་པར་དཀའ་བའི་གཟུགས་འཛིན ་པར་མཛད་པས་ན་རྡོ་རྗེ་གཏུམ་པོའོ།། གདུལ་བྱའི་སེམས་ཅན་རྣམས་དགའ་བ་བསྐྱེད་པར་བྱ་བའི་ཕྱིར་དང་། རང་ཉིད་ཀྱང་དགའ་བའི་བདག་ཉིད་ཅན་དུ་གྱུར་པས་ནོ་དགའ་བོ་ཆེའོ།། ཁམས་གསུམ་རྣམ་པར་རྒྱལ་བ་རྡོ་རྗེ ་ཧཱུཾ་མཛད་ཀྱི་གཟུགས་ཀྱི་ས་ཐམས་ཅད་དུ་ཁྱད་པརྱ་ཧཱུཾ་ཞེས་སྒྲོགས་པ་གང་ཡིན་པ་དེ་ནི། རྡོ་རྗེ་ཧཱུཾ་མཛད་ཧཱུཾ་ཞེས་སྒྲོག་སོ།། ཁམས་གསུམ་ན་གནས་པའི་ཉོན་མོངས་པའི་གཡུལ་ལས་རྣམ་པར་རྒྱལ་བར་བྱ་བའི་ཕྱིར་གོ་ཆ་ཆེན་པོ ་བིགོས་ཏེ་མི་ཕྱེད་པའི་མདའ་དང་གཞུ་འཛིན་པའི་ཕྱིར། མཚོན་དུ་རྡོ་རྗེ་མདའ་ཐོགས་པའོ།། ཉེ་བར་དམིགས་པའི་མི་ཤེས་པ་མ་ལུས་གཅོད་པའི་ཕྱིར་རྡོ་རྗེ་རལ་གྲིའོ།། དེ་ཉིད་ཀྱི་ཕྱིར་མི་ཤེས་པ་བཅད་པསོ་སེམས་ཅན་གྱི་རྒྱུད་རྣམས ་མ་ལུས་པ་ལ་བྱང་ཆུབ་ཀྱི་ལམ་གྱི་དགྲ་ཉོན་མོངས་པ་མ་ལུས་པ་བཅད་དེ་ཡེ་ཤེས་ཁྱད་པར་དུ་བྱེད་པས་ན་མ་ལུས་གཅོད་ཀྱི་སྐུ་ལས་ནི་ཞི་བར་གྱུར་པར་བརྟག། རྡོ་རྗེ་ལུས་ཀྱི་རང་བཞིན་ཉིད་ཀྱིས་རྡོ་རྗེ་རྩེ་མོ་བཅུ་གཉིས་པ ་འཛིན་པར་མཛོད་པས་ན། རྡོ་རྗེ་ཀུན་འཆང་ངོ་།། དེའི་ཕྱིར་རྡོ་རྗེ་ཅན་ཞེས་བྱ་སྟེ། ནི་ཏྱ་ཡཽ་གེ་པྲ་ས་ཤྨ་ཡཱ་མྦྷ་མ་ཏཱནྡྷི་ཡཿདེ་ཉིད་རྡོ་རྗེའི་གཙོ་བོ་དང་ལྡན་པའི་ཕྱིར་རྡོ་རྗེ་གཅིག་པུའོ།། དེ་ཉིད་ཀྱི་ཕྱིར་གཡུལ་སེལ་བ་སྟེ། འཐབ་པར་བྱེད ་ཅིང་འཁྲུག་པར་བྱེད་པས་ན་གཡུལ་ཏེ་ཉོན་མོངས་པ་སྟེ། རང་གཞན་གྱི་རྟགས་ཏུ་བྱོར་ས་དང་རབ་ཏུ་སྔགས་དག་ལ་མདུ་བ་དིན་རྣམ་མོ་ཤེས་པ་བཛིནས་པ་དེ་ཅན་ནས་པའི་དོན་པ་ཙན་པའི་བང་བགྱི་སྒྲོན་བྱིན་པ་ཡིན་ལ་གལ་བའི་ལུགས་ཀྱིས་ཡིར་ཀྱོ་ཌྱ་རྒྱན་པའི་མབ་གྱི་ང་ཀྱིའི་རྐྱེན་ཏེ་སུས་ང་དོད ་མཐཡིན་ཕྱིས་པའོ།། རྒྱུད་དུ་གཏོགས་པ་རྣམས་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱིས་སེལ་བར་བྱེད་འདོར་བར་བྱེད་ཟློག་པར་བྱེད་པས་ན་སེལ་བའོ།། ཁ་སནྟོ་ནི་པཱ་ཏཿརྡོ་རྗེ་འབར་བས་ཁ་རྣམ་པར་གྱེས་པ་ཤིན་ཏུ་དྲག་ཤིང་དམར་ལ་སེར་སྐྲ་དང ་དམར་སེར་གྱི་སྤྱན་མི་བཟད་པ་གང་ལ་མངའ་བ་དེ་ནི། རྡོ་རྗེ་འབར་བ་མི་བཟད་དོ།། རྡོ་རྗེ་འབར་བ་དང་རྡོ་རྗེ་མེ་དང་རྡོ་རྗེ་ཉི་མ་སྟེ་ཁྲོ་བའི་གཟུགས་འབར་ཞིང་འཕྲོ་བས་གཅིག་ཏུ་དྲག་པའི་སྒྲ་དང་ལྡན་པའི་ཕྱིར། མགོ ་སྐྱེས་རྡོ་རྗེ་འབར་བ་སྟེ། ཞེས་པའོ།། རྡོ་རྗེ་རྣམ་པར་དག་པས་ལྷག་པར་སོ་སོར་རྟོག་པ་ཆོས་ཐམས་ཅད་ལ་འབེབས་པས་ན་རྡོ་རྗེ་འབེབས་པའོ།། དེ་ཉིད་ཀྱི་ཕྱིར་འདི་འབེབས་པ་ཆེན་པོ་ཡིན་པས་ན་འབེབས་པ་ཆེའོ།། ན་མཁའ་སྒྲོན་མ་ལ ་སོགས་པའི་ཏིང་ངེ་འཛིན་དང་ལྡན་པའི་ཕྱིར་སྒྲོན་མ་བཞིན་དུ་འཕྲོ་བའི་མིག་གྲངས་བརྒྱ་གང་ཡིན་པ་དེ་ནི་མིག་བརྒྱ་པའོ།། དེ་ཉིད་ཀྱི་ཕྱིར་དེ་རྣམས་རྡོ་རྗེ་མོ་ལྟར་འབར་བའི་སྤྱན་དུ་གྱུར་པ་གང་ཡིན་པ་དེ་ནི་རྡོ་རྗེའི་མིག་གོ།། ཡང་ན་རྡོ་རྗེ་ནི ་གཉིསུ་མེད་པའི་ཡེ་ཤེས་ཏེ། དེ་བདེའི་ཡིན་པས་དེ་ལྟར་བཤད་དོ།། རྡོ་རྗེ་ལྟར་མི་ཕྱེད་པའི་བ་སྤུ་གང་ཡིན་པ་དེ་རྣམས་ནི་རེངས་ཤིང་རྣོ་བའི་ཕྱིར་མྱུ་གུ་ལྟ་བུར་གྱུར་པ་གང་ཡིན་པ་དེ་ནི། རྡོ་རྗེ་བ་སྤུའི་མྱུ་གུའོ།། དེ་ལྟར་གྱུར་པའི་ལུས ་གང་ཡིན་པ་དེ་ནི། རྡོ་རྗེ་བ་སྤུའི་མྱུ་གུའི་ལུས་སོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། རྡོ་རྗེའི་སྤུ་ནི་ཞེས་པའོ།། དེ་ཡང་གཅིག་པུ་སྟེ་གཉིསུ་མེད་པས་འཛེགས་བྱེད་ཆེན་པོ་དང་མི་ཡི་སེང་གེ་ལ་སོགས་པ་ཟིལ་གྱིས་གནོན་པའི་ལུས་ཅན་ཏེ། ་དེ་འདིའི་སྐུ་ཡིན་པས་ན་ལུས་གཅིག་པུའོ།། རྡོ་རྗེ་རྩེ་མོ་ནི་རྡོ་རྗེ་ལྟར་སྲ་བའི་རྩེ་མོ་གང་ཡིན་པའི་སེན་མོ་སྟེ། སེན་མོས་བརྩམས་པ་སྟེ། གདུག་པ་ཅན་རྣམས་ཉེ་བར་གནོན་པར་རྩོམ་པ་གང་ཡིན་པ་དེ་ནི། རྡོ་རྗེ་རྩེ་མོ་སེན་མོས་བརྩམས ་ཞེས་པའོ།། གཞིག་པར་དཀའ་བའི་ཕྱིར་རྡོ་རྗེ་སྙིང་པོའོ།། ས་ཞིང་མཁྲེགས་པའི་པགས་པ་སྟེ། པགས་པའི་དབང་པོ་གང་ཡིན་པ་དེ་ནི། རྡོ་རྗེ་སྙིང་པོ་པགས་པ་མཁྲེག་སོ།། དཔའ་བོའི་དར་དབྱངས་བཞིན་དཔྲལ་བའི་སྟེང་དུ་ཕྲེང་བས ་དབང་བསྐུར་བའི་ངོ་བོ་ནི་རྡོ་རྗེ་ཕྲེང་བའོ།། དེ་བཞིན་གཤེགས་པའི་ཕྲེང་བ་འཛིན་པས་ན་རྡོ་རྗེ་ཕྲེང་ཐོགསོ།། དེ་བཞིན་གཤེགས་པ་ཐམས་ཅད་དང་ཡང་དག་པར་ལྡན་པའི་ཕྱིར་དཔལ་ལྡན་ནོ།། རྡོ་རྗེ་ནི་དེ་བཞིན་གཤེགས་པ་ཐམས་ཅད ་དེ། དེའི་རང་བཞིན་གྱི་རྒྱན་རྣམས་ཀྱིས་གནས་ཇི་ལྟ་བར་བརྒྱན་པས་དེ་ལྟར་བཤད་དོ།། གདུག་པའི་རྒྱུད་གནན་པའི་ཕྱིར་འཇིག་རྟེན་གསུམ་གྱིས་བསྐྱོད་དུ་མེད་པའི་ཧཱ་ཧཱ་ཞེས་བྱ་བ་སྒྲོགས་པའི་རང་བཞིན་དོན་ཤིན་ཏུ་ཐོས་པས་འདུལ ་བཔར་བྱེད་པའི་ཕྱིར་དྲག་ཏུ་བཞད་པ་གང་ཡིན་པ་དེ་ནི་གང་བརྒྱངས་ཧཱ་ཧཱའོ།། ཆོས་ཀྱི་དེ་ཉིད་ཕྱིན་ཅི་མ་ལོག་པར་ངེས་པར་སྒྲོག་པར་བྱེད་པས་ན་ངེས་སྒྲོགས་པའོ།། རྡོ་རྗེ་སྔགས་ཀྱི་ཚུལ་གྱི་སྒྲ་སྒྲོགས་པས་རྡོ་རྗེའི་སྒྲའོ།། ཨོཾ་ཐཱ་ཀྱེ་དཾ་ན་མ ་ཨོཾ་ཝཱ་གཻ་ཤྭ་ར་མུཿོཾ་བཛྲ་ཏཱིཀྵ་ཛྙཱ། ཨོཾ་མཉྫུ་གྷོ་ཥ་མུཿཞེས་པ་སྟེ་ཡི་གེ་དྲུག་པའི་སྔགས་ཀྱི་རང་བཞིན་གྱི་ཕྱིར་དེ་ཉིད་ཡི་གེ་དྲུག་པའོ།། འཇམ་པ་ནི་སྐྲག་པ་ཐམས་ཅད་འཕྲོག་པའི་ཕྱིར་རོ།། ཡིད་དུ་བོང་ཞིང་ཀ་སྦྱིན་དུད ་ག་གི་ད་བྱག་སྙན་པའི་དང་རྣོན་སྒྲ་ཡིས་འཚམ་པའི་བྱངས་ཆོས་སྟོན་པ་གང་ཡིན་པ་དེ་ནི་འཇམ་པའི་དབྱངསོ།། དེ་ཉིད་ཀྱི་ཆོས་ཐམས་ཅད་བདག་མེད་པ་གསལ་བར་བྱེད་པས་འགྲོ་བ་ལ་ཁྱབ་པའི་ཆོས་ཀྱི་སྒྲ་སྤོགས་ང་ཆེ་བའོ།། ་དེའི་ཕྱིར་འཇིག་རྟེན་གསུམ་ན་གཅིག་པ་སྟེ། གཉི་སུ་མེད་པའི་སྒྲ་ཚངས་པའི་དབྱངས་གང་ཡིན་པ་དེ། འཇིག་རྟེན་གསུམ་གཅིག་སྒྲའོ།། ད་ཉིད་ཀྱི་ཕྱིར་སྒྲ་གཅིག་པུ་དེས་སེམས་ཅན་གྱི་ཕུང་པོ་ཆེན་པོ་ལ་ཆོས ་སྟོན་པའི་བྱ་བྲུ་བྱེད་པའི་ཕྱིར་ཆེན་པོའོ།། དེ་སྐད་དུ། གསུང་གཅིག་ཉིད་དུ་གསུངས་པ་ཡང་།། དུ་མ་ཉིད་དུ་མཚོན་པར་བྱེད།། དེ་ལྟར་དམ་པས་བསྟན་པ་ནི།། སྐྱེ་བོ་ཀུན་ཏུ་མྱི་འགྲོ་མིན།། ཞེས་ཆེ་བ་ཉིད་ནི་ན་མཁའ་མ་ལུས་པ་ཁྱབ་པའི ་དབྱིངས་ཉིད་ཀྱིས།། ན་མོ་ཁའི་ཁམས་ཀྱི་མཐར་ཐུགས་སྐྱེའོ།། དེའི་ཕྱིར་སྒྲ་དང་ལྡན་པ་རྣམས་ཏེ། ངག་གི་དབང་པོ་ཉིད་དུ་མངོན་པའི་ང་རྒྱལ་ཅན་གང་ཡིན་པ་རྣམས་ཀྱི་མཆོག་སྟེ་གཙོ་ཟའོ།། དེ་ཉིད་ཀྱི་ཕྱིར་འཇམ་དཔལ་དབྱངས་སོ ་ཞོཞེས་གསུངསོ།། ། དནི་ཆོས་ཀྱི་དེ་ཁོ་ན་ཉིད་ལ་སོགས་པའི་ཚུལ་གྱིས་བཅོམ་ལྡན་འདས་ཀྱིས་མཚན་རྣམས་ཚིག་སུ་བཅད་པ་བཅུ་དྲུག་གིས་ཡང་དག་པར་བརྗོད་དོ།། ཡང་དག་བདག་མེད་དེ་བཞིན ་ཉིད། ཡང་དག་མཐའ་སྟེ་ཡི་གེ་མེད།། ཅེས་པ་ལ། ཚིག་འདི་རྣམས་ནི་སྟོང་པ་ཉིད་ཀྱི་ཕྱིར་དོན་གཅིག་ཀྱང་ཚིག་སོ་སོ་བའོ།། དོན་གང་ཞིག་ཚིག་གང་གིས་ཇི་ལྟར་རྟོགས་པར་བྱ་ཞེ་ན། ཐམས་ཅད་ཀྱིས་ཐམས་ཅད་ཀྱི་དོན་རྟོགས ་བར་བྱ་སྟེ། དེ་ལྟ་བུ་ནི་གཞན་དུ་ཡང་ཇི་ལྟར་རིགས་པར་རྟོགས་པར་བྱའོ།། དེ་ཡང་ཐམས་ཅད་ཀྱི་ཚེ། དེ་བཞིན་ཁོ་ན་ཉིད་པས་དེ་བཞིན་ཉིད་དང་། ཡང་དག་པ་དང་། དེ་བཞིན་པ་དང་། བདག་མེད་པ་དང་། རང་བཞིན་མེད་པ་དང་། ་ཡང་དག་པའི་དེ་ཉིད་དང་། དེའི་མཐའི་མཐར་ཐུག་པ་སྟེ། དེ་ལས་གཞན་པའི་དེ་བཞིན་ཉིད་ཡོད་པ་མ་ཡིན་ནོ།། ཞེས་པའི་དོན་ཏོ།། ཡི་གེ་ཐམས་ཅད་ཀྱིས་བརྗོད་དུ་མེད་པས་ན་ཡི་གེ་མེད་པའོ།། འདི་ནི་ཕྱིན་ཅི་མ་ལོག་པའི་སྟོང་པ་ཉིད ་ཀྱི་རང་བཞིན་གྱི་བྱང་ཆུབ་སྟེ། རྣམ་པ་ཐམས་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་སྨྲ་བའི་ངང་ཚུལ་དང་ལྡན་པས་ན། སྟོང་པ་ཉིད་སྨྲ་བའོ།། དེ་ཉིད་ཀྱི་ཕྱིར་ཁྱུ་མཆོག་སྟེ། རྒོལ་བ་ཐམས་ཅད་ཀྱི་གཙོ་བོ་ཞེས་པའི་དོན་ཏོ།། སྟོང་ཉིད ་སྨྲ་བའི་ཁྱུ་མཆོག་སྟེ། ཞེས་ཐམས་ཅད་བཀླགས་པ་ན་ནི། ཉི་ཚེ་བ་ཕྱིན་ཅི་ལོག་གི་སྟོང་པ་ཉིད་སྨྲ་བའི་མུ་སྟེགས་པ་རྣམས་ཀྱི་གཙོ་བོ་ཞེས་རྣམ་པར་བཤད་དོ།། དེ་ལྟར་སྟོང་པ་ཉིད་སྨྲ་བའི་ཁྱུ་མཆོག་ཉིད་ཀྱི་ཕྱིར་རྣམ་པ་ཐམས་ཅད ་ཀྱི་མཆོག་དང་ལྡན་པའི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་ཕྱིན་ཅི་མ་ལོག་པའི་སྟོང་པ་ཉིད་ཀྱི་ཆོས་སྟོན་པ་ནི། ཟབ་ཅིང་རྒྱ་ཆེའི་སྒྲ་སྒྲོགས་པའོ།། ཕྱིན་ཅི་ལོག་གི་སྟོང་པ་ཉིད་ཀྱི་ཆོས་སྟོན་པ་ནི། སེམས་ཅན་རྣམས་བསླུ་བའི ་རྒྱུའོ། ཇི་སྐད་དུ། སྟོང་པ་ཉིད་ལ་ལྟ་ཉེས་ན། ཤེས་རབ་ཆུང་རྣམས་འཕུང་བར་འགྱུར། ཇི་ལྟར་སྦྲུལ་ལཾ་བཟུང་ཉེས་དང་། རིག་སྔགས་ཉེ་ས་པར་བསྒྲུབས་བཞིན།། ཞེས། ཆོས་མ་ལུས་པ་སྟོན་པའི་ཆོས་ཀྱི་སྒྲ་རྣམས་རྫོགས ་བློའི་ཆུ་སྨཱཀྵྨཱི་དུང་གི་ཏིང་འཛིན་གྱི་རྒྱུར་གྱུར་པས་ན། ཆོས་ཀྱི་དུང་སྟེ་སྒྲ་ཆེན་ལྡན་ཞེས་བྱའོ།། དེ་ལ་ཆོས་ཀྱི་དུང་གཽ་ཏིང་འཛིན་ནི་འདི་ཡིན་ཏེ། ཆུའི་དཀྱིལ་བ་ཁོར་ཟླུམ་པོ་དཀར་པོའི་སྟེང་དུ་པདྨ་འདབ་མཾ་བརྒྱད་པ་གེ་སར་དང་བཅས ་པཱའི་ལྟེ་བར། ཆོས་ཐམས་ཅད་ནི་འཆི་བ་དང་བྲལ་བའོ།། ཞེས་པ། གསལ་བུར་བྱེད་པའི་མགས་བོན་ལས་བྱུང་བའི་བདག་ཉིད་འཇམ་དཔལ་གྱི་གཟུགས། དཀར་པོ་ཕྱག་གཉིས་པ། རྡོ་རྗེ་སྐྱིལ་ཀྲུང་གི་སྟེང ་དུ་ཕྱག་གཉིས་ཏིང་འཛིན་གྱི་ཚུལ་དུ་གནས་ག་གཞོན་ནུའི་རྒྱན་ཅན་ཟུར་ཕུད་ལྔ་པ། དང་ཞིང་དྲི་མ་མེད་པོ་ཡེ་ཤེས་ཀྱི་རང་བཞིན་དུ་བསྒོམས་ལ། རང་གི་སྙིང་གའི་ཟླ་བའི་སྟེང་དུ་པདྨ་ལ། ཡོ་གེ་ཁཾ་ལས་དུང་། དེའི་དབུས་སུ ་ཨོཾ་བོཛྲ་ཛི་ཧཱ་རཾ་ཞེས་པས་རྡོ་རྗེའི་ལྕེ། ལྕེའི་སྟེང་དུ་རིན་པོ་ཆེའི་པདྨ་ལ་ཏིང་འཛིན་ལ་སྙོམས་པར་ཞུགས་པའི་སངས་རྒྱས་འོད་དཔག་མེད་དོ།། དེའི་སྟེང་དུ་དཀན་ཡི་གེ་བཾ་ལས་བདུད་རྩིའི་ཐིགས་པ་ཐུར་དུ་ཁར་འཛག་པར་གྱུར་ཏེ། ་དེ་ལྟ་བུའི་རིམ་པས་ཟླ་བ་ཕྱེད་དམ། ཟླ་བ་གཅིག་གྲམ། ཟླ་བ་དྲུག་གི་བར་དུ་བསམ་པར་བྱའོ།། དངོས་གྲུབ་ཀྱི་མཚན་མ་རྙེད་པ་དང་། དཀྱིལ་འཁོར་བྲི་བར་བྱ་སྟེ། ཕྱི་རོལ་ཏུ་གྲུ་བཞི་སྒོ་བཞི་པ། སྒོ་སྐྱོང་རྣམས་དང་ཡང་དག་པ ་ལྡན་པ། ཕྱིའི་དཀྱིལ་འཁོར་དུ་ལྷ་མོ་སྒེག་མོ་དང་ཕྲེང་བ་མ་དང་གླུ་མ་དང་གར་མ་དང་མེ་ཏོག་མ་དང་བདུག་སྤོས་མ་དང་མར་མོ་མ་དང་དྲི་ཆབ་མ་རྣམས་དགོད་པར་བྱའོ།། དེའི་ནང་དུ་ཟླུམ་པོ་དཀར་པོ་རེ་ཁཾ་ཙོག་གིས་བསྐོར་བསྒོ་མེང ་པའོ།། དེའི་དབུས་སུ་པདྨ་དཀར་བ~ཾ་སྟེ། དེ་ལྟ་བུ་བྲིས་ནས་སྟོན་བློ་ཆུང་ངམ། དཔྱིད་ཟླ་ར་བ་དང་། དཔྱིང་ཟླ་ཆུང་ལ་སོགས་པའི་ཟླ་བ་ཉེ་བ་ལ་མཆོད་པ་དབུལ་པོ་ལ་སོགས་པ་སྔོན་དུ་འགྲོ་བས་གཏོར་མ་ཕུལ་ཏེ། དཀྱིལ་འཁོར ་གྱི་དབུས་སུ་རྡོ་རྗེ་སྐྱིལ་ཀྲུང་གིས་འདུག་ནས་མཉམ་པར་བཞག་པ་སྟེ། བདག་ཉིད་འཇམ་དཔལ་གྱི་གཟུགས་ཡོངསུ་གྱུར་པ་ལས་སངས་རྒྱས་བོད་དཔག་ཏུ་མེད་པའི་སྐུ་ཆོས་ཀྱི་དབྱིངས་དང་མཉམ་པ་འོད་གསལ་བ་ཉིད་དུ ་བསྒོམས་པར་བྱའོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ཕྱག་རྒྱ་ཕྱོགས་ཐམས་ཅད་ནས་བྱོན་ཏེ། རང་གི་ལུས་དང་ངགེ་དང་ཡིང་རྣམས་ལ་རབ་ཏུ་ཞུགས་ཤིང་བརྟན་པོར་གྱུར ་ཞེས་བརྟན་པོར་བསམས་ལ། རང་གི་སྙིང་གའི་ཟླ་བ་དང་པདྨ་ལ་གནས་པའི་དྲུང་ལ་བསལ་བར་བལྟ་ཞིང་། དེ་ཡོངསུ་བསྐོར་བར་གནས་པའི་ཡི་གེ་ཐམས་ཅད་ཀྱི་རང་བཞིན་གེ་སེར་གྱི་ཐིག་ལེ་རྣམས་ལས་ངག་གི ་རྡུལ་ཕྲ་རབ་རྣམསུ་གྱུར་ཏེ། ལྐོག་མའི་ཕྱོགསུ་ཕྱིན་པ་དང་དབྱངས་ཀྱི་ངོ་བོ་ཉིད་དུ་གྱུར་ལ་དབྱངས་ལས་ནཱ་ད་སྒྲ་ཙམ་ལས་ཡི་གེའི་གཟུགསུ་གྱུར་ནས་ལྕེ་ཕྱིན་པ་དང་། རྡོ་རྗེ་ལྟ་བུའི་དབྱིབསུ་གྱུར་ནས་ཕན་ཚུན་གཅིག ་ལ་གཅིག་ན་མཁའི་ཁམས་མ་ལུས་པ་གོས་ལྔ་བར་བྱེད་པ་སྒྲིབ་པ་མེད་པ་རྣམས་ན་མཁའ་ཐམས་ཅད་དུ་སྤྲོས་ལ་སྒྲའི་རྣམ་པ་ལ་བསམ་ཞིང་ན་མཁའ་དབྱིངས་ཀྱིས་གང་བར་བསམས་ཏེ། ཨོཾ་ཝཱ་ཀྱེ་དཾ་ན་མཿཞེས་པའི ་སྔགས་བཟླས་པར་བྱ་སྟེ། དཀྱིལ་ཀྲུང་མ་བཤིག་བ.རོ་མཚན་མོ་མཐའ་དག་བཟླས་བརྗོད་བྱས་ན། དངོས་གྲུབ་ཀྱི་མཚནི་མར་འགྱུར་ཏེ། ལྕེ་ལ་འོད་ཟེར་འཕྲོ་བ་དང་། གྲུབ་བོ་ཞེས་བྱ་བའི་སྒྲ་ཐོས་པ་དང་། མཆུ་དང་སོ ་དག་ལས་འོད་ཟེར་སྣ་ཚོགས་འབྱུང་བ་རྣམ་སོ།། དེ་ནས་བརྩམས་ཏེ་ཇི་ལྟར་བསམས་པའི་ཚིག་དང་། ངག་དང་སྡེབ་སྦྱོར་སྣ་ཚོགས་དང་། ཚིགསུ་བཅད་པ་དང་། གསང་སྔགས་དང་། རིག་སྔགས་དང་། ་སྙིང་པོ་ལ་སོགས་པ་རྣམས་དུང་ལས་འབདེ་བ་མེད་པར་འབྱུང་བར་འགྱུརརོ།། མ་རྟོགས་པའི་བསྟན་བཅོས་རྣམས་ཀྱང་རྟོགས་པར་འགྱུརརོ།། ཐམས་ཅད་མཁྱེན་པ་ཉིད་དུ་ཡང་རིང་པོ་མི་ཐོགས་པར་འགྱུར་བས་ནི། ཆོས ་ཀྱི་དུང་སྟེ་སྒྲ་ཆེན་ལྡན། ཞེས་བྱའོ།། དེ་ཉིད་ཐམས་ཅད་དུ་སྒྲུབ་པ་མེད་པར་ཆོས་སྟོན་པའི་སྒྲའི་རྒྱུར་གྱུར་པས་ན། ཆོས་ཀྱི་གཎྜཱིའོ།། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཆོས་སྟོན་པའི་སྒྲའི་སྣང་བ་བསྐྱེད་པས་ན་སྒྲ་བོ་ཆེའོ། ་ཁ་ཅིག་སྒྲ་གང་ཡིན་པ་དེ་དེ་བཞིན་དུ་ཡོད་པ་མ་ཡིན་ནོ།། འཁོར་བ་དང་མྱ་ངན་ལས་འདས་པ་ལ་དང་པོར་གནས་པ་དང་གནས་པར་བྱེད་པ་དང་། གང་དུ་མྱ་ངན་ལས་འདས་པ་ཡོད་པ་དེ་ལ་མི་གནས་པ་དེ་ལྟ་བུ་ནི་དགོངས་པ ་ཅན་གྱི་མྱ་ངན་ལས་བདས་པ་ཡིན་གྱི། དོན་དམ་པའི་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོ་ནི་མ་ཡིན་པར་བཤད་དོ།། དོན་དམ་པར་ནི་མྱ་ངན་ལས་འདའ་བ་མེད་པ་ནི་མྱ་ངན་ལས་འདས་པ་སྟེ། གང་རང་བཞིན་གྱིས་དག་པ་རྨི་ལམ ་དང་སྒྱུ་མོའི་རང་བཞིན་ཅན་དེ་ནི་མི་གནས་པའི་མྱ་ངན་ལས་འདས་པ་སྤྲོས་པ་མེད་པའི་དཔལ་བཅོམ་ལྡན་འདས་འཇམ་དཔལོ།། དེ་སྐད་དུ། མ་ཧཱ་ཆག་སུ་མྱ་ངན་འདས་མེད་མྱང་འངསུ།། འཇིག་རྟེན་མགོན་པོས་བསྟེན་པ་སྟེ། ་ནམཁས་བྱས་པའི་འདུད་པ་ནི།། ནམཁའ་ཉིད་ཀྱི་གྲོལ་བ་བཞིན།། འགའ་ལའང་གནས་པ་མ་ཡིན་པ།། ཀུན་ཏུ་སངས་རྒྱས་གནས་པ་ཉིད།། ན་མཁའ་ཀུན་ཏུ་གནས་པ་བཞིན།། དེ་ནི་རབ་ཏུ་མི་གནས་པའོ།། ཞེས། སྟོང་པ་བཞི་པར་ཡང ་གསུངས་པོ། བརྟག་ཅིང་བརྟན་ལ་ཞི་བ་ཡི།། ཆོས་ཀྱི་རང་བཞིན་ཁྱོད་ཀྱི་སྐུ།། རྒྱལ་བ་ཁྱེད་ཀྱི་སྐྱེ་བོ་རྣམས།། གདུལ་ཕྱིར་མྱ་ངན་འདས་པའང་བསྟན།། གྲངས་མེད་ཇི་སྙེད་ཁམས་རྣམས།། འདས་དང་བལྟམས་དང་མངོན་མེད་པ་ཡོངས་བྱུང ་ཆུབ། འཁོར་ལོ་མྱ་ངན་ལས་འདས་གཤེགས་རྣམས།། ཁྱོད་གུས་རྣམས་ཀྱི་ཡང་ཡང་མཐོང་།། ཞེས་དང་རིང་མོན་ཉེ་བ་མ་ལགས་ཤིང་།། ནམ་མཁའ་མ་ལགས་ས་མ་ལགས།། འཁོར་མིན་མྱ་ངན་འདས་མ་ལགས།། གནས་ཚོ ་མང་བ་ལ་ཕྱག་འཚལ་འདུད།། ཅེསོ། བཅོམ་ལྡན་འདས་ཀྱི་མི་གནས་པའི་མྱ་ངན་ལས་འདས་པ་འདི་ནངས་པར་སྤྱོད་པམས་ཡང་གཞན་དུ་རིགས་པ་ཆེས་པོ་དག་གིས་རབ་ཏུ་བསྒྲུབས་མོད་ཀྱི། འདིར་ནི་གཞུང་ལྕི་བའི་འཇིགས་པས་རྒྱས ་པར་མ་སྤྲོས།། ལུང་དུ་གསུངས་པ་ཅུང་ཟད་བྲི་བར་བྱ་སྟེ། དེ་ཡང་དགོངས་པ་ཅན་གྱི་མྱ་ངན་ལས་འདས་པ་ནི་ཆོས་ཡང་དག་པར་སྡུད་པ་ལས་གསུངས་ཏེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུས་དེ ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོ་ཁོང་དུ་ཆུད་པར་བྱ་སྟེ། བཅུ་གང་ཞེ་ན། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད ་སྤངས་པའི་མཐར་འགྲོ་བ་དང་། གང་ཟག་དང་ཆོས་ཀྱི་ཡུལ་ལ་བདག་མེད་པར་ཁོང་དུ་ཆུད་པ་དང་སྐྱེ་བ་དང་ཆོས་ཀྱི་གནས་གྱུར་པ་ཐོབ་པ་དང་། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་མཛད་པ་བྱེད ་པ་ལྷུན་གྱིས་གྲུབ་ཅིང་རྒྱན་མ་ཆད་པ་ཐོབ་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་དབྱེར་མེད་པ་ཐོབ་པ་དང་། འཁོར་བ་དང་མྱ་ངན་ལས་འདས་པ་ལ་གཉིསུ་བསམ་པ་དང་བྲལ་པ་དང་། ཆོས་ཐམས་ཅད་ཀྱི་རྩེ ་བཤིན་ཏུ་རྣམ་པར་དགེ་བ་དང་། ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་འགག་པ་མེད་པའི་དེའི་དངོས་པོ་བསྒོམ་པ་དང་། དེ་བཞིན་ཉིད་དང་ཆོས་ཀྱི་དབྱིངས་དང་ཡང་དག་པའི་མཐའ་མཉམ་པའི་ཡེ་ཤེས་ཐོབ་པ་དང་། ཆོས ་ཐམས་ཅད་ཀྱི་རང་བཞིན་དང་མྱ་ངན་ལས་འདས་པའི་རང་བཞིན་མཉམ་པའི་ཡེ་ཤེས་ཐོབ་པ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུ་པོ་དེ་དག་གིས་དེ་བཞིན་གཤེགས་པ་རྣམས་ཀྱི་ཡོང་སུ་མྱ ་ངན་ལས་འདས་པ་ཆེན་པོ་ཁོང་དུ་ཆུད་པར་བྱའོ།། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་ཀྱི་ཚུལ་འཇུག་པ་བཅུས་དེ་བཞིན་གཤེགས་པ་རྣམས་ཀྱི་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོ་ཁོང་དུ་ཆུད་པར་བྱ་སྟེ། ་འཅུག་པ་ཞེ་ན། ཉོན་མོས་པ་ཟང་ཀྱི་ཀྱ་ནི་སྨོན་པ་ཡིན་ཏེ། སྨོན་པ་ལས་བྱུང་བའོ།། དེ་བཞིན་གབྱེ་བ་ལ་ནི་སྨོན་པ་མེད་དེ། དེ་སྨོན་པ་མེད་པས་དེ་བཞིན་གཀྱེ་བ་ཡོང་སུ་མྱ་ངན་ལས་བདས་པ་ཞེས་པགེ་སྨོན་པརྗེ་ཕྲེ་བདྨ་བཱི་རྨོ་དང་སུ་མོ་འི་ནྟ། མི་ལེན་བུའི་ལུས་མི་རྗོག་སྟེ། སྡེ་བརྗེ་བྱ་དག་པ་ཡོས་ཁྱོན ་ད་དྭེ་ཕྱོའོ།། ག་ཇུག་པ་དང་ལྡོག་པརྫུ་ངམ་སྐྱེས་བནན་སྐྱེ་དང་ཞན་པ་དགྲ་དྲངས་པ་ཡོ་ངན་གལ་ཞེས་བྱའོ།། གང་སྐྱེ་བ་མེད་པ་དང་འགག་པ་དེ་ནཱི་ཙྪིརྱ་ཡང་བརྗོད་པར་བྱ་བ་མ་ཡིན་ཏེ། བརྗོད་པར་བྱ་བ་མ་ཡིན་པས་དེ་བཞིན་གཤེགས་པ་ཡོངསུ ་མྱ་ངན་ལས་འདས་པ་ཞེས་བྱའོ།། བདག་དང་སེམས་ཅན་མེད་དེ་ཆོས་ཙམ་འདི་སྐྱེ་ཞིང་འགག་པས། ཆོས་གནས་གྱུར་པའི་ཕྱིར་དེ་བཞིན་གཤེགས་པ་ཡོངསུ་མྱ་ངན་ལས་འོངས་པ་ཞེས་བྱའོ།། ཉོན་མོངས་པ་དང་ཉེ་བའི་ཉོན ་མོངས་པ་རྣམས་ནི་གློ་བུར་བའི་ཆོས་ཡིན་ཏེ། ཆོས་ཀྱི་དབྱིངས་ནི་འོང་བ་མེད་ཅིང་འགྲོ་བ་མེད་པ་དེ་གློ་བུར་བ་ཡང་མ་ཡིན་གནས་པ་ཡང་མ་ཡིན་ཏེ། ཆོས་ཀྱི་དབྱིངས་ཉིད་མཉམ་པ་ཉིད་དུ་རྟོགས་པའི་ཕྱིར་དེ་བཞིན་གཤེགས་པ ་ཡོངསུ་མྱ་ངན་ལས་འདས་པ་ཞེས་བྱའོ།། དེ་བཞིན་ཉིད་ནི་བདེན་པ་སྟེ། དེ་བཞིན་ཉིད་མ་གཏོགས་པའི་ཆོས་གཞན་ནི་བརྫུན་པའོ།། བདེན་པའི་ངོ་བོ་ཉིད་ནི་དེ་བཞི་ནི་ཉིད་ནི། དེ་བཞིན་གཤེགས་པའི་ཡོངསུ་མྱ་ངན་ལས་འདས་ཞེས ་བྱའོ། ཡང་དག་པའི་མཐའ་ནི་སྤྲོས་པ་མེད་པ་ཆོས་གཞན་ནི་སྤྲོས་པའི་ངོ་བོ་ཉིད་དེ་ཡང་དག་པའི་མཐའ་དང་ལྡན་པའི་ཕྱིར་དེ་བཞིན་གཤེགས་པ་ཡོང་སུ་མྱ་ངན་ལས་འདས་པ་ཞེས་བྱའོ།། སྐྱེ་བ་མེད་པ་ནི་བདེན་པ་སྟེ། སྐྱེ་བ ་ལ་སོགས་པའི་ཆོས་གཞན་རྣམས་ནི་མི་བདེན་པ་ལོག་པ་བརྫུན་པ་བསླུ་བའི་ཆོས་ཅན་ནོ།། དེ་བཞིན་གཤེགས་པ་ནི་བརྫུན་པ་བསླུ་བའི་ཆོས་ཅན་མ་ཡིན་ཏེ། བདེན་པའི་ངོ་བོ་ཉིད་ནི་དེ་བཞིན་གཤེགས་པ་ཡོངསུ་མྱ་ངན་ལས ་འདས་པ་ཞེས་བྱའོ།། ཡང་དག་པ་མ་ཡིན་པ་ནི་མངོན་པར་འདུ་བྱེད་དེ། ཡང་དག་པ་ལ་ནི་མངོན་པར་བྱ་བ་མེད་དེ། ཡང་དག་པ་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་སྟེ། འདུས་མ་བྱས་པ་ནི་ཡོང་སུ་མྱ ་ངན་ལས་འདས་པ་ཞེས་བྱའོ།། བཅུ་པོ་དེ་དག་གིས་སངས་རྒྱས་རྣམས་ཀྱི་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོ་ཁོང་དུ་ཆུད་པར་བྱའོ།། གཞན་ཡང་ཆོས་བཅུས་སངས་རྒྱས་རྣམས་ཀྱི་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོ་ཁོང་དུ་ཆུད ་པར་བྱ་སྟེ། བཅུ་གང་ཞེ་ན། སྦྱིན་པ་དང་སྦྱིན་པའི་འབྲས་བུ་བདག་མེད་ཅིང་བདོག་གི་བ་མེད་པ་དང་། སྦྱིན་པ་དང་སྦྱིན་པའི་འབྲས་བུ་ཡོང་སུ་ཤེས་པས་རྣམ་པར་རྟོག་པ་གནས་གྱུར་པ་ཕྱིན་ཅི་མ་ལོག་པ་ནི་དེ་བཞིན་གཤེགས་པ ་ཡོངསུ་མྱ་ངན་ལས་འདས་པ་ཞེས་བྱའོ།། དེ་བཞིན་དུ་ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་དང་བསམ་གཏན་དང་ཤེས་རབ་དང་ཤེས་རབ་ཀྱི་འབྲས་བུ་བདག་མེད་ཅིང་བདག་གི་བ་མེད་པ་དང་ཤེས་རབ་དང་ཤེས་རབ་ཀྱི་འབྲས ་བུ་ཡོང་སུ་ཤེས་པས་རྣམ་པར་རྟོག་པ་གནས་གྱུར་པ་ཕྱིན་ཅི་མ་ལོག་པ་ནི་དེ་བཞིན་གཤེགས་པ་ཡོངསུ་མྱ་ངན་ལས་འདས་པ་ཞེས་བྱའོ།། སེམས་ཅན་ཐམས་ཅད་སེམས་ཅན་མ་ཡིན་པ་དང་། ཆོས་ཐམས་ཅད་བདག་མེད ་པ་དང་། སེམས་ཅན་དུ་འདུ་ཤེས་པའི་ཕྱིན་ཅི་ལོག་དང་བྲལ་ཞིང་ཆོསུ་འདུ་ཤེས་པའི་ཕྱིན་ཅི་ལོག་དང་བྲལ་བ་ནི་དེ་བཞིན་གཤེགས་པ་ཡོངསུ་མྱ་ངན་ལས་འདས་པ་ཞེས་བྱའོ།། གང་བདག་ལ་སྡུག་པར་འགྱུར་བ་དེ་ནི་ཚེ་ལ ་བར་འགྱུརརོ།། ཚོལ་བ་དེ་ནི་ཉོན་མོངསོ།། བདག་ལ་སྡུག་པ་དང་བྲལ་ཞིང་ཚེལ་བ་ཐམས་ཅད་དང་བྲལ་བའི་ཕྱིར་ཉོན་མི་མོངས་པ་སྟེ། ཉོན་མོངས་པ་མེད་པ་ནི་དེ་བཞིན་གཤེགས་པ་ཡོངསུ་མྱ་ངན་ལས་འདས་པ་ཞེས་བྱའོ།། འདུས ་བྱས་ནི་ཆད་དང་ལྡན་པ་ཡིན་ཏེ། འདུས་མ་བྱས་ནི་ཚད་མེད་པའོ།། འདུས་བྱས་ཀྱི་ཆོས་ལས་རྣམ་པར་གྲོལ་ཞིང་འདུས་མ་བྱས་ཀྱི་ཆོས་ཐོབ་པ་ཚད་མེད་པའི་ཆོས་ནི་དེ་བཞིན་གཤེགས་པ་ཡོངསུ་མྱ་ངན་ལས་འདས་པ་ཞེས་བྱའོ།། དེ ་བཞིན་གཤེགས་པས་ནི་གང་སྟོང་པ་ཉིད་མ་གཏོགས་པའི་ཆོས་སམ་སེམས་ཅན་གང་ཡང་མ་གཟིགས་ཏེ། སྟོང་པ་ཉིད་ནི་ཆོས་སོ།། ཆོས་ཀྱི་སྐུ་ནི་དེ་བཞིན་གཤེགས་པ་ཡོང་སུ་མྱ་ངན་ལས་འདས་པ་ཞེས་བྱའོ།། རིགས ་ཀྱི་བུ་བྱང་ཆུབ་སེམས་དཔས་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུ་པོ་དེ་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡོང་སུ་མྱ་ངན་ལས་འོངས་པ་ཆེན་པོ་ཁོང་དུ་ཆུད་པར་བྱའོ་ཞེས ་དགོངས་པ་ཅན་གྱི་མྱ་ངན་ལས་པ་བསྟན་པ་ཡིནོ།། འགའུ་ཞིག་གིས་ཀྱང་གསུངས་པ། སྒྲིབ་པ་ཀུན་ལས་དེས་གྲོལ་ཕྱིར།། མཛད་པ་རྣམས་ཀྱང་མ་རྫོགས་ཕྱིས།། སངས་རྒྱས་རྟག་ཏུ་མྱ་ངན་འདས།། མྱ་ངན་འདས་པའང་མིན ་པར་འདོད་།། ཀུན་ཀྱང་འདྲེས་པའི་འཕྲིན་ལས་ཅན།། རྒྱ་མཚོའི་ཆུ་འདྲི་རྒྱལ་པོ་རྣམས།། བྱས་སོ་བྱེད་དེ་བྱའོ་ཞེས།། གཞན་གྱི་དོན་ལ་དགོངས་པ་མེད།། སྣ་ཚོགས་པ་ཡི་ཟླ་བ་བཞིན།། རང་གི་ཉེས་པས་མི་སྣང་ངོ་།། འཇིག་རྟེན་ཀུན་ལ ་ཉི་མ་བཞིན།། དེ་དག་ཆོས་འོད་ཁྱད་པར་མཛད།། ལ་ལར་རྫོགས་པའི་བྱང་ཆུབ་སྟོན།། ལ་ལར་མེ་བཞིན་མྱ་ངན་འདས།། ནམ་ཡང་མེད་པ་མ་ཡིན་ཏེ།། དེ་བཞིན་གཤེགས་པ་རྟག་པའི་སྐུ།། གང་དུའང་རྣམ ་པར་དཔྱོད་མི་མངའ།། གནས་རྣམས་ཀུན་ནས་མཐོང་མོད་ཀྱི།། དབང་པོ་དྲུག་གི་སྤྱོད་ཡུལ་མིན།། ཉོན་མོངས་ཐུལ་ལ་སྤངས་པོ་མེད།། སྔགས་ཀྱིས་བསད་པའི་དུག་དང་འདྲ།། སངས་རྒྱས་རྣམས་ནི་ཉོན་མོངས་པས།། ཉོན་མོངས་ཟད ་པས་ཀུན་མཁྱེན་བརྙེས།། ཐབས་ཆེན་རྣམས་དང་ལྡན་པ་ལ།། ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར།། འཁོར་བ་ཞི་བའི་བདག་ཉིད་དེ།། དེའི་ཕྱིར་དེ་བཞིན་གཤེགས་བསམ་ཡས།། ཁམས་གཅིག་ན་ནི་གཉིས་མེད་ཕྱིར།། ་དཔག་མེད་ལྷན་ཅིག་ཚོགས་བསགས་ཕྱིར།། རིམ་གྱིས་འབྱུང་བར་མི་རིགས་ཕྱིར།། སངས་རྒྱས་མང་པོ་རབ་ཏུ་གྲགས།། ཞེསོ། མི་གནས་པའི་མྱ་ངན་ལས་འདས་པ་ཉིད་ཀྱི་ཕྱིར་དེ་ལྟ་བུའི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས ་རྣམསུ་སྐལ་པ་ཇི་ལྟ་བ་བཞིན་དུ་རྒྱུན་མི་འཆང་པར་ཆོས་སྟོན་པའི་སྒྲའི་རྒྱུར་གྱུར་པའི་ཕྱིར་ཕྱོགས་བཅུའི་ཆོས་ཀྱི་རྔ་བོ་ཆེའོ།། ཆོས་ཀྱི་སྐུ་ཉིད་ཀྱིས་ན་གཟུགས་མེད་དོ།། མཚན་དང་དཔེ་བྱང་འབར་བཱིའི་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད ་ཀྱི་ཕྱིར་གཟུགས་ལྡན་ནོ།། དམ་པ་ན་མཆོག་ཅེས་པ་སྟེ། འཇིག་རྟེན་གསུམ་གྱི་གཙོ་བོ་བཞིན་ཤིན་ཏུ་མཛེས་པ་འཇམ་དཔལ་གྱི་སྐུ་ཞེས་པའི་དོན་ཏོ།། གདུལ་བྱའི་སྐྱེ་བོ་སྣ་ཚོགས་དང་རྗེ་སུ་མཐུན་པའི་གཟུགས་ཀྱི་སྐུ་སྤྲུལ་པའི་ཕྱིར་སྣ་ཚོགས ་གཟུགས་ཅན་ནོ།། དེ་ལྟར་རྣམ་པ་གསུམ་དབྱེར་མེད་ཀྱང་ཕྱི་རོལ་གྱི་དོན་མེད་པའི་ཕྱིར། ཡིད་ལས་སྐྱེས།། སེམས་ཙམ་དུ་གྲག་གོ་ཞེས་པའི་དོན་ཏེ། ཡིད་ཀྱི་རང་བཞིན་ཡིན་ཀྱང་གཟུགས་སྣ་ཚོགས་པ་ཉིད་ཀྱི་ཕྱིར་གཟུགས་ཐམས་ཅད་ཀུན ་ཏུ་སྣང་བར་བྱེད་པའི་དཔལ་འཕྲོ་བར་བྱེད་ཅིང་ཕུན་སུམ་ཚོགས་པར་བྱེད་པ་གང་ཡིན་པ་དེ་ནི། གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ་ལོ།། ཡང་ན་གཟུགས་རྣམ་སྟེ་ཁམས་གསུམ་དུ་གཏོགས་པ་ཐམས་ཅད་ཀུན་ཏུ་སྣང་བར་བྱེད་ཅིང་ས ་སོ་གསལ་པོར་བྱེད་པ་གང་ཡིན་པ་དེ་ལྟ་བུ་ནི་དཀྲོལ་ཏེ། མེ་ལོང་གི་ངོས་བཞིན་དང་ཞིང་དྲི་མ་མེད་པ་ཟབ་ཅིང་རྒྱ་ཆེ་བའི་ཡེ་ཤེས་ཀྱི་སྐུ་སྒྲུབ་པ་གང་ཡིན་པ་དེ་དེ་བཞིན་ནོ།། དེའི་ཕྱིར་གསུངས་པ། གཟུགས་བརྙན་མ་ལུས་འོཆང་པ་པོ ་ཞེས་ཏེ། གཞན་དུ་མོས་པ་སྣ་ཚོགས་པའི་སེམས་ཅན་གྱི་བསམ་པ་དྲི་མ་མེད་པའི་ཚུལ་དེ་ལྟ་དེ་ལྟར་གཟུགས་བརྙན་འཆར་བའི་སྣང་བ་སྐྱེད་པར་བྱེད་པའི་ཕྱིར། གཟུགས་བརྙན་མ་ལུས་འཆང་བ་པོ།། ཞེས་རྣམ་པར་བཤད་དོ།། ་ཐམས་ཅད་དུ་ཐོགས་པ་མེད་པའི་ནུས་པ་ཐམས་ཅད་དང་ལྡན་པའི་ཕྱིར། ཚུགས་པ་མེད་པའོ།། དེའི་རྒྱུ་གསུངས་པ། ཆེ་བར་གྲགས་ཞེས་པ་སྟེ། འདོད་པ་འབྱུང་བར་འགྱུར་བས་ན་དེ་ནི་གཞན་དབང་ཕྱུག་གི་མངོན་པའི་ང་རྒྱལ་དང ་ལྡན་པ་རྣམས་ལས་ཀྱང་དབང་ཆེ་བ་ཉིད་ཀྱིས་ན་དབང་ཆེ་བ་སྟེ་དབང་ཆེ་བ་ཉིད་ཀྱིས་དེ་ལྟར་གྲགས་ཤིང་གྲགས་པ་ལྟར་གྲུབ་པ་གང་ཡིན་པ་དེ་ནི་ཆེ་བར་གྲགས་པའོ།། དེ་ཉིད་ནི་ཐམས་ཅད་རྗེསུ་འཛིན་པ་དང་ཚར་གཅོད་པའི་རྒྱུར་གྱུར་པ ་ཉིད་ཀྱིས་ན་ཁམས་གསུམ་དབང་ཕྱུག་ཆེན་པོའོ།། འཕགས་ལམ་ནི་འདིར་འཕགས་པའི་ལམ་ཡན་ལག་བརྒྱད་དེ་དེ་ཡང་ཡང་དག་པའི་ལྟ་བ་དང་ཡང་དག་པའི་རྟོག་པ་དང་ཡང་དག་པའི་ངག་དང་ཡང་དག་པའི ་ལས་ཀྱི་མཐའ་དང་། ཡང་དག་པའི་འཚེ་བ་དང་ཡང་དག་པའི་རྩོལ་བ་ཡང་དག་པའི་དྲན་པ་དང་ཡདག་པའི་ཏིང་འཛིན་གྱི་རང་བཞིན་རྣམས།། ཤིན་ཏུ་མཐོ་ལ་གནས་པ་སྟེ། ཤིན་ཏུ་མཐོ་བ་དེ་ཡང་སློབ་དཔོན་གྱི་ལམ་སྟེ། དེ་ལ་གནས ་པའོ་དེ་ཡང་ཅི་ཞེ་ན། ཆོས་ཀྱི་རྟོག་ཅེས་བྱ་སྟེ། ཐེག་པ་ཆེན་པོའི་ཆོས་ཀྱི་རྒྱལ་མཚན་མཐའ་ཡས་པའི་དཔལ་ཏེ་མཐོ་བཙུན་འཇམ་དཔལ་ལོ།། དེ་ཉིད་ཆེར་འབྱུང་བ་སྟེ། ཁམས་གསུམ་ལས་འདས་པ་ཉིད་ཀྱིས་ཆེན་པོར་འབྱུང་བ ་གང་ཡིན་པ་ཞེས་སྦྱར་ཏེ། ཆེན་པོ་འདི་ལས་སེམས་ཅན་ཐམས་ཅད་འབྱུང་བ་ནི་ཆེར་འབྱུང་བའོ།། འཇིག་རྟེན་གསུམ་ན་གཅིག་པུ་སྟེ་གཉིས་པ་མེད་པར་ཤིན་ཏུ་ཡིད་འཕྲོ་བ་ཉིད་ཀྱི་གཞོན་ནུའི་གཟུགས་ཀྱི་ལུས་གང་ཡིན་པ་དེ་ནི། ་འཇིག་རྟེན་གསུམ་ནོ་གཞོན་ལུས་གཅིག་གོ།། དེ་ཡང་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པའི་རིམ་གྱིས་དེ་བཞིན་གཤེགས་པ་མཐའ་ཡས་པའི་བྱང་ཆུབ་སེམས་དཔའི་གནས་སྐབས་ཀྱི་སློབ་དཔོན་དུ་རིང་མོ་ནས་གྱུར་པའི་ཕྱིར་དང་། ་དགེ་འདུན་གྱི་གནས་བརྟན་མཆོག་དང་། མཆོད་པར་འོས་པ་ཉིད་ཀྱི་ཕྱིར་གནས་བརྟན་ནོ།། ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་དགེ་འདུན་ཐམས་ཅད་ལས་ཡེ་ཤེས་ཀྱིས་བགྲེས་པའི་ཕྱིར་རྒན་པོའོ།། བསོད་ནམས ་ཀྱི་ལམ་ཉེ་བར་སྟོན་པས་དམྱལ་བ་ལ་སོགས་པའི་འགྲོ་བ་གསུམ་པོ་རྣམས་ལ་ཚངས་པ་ལ་སོགས་པའི་གཟུགས་ཀྱིས་ཡང་དག་པའི་དོན་གྱི་ཆོས་བསྟན་པས་འགྲོ་བ་དྲུག་པོ་རྣམས་སྤོབས་པར་བྱེད་པ་སྐྱོང་བར་བྱེད་པས་སྐུ་དགུ ་བདག་སྟེ། དོན་དམ་པར་ནི་བཅོམ་ལྡན་འདས་ཉིད་དོ།། ཕྱག་ཞབས་འཁོར་ལོས་མཚན་དང་རུ་སྦལ་ཞབས་ཞེས་པ་ལ་སོགས་པ་མགོན་པོ་བྱམས་པས་གསུངས་པ་རྣམས་ཏེ། བླ་ན་མེད་པའི་བསོད་ནམས་ཀྱི་ཚོགས་ལསོ་ངེས་པར ་འཁྲུངས་པའི་མཚན་སུམ་ཅུ་རྩ་གཉིས་རྣམས་འཆང་བས་ན་མཚན་འཆང་བུའོ།། དེ་བཞིན་དུ། ཐུབ་པའི་སེན་མོ་ཟངས་མདོག་དང་།། མདོག་སྣུམ་མཐོ་དང་སོར་མོ་རྣམས།། ཞེས་པ་ལ་སོགས་པ་དཔེ་བྱད་བརྒྱད་ཅུར་བཤད་པ ་རྣམས་ཀྱིས་ཡན་ལག་ཐམས་ཅད་བརྒྱན་པའི་ཕྱིར། འཇིག་རྟེན་གསུམ་ན་མཛེས་པའོ།། དེ་ཉིད་ཐམས་ཅད་ཀྱི་ཐམས་ཅད་དུ་སྐྱེ་བོ་རྣམས་ཀྱི་ཡིད་དུ་འོང་བའི་ཕྱིར་སྡུག་གུའོ།། འཇིག་རྟེན་ནི་སེམས་ཅན་དང་སྣོད་ཀྱི་རང་བཞིན་ནོ།། ་ཤེས་པ་ནི་དངོས་པོ་ཐམས་ཅད་དེ། འགྲོ་བའི་སྐྱེ་གནས་དང་མདོག་དང་དབྱིབས་དང་ཚད་ལ་སོགས་པའི་རང་བཞིན་ཡོངསུ་ཞེས་པའོ།། ཡོངསུ་ཤེས་པས་འདིས་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་ནི་ལེགས་པའོ།། དེ་ལ ་སློབ་དཔོན་ནི་ཡང་དག་པར་སྟོན་པར་བྱེད་པ་པོ་སྟེ། དེའི་ཕྱིར་འཇིག་རྟེན་སློབ་དཔོན་ཏེ་འཇིག་རྟེན་གསུམ་གྱི་བླ་མ་ཡིན་པས། འཇིག་རྟེན་ཤེས་ལེགས་སློབ་དཔོན་ཏེ། ཞེས་པ་སྟེ། ཚད་མ་དང་འཐད་པས་གྲུབ་པའི་ཆོས ་ཐམས་ཅད་སྟོན་པ་ན་འཇིགས་པ་མེད་ཅིང་སེམས་གཡོ་བ་མེད་ལ་ཤིན་ཏུ་སྤུངས་ཆེ་བ་ཞེས་པའི་དོན་ཏོ།། དེའི་ཕྱིར་མགོན་པོ་སྟེ། འགྲོ་བ་རྣམས་ཀྱི་ཞེས་པ་ལྷག་མའོ།། སྒྲུབ་པ་ཡང་ངོ་།། འདི་ཇི་ལྟ་བུ་ཞེ་ན་གསུངས་པ། འཇིག ་རྟེན་གསུམ་ཡིད་གཅུགས་པ་ཞེས་པ་སྟེ། འདི་ནི་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཆོས་སྟོན་པ་པོ་ཉིད་ཀྱིས་ཡིད་གཅུགས་པར་གཟུང་སྟེ། བསླུ་བ་མེད་པའོ།། གཞན་རྣམས་ནི་ལོག་པའི་བདག་ཉིད་ལ་མངོན་པར་ཞེན་པའི་ཕྱིརརོ།། དོན་གྱི་གཙོ་བོ ་སངས་རྒྱས་ཉིད་དུ་འགྱུར་བའི་ལམ་ཉེ་བར་སྟོན་པས་མི་བསླུ་བ་ཉིད་ཀྱིས་ན་ཡིད་གཅུགས་པར་འཐད་དོ་ཞེས་བཅོམ་ལྡན་འདས་ཀྱིས་དགོངས་པའོ།། དེ་ཉིད་ཉོན་མོངས་པའི་དགྲ་བོས་འཇིགས་པ་རྣམས་ཀྱིས་སྒྲུབསོ།། འདི་ཇི་ལྟ་བུ་ཞེ་ན་གསུ ་སྐྱོསྐྱོ་བ་ཞེས་པ་སྟེ། སྐྱོབ་པ་ནི་རང་གིས་གཟིགས་པའི་ལམ་ཉེ་བར་སྟོན་པ་སྟེ། དེ་འདི་ལ་ཡོད་པས་ན་སྐྱོབ་པའོ།། དེ་སྐད་དུ། སྐྱོབ་པ་ཉིད་གཟིགས་ལམ་གསུངས་པ། ཞེས་པ་སྟེ། ཉིད་ཀྱིས་གཟིགས་པའི་ལ་མོ་ཉེ་བར་སྟོན་པ་པོ་ཉིད་ཀྱི་ཕྱིར ་ལྟ་བུ་ནི་བླ་ན་མེད་པའོ།། གཞན་ལས་ནི། རྒྱུན་རྟག་པ་ཉིད་ཀྱིས་རྒྱུད་རྒྱུན་མི་འཆད་པར་མགོན་མོང་བའི་སེམསཅན་གྱི་ཁམས་རྣམས་སྐྱོབ་པར་བྱེད་པའོ་ཞེས་རྣམས་པར་བཤད་དེ། དེ་ལྟར་དུ་ཡང་། ཏཱ་ཡིར་རྒྱུན་དུ ་སྲུང་བ་དག་ལའོ་ཞེས་བྱིངས་ཀློག་པར་བྱེད།། ནམ་མཁའ་བཞིན་ཁྱབ་པས་ཡོངསུ་གང་ཞིང་ཡངས་པ་ཉིད་གང་ཡིན་པ་དེ་ནི་ན་མཁའ་ཁྱབ་པ་སྟེ། མཐོའ་མེད་པོ་ཞེས་པའི་དོན་ཏོ།། དེ་ལྟ་བུར་མཐའ་ཡས་པའི་ཆོས་དང་ཟང་ཟིང་དང་མི ་འཇིགས་པའི་རང་བཞིན་ཅན་གྱི་ལོངས་སྤྱོད་རྣམས་སེམས་ཅན་རྣམས་ལ་སྦྱིན་པ་གང་ཡིན་པ་དེ་ནི། ནམ་མཁའ་ཁྱབ་པའི་ལོངས་སྤྱོད་པའོ།། ཐམས་ཅད་མཁྱེན་པ་ཞེས་པ་ལ་སོགས་པ་ལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམས་ནི ་རྒྱ་མཚོ་ཉིད་དེ། དེ་ཁོ་ནས་འདི་ཐམས་ཅད་བསྐྱེད་པའོ་ཞེས་དགོངས་པའོ།། དེ་ཉིད་ཀྱི་ཕྱིར་ཆོས་ཐམས་ཅད་བདག་མེད་པར་མ་རྟོགས་པ་བོང་བུ་ལྟ་བུའི་བདག་ཏུ་རྨོངས་པ་ལ་སོགས་པའི་མ་རིག་པའི་སྒོ་ངའི་སྦུབས་འབྱེད་པའོ།། དེའི ་ཕྱིར་ཤེས་རབ་ཀྱི་རལ་གྲིས་སྲིད་པའི་དྲ་བ་འཇོམས་པའོ།། དེས་ན་ལས་དང་སྐྱེ་བ་དང་ཉོན་མོངས་པ་ཞེས་བྱ་བ་ཀུན་ནས་ཉོད་པ་མ་ལུས་པ་ཞི་བར་བྱེད་པ་དེ་དེ་བཞིན་ནོ།། མ་རིག་པ་ཞེས་པ་ལ་སོགས་པ་ཐམས་ཅད་ལ་རང་ཉིད་དང་སེམས་ཅན ་ཐམས་ཅད་ཀྱི་ཞེས་པ་ཉེ་བར་སྦྱར་བར་བྱ་སྟེ། དེ་ལྟ་བུ་ཇི་ལྟར་ནུས་ཞེ་ན། གསུངས་པ། འཁོར་བའི་རྒྱ་མཚོའི་ཕ་རོལ་སོན། ཞེས་པ་སྟེ། རང་ཉིད་གྲུབ་པས་གཞན་རྣམས་ལ་སྒྲུབ་པར་འགྱུ་རོ་ཞེས་དགེངས་པའོ།། ཡེ་ཤེས་ནི་རྣམ ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རང་བཞིནོ།། དེ་ཡིས་དབང་བསྐུར་བ་ནི་དྲི་མ་མེད་པར་བྱས་པ་སྟེ། དེ་ཡང་དག་པར་མཚོན་པར་བྱེད་པ་ཡེར་ཤེས་ལྔའི་རང་བཞིན་གྱི་སངས་རྒྱས་ལྔའི་བདག་ཉིད་ཀྱི་ཅོད་པན་གང་ཡིན་པ་དེ་ཡེ་ཤེས་དབང་བསྐུར ་ཅོད་པན་ཅན། ཞེས། དེའི་ཕྱིར་གསུངས་པ། ཡང་དག་རྫོགས་པའི་སངས་རྒྱས་རྒྱ་ནོ།། ཞེས་པ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཅོད་པན་གྱི་ཚུལ་གྱིས་བརྒྱན་པར་བྱེད་པ་གང་ཡིན་པ་ཞེས་སྦྱར་ཏེ། རྣམ་པ་ཐམས ་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་གཟུགས་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་རྒྱན་པར་བྱེད་ཅིང་རྒྱུན་དུ་བྱེད་པས་ཇི་སྐད་བཤད་པ་བཞིན་ནོ།། སྡུག་བསྔལ་གསུམ་གྱི་ཞེས་པ་ལ་སོགས ་པ་ལ། སྡུག་བསྔལ་འཁོར་པོ་ཅན་ཕུང་པོ།། དེ་ཡང་རྣམ་པ་གསུམ་སྟེ། སྡུག་བསྔལ་གྱི་སྡུག་བསྔལ་ནི་དམྱལ་བ་དང་ཡི་ངག་དོང་དུད་འགྲོབ་འགྲོ་བར་སོང་བ་རྣམས་ཀྱིའོ།། མངོན་དུ་བྱིས་པས་སྡུག་བསྔལ་དང་བྲལ་བར་འགྱུར། ་བ་ཉིད་ཀྲྀ་ཕྱིར། འདུ་བྱེད་ཀྱི་སྡུག་བསྔལ་ཏེ། དེ་ཡང་དཕལ་ཆེར་མོའི་འགྲོ་བར་གི་ཏོགས་པ་རྣམས་ཀྱིའོ།། རྒྱུ་གཞན་ལ་རག་ལས་པས་སྡུག་བསྔལ་གྱི་རང་བཞིན་ཉིད་ཀྱི་ཕྱིར་འགྱུར་བའི་སྡུག་བསྔལ་ཏེ། ལྷའི་འགྲོ་བ ་རྟོགས་པ་རྣམས་ཀྱི་སྟེ། ལྷའི་བདེ་བ་ཡང་མཐར་སྡུག་བསྔལ་གྱི་རྒྱུ་ཅན་ཉིད་ཀྱི་ཕྱིར་རོ།། འདི་དག་ནི་སྡུག་བསྔལ་གསུམ་གྱི་བདག་ཉིད་ཅན་གྱི་སྡུག་བསྔལ་ཏེ། ཤེས་རབ་དང་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཀྱིས ་ཞི་བར་བྱེད་པས་ན། སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ཞི་བའོ།། དེའི་ཕྱིར་གསུངས་པ། གསུམ་སེལ་ཞེས་པ་སྟེ། སྡུག་བསྔལ་གསུམ་པོ་འདྲི་རྣམས་མཐར་བྱེད་པས་ན་གསུམ་མཐར་བྱེད་དོ།། ཡང་ན་སྙིང་སྟོབས ་ལ་སོགསོ་པའི་ཡོན་ཏན་གསུམ་དང་འདོད་པ་ལ་སོགས་པའི་ཁམས་གསུམ་དང་ལུས་ལ་སོགས་པ་གསུམ་དང་། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་གསུམ་སྟེ། དེ་རྣམས་ཡོང་དག་པར་ཡོངསུ་ཤེས་པས ་མཐར་བྱེད་པས་ན་གསུམ་སེལ་ལོ།། མི་གནས་པའི་མྱ་ངན་ལས་འདས་པ་ཉིད་ཀྱི་ཕྱིར་རྟག་པ་དང་ཆད་པ་ལ་སོགས་པའི་མཐའ་མེད་པས་ན་མཐའ་ཡསོ།། ཉན་ཐོས་ལ་སོགས་པའི་གྲོལ་བ་དང་། ལྷག་པར་གྲོལ་བས་གདུལ་བྱའི་སྐྱེ་བོ་རྗེས ་སུ་གཟུང་བའི་ཕྱིར། གྲོལ་གསུམ་སོན་པ་སྟེ། དེའི་སྣང་པ་བསྐྱེད་པའི་ཕྱིར་རྣམ་པར་སྒོམ་པར་བྱེད་པས་ན་གྲོལ་གསུམ་སོན་པའོ།། ཉོན་མོངས་པ་དང་ཤེས་བྱ་དང་ལས་ཀྱི་སྒྲིབ་པ་རྣམས་དང་བྲལ་བའི་ཕྱིར། སྒྲིབ་པ་ཀུན་ལས་ངེས་པར་གྲོལ ་བའོ།། དེ་ཉིད་ཀྱི་ཕྱིར་མཁའ་ལྟར་མཉམ་པ་ཉིད་ལ་གནས།། དེའི་ཕྱིར་བག་ཆགས་དང་བཅས་པའི་ཉོན་མོངས་པའི་དྲི་མ་ཐམས་ཅད་ལས་འདས་པ་སྟེ་ཤིན་ཏུ་མནན་པས་ན། ཉོན་མོངས་དྲི་མ་ཀུན་ལས་འདས་པའོ།། དུས་མེད་པ་དང་དུས་ནི་འདས ་པ་ལ་སོགས་པའི་དབྱེ་བས་གསུམ་སྟེ། དེ་རྣམས་དུས་མེད་པ་ཡང་ངོ་།། དེ་རྣམས་ཀྱང་བརྟགས་པ་ཙམ་གྱི་ལུས་ཉིད་ཀྱིས། དོན་དམ་པར་ཡོད་པ་མ་ཡིན་པའི་ཕྱིར་དུས་མེད་པའོ།། དེ་རྣམས་མ་རྟོགས་པ་ཉིད་རྟོགས་པ་སྟེ། འཇིག་རྟེན ་ལས་འདས་པར་བསྟོད་པ་ལས། བད་གཤེགས་གཤེགས་པ་སྤངས་པའོ།། ཞེས་གསུངས་པའི་ཕྱིར་ཏེ། དེ་རྣམས་རྟོགས་པར་གྱུར་པ་ནི། དུས་གསུམ་དུས་མེད་རྟོགས་པར་གནས་ཞེས་པ་སྟེ། ཆོས་ཉིད་ཀྱིས་སྐུ་གསུམ་ལ་ཁྱ་པ ་པོ་ཞེས་པའི་དོན་ཏོ།། གདུལ་དཀའ་འདུལ་བ་ཉིད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་དུ་གཏོགས་པོའི་ཉོན་མོངས་པའི་གཡུལ་ལས་རྣམ་པར་རྒྱལ་བའི་ཕྱིར་མཉམ་པར་བཞག་པས་ན་གླང་པོ་ཆེན་པོ་སྟེ། ན་ཀའི་གྲང་བ་ཡུལ་འཇུག ་xxx ་མོངས་པའི་གདུང་བ་འཕྲོག་པའི་ཆོས་ཀྱི་བདུད་རྩིའི་ཆར་གྱིས་ཚིམ་པར་བྱེད་པའི་རྒྱུར་གྱུར་ན། མཐའ་ཡས་ལ་སོགས་པའི་ཀླུ་རིགས་བརྒྱད་པོ་རྣམས་ལས་ཆེས་མཆོག་ཏུ་གྱུར་པས་ཀླུ་ཆེན་པོ་ལྟ་བུ་སྟེ། སེམས་ཅན་ཀུན་གྱི་ཀླུ་ཆེན་པོ། ཞེས ་ཡོན་ཏན་ནི་འཇིག་རྟེན་ལས་འདས་པའི་སྟེ། དེ་རྣམས་ཀྱི་ཐོང་ནི་རྒྱན་ནོ།། དེ་གང་དག་གི་ཡོན་ཏན་ཐོད་ཡིན་ཞེ་ན། ཉན་ཐོས་ལ་སོགས་རྣམས་ཀྱི་སྟེ། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྐུ་ཉིད་ཀྱིས་དེ་རྣམས་ཀྱང་ཐོང་དུ་བྱེང་པས། ཡོན ་ཏན་ཐོང་ཅན་རྣམས་ཀྱི་ཐོད་། ཅེས་ཏེ་བཅོམ་ལྡན་འདས་ན་མཁའ་དང་མཉམ་པའི་དཔལ་འཇམ་དཔའོ།། ལྷག་མ་ཀུན་ནི་འགྲོ་བ་དྲུག་ཏུ་གཏོགས་པའི་ཉེ་བར་ལེན་པའི་རྣམས།། དེ་རྣམས་ལས་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱིས་ངེས་པར་གྲོལ ་ས་ན། ལྷག་མགུན་ལས་རྣམ་གྲོལ་ཞེས།། དེ་ཉིད་ཀྱི་ཕྱིར་གསུངས་པ། ནཱ་མཁའ་ཞེས་པ་ལ་སོགས་པ་སྟེ། གང་གི་ལམ་ནུ་མཁའི་ལམ་སྟེ། མི་གནས་པ་ཞེས་པའི་དོན་ཏོ།། དེ་ལ་ལེགས་པར་གནས་པ་ནི་དམིགས་པ་མེད་པ་ས ་བའི་དོན་ཏོ།། གལ་ཏེ་དེ་ལྟར་གྱུར་ན་ན་མཁའ་བཞིན་དུ་རྣམ་པར་རྟོག་པ་མེད་པའི་ཕྱིར་འདི་ཇི་ལྟར་སེམས་ཅན་གྱི་དྲོན་བྱེད་ཅེ་ན་གསུངས་པ། ལགས་ལ། ཡིད་བཞིན་ནོར་བུ་ཞེས་པ་ལ་སོགས་པ་སྟེ། ཐམས་ཅད་མཁྱེན་པ་ཉིད ་ཀྱི་སྦྱིན་པ་ལ་སོགས་པའི་ནུས་པ་ནི་ཕྱི་རོལ་བེམས་པོར་གྱུར་པའི་ཡིད་བཞིན་གྱི་ནོར་བུའི་མཚན་ཉིད་དང་བྲལ་བས་ལྷུན་གྱིས་གྲུབ་པ་ཉིད་ཀྱིས་འགྲོ་བ་མཐའ་དག་གི་དོན་ཕུན་སུམ་ཚོགས་པ་གཞིར་གྱུར་པས་ན། ཡིད་བཞིན་ནོར་བུ ་ཆེན་པོ་སྟེ་བྱང་ཆུབ་ཀྱི་སེམས་སོ།། དེ་དེའི་བདག་ཉིད་དུ་འཆང་བས་ན་ཡིད་བཞིན་ནོར་བུ་ཆེན་པོ་འཆང་པ་ཞེས་པའོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། ཁྱབ་བདག་རིན་ཆེན་ཀུན་གྱི་མཆོག། དཔག་བསམ་ཤིང་ཆེན་རྒྱས་པ་སྟེ།། བུམ་པ ་བཟང་པོ་ཆེ་བའི་མཆོག། ཅེས་པ་སྟེ། རིན་ཆེན་ཀུན་གྱི་མཆོག་ནི་ཡིད་བཞིན་གྱི་ནོར་བུའོ།། འདིས་ནི་ཁྱབ་བདག་ཅེས་པ་ལ་སོགས་པའི་ཁྱད་པར་དང་བཅས་པའི་གཟུགས་ཅན་གྱི་རྒྱན་གསུམ་གྱིས་བྱང་ཆུབ་ཀྱི་སེམས་དེ་ཐམས་ཅད ་ལས་ཕུལ་དུ་བྱུང་བར་སྟན་ཏོ།། དེ་ཡང་ཡིད་བཞིན་གྱི་ནོར་བུས་ནི་རང་གི་ས་ཕྱོགས་ནས་བརྩམས་ནས་དཔག་ཚད་སྟོང་གི་བར་དུ་གནས་པ་རྣམས་ཀྱི་མངོན་པར་འདོད་པའི་དོན་རྫོགས་པར་བྱ་བར་ནུས་ལ། དཔག་བསམ་གྱི་ཤིང ་གིས་ཀྱང་རང་གི་གྲིབ་མའི་ནང་དུ་ཆུད་པ་རྣམས་ཀྱིའོ།། བུམ་པ་བཟང་པོ་ཡང་དོར་ལག་པ་ཆུད་པ་རྣམས་ཀྱི་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་རྒྱལ་པོ་ནི་ཁམས་གསུམ་གྱི་མཐས་ཀླས་པའི་སེམས་ཅན་ཐམས་ཅད་ཀྱི་སངས་རྒྱས་ཉིད་ཀྱི་མཐར ་ཐུག་པའི་སེམས་ཅན་གྱི་དོན་བྱེད་པ་དང་བྱས་པ་དང་བྱེད་པར་འགྱུར་བ་ན། སེམས་ཅན་ཀུན་དོན་བྱེད་ཅེས་པ་འདི་ཡིས་དུས་ཐམས་ཅད་དུ་བྱེད་པ་པོ་ཉིད་དུ་གསུངསོ།། དུས་གསུམ་དུ་ཡང་མྱུར་དུ་རྐྱེན་གྱིས་བསྒྲུབ་པའི་ཕྱིར་བྱེད་པ ་པོ་ཞེས་པ་འདིས་ཀྱང་དེའི་ངང་ཚུལ་ནི་བྱེད་པ་པོ་སྟེ། ཚིག་ཐམས་རྟག་པའི་བྱེད་པ་པོ་ཉིད་དུ་གསུང་སོ།། ཞེས་པ་ཁྱད་པར་རོ།། སྔར་བཤད་པ་དང་མ་བཤད་པ་ཐམས་ཅད་དུ་ཚིག་གི་དོན་ཅིག་ཅར་རྟོགས་པར་བྱ་སྟེ། དེ ་ལ་ཁྱབ་བདག་ནི་ཁྱབ་པ་པོ་ཞེས་པའི་དོན་ཏོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། ཕན་འདོད་སེམས་ཅན་མཉེས་གཤིན་པ། ཞེས་པ་ཚིག་གཉིས་པོ་འདི་དག་རྒྱུ་དང་འབྲས་བུའི་ངོ་བོ་སྦྱར་ཏེ། ཡིད་བཞིན་གྱི་ནོར་བུ་ལ་སོགས་པ་རྣམས་ནི། ་དེ་ལྟ་མ་ཡིན་ནོ།། རང་བཞིན་ཞེས་པ་ངོ་བོའོ།། སེམས་ཅན་ཀུན་གྱི་དོན་བྱེད་པའི་བྱེད་པ་པོ་ཉིད་ལ་སོགས་པའི་རྒྱུ་གསུངས་པ། དགེ་དང་ཞེས་པ་ལ་སོགས་པ་སྟེ། མ་ཆགས་པོ་ལ་སོགས་པ་གསུམ་དང་དེས་བསྐྱེད་པའི་ལས་ནི ་དགེ་བའོ།། དེ་ལས་ཟློག་པ་ནི་མི་དགེ་བ་སྟེ། དེ་གཉིས་དུས་གསུམ་པ་ཙན་ནི་བདེ་འགྲོ་དང་ངན་འགྲོར་བདེ་བ་དང་སྡུག་བསྔལ་སྒྲུབ་པར་བྱེད་པའོ།། དེ་རྣམས་ཐམས་ཅད་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱིས ་ཤེས་པར་མཛད་པས་ན་དགེ་དང་མི་དགེ་ཤེས་པའོ།། གདུལ་བྱའི་སྐྱེ་བོའི་སེམས་ཇི་ལྟ་བཞིན་མཁྱེན་པས། བསྟན་པ་དང་བཏང་སྙོམས་དང་ཡོངསུ་རྒྱལ་བ་མངོན་སུམ་དུ་བྱ་བའི་དུས་ཀྱི་རྣམ་པར་དབྱེ་བ་ཡོངསུ་མཁྱེན་པས་ན ་དུས་ཤེས་པའོ།། དམ་ཚིག་ནི་བརྡ་སྟེ་སེམས་ཅན་ཤུ་པ་གེ་བ་འ་པོ་ལ་འཇུག་པམ་སྔོན་རིམ་གེ་ས་ལ་འཇུག་པའི་བཤང་འརྒྱས་པོ་ཆེན་རིན་པགྲང་གིས་པ་ང་ན་ཁྲིལ་སྲིང་ཞེས་བསྒྱུར་བཔོ་ཐམས་ཅད་ཀྱི་སྐད་དང་སྒྲ་དང་གསངས་ཏེ་བཤད་པ་དང་གླུ་ལ་སོགས་པའི་མཚན ་ཉིད་ཅན་ནོ།། དེ་ཆོས་སྟོན་པའི་དོན་དུ་མཁྱེན་པར་མཛད་པས་ན་དམ་ཚིག་ཤེས་པའོ།། གྲུབ་མཐའ་ཐམས་ཅད་ཀྱིས་གྲུབ་པའི་དམ་ཚིག་དང་ལྡན་པས་ན་དམ་ཚིག་ལྡན་པའོ།། དུས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཀྱི་དོན་མཛད ་པ་ལ་དབང་འབྱོར་པའི་ཕྱིར་ཁྱབ་བདག་གོ།། སེམས་ཅན་རྣམས་ཀྱི་དད་པ་ལ་སོགས་པའི་དབང་པོ་རྣམས་ནི་རྟུལ་པོ་ལ་སོགས་པའི་དབྱེ་བས་སོ་སོར་རྣམ་པ་དགུའོ།། དེ་རྣམས་མཁྱེན་པས་ན། སེམས་ཅན་དབང་པོ་ཤེས་པའོ།། ་སེམས་ཅན་ཡོངསུ་སྨིན་པའི་དུས་ལས་མ་ཡོལ་བར་འདུལ་བར་མཛད་པའི་ཕྱིར་དུས་ཤེས་པའོ།། ཐུང་ངུར་ཡོད་པ་ནི་གཙུག་ལག་ཡིན་པའི་ཕྱིར། ཉན་ཐོས་ལ་སོགས་པའི་རྣམ་པར་གྲོལ་བ་གསུམ་ལ། ཉོན་མོངས་པ་དང་། ་བྲལ་བ་ལ་སོགས་པའི་མཚན་ཉིད་རྣམ་པ་ཐམས་ཅད་དུ་ཡོང་སུ་མཁྱེན་དུས་ཤོས་པ་ཤེས་པའི་སྐང་འོངས་སས་ཡ་སྣ་ཞེས་ཅིང་མཁས་པས་ན། རྟགས་ཀྱི་ལས་བབྱུང་བ་བཞིན་རྣམ་གྲོལ་གསུམ་ལ་མཁས་པའོ།། ཡོན་ཏན་ནི་སྟོབས་བཅུ་ལ་སོགས་པ ་རྣམསོ།། དྲི་མ་མེད་པར་རྣམ་པ་ཐམས་ཅད་དུ་ཡོངསསུ་རྫོགས་པ་འོདི་ལ་མངའ་བས་ན་ཡོན་ཏན་ལྡན་ནོ།། ཡོན་ཏན་དེ་ལྟ་བུ་དེ་རྣམས་ཀྱི་རང་བཞིན་དང་ལྡན་པ་ལ་སོགས་པ་ཡོངསུ་མཁྱེན་པའི་ཕྱིར་ཡོན་ཏན་ཤེས།། དགེ་བ་དང ་མི་དགེ་བ་དང་ལུང་དུ་མ་བསྟན་པ་ལ་སོགས་པའི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ལ་སོགས་པའི་ཚུལ་གྱིས་མཁྱེན་པས་ན་ཆོས་ཤེས་པའོ།། བསོད་ནམས་དང་ཡེ་ཤེས་ཀྱི་སྐུ་ཅན་ཉིད་ཀྱི་ཕྱིར་ལྟོ་དང་ལྷ་མ་ཡིན་དང་མི་རྣམས་ཀྱི ་ཡིད་དུ་འོང་ཞིང་རབ་ཏུ་བསྟོད་པ་ཉིད་ཀྱིས་རབ་ཞི་པའོ།། མི་མཐུན་པའི་ཕྱོགས་འཇོམས་ཤིང་ཕུན་སུམ་ཚོགས་པ་འགུགས་པའི་རྒྱུ་ནི་བཀྲ་ཤིས།། འདི་ལས་དེ་དྲན་པ་དང་བརྗོད་པ་ལ་སོགས་པ་འབྱུང་བས་ན ་བཀྲ་ཤིས་འབྱུང་ངོ་།། རང་ཉིད་བཀྲ་ཤིས་ཐམས་ཅད་ཀྱི་ཡང་བཀྲ་ཤིས་ཉིད་ཀྱི་ཕྱིར། བཀྲ་ཤོས་ཀུན་གྱི་བཀྲ་ཤིས་པ་སྟེ། རང་གི་དོན་ལ་དེ་ཕན་གྱི་རྐྱེན་བྱིན་པའོ།། སྐྱེ་བོའི་ཚེགས་གཞན་རྣམས་ལ་བསོད་ནམས་སྐྱེ་བའི་རྒྱུར ་གྱུར་པའི་ཡང་དག་པར་བརྗོད་པའི་ངོ་བོ་དེ་ཉིད་ནི་གྲགས་པའོ།། གཞན་རྣམས་ཀྱི་ཕུན་སུམ་ཚོགས་པའི་རྒྱུར་གྱུར་པ་དང་ཀྲིས་པའི་ཡ་ས་9། རོང་ཉིད་ཕུན་སུམ་ཚོགས་པའི་རང་བཞིན་ཡིན་པའི་ཕྱིར་དཔལ་མོའོ།། དེ ་བཞིན་དུ་རང་དང་གཞན་གྱི་སྡེ་རྣམས་ལ་བསོད་ནམས་རབ་ཏུ་སྐྱེ་ཞིང་ལེགས་པ་འབྱུང་བའི་རང་བཞིན་ཡིན་པའི་ཕྱིར་བཅོམ་ལྡན་འདས་དེ་ཉིད་སྙན་གྲགསོ།། སྔར་གླགས་ཆེན་སྙན་གྲགས་ཆེན་པོ་སྟེ། ཞེས་པ་ནི་རྒྱུའི་ཚུལ་གྱིས ་ཡིན་ལ། འདི་ནི་འབྲས་བུའི་ཚུལ་གྱིས་ཏེ། མཚན་ཡང་དག་པོར་བརྗོད་པའི་ཚུལ་གྱི་ཁྱད་པར་རོ།། དེའི་ཕྱིར་ཡོན་ཏན་ཐམས་ཅད་ཀྱི་འོད་ཟེར་གྱིས་གསལ་བས་སྲིད་པ་གསུམ་གྱི་ཁོངསུ་མཛེས་པས་སམ། ཡང་ན་སེམས ་ཅན་ཐམས་ཅད་ཀྱི་དགེ་བའི་རྒྱུར་གྱུར་པས་ན་དགེ་བའོ།། མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་ཆོས་སྟོན་པ་ཉིད་ཀྱིས། སེམས་ཅན་ཐམས་ཅད་ལ་དགའ་སྟོན་ཆེན་པོའི་དགའ་བ་འདིས་ལས་འཕེལ་བའི་ཕྱིར་དང་། ་རང་ཉིད་ཀྱང་ཁམས་གསུམ་པའི་དགའ་སྟོན་ཆེན་པོའི་ངོ་བོ་ཉིད་ཀྱི་ཕྱིར་དགའ་སྟོན་ཆེན་པོའོ།། སྐྲག་པ་ཐམས་ཅད་དང་བྲལ་བ་ལྔ་ནི་དབུགས་བྱིན་ཐོབ་པ་ཞེས་བྱ་སྟེ། གུང་གི་ཕྱིར་སེམས་ཅན་ཐམས་ཅད་ལ་དབུགས་འབྱིན་ཆེན་པོ་མཛད་ཅིང་རང་ཉིད ་ཀྱང་དེའི་རང་བཞིན་དུ་གྱུར་པའི་ཕྱིར་དབུགས་འབྱིན་ཆེན་པོའོ།། དེ་ལྟ་བུ་ནི་དགའ་བ་ཆེན་པོ་དང་། འདོད་ཆགས་ཆེན་པོའི་རང་བཞིན་གྱི་ཕྱིར་རོལ་མོ་ཆེན་པོའོ།། བཀུར་སྟི་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་དམ་པར་བྱེད་ཅིང་མཆོད ་པར་བྱེད་པ་སྟེ། རང་ཉིད་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ལ་བཀུར་སྟིར་མཛད་པའི་རང་བཞིན་ཡིན་པའི་ཕྱིར་རིམ་གྲོའོ།། སེམས་ཅན་ཐམས་ཅད་ཀྱི་འབྱོར་པ་ཐམས་ཅད་ཀྱི་རྒྱུའི་ཕྱིར་དང་རང་ཉིད་ཀྱང་བསོད་ནམས་ཀྱི་ཚོགས་ཀྱི་བདག་ཉིད་ཅན་གྱི ་ཕྱིར་ཕུན་སུམ་ཚོགས་པའོ།། ཕུལ་དུ་བྱུང་བའི་དགའ་བ་དང་མགུ་བ་དང་རབ་ཏུ་དགའ་བ་དང་དེའི་རྒྱུའི་ཕྱིར་དང་། རང་ཉིད་ཀྱང་དེའི་རང་བཞིན་ཡིན་པའི་ཕྱིར་རབ་ཏུ་དགའ་བའོ།། ཡེ་ཤེས་ཀྱི་ཚོགས་ཀྱི་བདག་ཉིད་ཀྱི་ཕྱིར་དང་དེའི་རྒྱུར་གྱུར་པའི་ཕྱིར་དཔལ ་ལོ། སེམས་ཅན་རྣམས་ལ་བདག་ཉིད་ཀྱི་སྙན་གྲགས་སྐྱོང་ཞིང་སྤེལ་བའི་ཕྱིར་གྲགས་པའི་བདག་པོའོ།། རྣམ་པ་ཐམས་ཅད་པ་རྣམ་པར་དག་པའི་ཡོན་ཏན་གྱི་ལུས་ཅན་ཉིད་ཀྱི་ཕྱིར་མཆོག་ནི་སངས་རྒྱས་དེ་ཉིད་ལྡན་པས་མཆོག་ལྡན་ནོ།། མཆོག ་མངོན་པར་འདོད་ཅིང་དོན་དུ་གཉེར་བའི་སེམས་ཅན་རྣམས་ལ་སྦྱིན་པར་བྱེད་པས་ན་མཆོག་སྦྱིན་ནོ།། མཆོག་སྦྱིན་པ་པོ་ཐམས་ཅད་ལས་ཕུལ་དུ་བྱུང་བའི་ཕྱིར་གཙོ་བོའོ།། འཁོར་བས་འཇིགས་པའི་སེམས་ཅན་ཐམས་ཅད་འཇིགས་ལས་བསྲུང ་བས་ན་སྐྱབས་འོས་སོ།། མཆོག་ཅེས་པ་འདིར་ཡང་སྦྱར་རོ།། འཇིགས་པ་ཐམས་ཅད་ལས་འདས་པ་མི་གནས་པའི་མྱ་ངན་ལས་འདས་པ་ལ་སེམས་ཅད་རབ་ཏུ་འཇོག་པ་ན། སྐྱབས་ཀྱི་དམ་པའོ།། དེ་ཉིད ་ཀྱི་ཕྱིར་འཇིགས་ཆེན་དགུ་སྟེ་རོབ་ཀྱི་མཆོག། ཅེས་པ་ལ་བདུད་བཞི་རྣམས་ནི་འཇིགས་པའོ།། འཇིགས་པ་ཆེན་པོ་དེ་རྣམས་ཀྱི་དགྲ་ནི་ཉན་ཐོས་ལ་སོགས་པ་རྣམས་སོ།། དེ་རྣམས་ཀྱི་རབ་མཆོག་སྟེ་བག་ཆགས་ཀྱི་འཇུག་པ་ཐམས ་ཅད་ཀུན་ཏུ་བཅོམ་པས་སོ།། དེའི་ཕྱིར་འཇིགས་པ་མ་ལུས་སེལ་བ་པོ་ཞེས་པའོ།། །། ད་ནི་མུ་སྟེགས་པས་ཡོངསུ་བརྟགས་པའི་ཆ་བྱད་ཀྱིས་འདུལ་བའི་སེམས་ཅན་རྗེསུ་གཟུང་བའི་ཕྱིར། དེའི་བརྟུལ་ཞུགས ་ཀྱི་མིང་དོན་གྱི་སྒོ་ནས་ཡང་དག་པར་བརྗོད་པས་གསུངས་པ། གཙུག་ཕུད་ཅེས་པ་ལ་སོགས་པ་སྟེ། སྐྲ་དང་ཁ་སྤུ་བྲེགས་ནས་གཙུག་ཕུད་ཙམ་གྱི་རྟགས་འཛིན་པོའི་ཕྱིར་གཙུག་ཕུང་ཅན་ཏེ། ཀུན་དུ་རྒྱུ་གཙུག་ཕུད་གསུམ་པའི ་པའི་གཟུགས་འཛིན་པ་ཞེས་པའི་དོན་ཏོ།། མངལ་ནས་སྐྱེས་མ་ཐག་པ་བཞིན་དཔྲལ་བ་དང་མགོ་བོའི་དབུས་དང་རྒྱབ་ཀྱི་ཆ་རྣམས་སུད་བུ་གསུམ་འཛིན་པས་ན་ཕུང་བུ་ཅན་ནོ།། རལ་པ་དང་ཤིང་ཤུན་འཆང་ཞིང་དབང་ཕྱུག་ཆེན་པོ་ལ ་དང་པའི་དྲང་སྲོང་གི་གཟུགས་འཛིན་པར་མཛད་པས་ན་ཅང་ལོ་ཅན་ནོ།། སྐྲ་མཐའ་དག་རྩ་ནས་བརྩམས་ཏེ་སྦམས་པའི་རལ་པའི་ཚོགས་དང་ལྡན་པའི་ཕྱིར་རལ་པ་ཅན་ནོ།། མུཎྜ་ནི་འདིའི་བརྟུལ་ཞུགས་མགོ་ཟླུ་མ་ཡིན་པས་ཏེ། ཀུན ་ཏུ་རྒྱུའི་རྟགས་དེ་འདི་ལ་མངའ་བས་ན་མུརྟྟིའོ།། རྒྱུན་ཐམས་ཅད་ཀྱི་བརྒྱན་ཅིང་ཅོད་པན་རྩེ་བྲན་འཆང་བའི་ལྷའི་བུའི་བརྟུལ་ཞུགས་འཆང་བའི་ཕྱིར་ཅོད་པན་ཐོགས་པའོ།། གདོང་ལྔ་པ་ནི་བདེ་བྱེད་དོ།། དེའི་གཟུགས་ཀྱི་བརྟུལ་ཞུགས ་འཆང་བས་ན་གདོང་ལྔ་པ་སྟེ། ཕྱོགས་བཞི་དང་སྟེབ་དུ་རྣམ་པར་གནས་པའི་གདོང་ལྔའི་གྲངས་འདི་ཡིན་པས་ཞེས་སྦྱར་རོ།། དོན་དམ་པར་ནི་རྣམ་པར་ཐར་པའི་སྒོ་སྟོང་གབྲེལ་ཆེན་དུ་གདོ་ས་ནི་སིངྒ་ཡོཾ་བྱས་པར་བཤད་པ་ཉིད་དང་མཚན་མ་མེད་པ ་དང་། སྨོན་པ་མེད་པ་དང་། མངོན་པར་འདུས་མ་བྱས་པ་དང་། རང་བཞིན་གྱི་འོད་གསལ་བའི་རང་བཞིན་རྣམས་ནི་གདོང་ལྔ་གང་ཡིན་པ་སྟེ། དེ་ནི་གདོང་ལྔའོ།། ཕྱོགས་བཞི་དང་སྤྱི་བོ་སྟེ་གཙུག་ཕུད་ལྔ། གཞོན་ནུའི་གཟུགས་ཀྱི ་རྒྱན་གང་ཡིན་པ་དེ་ནི་གཙུག་ཕུད་ལྔ་པའོ།། རོལ་པ་ཟུར་ཕུད་ལྔ་པའི་ཐོད་ཀྱིས་སྤྱི་བོ་བརྒྱན་པ་གང་ཡིན་པ་དེ་ནི། ཟུར་ཕུད་ལྟ་དང་ལྡན་པའི་ཐོད་།། ཞི་བའི་གྲུབ་མཐར་བཤད་པའི་བརྟུལ་ཞུགས་ཆེན་པོས་འདུལ་བའི་སྐྱེ་བོ་གཞུག ་བའི་ཕྱིར་བརྟུལ་ཞུགས་ཆེན་པོ་འཆང་བས་ན་བརྟུལ་ཞུགས་ཆེན་པོ་འཆང་པའོ།། ཡང་ན་རིག་བྱེད་རེ་རེ་ཞིང་ལོ་བཅུ་གཉིས་ཚངས་པར་སྤྱོད་པ་སྤྱད་ནས་ཁྱིམ་ལ་གནས་པར་མི་བྱེད་པ་ཉིད་དུ་སློངས་མོ་སྤྱོད་པ་དང་། ནགས་ན་གནས ་པས་གོང་ཚེ་ཟད་པར་བྱེད་པ་དེ་ནི་བརྟུལ་ཞུགས་ཆེན་པོ་འཆང་བའོ།། རྩ་མུཉྫའི་སྐ་རགས་འཆང་བའི་བརྟུལ་ཞུགས་ནི་མཉྫུ་སྟེ། དེ་དང་ལྡན་པས་ན་མུཉྫ་ཅན་ནོ།། ཚངས་པར་སྤྱོད་པ་བསྲུངས་ཏེ་བུད་མེད་དང་འགྲོགས་པ་ལས་བཟློག ་པའི་ཕྱིར་ཚངས་པར་སྤྱོད་པའོ།། ཡང་ན་ཚངས་པ་ནི་མྱ་ངན་ལས་འདས་པ་སྟེ། དེའི་དོན་དུ་སྤྱོད་པས་ན་དེ་ལྟར་བཤད་དོ།། ད་ལྟར་བརྟུལ་ཞུགས་དང་ལྡན་པའི་མུ་སྟེགས་ཅན་ཐམས་ཅད་ལས་འདི་ཉིད ་བརྟུལ་ཞུགས་མཆོག་ཉིད་ཀྱི་ཕྱིར་བརྟུལ་ཞུགས་མཆོག་སྟེ། རང་བཞིན་གྱི་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་བརྟུལ་ཞུགས་ཉིད་ཀྱི་མཆོག་གོ།། ཚངས་པར་སྤྱོད་པ་བརྟུལ་མཆོག་ཅེས་མཐའ་དག་བཀླགས་པ་ན་ནི། བརྟུལ་ཞུ ་ཐམས་ཅད་ཀྱི་རྩ་བ་ནི་ཚངས་པརོ་སྤྱོད་པ་ཡིན་ལ། དེ་བས་ནི་ཐམས་ཅད་དུ་གཞོན་ནུའི་ཚངས་པར་སྤྱོད་པའི་བརྟུལ་ཞུགས་ཤིན་ཏུ་རྣམ་པར་དག་པས་མཆོག་ཉིད་དུ་གྱུར་པའི་ཕྱིར་ཚུངས་པར་སྤྱོད་པ་བརྟུལ་ཞུགས་མཆོག་སྟེ། ་རྗེ་བཙུན་འཇམ་པའི་དཔལ་ལོ།། རླུང་དང་ཆུ་དང་ལོ་མ་ཟ་དང་མེ་ལྔ་བསྟན་པ་ལ་སོགས་པའི་དཀའ་ཐུབ་ཤིན་ཏུ་དྲུག་པོའི་ཁྱད་པར་སྟོན་པར་མཛད་པས་ན་དཀའ་ཐུབ་ཆེའོ།། དེ་ཉིད་ཀྱི་ཕྱིར་དཀའ་ཐུབ་མཐར་ཕྱིན་ཏེ་རབ་ཀྱི ་མཐར་སོན་པ་གང་ཡིན་པ་དེ་དཀའ་ཐུབ་མཐར་ཕྱིན་ནོ།། རིག་བྱེད་རྟོགས་པའི་ཕ་རོལ་ཏུ་སོན་པའི་བརྟུལ་ཞུགས་རྫོགས་པར་ཐོབ་པ་དེ་ནི་གཙང་གནས་སུ་བརྗོད་ལ། བརྟུལ་ཞུགས་ཐམས་ཅད་དང་། རིག་ཁྱོད་ཐམས་ཅད ་ཀྱི་ཕ་རོལ་ཏུ་རབ་ཀྱི་མཐར་སོན་པའི་ཕྱིར་བཅོམ་ལྡན་འདས་འཇོམ་དཔལ་ཡང་གཙང་གནས་སུ་བརྗོད་དོ།། སྐྱེ་བ་ཡོངསུ་གཟུང་བས་རིགས་དང་རུས་རྗེསུ་གཟུང་བའི་ཕྱིར་དང་། རིགས་དེ་རབ་དང་མཆོག་ཏུ་གྱུར་པའི་ཕྱིར ་གོའུ་ཏ་མའོ།། རིགས་རྒྱུད་དེའི་གཙོ་བོར་གྱུར་པས་ནཱ་དམ་པའོ།། ཡི་གེ་ཨ་ནི་སྙུན་ཚིག་གི་རིག་བྱེད་དོ།། ཡི་གེ་ཨུ་ནཱི་མཆེད་སྦྱིན་གྱི་རིག་བྱེད་དོ།། ཨ་ཡིག་བྱེད་ནི་ངེས་བརྗོད་ཀྱི་རིག་བྱེད་དོ།། དེ་བཞིན་དུ་ཡི་གེ་ས་མི་ཁྱབ ་འཇུག་སྟེ། ང་ནི་ཡི་གེ་རྣམས་ལས་ཨ། ཞེས་པའི་ཚིག་ལས་སོ།། ཨུ་ཡིག་ནི་ཨུ་མའི་བདག་པོའོ།། ཨ་ཡིག་ཕྱེད་ནི་ཚངས་པའོ།། དེ་བཞིན་དུ་ཨ་ཡིག་ནཱཾ་སྙིང་སྟེབས་སོ།། ཨུ་ཡིག་ནི་མུན་པའོ།། མ་ཡིག་ནི་རྡུལ་ཏེ། ་དེ་དག་སྟོན་པར་བྱེད་པའི་ཡི་གེ་ཨཾ་ཀྱི་སྒྲ་ནི་ཚངས་པའོ།། དེ་ཇི་ལྟ་བ་བཞིན་དུ་རིག་པས་ན་ཚངས་པ་ཤེས་པ་སྟེ། དེ་ལྟར་ཡངས་བརྗོད་ཀྱི་རིག་བྱེད་བསྡུས་པའི་ཚིག་ལེའུར་བྱས་པ་ལས།། ཨོཾ་ཞེས་བྱ་ཚངས་པ་མཆོག། ་འབྱུང་པོ་ཀུན་གྱི་སྙིང་ལ་གནས།། ཡིད་ཀྱི་སྒྲོ་མར་གྱུར་པ་ཡིས།། མི་གཡོ་བར་ནི་སྣང་བར་བྱེད།། ཀློག་དང་ཤེལ་ལྟར་སྣང་བ་དང་།། ཉི་མོ་འཆ་རཱྀ་ཀ་ལྟ་བུར་ནི།། གང་གིས་སྙིང་ལ་གནས་མཐོང་བ།། དེ་ཡིས་མཆོག ་གིས་ཚད་བུ་མཐོང་།། གནས་གསུམ་དང་ནི་ཙམ་གསུམ་དང་།། ཡོན་ཏན་གསུམ་དང་ལྷ་གསུམ་དུ།། གུག་སྐྱེད་དང་བྲལ་གུག་སྐྱེད་བཅས།། གང་གིས་རིག་དེ་ཚངས་པ་རིག། ཅེས་དེ་ལྟ་བུའི་བདག་ཚངས་པ་ཡིན་པ ་བསྟན་པའི་ཕྱིར། མཆོད་སྦྱིན་གྱི་རིག་བྱེད་བསྡུས་པའི་ལེའུར་བྱས་པ་ལས། དབང་ཕྱུག་གིས་ནི་ལུང་བསྟན་སྲོག། འབྱུང་བ་དབང་པོ་རྣམ་པར་མཛེས།། གང་གི་རང་བཞིན་ཉི་བཞིན་གསལ།། འགྲོ་འདི་ཚངས་པའི ་རྒྱུ་མ་ཡིན།། རླབས་དྲུག་མཐར་འགྲོ་ཚངས་པ་སྟེ།། མ་ཡིན་མ་ཡིན་གང་སྨྲ་བ།། དགའ་བ་བརྟགས་པ་ཙམ་ཞིག་སྟེ།། གང་ཞིག་སྨྲ་བ་རྒྱུ་ཡི་མཆོག། དེ་ལས་མཆོད་སྦྱིན་འགྲོ་བའི་མདོ།། སྔར་སྐྱེས ་པ་ནི་སྐྱེ་དགུའི་བདག། དབྱིག་གི་སྙིང་པོར་གང་བཤད་པ།། མ་ལུས་འབྱིན་པར་བྱེད་པའི་རྒྱུ།། ས་ནི་རྐང་པ་ལྷ་ཡུལ་མགོ། ཉི་མ་ཟླ་བ་དག་ནི་མིག། ལྟོ་བ་ནཱ་མཁའོ་ཁོངས་གང་ཡིན།། དེ་ནི་རྣམ་མཛེས་མཆོག་གནས་སྐྱོས།། ་ཞེས་སོ།། དེ་བཞིན་དུ་སྙོན་ཚིག་གི་རིག་བྱེད་བསྡུས་པའི་ཚིག་ལེའུར་བྱོས་པར།། གང་ཚོ་ནང་ནི་ཤེས་གྱུར་པ།། ཐུབ་ཆེན་སངས་རྒྱས་གྲུབ་པར་འགྱུར།། དེ་ཚེ་བཞི་པ་རྣམ་ཤེས་པ།། དབང་ཕྱུག་ཏུ་ནི་རབ་ཏུ་བསྒྲཊ། བཞི་པ ་ལས་འདས་དམ་པའི་བདག། སྐྱེ་དང་འཇིག་པ་སྤངས་པ་སྟེ།། བཅིངསོ་དང་གྲོལ་བ་ངེས་འདས་ཏེ།། གཙོ་བོ་རྟག་པ་ཀུན་ཏུ་འགྲོ། སད་དང་རྨི་ལམ་གཉིད་འཇུག་དང་།། བཞི་པ་རྣམས་ལ་མཉམ་པར་གནས།། གང་དུ ་བཞི་པ་ཐིམ་འགྱུར་བ།། དེ་ནི་རྟོག་པའི་ཚངས་མཆོག་ཅེས།། སྲིད་སྲུང་གི་རིག་བྱེད་བསྡུས་པའི་ཚིག་ལེའུར་བྱས་པར་ཡང་།། ནམ་མཁའ་འདི་ནི་མཐའ་ཡས་ཏེ།། དེ་ནི་མི་བཟང་མི་གཡོ་བརྟན།། སྣ་ཚོགས་སྐྱེ་གནས ་ཚངས་པ་མཆོག། འབྱུང་པོ་ཀུན་གྱི་དཔུང་གཉེན་ཡིན།། མི་ཟད་པོ་ཡི་བདག་མོ་ཆོག་ནི།། གང་གིས་བདག་ལ་གནས་མཐོང་བ།། ཡོན་ཏན་མེད་ཀྱང་ཡོན་ཏན་སྤྱོད།། དེ་དག་འཇུག་ངོགས་རྗེ་སུ་འབྲང་།། དེ་ཡང ་གཞན་ལ་བདག་གཞན་ཅེས།། དེ་ལྟར་བློ་ངན་རྣམས་ཀྱིས་མཐོང་།། དེ་ནི་གང་ཡིན་བདག་ཡིན་པར།། ཤེས་པས་ངེས་པར་གྲོལ་བར་འགྱུར།། བདག་ནི་ཚངས་པར་བདག་ཚངས་པར།། གང་ཞིག་དེ་ཉིད་ཤེས་གྱུར་པ།། ་སྲིན་པོ་བམ་བྱིན་ཟ་དག་དང་ནི།། ལས་རྣམས་ཀྱི་ནི་རེག་པ་མེད།། ཅེས་སོ།། དོན་དམ་པར་ནི། རིག་བྱེད་དུ་མའི་མཐའ་དཔྱད་སྙིང་པོ་ནི།། གཅིག་དང་དུ་མ་ཉིད་དུ་རྣམ་རྟོག་སྤང་།། དེ་ཉིད་བདུད་རྩི་བླ་མའི་ལུང་གི་ཐོབ།། རྩི་གཅིག་བས ་པས་རྣམ་པརོ་བསྒོམ་པར་བྱ།། བསྟན་བཅོས་གཞུང་གཞན་ངེས་པར་བརྟག་པ་གཞན།། རྒྱུན་མི་འཆད་པར་ཤེས་ཤིང་རྣམ་བརྟག་གཞན།། རྣམ་རྟོག་སྤྱོད་ཡུལ་ཐམས་ཅད་སྤངས་ནས་ནི།། རྒྱུན་མི་འཆད་པར་སེམས་གཞན ་གྱི་བསྒོམ་སྔར་བྱ།། ཞེས་པའི་མན་ངག་གི་རྒྱུར་གྱུར་པའི་ཚངས་པ་ཤེས་པས་ན། ཚངས་པ་ཤིས་པའོ།། དཀའ་ཐུབ་ཐོས་པ་སྐྱེ་གནས་ཏེ།། འདི་གསུམ་བྲམ་ཟེའི་རྒྱུ་ཡིན་ནོ།། ཞེས་པས་ཡོན་ཏན་གསུམ་དང་ལྡན་པ་ནི་བྲམ་ཟེ་ཡིན ་པར་བགད་པ། མི་ཟད་པའི་དཔལ་བཅོམ་ལྡན་འདས་བཇམ་དཔལ་ཡང་། དུས་དཔག་ཏུ་མེད་པའི་རིང་མོ་ནུས་དཀའ་ཐོབ་སྤྱོད་པར་མཛད་པ་དང་། ཐོས་པ་མཐའ་ཡས་པ་དང་། ཟག་པ་མེད་པའི་སྟོང་པ་ཉིད་ཀྱི་ཁོམ་གྱི་སྐྱེ ་གནས་ལས་འཁྲུངས་པ་ཡིན་ཏེ། སྟོན་དེ་གསུམ་དང་ལྡན་པས་དོན་དམ་པའི་བྲམ་ཟེ་ཡིན་ནོ།། ཡང་ན་བྲམ་ཟེ་ནི་གང་སྡིག་པོའི་ཆོས་ལས་ཕྱི་རོལ་ཏུ་གྱུར་པའོ།། ཞེས་པའི་རིགས་པས། སྡིག་པའི་ཆོས་ཐམས་ཅད་ད ་བྲལ་བའི་ཕྱིར་བྲམ་ཟེའོ།། ཚངས་པས་འདུལ་བའི་སྐྱེ་བོ་གདུལ་བའི་ཕྱིར་ཚངས་པའི་གཟུགསུ་སྤྲུལ་པས་ན་ཚངས་པའོ།། དོན་དམ་པར་ནི་མི་གནས་པའི་མྱ་ངན་ལས་འདས་པའི་རང་བཞིན་གྱི་ཚངས་པ་དང་ལྡན ་པའི་ཕྱིར། བཅོམ་ལྡན་འདས་ཁོ་ན་ཚངས་པའོ།། སྤྲོས་པ་ཐམས་ཅད་ཐིམ་ཞིང་དམ་པའི་བདག་ཉིད་དུ་གནས་པ་ནི་ཚངས་པ་མྱ་ངན་འདས་པའོ།། དེ་ཐོབ་པ་ལྡན་པའོ།། དོན་དམ་པར་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཁོ་ན་མཆོག ་གི་བདག་ཉིད་མཆོག་གི་རང་བཞིན་ཏེ། དེ་ལ་དེའི་བདག་ཉིད་ཀྱིས་གནས་ཤིང་ཐིམ་པ་ནི་ཚངས་པ་མྱ་ངན་འདས་པའོ།། དེ་ཐོབ་པོ་ནི་ལྡན་པ་སྟེ་རྗེ་བཙུན་འཇམ་དཔལ་ལོ།། རང་དང་གཞན་གྱི་ལས་དང་སྐྱེ་བ་དང་ཉོན་མོངས་པ་ལྡོག ་པར་བྱེད་པའི་མཚན་ཉིད་ནི། གྲོལ་བའི་རང་བཞིན་གྱི་ཕྱིར་དང་། དེའི་རྒྱུ་ཉིད་ཀྱི་ཕྱིར་གྲོལ་བའོ།། རང་དང་གཞན་གྱི་རྒྱུད་དུ་གཏོགས་པའི་གཏི་མུག་གི་བདག་ཉིད་ཅན་གྱི་འཁོར་བའི་འཆིང་བ་གྲོལ་བར་བྱེད་པས་ན་ཐར་པའོ།། ་ཡང་དག་པའི་ལྟ་བ་ནི་རིག་པ་ཡིན་པས་ལམ་གྱི་རང་བཞིན་རྣམ་པར་ཐར་པའི་ཡན་ལག་ཏུ་གྱུར་པ་ཡིན་ལ། དེ་དེའི་བདག་ཉིད་དུ་ལྡན་པའི་ཕྱིར་དང་། དེའི་རྒྱུ་ཉིད་ཀྱི་རྣམ་གྲོལ་ལུས་ཞེས་པའོ།། གཙུག་ལག་ཉིད་ཀྱི་ཕྱིར ་སྐྱེས་པའི་རྟགས་སོ།། ཡང་ན་རྣམ་པར་གྲོལ་བར་བྱེད་པའི་ཕྱིར་རྣམ་པར་ཐར་པ་བརྒྱད་པོ་འདི་ལྟ་སྟེ། གཟུགས་ཅན་གཟུགས་རྣམས་ལ་ཞེས་པ་ལ་སོགས་པ་ནས་རྣམ་པ་དེ་དག་གིས་ཟིལ་གྱིས་མནན་ནས་ཤེས་ཟིལ་གྱིས ་མནན་ནས་མཐོང་བ་འདི་ནི་རྣམ་པར་ཐར་པ་དང་པོའོ།། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་དེ་བཞིན་དུ་ཤེས་པ་དང་མཐོང་བར་བྱེད་པ་ནི་གཉིས་པའོ།། སྡུག་པའི་རྣམ་པར་ཐར་པ་ལུས་ཀྱིས་ཡང ་དག་པར་བསྒྲུབས་ཏེ་གནས་པ་ནི་གསུམ་པའོ།། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནི་བཞི་པའོ།། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ནི་ལྔ་པའོ།། ཅི་ཡང་མེད་པའི་སྐྱེ་མཆེད་ནི་དྲུག་པའོ།། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད ་ནི་བདུན་པའོ།། འགོག་པའི་སྙོམས་པར་འཇུག་པ་ནི་བརྒྱད་པ་སྟེ། འདི་རྣམས་ནི་རྣམ་པར་ཐར་པ་བརྒྱད་དོ།། དེ་ཉིད་འདིའི་ཡན་ལག་ཡིན་པས་ན་རྣམ་ཐར་ཡན་ལག་སྟེ། ཡེ་ཤེས་ཀྱི་སྐུ་ཅན་བཅོམ་ལྡན་འདས་འཇམ་དཔོའོ།། ། ་ཉན་ཐོས་ལ་སོགས་པའི་རྣམ་པར་གྲོལ་བ་རྣམ་པ་ཐ་དད་པོའི་རང་བཞིན་གྱི་ཕྱིར་དང་། དེའི་རྒྱུའི་ཕྱིར་དེ་ཉིད་རྣམ་པར་གྲོལ་བ་སྟེ། བྱ་བའི་རང་བཞིན་གྱི་སེམས་ཉིད་རྣམ་པར་གྲོལ་བའོ།། དོན་དམ་པར་ནི་ལས་སྣ་ཚོགས་པའི་དབྱེ་བ ་མེད་དེ། དེ་ལྟར་ཡང་གསུངས་པ།། སེམས་ཅན་འཇིག་རྟེན་དེ་བཞིན་སྣོད་ཀྱི་འཇིག་སྟེ། ཤིན་ཏུ་བཀྲ་བ་སེམས་ཉིད་ཀྱིས་ནི་འགོད་པར་བྱེད།། འགྲོ་བ་ལས་ལས་སྐྱེ་བར་ཐུབ་པའི་དབང་པོས་གསུངས།། སེམས་ནི་ཀུན་ཏུ་སྤངས ་ནས་ལས་ནི་ཡོད་མ་ཡིན་ཞེས།། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་ཉེ་བར་འཚེ་བ་དང་བྲལ་བ་ཉིད་ནི་ཞི་བ་ཉིད་དོ།། དེའི་རང་བཞིན་གྱི་ཕྱིར་དང་། དེའི་རྒྱུ་ཉིད་ཀྱི་ཕྱིར་དེ་ཉིད་བཅོམ་ལྡན་འདས་ཏེ། ཞི་བ་ཉིད་དོ།། ། ་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་རང་བཞིན་གྱི་ཕྱིར་དང་། གཞན་དག་གི་དགེ་བའི་རྒྱུར་གྱུར་པའི་ཕྱིར་ཞི་བའོ།། ཉན་ཐོས་པ་མངོན་པར་འདོད་པའི་སྭ་ཏྲོ་པ་ར་ཏིའི་མཚན་ཉིད་མར་མེ་ཤི་བ་ལྟ་བུའི་མྱ་ངན ་ལས་འདས་པའི་རང་བཞིན་གྱི་ཕྱིར་རམ། མི་གནས་པའི་མྱ་ངན་ལས་འོདས་པའི་རང་བཞིན་གྱི་ཕྱིར་དང་། དེའི་རྒྱུ་ཉིད་ཀྱི་མྱ་ངན་ལས་འདས་པའོ།། ཐམས་ཅད་དུ་བྱ་བ་སེམས་ཅན་ཉེ་བར་དག་འ་བྱས་པ་ཉིད་ཀྱིས་མྱ་ངན་ལས་འདས ་པའི་རང་བཞིན་ཉིད་ཀྱི་ཕྱིར་དང་དེའི་རྒྱུ་ཉིད་ཀྱི་ཕྱིར་མྱ་ངན་ལས་འདས་པའོ།། དེ་བཞིན་དུ་རྣམ་པར་རྟོག་པའི་ཆོས་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་ཕྱིར་དང་། དེའི་རྒྱུ་ཉིད་ཀྱི་ཕྱིར་ཞི་བའོ།། ལེགས་པར་ནི་སེམས་ཅན་ཐམས་ཅད ་ཀྱི་དགེ་བ་སྟེ། དེ་ནི་ངེས་པའོ།། ཐེག་པ་ནི་ཡང་དགེ་བའི་ལམ་སྟེ། ལེགས་པར་ངེས་པར་འབྱུང་བ་བཅོམ་ལྡན་འདས་འཇམ་དཔལ་ཉིད་དོ།། བདེ་བ་དང་སྡུག་བསྔབ་ཉིད་ཀྱི་རྒྱུར་གྱུར་པའི་ལས་བག་ཆགས་དང་བཅས་པ་རྣམ ་པ་ཐམས་ཅད་དུ་ཡང་དག་པ་ཇི་ལྟ་བ་བཞིན་ཡོངསུ་ཤེས་པས་མཐར་བྱེད་པས་ན་སེལ་བའོ།། དེའི་ཕྱིར་གསུངས་པ། བདེ་སྡུག་སེལ་བ་ཞེས།། ལུང་དང་རིག་པ་དང་རྣམ་པར་སྤྱོད་པ་དང་ལྡན་པས་ཆོས་ཐམས་ཅད་མཐར་ཕྱིན ་པར་རྟོགས་པས་ཆགས་པ་མེད་པའི་མཚན་ཉིད་ནི་ཆགས་བྲལ་ཏེ། ཚོགས་བྲལ་མཐའ་ནི་བཅོམ་ལྡན་འདས་ཉིད་དོ།། ཡང་ཉིན་ཐོས་ལ་སོགས་པའི་ཆགས་བྲལ་མཐར་ཕྱིན་པ་མི་ཡིན་ཏེ། དེ་དག་དམིགས་པའི་དུག་གིས་སྨོན ་ཕྱུང་བའི་ཕྱིར་རོ།། ཡང་ན་མཐའ་ཞེས་པ་དང་ཚིག་དབྱེ་སྟེ། མཐར་སོན་པའི་ཕྱིར་མཐའ་སྟེ། རབ་ཀྱི་མཐར་སོན་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། དེའི་རང་བཞིན་ཁོ་ན་འཇམ་དཔལོ།། ཞེས་དགོངས་པའོ།། ལུས་པ་ནི་ཕུང་པོ་རྣམས ་ཏེ། དེ་རྣམས་མི་ཟད་པའི་ངོ་བོ་ཉིད་ཀྱིས་ཟད་པས་ན་ལུས་ལས་འདས་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རང་བཞིན་རྣམ་པར་དག་པ་ཟད་པ་དང་མི་སྐྱེ་བ་རྟོགས་པའི་ངོ་བོ་བཅོམ་ལྡན་འདས་ཞེས་པའི་དོན་ཏོ།། དེ ་ཉིད་རང་དང་གཞན་གྱི་རྒོལ་བ་རྣམས་ཀྱིས་རྒྱལ་བར་མི་ནུས་པས་ན། ཐུབ་པ་མེད་པའོ།། དེའི་ཕྱིར་དཔེ་འགའ་ཡང་ཡོད་པ་མ་ཡིན་པས་དཔེ་མེད་པའོ།། དཔེ་མེད་པ་ཉིད་བསྟན་པའི་ཕྱིར་མི་མངོན་ཞེས་པ་ལ་སོགས་པ་སྟེ། ་མངོན་པར་གྱུར་པ་ནི་ས་ལ་སོགས་པ་འབྱུང་བ་རྣམསོ།། དེའི་མཚན་ཉིད་མེད་པའི་ཕྱིར་མི་མངོན་པའོ།། གཏན་ཚིགས་གསུངས་པ། མི་སྣང་ཞེས་པ་སྟེ། རྣམ་པ་ཐམས་ཅད་དང་བྲལ་བ་ཞེས་པའི་དོན་ཏོ།། དེ་ཉིད་ཀྱི་ཕྱིར ་གསལ་བྱེད་མིན།། ཨ་ཛྱ་ཏེ་ཨི་དནྟ་ཡཱ་བྱཀྟི་ཀྲི་ཡ་ཏེ་ཡེ་ན་ཏ་དཉྫ་ནཿའདིའི་རྒྱུ་དང་རྐྱེན་དོག་ལས་གྲོལ་བས་ན་གསལ་བྱེད་མིན་ནོ།། ཆ་ཤས་མེད་པའི་ཕྱིར་ཚ་མེད་དོ།། རང་བཞིན་མེད་པ་ཉིད་ཀྱིས་ཐམས་ཅད་དུ་ཁྱབ་པའི་ཕྱིར་ཀུན ་འགྲོའོ།། དེ་ཉིད་ཀྱི་ཕྱིར་ཏེ་འདིས་གསལ་བའི་བྱ་བ་འལེན་པར་བྱེད་པ་གང་ཡིན་པ་དེ་ནི་གསལ་བྱེད་དོ། ཁྱབ་པ་པོ་ཞེས་གསུངས།། དུལ་ཕྲན་བརྒྱ་སྟོང་ལ་སོགས་པའི་ཆ་ཤས་རྣམསུ་ཡང་ཐིམ་པ་ཉིད་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་མཚོན་པར་དཀའ་བོས་ན་ཕྲ ་མོ་འོད་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཆོས་ཐམས་ཅད་ཀྱི་རྒྱུ་ཉིད་ཀྱི་ན་ས་བོན་ནོ།། བག་ཆགས་དང་བཅས་པའི་ཉོན་མོངས་པ་ཐམས་ཅད་དང་བྲལ་བའི་ཕྱིར་ཟག་པ་མེད་པའོ།། ངོ་བོ་ཉིད་དང་ལོངས་སྤྱོད་རྫོགས་པ ་དང་སྤྲུལ་པ་དང་ཆོས་དང་ཡེ་ཤེས་ཀྱི་སྐུའི་དབྱེ་བས་སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན་ཞེས་སྔར་བཤད་ལ། དེ་རྣམས་ཀྱི་ཡོན་ཏན་གསལ་བར་བསྟན་པའི་ཕྱིར་མཚན་རྣམ་པ་ལྔ་རིམ་པ་བཞིན་གསུངས་པ། རྡུལ་མེད་ཅེས་པ ་ལ་སོགས་པ་སྟེ། ཕྱི་རོལ་གྱི་དོན་དུ་ཞེན་པའི་རྡུལ་དང་བྲལ་བའི་ཕྱིར་རྡུལ་མེད་དོ།། རྡུལ་གྱི་སྒྲ་ནི་དེ་འདྲ་བའི་དོན་དང་རྡུལ་གྱི་སྒྲ་ནི་ཨ་ཡིག་གི་མཐར་ཇི་ལྟ་བ་དེ་ལྟ་བུ་ཡང་ངོ་།། རྡུལ་དང་པོ་འདི་ནི་རྡུལ་དང་བཅས་པ་ཞེས ་པའོ།། སེམས་ལས་བྱུང་བ་རྣམ་པ་སྣ་ཚོགས་པའི་རྣམ་པར་རྟོག་པོའི་རྡུལ་དང་བྲལ་བའི་ཕྱིར་རྡུལ་བྲལ་ལོ།། བག་ཆགས་དང་བགེ་ལ་ཉལ་གྱི་དྲི་མ་སྣ་ཚོགས་པ་ཐམས་ཅད་དང་བྲལ་བའི་ཕྱིར་དྲི་མ་མེད་པའོ།། ཕྱི་དང་ནང་གི་རྣམ ་པར་རྟོག་པའི་གནས་ངན་ལེན་གྱི་བག་ཆགས་ཀྱི་སྐྱོན་སྤངས་པའི་ཕྱིར། ཉེས་པ་སྤངས་པོའོ།། ཁྱིམ་པས་ཡ་ཛ་ནལ་མེདང་ནང་དུ་གྱུར་པའི་བདིག་དང་བདག་གིར་མངོན་པརེ་ཞེན་པོའོ་བག་ཆགས་ཀྱི་མཚམས་སྦྱོར་དང ་བྲལ་བས་ན་སྐྱོན་མེད་པའོ།། སྔགས་ཀྱི་ཚུལ་ལ་ནི་ཚིག་ལྔ་པོས་མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་སྟོན་པར་བྱེད་དོ།། དེ་ཡང་ཨོཾ་ཙིཏྟ་པྲ་ཏི་བེ་དྷཾ་ཀ་རུ་མི། ཁམས་མ་སོར་བརྟག་པ་ཀྱིའོ་ཞེས་པས་གཟུང་བ་དང་འཛིན་པའི་རྡུལ་དང ་བྲལ་བ་མེ་ལོང་ལྟར་དང་བའི་སེམས་ཙམ་སོ་སོར་རྟོགས་པར་བྱེད་པས་ན་རྡུལ་མེད་དོ།། ཧ་ཡིག་སྐྱེས་ཞེས་པར་ཀཱའི་སྒྲ་ངེས་པའི་ཚིག་གི་མཚན་ཉིད་ཀྱིས་ཕྱིས་པའོ།། ཤེས་རབ་ཨ་ལཱི་ཟླ་བའི་གཟུགས་ཞེས་པའི་དོན་ཏོ།། ཨོཾ་བོ་དྷི་ཙཽཏྟ་མཱུཏྠ ་ད་ཡཱ་མི་ཞེས་དྲི་མ་མེད་པའི་འོད་ཟེར་ཟླ་བའི་དཀྱིལ་འཁོར་གྱི་གཟུགས་ཀྱིས་མཉམ་ཉིད་དྲི་མ་མེད་ཅིང་རྡོལ་དང་བྲལ་བའི་ཕྱིར། རྣམ་པར་སྣང་བར་བྱེད་པ་ལས་སྐྱེས་པ་ཞེས་པར་ངེས་པའི་ཚིག་གི་མཚན་ཉིད་ཀྱིས་རྡུལ་དང་བྱང་ཆུབ་ཏུ་སྤྱོང ་བྲལ་བའོ།། ཨི་ཥདྡྷཿཀཱ་ལི་ཐབས་དང་ཟླ་བའི་གཟུགས་ཞེས་པའི་དོན་ཏོ།། ཨོཾ་ཏིཥྛ་བཛྲ་བཛྲ་ཏྨ་ཀོ་ཧཾ་ཞེས་པ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་རྩེ་མོ་ལྔ་པའི་གཟུགས་ཀྱིས་སོ་སོར་རྟོག་པ་སྟེ། མུ་སྟེགས་རྣམ་པ་ཐེ་དད་པའི་དྲེགས་པའི་དྲི་མ ་རྣམས་འཇོམས་པའི་ཕྱིར། དྲི་མ་མེད་པའོ།། ཨོཾ་ས་མནྟ་བྷ་དྲོ&ཧཾ། ཞེས་པ་རྣམ་པ་ཐམས་ཅད་ན་མ་ཀྱི་མཆོག་དང་ལྡན་པའི་ཀུན་ཏུ་བཟང་པོའི་གཟུགས་སྤྲོས་ཏེ་བྱ་བ་སྒྲུབ་པར་བྱེད་པའི་ཕྱིར་རང་གཞན་གྱི་ཉེས་པ་རྣམ་པ་མང ་པོ་དག་སྤོང་བས། ཉེས་པ་སྤངས་པའོ།། ཨོཾ་ཡ་ཐཱ་ཙན་ཏུ་སརྦྦ་ཏ་ཐཱ་ག་ཏཱཿཐཱ&ཧཾ། ཞེས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཀྱི་ངོ་བོ་མཉམ་པ་ཉིད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་བདག་ཉིད་ཀྱི་སྲིད་པའི་སྐྱོན་གྱི་ནང ་ལས་ཤིན་ཏུ་འདས་པའི་ཕྱིར་སྐྱེན་མེད་པའོ།། རདག་གི་ལ་ཚད་ཇི་བ་དེ་ལྟ་དང་། ཞེས་མཚན་ལྔའི་དོན་ལྔའོ།། དེའི་ཕྱིར་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་ཁོང་དུ་ཆུད་པའི་ཕྱིར། ཤིན་ཏུ་རབ་སོད་དོ།། འདོད་ཆགས་དང་བཅས་པ་དང་འདོད་ཆགས་དང ་བྲལ་བ་ལ་སོགས་པ་རྣམ་པ་ཐ་དད་པའི་རབ་ཏུ་དབྱེ་བ་ཅན་གྱི་སེམས་ཅན་རྣམས་ཀྱི་ཡིད་ཐུགས་སུ་ཆུད་པ་གང་ཡིན་པ་དེ་ནི། རྣམ་སད་བདག་གོ།། ཉན་ཐོས་ལ་སོགས་པའི་ཐེག་པས་དངོས་པོ་ཐམས་ཅད་ཡོངསུ་ཤེས ་པའི་ཕྱིར། ཀུན་ཤེས།། བྱང་ཆུབ་སེམས་དཔའི་ཐེག་པས་ལམ་ཐམས་ཅད་ཡོངསུ་ཤེས་པའི་ཕྱིར་ཀུན་རིག་གོ།། དམ་པ་ནི་བླ་ན་མེད་པའོ།། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས། རྣམ ་པཔར་ཤེས་པའི་ཆོས་ཉིད་འོདས། ཞེས་པ་སྟེ། གཟུང་བ་དང་འཛིན་པ་དང་བྱེད་པ་པོ་དང་ལས་དང་བྱ་བའི་རང་བཞིན་གྱིས་རྣམ་པར་ཤེས་པས་བརྟགས་པའི་ཆོས་དང་ཆོས་ཉིད་དག་ནི་རྣམ་པར་ཤེས་པའི་ཆོས་ཉིད་དོ།། དེ་ལས་འདས་པ་ནི ་ཡང་དག་པར་རྫོགས་པའི་སངས་རྒྱས་ཏེ། རྣམ་པར་རྟོག་པ་ལས་འདས་པ་ཞེས་པའི་དོན་ཏོ།། དེ་ལྟ་ན་བེམས་པོར་ཡོད་པར་འགྱུར་བར་དོགས་པ་ལ་གསུངས་པ། ཡེ་ཤེས་གཉིས་མེད་ཚུལ་འཆང་བ།། ཞེས་པ་སྟེ། གཉིསུ་མེད་པའི ་ཡེ་ཤེས་ཀྱི་རང་བཞིན་ཞེས་པའི་དོན་ཏེ།། དེ་ལྟར་རྣམ་པར་རྟོག་པ་མེད་ཀྱང་སྐྱོབ་པ་རྣམས་ཆོས་སྟོན་པ་ནི་དཔྱད་པར་བྱ་སྟེ། སྔོན་གྱི་སྨོན་ལམ་གྱི་འཕེན་པའི་དབང་གིས་ཡིད་བཞིན་གྱི་ནོར་བུ་བཞི་ནོ།། ཞེས་དེ་ལྟར་བཤད་དོ།། དེ་ཉིད་རྣམ ་པར་རྟོག་པའི་རྩོལ་བ་དང་བྲལ་བའི་ཕྱིར་རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ་པོའོ།། དེ་ནི་དུས་གསུམ་པའི་སངས་རྒྱས་ཀྱི་ཕྲིན་ལས་སེམས་ཅན་གྱི་དོན་བྱེད་པའི་མཚན་ཉིད་ཀྱི་ཕྱིར། དུས་གསུམ་སངས་རྒྱས་ཡིས་བྱེད་པའོ།། དེ་གཅིག་པུས ་ཅིག་ཅར་དུས་གསུམ་གྱི་སངས་རྒྱས་ཀྱི་ཕྲིན་ལས་ཅི་ལྟར་བྱེད་པར་འགྱུར་ཞེ་ན། བརྗོད་པར་བྱ་སྟེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་གནས་ཏེ། ཆོས་གནས་པ་ཉིད་དང་། ་ཆོས་མི་འགྱུར་བ་ཉིད་དང་། ཡང་དག་པའི་མཐའ་དང་། སྟོང་པ་ཉིད་དོ་ཞེས་གསུངས་པ་དང་། ཚོགས་དང་ཆོས་ཀྱི་སྐུ་དག་དང་།། འགྲོ་བའི་དོན་ནི་སྤྱོད་པ་ཡིས།། སངས་རྒྱས་ཐམས་ཅད་མཉམ་པ་སྟེ།། སྐུ་ཚེ་རིགས་དང་ཚད་ཀྱིས་མིན།། ། ་ཞེས་གསུངས་པས་ཆོས་ཀྱི་སྐུ་དབྱེར་མེད་པའི་ཕྱིར། དུས་གསུམ་སངས་རྒྱས་ལས་བྱེད་པའོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། སངས་རྒྱས་ཐོག་མ་ཞེས་པ་ལ་སོགས་པ་སྟེ། ཐོག་མ་དང་ཐ་མར་སྐྱེ་བ་དང་འགག་པ་མེད་པ་གང་ཡིན་པ་དེ ་ནི་ཐོག་མ་དང་ཐ་མ་མེད་པ་སྟེ་ཆོས་ཀྱི་སྐུའོ།། དེ་ཉིད་ཀྱང་དོན་དམ་སངས་རྒྱས་ཏེ། ཇི་སྐད་དུ། མཚན་པ་མཛད་ལས། གང་དག་ང་ལ་གཟུགསུ་མཐོང་།། གང་དག་ང་ལ་སྒྲར་ཤེས་པ།། ལོགས་པས་སྤོང་བར་ཞུགས་པ་སྟེ།། སྐྱེ་བོ་དེ་དག་དུ་མི ་མཐོང་།། སངས་རྒྱས་ཆོས་ཉིད་བལྟ་བར་བྱ།། འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ།། ཆོ་ག་ས་ཉིད་ཤེས་པར་བྱ་མིན་པས།། དེས་ནི་རྣམ་པར་ཤེས་མི་ནུས།། ཞེས་པ་ལ་སོགས་པ་སྟེ། ཐོག་མ་ནས་དེ་ལྟ་བུའི་ཆོས་ཉིད་ཀྱི་བདག་ཉིད ་ཀྱི་ཕྱིར་དང་པོའི་སངས་རྒྱས་སོ།། དེ་ཉིད་གང་ལས་ཀྱང་སྐྱེ་བ་མེད་པས་ན་རྒྱུ་མེད་པའོ།། ཐམས་ཅད་དུ་འགྲོ་བའི་ཡེ་ཤེས་ཉིད་གཅིག་པུ་གཉིསུ་མེད་པའི་མིག་དེའི་བདག་ཉིད་གང་ཡིན་པ་དེ་ནི། ཡེ་ཤེས་མིག་གཅིག་གོ། སྒྲིབ་པ་མེད ་པ་ཉིད་ཀྱིས་ཐམས་ཅད་དུ་ཐོགས་པ་མེད་པའི་ཕྱིར་དྲི་མ་མེད་པའོ།། ཆོས་ཐམས་ཅད་དེའི་བདག་ཉིད་དུ་ཐིམ་ཞིང་རྒྱལ་བར་གྱུར་པ་དེ་ནི་འདིར་ལུས་རྣམ་པ་ཐམས་ཅད་པར་བཤད་པར་བྱ་སྟེ། ཡེ་ཤེས་ཁྱོ་ནཱ་གང ་གི་ལུས་ཡིན་པ་དེ་ཡེ་ཤེས་ལུས་ཅན་ནོ།། དེ་བཞིན་ཉིད་རྟོགས་པས་ན་དེ་བཞིན་གཤེགས་པ་སྟེ། ཆོས་ཉིད་ཀྱི་རང་བཞིན་འཇམ་དཔལ་ཉིད་དུ་གསུངསོ།། སྔགས་ཀྱི་ཚུལ་ལ་ནི། ཤིན་ཏུ་སད་པ་ཞེས་པ་ལ་སོགས་པའི་ཚིག་ཡེ ་ཤེས་ལུས་ཅན་གྱི་མཐར་ཐུག་པ་རྣམས་མངོན་པར་བྱང་ཆུབ་པ་རྣམ་པ་ལྔའི་རིམ་པས་བཤད་པར་བྱ་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་ནི། ཤིན་ཏུ་སད་པ་ཉིད་ཀྱི་ཕྱིར་རྣམ་པར་གསལ་བ་སྟེ། རྣམ་པར་སྣང་བར་བྱེད་པ ་ཉིད་ནི་རྣམ་པར་སྣང་མཛད་དོ།། ཁྱད་པར་དུ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཉིད་ཀྱིས་ན་སད་པའི་བདག་ཡིན་པའི་ཕྱིར་མི་བསྐྱོད་པའོ།། ཆོས་ཐམས་ཅད་སྟོང་པ་ཉིད་ལ་དགའ་བ་མཉམ་པ ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཉིད་ཀྱིས་ཤེས་པར་བྱེད་པས་ན་ཀུན་ཅེས་པ་སྟེ་རིན་ཆེན་འབྱུང་ལྡན་ནོ།། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་ཀྱིས་ཆོས་ཐམས་ཅད་རིག་པས་ན་ཀུན་རིག་སྟེ། འོད་དཔག་ཏུ་མེད་པའོ།། དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་བྱ་བ་སྒྲུབ་པའི་ཚུལ་གྱིས་ཐམས་ཅད་ལས་ཕུལ་དུ་བྱུང་བའི་ཕྱིར་དམ་པ་སྟེ་དོན་ཡོད་གྲུབ་པའོ།། དེ་ལྟར་རྣམ་པ་ལྔས་མངོན་པར་རྫོགས་པར་བྱང་ཆུབ་པ་ཡོངསུ་རྫོགས་པ་ནི་དེ་བཞིན་གཤེགས ་པ་ལྔའི་བདག་ཉིད་དེ། རྣམ་པར་ཤེས་པའི་ཆོས་ཉིད་འདས་པའོ།། ཡེ་ཤེས་ཞེས་པ་ཡེ་ཤེས་ཀྱི་རང་བཞིན་ནོ།། ཤེས་རབ་དང་ཐ་བ་གཉིསུ་མེད་པར་སྙོམས་པར་འཇུག་པའི་རང་བཞིན་གྱི་གཉིསུ་མེད་པའི་ཚུལ་འཆང་བས་ན། ་གཉིས་མེད་ཚུལ་འཆང་བའོ།། རྣམ་པར་རྟོག་པ་མེད་ཅིང་ལྷུན་གྱིས་གྲུབ་པར་སངས་རྒྱས་མ་ལུས་པའི་འཕྲིན་ལས་སྒྲུབ་པར་མཛད་པས་ན། རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ།། དུས་གསུམ་སངས་རྒྱས་ལེས་བྱེད་པ།། ཞེས་སོ།། ་ཐོག་མཐའ་མེད་པའི་སེམས་དཔ་ནི།། རྡོ་རྗེ་སེམས་དཔའ་དགའ་བ་ཚེ།། ཞེས་པའི་ཚིག་ལས་སངས་རྒྱས་རྡོ་རྗེ་ན་ཐོབ་མ་དང་ཐ་མ་མེད་པའིས་བྱང་ཆུབ་ས་ན་གྱི་འོ།། ་ཅད་ལ་རྗེསུ་འགྲོ་བ་མེད་པ་སྟེ། དེ་རྗེ་སུ་འགྲོ་བ་མེད་པས་ན་རིས་མེད་པའོ།། དེ་ཉིད་སྤྱན་ལྔས་ཕྲིན་ལས་ཡང་དག་པར་སྒྲུབ་པར་བྱེད་པའི་ཕྱིར། ཡེ་ཤེས་མིག་གཅིག་དྲི་མ་མེད་པ་དང་ཡེ་ཤེས་ལུས་ཅན་ནོ།། གདུལ་བྱ་ཇི་ལྟ་བ་དེ་ལྟར ་གདུལ་བར་མཛད་ཅིང་རྣམ་པ་དེ་ལྟ་བུར་སྨོན་ལམ་གྱི་འཕེན་པའི་དབང་གིས་གཤེགས་ཤིང་གསུང་བར་མཛད་པས་ནི། དེ་བཞིན་གཤེགས་པ་སྟེ་འཇམ་དཔལ་ཉིད་དོ་ཞེས་སྦྱར་བར་བྱའོ།། དེ་ལ་ཆོས་ཀྱི་སྐུའི་རང་བཞིན་བསྟན་ནས ་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་བསྟན་པའི་ཕྱིར་གསུངས་པ། ཚིག་གི་དབང་ཕྱུག་ཅེས་པ་ལ་སོགས་པ་སྟེ། ས་བཅུའི་དབང་ཕྱུག་གི་བྱང་ཆུབ་སེམས་དཔའ་རྣམས་དང་ཐུན་མོངས་དུ་གྱུར་པའི་ཟབ་ཅིང་རྒྱ་ཆེ་བའི་ཆོས ་སྟོན་པ་ལ་དབང་སྒྱུར་བའི་ཕྱིར་ཚིག་གི་དབང་ཕྱུག་གོ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ནི་ཆེན་པོ་སྟེ། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐུགས་སུ་ཆུད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཏེ། དེའི ་རང་བཞིན་དུ་གསུང་ཞིང་ཆོས་སྟོན་པར་མ་ཛད་པསོ་ན་སྨྲ་བ་ཆེའོ།། ཡང་ན་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་ཅིང་ཐམས་ཅད་ཟིལ་གྱི་གནོན་པའི་གསུངས་ཏེ། ཆེན་པོ་ཡང་འདྲི་ཡིན་ལ་སྨྲ་བ་ཡང་ཡིན་པས་དེ་དང་ལྡན་པའི ་ཕྱིར་སྨྲ་བ་ཆེའོ།། དེ་ཉིད་རྒོལ་བ་ཐམས་ཅད་ཀྱི་དབུས་ན་མཛེས་པའི་ཕྱིར་སྨྲ་བའི་རྒྱལ་པོའོ།། དེའི་ཕྱིར་དྲག་པོ་དང་ཉེ་དབང་དང་ལྷའི་བླ་མ་ལ་སོགས་པ་རྣམས་ཀྱི་གཙོ་བོར་གྱུར་པའི་ཕྱིར་སྨྲ་བའི་ཀྱེ་མཆོག་གོ། དེ་ཉིད་ཕྱིན་ཅི་མ་ལོག ་པ་དང་མི་བསླུ་བའི་ཚད་མས་འཐད་པའི་དོན་གསལ་བར་སྟོན་པའི་ཕྱིར་སློབ་མ་དང་བསེ་རུ་ལ་སོགས་པའི་སྨྲ་བ་རྣམས་ཀྱི་དབུས་ན་དམ་པའོ།། འདི་ཉིད་གསལ་བར་བྱ་བའི་ཕྱིར་གསུངས་པ། མཆོག་གི་གནས་ཞེས་པ་སྟེ། ཆོས ་མཆོག་ཏུ་གྱུར་པ་ཞེས་པའི་དོན་ཏོ།། རྒྱལ་དཀའ་བ་ལས་རྣམ་པར་རྒྱལ་བའི་ཕྱིར། རྒོལ་བའི་རི་དྭགས་རྣམས་ལ་སིང་གེ་བཞིན་དུ་གྱུར་པས་ན་སྨྲ་བའི་སེང་གེའོ།། དེ་ཉིད་གསོལ་བར་བྱེད་པ་ནི་ཐུབ་པ་མེད་ཅེས་པའོ།། ཐམས་ཅད ་མཁྱེན་པ་ཉིད་བསྟན་ནས་གཟིགས་པ་ཉིད་གསུངས་པ། ཀུན་ཏུ་ལྟ་བ་ཞེས་པ་ལ་སོགས་པ་སྟེ། སྒྲིབ་པ་མེད་པའི་ཡེ་ཤེས་ཀྱིས་དངོས་པོ་ཐམས་ཅད་ཀུན་ནས་མཁྱེན་པས་རྣམ་པོ་ཐམས་ཅད་གཟིགས་པའི་ངང་ཚུལ་འདི་ལ ་མངའ་བས་ན་ཀུན་ཏུ་ལྟ་བའོ།། ཆོས་ཀྱི་དབྱིངས་རྟོགས་པས་གཉིསུ་མེད་པའི་རྨད་དུ་བྱུང་བའི་རབ་ཏུ་དགའ་བ་དེའི་བདག་ཉིད་དུ་ལྡན་པས་ན། མཆོག་ཏུ་དགའ་བའོ།། སྐུའི་ཆེ་བའི་བདག་ཉིད་གསུངས་པ། གཟི་བརྗིད་ཞེས་པ་ལ་སོགས ་པ་སྟེ། གཟི་བརྗིད་ཀྱི་ཕྲེང་བས་འོད་གསལོ་བར་བྱས་པའི་སྐུ་ཅན་ཉིད་ཀྱི་གཟི་བརྗིད་ཕྲེང་ལྡན་ནོ།། དེ་ཡང་མཛེས་པར་མཐོང་བའི་ཕྱིར་བལྟ་ན་སྡུག་ཅེས་པ་སྟེ། མཐོང་ན་བདེ་བ་ཞེས་པའི་དོན་ཏོ།། དཔལ་བེའུའི་དཔེ་བྱེད་ཀྱིས་བརྒྱན་ཏེ ་དཔལ་གྱིས་ངེས་པར་མཚན་པའི་ཕྱིར་དཔལ་བེའོའོ།། ཡང་ན་རོ་སྟོད་སེང་གེ་ལྟ་བུའི་སྐུ་མེངའ་བའི་ཕྱིར་ཐམས་ཅད་ལས་ཕུལ་དུ་བྱུང་བས་དཔལ་དང་། མཛེས་པས་བེའུ་ལྟ་བུར་འཁྱིལ་བྱ་གང་ཡིན་པ་དེ་ནི་དཔལ་གྱི་བེའུའོ།། མཛེས ་པའི་འོད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་མི་ཤེས་པའི་མུན་པ་མུན་ནག་རྣམ་པར་འཇོམས་པ་གང་ཡིན་པ་དེ་ནི་འོད་བཟང་ངོ་།། ནང་གི་ཡེ་ཤེས་ཀྱི་འོད་ཀྱིས་ཤེས་བྱའི་དཀྱིལ་འཁོར་མཐོའ་དག་ཀུན་ཏུ་གསལ་བར་མཛད་པའི་ཕྱིར་འབར་བའོ།། ་འོད་དེ་རྣམས་ཀྱིས་གསལ་ཞིང་སྣང་བར་བྱེད་པའི་ངང་ཚུལ་དུ་བྱས་པའི་སྐུའི་འོད་ཟེར་རྣམས་ཀྱིས་འབར་ཞིང་གསལ་བ་གང་ཡིན་པ་དེ་ནི། གསལ་ཞིང་འོད་བྱེད་སྣང་བ་པོ་སྟེ། འཁོར་ཐམས་ཅད་ཟིལ་གྱིས་གནོན་པའི་གཟི་བརྗིད་ཅན ་ཞེས་པའི་དོན་ཏོ།། དེ་ལྟར་རང་གི་དོན་ཕུན་སུམ་ཚོགས་པའི་ལོངས་སྤྱོད་རྫོགས་པའི་སྐུ་གསུངས་ནས། གཞན་གྱི་དོན་ཕུན་སུམ་ཚོགས་པ་གསུངས་པ། སྨན་པ་ཆེ་མཆོག་ཅེས་པ་ལ་སོ། བ་སྟེ། ལུས་དང་ངག་དང་སེམསུ་གཏོགས་པའི ་གནས་ངན་ལེན་གྱི་ནང་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་གང་ཟག་དང་ཆོས་ཀྱི་བདག་མེད་པ་བསྟན་པའི་སྨན་གྱི་སྦྱོར་བས་སེམས་ཅན་ཐམས་ཅད་ཀྱི་ནད་གསོ་བའི་ཕྱིར་སྨན་པ་ཆེན་པོའོ།། གཞི་དང་བཅས་པ ་རྩད་ནས་འབྱིན་པའི་ཕྱིར་མཆོག་གོ། དེའི་ཕྱིར་སྐྱེ་བ་ཐོག་མ་མེད་པ་གཅིག་ནོས་གཅིག་ཏུ་བརྒྱུད་པ་ནས་ཟུག་པའི་ཟུག་རྔུར་གྱུར་པ་འདོད་ཆགས་ལ་སོགས་པ་སྡུག་བསྔལ་གྱི་རྒྱུ་ཅན་རྣམས་འབྱིན་པའི་ཕྱིར་གཙོ་བོ་སྟེ། ཟུག་རྔུ་འབྱིན ་བ་སྨན་པའི་རྒྱལ་པོའོ།། དེ་ཉིད་ཀྱི་ཕྱིར་བློ་ན་མེད་པའོ།། སྨན་རྣམས་མ་ལུས་པའི་རང་བཞིན་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་ཡན་ལག་གསལ་བར་བྱེད་པས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་ལྗོན་ཤིང་ལྟ་བུར་གྱུར་པས་ན།། ་སྨནི་རྣམས་མ་ལུས་ལྗོན་པའི་ཤིང་ངོ་།། དེ་ཉིད་ཉོན་མོངས་པའི་ནང་རྣམས་ལ་དགྲ་བོ་བཞིན་ཏེ། རིག་རྒྱུད་དང་བཅས་པ་ཟད་པར་བྱེད་པའི་ཕྱིར་དགྲོ་ཆེན་པོར་འགྱུརརོ།། ཉོན་མོངས་པ་ཐམས་ཅད་ཀྱི་དགྲར་གྱུར་དུ་ཟིན་ཀྱང་མིཐུན ་པའི་གཟུགས་ནཱི་ནམ་ཡང་མི་མངའ་འོ་ཞེས་བསྟན་པའི་ཕྱིར་གསུངས་པ། སྡུག་གུ་ཞེས་པ་ལ་སོགས་པ་སྟེ། མཚན་དང་དཔེ་བྱད་ཀྱི་དཔལ་འབར་བས་ཡན་ལག་ཐམས་ཅད་མཛེས་པ་སྟེ། དེ་དང་ལྡན་པའི་ཕྱིར་དཔལ ་ལྡན་ནོ།། དེ་ཉིད་ཀྱི་ཕྱིར་སྡུག་པུ་ཞེས་པ་སྐུ་བྱང་བལྟ་བས་མཆོག་མི་ཤེས་པའི་ཕྱིར་མཛེས་པའོ།། དེའི་ཕྱིར་འཇིག་རྟེན་གསུམ་གྱི་ཐིག་ལེར་བྱེད་ཅིང་རྒྱན་དུ་བྱེད་པས་འཇིག་རྟེན་གསུམ་གྱི་མཆོག་ཅེས་པ་སྟེ་དོན་མཐརར ་ཀྱི་རྣམ་པར་བཤད་པའོ།། རྒྱུ་སྐར་རྣམས་དང་འདྲ་བས་རྒྱུ་སྐར་ཏེ། ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་རང་གི་ཚོགས་པ་དང་གཞན་གྱི་འདུས་པ་ཐམས་ཅད་དེ། གདུལ་བྱ་དེ་རྣམས་ཀྱི་འཁོར་གྱི་དཀྱིལ ་འཁོར་གྱི་འཁོར་ལོར་སྟོན་ཀའི་ཟླ་བའི་གཟུགས་ལྟར་དྲི་ལྟར་དྲི་མ་མེད་པའི་དཔལ་གང་ཡིན་པོ་དེ་ནི་དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཅན་ཏེ་འཇམ་དཔལ་ལོ།། ཕྱོགས་བཅུ་པོ་རྣམས་ཀྱི་ན་མཁའ་རྣམས་ནི་ཕྱོགས་བཅུའི་ན་མཁའ་སྟེ། ་མཐའ་གཏུགས་པ་ནི་དོན་དམ་པར་མཐའ་མེད་པའོ།། དེ་རྣམསུ་གསུངས་རབ་ཡན་ལག་དགུའི་ཆོས་རྣམས་ཀྱི་དྲིལ་བུ་གསེར་མཁའི་དྲ་བས་འཁོར་བའི་ཆོས་ཀྱི་རྒྱལ་མཚན་ཆེན་པོ་སྒྲེང་བ་གང་ཡིན་པ་དེ་ནི་ཕྱོགས་བཅུའི་རམཁ ་མཐས་གཏུགས་པར། ཆོས་ཀྱི་རྒྱལ་མཚན་ཆེན་པོ་སྦྲེངས།། ཞེས་པ་སྟེ་བཅོམ་ལྡན་འདས་འཇམ་པའི་དབྱངསྟེ།། ཉོན་མོངས་པའི་གདུང་བ་ཐམས་ཅད་སྒྲིབ་པར་བྱེད་ཅི་འགྲོ་བ་ལ་ཁྱབ་པས་འགྲོ་བའི་གདུགས་ཏེ། འགྲོ་བ་ལ་ཁྱབ ་པའི་ཕྱིར་ཏེ་དེ་ལྟ་བུ་ནི་གཅིག་དུ་ཡང་འདི་ཡིན་ལ་ཡངས་པ་སྟེ་རྒྱ་ཆེ་བ་ཡང་ཡིན་པས་གཅིག་ཏུ་ཡངས་པའོ།། དེས་ན་འགྲོ་བའི་གདུགས་ཀྱང་འདི་ཡིན་ལ་གཅིག་ཏུ་ཡི་སཱ་ཡང་ཡིན་པས་ན། འགྲོ་བའི་གདུགས་གཅིག་ཡངས་པ་སྟེ། འདྲེ ་པ་ལ་གཅིག་ཏུ་ཡངས་པའི་གདུགས་ཞེས་ཐོབ་པ་ལ། སྡེབ་སྦྱོར་གྱི་དབང་གིས་དེ་ལྟར་བསྡུ་བ་བྱས་པའོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། བྱམས་པ་ཞེས་པ་ལ་སོགས་པ་སྟེ། བྱམས་པ་དང་སྙིང་རྗེ་དག་གིས་དཀྱིལ་འཁོར་ལྟ་བུའི ་ཚུལ་གྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཀུན་ནས་འཁོར་ཏེ་ཁེབས་པའི་ཕྱིར། བྱམས་དང་སྙིང་རྗེའི་དཀྱིལ་འཁོར་ཅན་ཏེ། བྱམས་པ་དང་སྙིང་རྗེའི་རང་བཞིན་གྱི་དཀྱིལ་འཁོར་འདིའི་ཡིན་པས་ན་ཞེས་སྨྲརོ།། ་ཐུང་ངུ་ནི་ངེས་པའི་ཚིག་གོ། འཁོར་བའི་འདམ་གྱིས་ཉེས་པས་ལ་གོས་པའི་ཕྱིར་པདྨ་དང་འདྲ་བས་པདྨ་སྟེ་དེ་ཡང་འདི་ཉིད་ཡིན་ལ། སྒེག་པ་ལ་སོགས་པ་གར་གྱི་ཉམས་དགུ་དང་ལྡན་པས་གར་གྱི་འདུལ་བའི་སེམས་ཅན་གྱི་ཕུང་པོ ་དཀྱིལ་འཁོར་ཅན་ཞེས་པའི་སྐད་དོད་ལ་མམ་མ་མ་བཚ་པ་ལ་མཎྜ་ལ་ཞེས་ཕུང་ངུ་བྱས་པ་སྡེ་སྟེར་གྱི་ས་ཡིན་ཙམ་པའི་གདུལ་བར་བྱ་བའི་ཕྱིར་གར་གྱི་དབང་ཕྱུག་སྟེ། གར་མཁན་གྱི་གཙོ་བོ་ཡིན་པས་ན་གར་གྱི་དབང་ཕྱུག་གོ།། འགྲོ་བ་ཐམས་ཅད་ཀྱི་ཡིད་དང ་མིག་ལ་སྡུག་པར་སྣང་བའི་སྐུ་དོ་ཤལ་གྱིས་མཛེས་པའི་ཕྱིར་དཔལ་ལྡན་ནོ།། འདིས་ནི་འདི་འོད་དཔག་ཏུ་མེད་པའི་ངོ་བོ་ཉིད་དུ་གསུངས་སོ།། དགའ་བ་རྒྱས་པར་བྱེད་པས་ན་རཏྣ། དཀོན་མཆོག་དེ་དཀོན་མཆོག་གསུམ་མོ།། དེ་ལྟ་བུ ་ནི་ཆོས་ཀྱི་རྒྱལ་སྲིད་བདག་པོའི་མཚན་མར་གྱུར་པའི་ཕྱིར་དང་། སེམས་ཅན་ཐམས་ཅད་ཀྱི་ཀུན་ཏུ་གདུང་བ་འཕྲོག་པར་བྱེད་པའི་ཕྱིར་གདུགས་ཏེ། དེ་གང་གི་ཡིན་པ་ནི་རིན་ཆེན་གདུགསོ།། དེ་ཉིད་ཀྱི་ཕྱིར་ཁྱབ་བདག་ཆེན་པོ་ཞེས་པ ་རིན་ཆེན་དབང་པོ་ཉིད་དོ།། སངས་རྒྱས་ཀུན་ནི་མི་བསྐྱེད་པ་ལ་སོགས་ཏེ། དེ་རྣམས་ཀྱི་དབུས་ན་ཆེ་ཞིང་གསལ་བར་གྱུར་པས་ན། སངས་རྒྱས་ཀུན་གྱི་རྒྱལ་པོ་ཆེ།། ཞེས་པ་རྣམ་པར་སྣང་མཛད་ཆེན་པོའོ།། སངས་རྒྱས་ཐམས ་ཅད་ཀྱི་གཟུགས་ཀྱིས་འགྲོ་བའི་བྱ་བ་སྒྲུབ་པའི་ཕྱིར། སངས་རྒྱས་རྣམས་ཐམས་ཅད་ཀྱི་བདག་ཉིད་ཀྱི་དངོས་པོ་སྟེ་དགུ་སྐུ་ལུས་འཛིན་པས་ན། སངས་རྒྱས་ཀུན་བདག་དངོས་པོ་འཆང་།། ཞེས་པ་དོན་ལོང་གྲུབ་པའོ།། རྣལ་འབྱོར་ཆེན་པོ ་སྐྱེ་གནས་ཆེ།། སངས་རྒྱས་ཀུན་གནས་མི་ཟད་པའོ།། ཞེས་གསུངས་པའི་ཕྱིར། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཉིད་ཀྱིས་ན། སངས་རྒྱས་ཀུན་གྱི་རྣལ་འབྱོར་ཆེ།། ཞེས་པ་སྟེ་མི་བསྟིང་བའོ།། དེ ་ལྟོར་སངས་རྒྱས་ལྔའི་རང་བཞིན་སྤྲོས་པ་མེད་པའི་དཔལ་རྗེ་བཙུན་འཇམ་དཔལ་དུ་བཤད་དོ།། དབང་ཕྱུག་ཆེན་པོ་ལ་སོགས་པའི་གདུག་པ་ཅན་རྣམས་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་ཁྲོ་བོའི་གཟུགས་ཀྱིས་འདུལ་བར་བྱེད་ཅིང་འདས ་འཆོས་པར་བྱེད་པས་ན། སངས་རྒྱས་ཀུན་གྱི་བསྟན་པ་གཅིག་གོ། ཡང་ན་བྱང་ཆུབ་སེམས་དཔའ་ཞི་བའི་གཟུགས་ཀྱིས་སེམས་ཅན་ཐམས་ཅད་འདིས་འདུལ་བར་བྱེད་པས་ན་བསྟན་པ་གཅིག་གོ།། སངས་རྒྱས་རྣམས་ཐམས་ཅད ་ཀྱི་བསྟན་པ་གཅིག་པུ་ཡིན་པས་ནི་སངས་རྒྱས་ཀུན་གྱི་བསྟན་པ་གཅིག་སྟེ་རྫོ་བཙུན་ཉིད་དེ།། རྡོ་རྗེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དོ།། དེ་ཉིད་རིན་པོ་ཆེ་ལ་སོགས་པ་རྣམས་ཀྱི་དབང་བསྐུར་བ་ཉིད་ཀྱིས་ཁམས་གསུམ་པའི ་མངའ་བདག་ཏུ་གྱུར་པའི་མཚན་ཉིད་ཅན་གྱི་དཔལ་གང་ཡིན་པ་དེ་ནི། རྡོ་རྗེ་རིན་ཆེན་དབང་བསྐུར་དཔལ་ལོ།། རིན་ཆེན་ཀུན་ནི་དེ་བཞིན་གཤེགས་པ་ཐམས་ཅད་དོ།། དེ་རྣམས་ཀྱི་བདག་པོ་ནི་དང་པོའི་སངས་རྒྱས་ཏེ། ་གཟུགས་ཀྱིས་དབང་བསྐུར་བའི་ངང་ཚུལ་གྱི་ཕྱིར། རིན་ཆེན་ཀུན་བདག་དབང་ཕྱུག་གོ། འཇིག་རྟེན་དབང་ཕྱུག་ཀུན་ནི་ཞི་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་དོ།། དེ་རྣམས་ཀྱི་བདག་པོར་གྱུར་པས་ན། འཇིག ་རྟེན་དབང་ཕྱུག་ཀུན་གྱི་བདག་སྟེ། ཐམས་ཅད་གདུལ་བའི་ཕྱིར་དེ་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་སྤྲོ་བར་ནུས་པའི་ཕྱིར་རོ།། རྡོ་རྗེ་འཆང་བ་ཀུན་ནི། ཕྱག་ན་རྡོ་རྗེ་ལ་སོགས་པ་ཁྲོ་བོའི་གཟུགས་ཅན་རྣམས་ཏེ། དེ་རྣམས་ཀྱི་བདག་པོ ་ཉིད་དུ་གྱུར་པས་དེ་ལྟར་རོ།། ཡང་ན་རིན་ཆེན་བདག་ནི་རིན་པོ་ཆེའི་རིགས་ཀྱི་དཀྱིལ་འཁོར་གང་ཡིན་པ་སྟེ། དེར་རིན་ཚོན་འབྱུང་ལྡན་གྱི་གཟུགས་ཀྱིས་གཙོ་བོར་གྱུར་པའི་ཕྱིར། རིན་ཆེན་ཀུན་བདག་དབང་ཕྱུག་གོ། འཇིག་རྟེན་དབང ་ཕྱུག་ཀུན་ནི་འགྲོ་བ་འདུལ་བའི་དཀྱིལ་འཁོར་གང་ཡིན་པ་སྟེ། དེར་འོད་དཔག་མེད་ཀྱི་གཟུགས་ཀྱི་བདག་པོར་གྱུར་པའི་ཕྱིར། འཇིག་རྟེན་དབང་ཕྱུག་ཀུན་གྱི་བདག་གོ། རྡོ་རྗེ་འཆང་བ་ཀུན་ནི་ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ ་འཁོར་གང་ཡིན་པ་སྟེ། དེར་རྗེ་བོ་སྟེ་རྡོ་རྗེ་ཧཱུཾ་མཛད་ཆེན་པོའི་གཟུགསུ་གྱུར་པའི་ཕྱིར། རྡོ་རྗེ་འཆང་བ་ཀུན་གྱི་རྗེ་བོ་འཇམ་དཔལ་རྡོ་རྗེའོ།། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོའི་རང་བཞིན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད ་ཀྱི་ཐུགས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར། སངས་རྒྱས་ཀུན་གྱི་ཐུགས་ཆེ་བའོ།། ཕོའི་ཞེས་ཐུགས་ཀྱི་སྐད་དོད་པ་སྠི་ཏ་ལས་སྐྱེས་པའི་རྟག་སུ་ཡོད་མའོ་རྟགས་ཉིད་ནི་འཇམ་དཔལ་གྱི་མཚན་གྱི་ཚུལ་ཡིན་པའི་ཕྱི་རོ།། སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་གྱི། ་ཐུགས་ཆེན་པོ་གང་གི་ཡིན་པ་ཞེས་ཚིག་རྣམ་པར་སྦྱར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པ་ཉིད་ཀྱིས་ཐུགས་ལ་ཁྱབ་པས། སངས་རྒྱས་ཀུན་གྱི་ཐུགས་ལ་གནས་སོ།། མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་སངས་རྒྱས་ཐད ་ཀྱི་སྐུའི་གཟུགསུ་བདག་ཉིད་ཐམས་ཅད་དུ་སྟོན་པས་ན། སངས་རྒྱས་ཐམས་ཅད་ཀྱི་སྐུ་ཆེ་བ་ཉིད་ཅིག་ཅར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་གྱི་དོན་དུ་སྤྲོ་བའི་ཕྱིར་རོ།། དབྱངས་ཀྱི་ཡན་ལག་ཐམས་ཅད་ལ་འཇུག་པའི ་རྒྱུའི་རྩ་བ་ཡིན་པའི་ཕྱིར། སངས་རྒྱས་ཀུན་གྱི་གསུང་ཡང་ས་རྒྱས་ཀུན་གྱི་ཆེས་ཡིན་ནོ།། ཐུང་བུ་གསུང་གི་སྐད་དུ་ས་ས་ས་ནས་ཏེ་སུ་ཆུ་ཡོད་པ་ནི་སྐྱེས་པའི་རྟགས་བཞིན་ནཉིད་ནི་མོང་གྱི་ཚུལ་ཡིན་པའི་ཕྱིར་རོ།། ཡང་ན་སངས་རྒྱས་ཐམས་ཅད་དང ་འབྲེལ་པའི་གསུང་ག་ལ་མངལ་པ་ཞེས་ཚིག་རྣམ་བཞེ་འགྱུར་དུ་སངས་རྒྱས་ཀུན་གྱི་མཚེ་དང་ལྡན་ཞེས་བསྒྱུར་བ་ནི་ས་ན་མཆེ་དང་ལ་ཏཱི་ལྡན་པ་ལ་འཇུག་པས་སྙམས་ཏེ་བཊ་སྤྱོད་སོགས་ཀྱི་སྤྱད་པེ་རུ་ཡང་གསུང་གི་སྐད་དོང་ལ་སྭ་རས་ཏི་སྣང་བས་མཚོ་དང་ལྡན་ཞེས་པ་ཅུང་མ་དག་ལས་གསུང་དུ་བསྒྱུར་པ་ཉིད་ཡང་དོ། པར་སྦྱརོ།། ་དབྱེར་མེད་ཕྱེད་པའི་ཡེ་ཤེས་ཀྱི་ཉི་མས་ཕྱི་དང་ནང་གི་མི་ཤེས་པའི་མུན་ནག་རྣམ་པར་འཇོམས་ཤིང་སྣང་བའི་རྒྱུར་གྱུར་པའི་ཕྱིར། རྡོ་རྗེ་ཉི་མ་སྣང་བ་ཆེའོ།། མི་ཕྱེད་པའི་ཡེ་ཤེས་ཟླ་བའི་ཚུལ་གྱིས་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི ་ཀུན་ཏུ་གདུང་བ་འཕྲོག་པར་བྱེད་ཅིང་བསིལ་ཞིང་དྲི་མ་མེད་པའི་འོད་ཟེར་གྱིས་གསལ་བར་བྱེད་པའི་ཕྱིར། རྡོ་རྗེ་ཟླ་བ་དྲི་མེད་འོད་དེ། ཟླ་བ་ཡང་འདི་ཡིན་ལ་དྲི་མ་མེད་པའི་འོད་ཀྱང་ཡིན་པས་ཞེས་ཚིག་རྣམ་པར་སྦྱར་རོ།། ཆགས ་སྥད་པོ་དཔ་ལ་སོགས་པ་བཇུག་པ་ལས་འགྲེལ་ལ་འདིལ་ལ་འཇུག་པ་ལྔར་ཆགས་བྲལ་ལ་སོགས་ཆགས་པ་ཆེ་ཞེས་བཤད་ཆུ་འཁོར་དུ་དང་ལ་བབྲུ་སྣུན་པས་ཆགས་བྲལ་དང་པོ་ཆགས་པ་ཆེ་ཞེས་བཞེད་དེ། བྲལ་དང་ཆགས་བཅས་ལ་སོགས་པའི་གདུལ་བྱའི་སེམས་ཅན་རྗེ་སུ་གཟུང་བའི ་ཕྱིར། ཆགས་བྲལ་ལ་སོགས་ལ་ཤས་ཆེར་ཀུན་ཏུ་ཞེ་ན། པའི་མཚན་ཉིད་ཀྱི་འདོད་ཆགས་གང་ཡིན་པ་དེ་ནི། ཆགས་བྲལ་ལ་སོགས་ཆགས་པ་ཆེའོ།། སྔགས་ཀྱི་ཚུལ་ལ་ནི་རྣམ་པ་གཞན་དུ་སྟེ། དེ་ཡང་བླ་མ་ལུས་ཤེས་པར་བྱའོ།། སངས ་རྒྱས་ཐམས་ཅད་ཀྱི་གཟུགས་སྤྲོ་བའི་ཕྱིར། ཁ་དོག་སྣ་ཚོགས་པ་ཤིན་ཏུ་འབར་བའི་འོད་གང་བ་དེ་ནི། ཁ་དོག་སྣ་ཚོགས་འབར་བའི་འོད་ངོ་།། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་རྡོ་རྗེ་སྐྱིལ་ཀྲུང་ནི་དབྱེར་མེད་དེ། དེ་བཅིངས་ནས་ཁྱད ་པར་དུ་ཟུང་དུ་བཅས་པས་བདུད་ཐམས་ཅད་ལས་རྒྱལ་བའི་བྱ་བ་མཛད་དེ། དེ་སྐད་དུ། རྡོ་རྗེ་སྐྱིལ་ཀྲུང་བཅས་ནས་ནི།། བདུད་རྣམས་ཐམས་ཅད་རབ་ཏུ་འཇོམས།། ཞེས་གསུངསོ།། དེ་ཡང་ཐབས་དང་ཤེས་རབ་རྣམ་པར་དག་པའི་རང་བཞིན ་གཡོན་དང་གཡས་པའི་རྐང་པ་དག་གཡོན་དང་གཡས་པའི་བརླ་དག་གི་སྟེང་དུ་བཀོད་པ་ནི། བཅོམ་ལྡན་འདས་རྗེ་བཙུན་འཇམ་དཔལ་གྱི་རྡོ་རྗེ་སྐྱིལ་ཀྲུང་སྟེ། དེ་ནི་ཀུན་རྫོབ་དུའོ།། དོན་དམ་པར་ནི་རྡོ་རྗེ་ཡང་དག་པར་རྫོགས་པའི་སངས་རྒྱས ་དང་། སྐྱིལ་ཀྲུང་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཡེ་ཤེས་ཏེ། དེ་ཉིད་སྐུ་གསུང་ཐུགས་ལེགས་པར་གནས་པའི་རྒྱུར་གྱུར་པའི་ཕྱིར་གདན་གྱི་ཡུལ་གང་ཡིན་པ་དེ་ནི། རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས་ཏེ། དེ་ཁོ་ནས་བདུད་ཐམས་ཅད ་རྣམ་པར་རྒྱལ་བར་གྱུར་པའི་ཕྱི་རོ་ཞེས་དགོངས་པའོ།། སངས་རྒྱས་རྣམས་ཀྱི་འགྲོ་བ་ནི་ཆོས་འགྲོ་བའི་ཆོས་ཀྱི་འབེལ་བའི་གཏམ་སྟེ། དེ་ཡིས་ཆོས་སོ་སོར་རྟོགས་པར་བྱེད་ཅིང་། ཆོས་ཐམས་ཅད་རང་བཞིན་མེད་པའི་མཚན་ཉིད་དེ ་འཛིན་པ་ན། སངས་རྒྱས་འགྲོ་བའི་ཆོས་འཛིན་པའོ།། འགྲོ་བ་ལ་གཅིག་ཏུ་བཀྲ་ཤིས་པའི་ཕྱིར་དང་། གོས་པ་མེད་པའི་ཕྱིར་སངས་རྒྱས་ནི་པདྨ་ལྟ་བུ་སྟེ། དེའི་ཕྱིར་དེ་ལས་བྱུང་བ་གང་ཡིན་པ་དེ་ནི་སངས་རྒྱས་པདྨ་སྐྱེས་སོ།། ་ཚོགས་གཉིས་ཡང་དག་པར་བསགས་པའི་ཕྱིར་དཔལ་ལྡན་ནོ།། དེ་ཉིད་ཐམས་ཅད་མཁྱེན་པོ་རྣམས་ཀྱི་ཡེ་ཤེས་ཀྱི་མཛོད་འཛིན་པས་ན། ཀུ་ནི་མཁྱེན་ཡེ་ཤེས་མཛོད་འཛིན་པའོ།། སྒྱུ་འཕྲུལ་སྣ་ཚོགས་ཨོཾ་ལླི་ཀི་ཁམས་གསུམ ་དུ་ཉེ་བར་སྟོན་པ་དེ་དེའི་བདག་ཉིད་དུ་འཛིན་པས་ན། སྒྱུ་འཕྲུལ་སྣ་ཚོགས་འཆང་བའོ།། དེ་ནི་གཞན་དུ་སོ་སོར་ངེས་པའི་སྤྲུལ་པའི་བྱེད་པ་པོ་དང་། ཟིལ་གྱིས་མི་ནོན་པར་མཛེས་པའི་ཕྱིར་རྒྱལ་པོ་སྟི་གཙོ་བོ།། ཚིག་ཡུ་ཇི་ལྟར་རྒྱལ ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་བ་ཡིན་ཞེ་ན། གསུངས་པ། ཆེ་བ་སངས་རྒྱས་ཞེས་པ་ལ་སོགས་པ་སྟེ། སངས་རྒྱས་རྣམས་ཀྱི་རིག་སྔགས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེའི་སྟོབས་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས ་འདས་པོའི་སྤྲུལ་པ་བྱེད་པའི་བདག་ཉིད་ཆེན་པོ་དེ་འཛིན་པར་བྱེད་པས་ན། ཆེ་བ་སངས་རྒྱས་རིག་སྔགས་འཆང་ངོ་།། སྔར་བཤད་པའི་སྔགས་ཀྱི་དོན་གྱི་རང་བཞིན་གྱི་མཚན་རྣམས་ཡང་དག་པར་བརྗོད་པའི་ཕྱིར་གསུངས་པ། ་རྡོ་རྗེ་རྣོན་པོ་ཞེས་པ་ལ་སོགས་པ་སྟེ། ཆོས་ཐམས་ཅད་བདག་མེད་པར་ཤིན་ཏུ་ཡང་སོ་སོར་རྟོགས་པས་རྡོ་རྗེ་ལྟར་རྣོ་བས་ན་རྡོ་རྗེ་རྣོན་པོའོ།། བདག་ཏུ་རྨོངས་པའི་རྩ་བ་ཅན་འཇིག་ཚོགས་ལ་ལྟ་བའི་ཡལ་ག་དང ་ལོ་མ་དང་ལྡན་པའི་ཉོན་མོངས་པའི་ཤིང་ཆེན་པོ་གཅོད་པར་བྱེད་པའི་ཕྱིར་རལ་གྲི་ཆེན་པོའོ།། རྣམ་པར་རྟོགས་པ་རྣམ་པ་སྣ་ཚོགས་ཀྱི་དྲི་མ་དང་བྲལ་བ་རྣམ་པར་དྲག་པའི་ཕྱིར་རྣམ་པར་དག་པའོ།། འདི་བླ་ན་མེད་པ་ཡིན་པའི་ཕྱིར ་མཆོག་གོ། རང་བཞིན་གཞན་དུ་མི་འགྱུར་བའི་ཕྱིར་འགྱུར་མེད་དེ། འགྱུར་བ་མེད་པའི་མཆོག་ཆོས་ཀྱི་སྐུའོ།། འདིས་ནི་འདི་ལྟར་བསྟན་ཏེ། ངེས་པར་འབྱེད་པའི་ཤེས་རོབ་ཀྱིས་སྡུག་བསྔལ་མ་ལུས་པ་བཅད་པས་ཤིན་ཏུ་རྣམ ་པར་དག་པའི་ཆོས་ཀྱི་སྐུ་ཐུགསུ་ཆུད་པས་རྣམ་པར་མི་རྟོགས་པ་ཉིད་དུ་གྱུར་པ་ནི། བཛྲ་ཏིཥྛ་ཞེས་པའི་སྔགས་ཀྱི་དོན་ཡིན་ནོ།། སྔགས་གཉིས་པའི་དོན་གསུངས་པ། སྡུག་བསྔལ་གཅོད་ཅེས་པ་ལ་སོགས་པ་སྟེ། རང་དང་གཞན ་གྱི་རྒྱུད་དུ་རྟོགས་པའི་སྡུག་བསྔལ་མཐའ་དག། གཅོད་པར་བྱེད་པས་ན་སྡུག་བསྔལ་གཅོད་པ་སྟེ། དེ་ཡང་ཐེག་པ་ཆེན་པོ་དང་དེའི་རྡོ་རྗེའི་ཆོས་ཉིད་མི་ཆད་ཅིང་གཉི་སུ་མེད་པའི་རང་བཞིན་ཏེ། དེ་ཉིད་སེམས་ཅན་ཐམས་ཅད་ཀྱི ་ཆོམ་གཅོད་པའི་ཕྱིརརོ།། དེ་དེའི་བདག་ཉིད་དུ་འཛིན་པ་གང་ཡིན་པ་དེ་ནི། ཐེག་པོ་ཆེན་པོ་སྡུག་བསྔལ་གཅོད་མཚོན་ཆ་ཆེན་པོ་རྡོ་རྗེ་ཆེས། ཞེས་པ་སྟེ། ཐེག་པ་ཆེན་པོ་ཐམས་ཅད་ནི་རྡོ་རྗེ་ཆོས་ཉིད་ཀྱི་དོན་སྟོན་པ་ཡིན་ཏེ ་ཁཙྪེ་ད་ཞེས་པའི་སྔགས་ཀྱི་དོན་ཏོ།། སྔགས་གསུམ་པའི་དོན་གསུངས་པ། ཛཾ་ན་ཛི་ཀ་ཞེས་པ་ལ་སོགས་པ་སྟེ། སངས་རྒྱས་རྣམས་ཐམས་ཅད་ཀྱི་ཤེས་རབ་དང་ཡེ་ཤེས་ཀྱི་སྙིང་པོ་དེ་ཡང་ཛི་ན་ཛིག་སྡེ། དེ་ཡང་རྗེ་བཙུན་འཇམ ་སྦྲུལ་ཅད་དཔལ་ཉིད་དེ། དེ་སྐད་དུ། སངས་རྒྱས་ཤེས་རབ་ཡེ་ཤེས་ཀྱི།། སྙིང་རྒྱལ་བ་རྒྱས་པོ་ཛི་ན་ཛིག་ཏུ་བཤད།། ཅེས་སོ།། དེའི་ཕྱིར་གསུངས་པ། རྡོ་རྗེ་ཞེས་པ་ལ་སོགས་པ་སྟེ། སོ་སོར་ཡང་དག་པར་རིག་པ་བཞི་བསྒོམས་པས ་མི་ཕྱེད་ཅིང་ཟབ་མོར་གྱུར་ཞྀང་བརྒྱན་ལས་པའི་བློའི་རང་བཞིན་གྱི་ཕྱིར། རྡོ་རྗེ་ཟབ་མོ་ཡང་འདི་ཡིནྡ་ལ་རྡོ་རྗེ་བློ་ཡང་ཡིན་པས་ན། རྡོ་རྗེ་ཟབ་མོ་དང་རྡོ་རྗེའི་བློའོ།། གཱམྦྷཱིཪྻ་ནི་ཟབ་མོར་གྲགས་པའི་དོན་ལ་དེ་ཕན་གྱི་ཡཎ་སྦྱར་བའི་མཐའོ།། ་དེ་ཉིད་ཆོས་ཐམས་ཅད་ཀྱི་དེ་ཉིད་ཇི་ལྟར་གནས་པ་བཞིན་ཡང་དག་པར་ཁོང་དུ་ཆུད་པས་ན། དོན་བཞིན་རིག་པའོ།། དེ་ལྟར་ཆེས་ཐམས་ཅད་སོ་སོར་མའི་སྐད་དང་ག་ཎྜཱི་འི་དི་རྣ་ཀྱང་བན་ན་ན་སུ་ཀྲ་@ ་འདོན་འབིགས་པའི་ཤེས་རབ་ཀྱིས་ཟབ་པ་དང་རྒྱ་ཆེ་བའི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐུགསུ་ཆུད་པ་དང་། ཤེས་བྱ་མ་ལུས་པར་ཐུགས་ཆུད་པ་འབྱུང་བ་གང་ཡིན་པ་ད་ནི། པྲཛྙཱ་ཛྙཱ་ན་ཞེས་བྱ་བའི་སྔགས་ཀྱི་དོན་ཏེ།། ཡི་གེ་བཅུ ་གཉིས་པའི་སྔགས་ཀྱི་དོན་བསྟན་པའི་ཕྱིར་གསུངས་པ། ཕ་རོལ་ཕྱིན་པ་ཀུན་ཞེས་པ་ལ་སོགས་པ། ཕ་རོལ་ཏུ་ཕྱིན་པ་ཀུན་ནི་རིན་ཆེན་པདྨ་མའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནས་རྡོ་རྗེ་ལས་ཀྱི་ཕ་རོལ་ཏུ་ཕྱིན་པའི ་མཐར་ཐུག་པ་བཅུ་གཉིས་དང་། ས་རྣམས་ཀུན་ཀྱང་མོས་པ་སྤྱོད་པ་ལ་སོགས་པ་ནས། ཀུན་ཏུ་འོད་ཀྱི་མཐར་ཐུག་པ་བཅུ་གཉིས་སོ།། རང་དང་གཞན་དང་འབྲེལ་པའི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ངེས ་པར་རྫོགས་པའི་ཕྱིར། ཕ་རོལ་ཕྱིན་པ་ཀུན་རྫོགས་པའོ།། ས་རྣམས་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པར་བྱེད་པས་ན། ས་རྣམས་ཀུན་གྱི་རྒྱན་དང་ལྡན་པ་སྟེ། དེ་ཉིད་ཀྱིས་བརྒྱན་པ་གང་ཡིན་པ་ཞེས་ཚིག་རྣམ་པར ་སྦྱར་རོ།། སྔགས་བཞི་པའི་དོན་གསུངས་པ། རྣམ་པར་དག་པ་ཞེས་པ་ལ་སོགས་པ་སྟེ། རྣམ་པར་དག་པོ་དེ་ཡང་བདག་མེད་པའི་ཆོས་ཡིན་པས་ནི། རྣམ་པར་དག་པ་བདག་མེད་ཆོས་ཏེ། དེ་ནི་ཡང་དག་པའི་ཡེ ་ཤེས་སོ།། དེ་ཉིད་མི་ཤེས་པའི་མུན་ནག་འཇོམས་པར་བྱེད་ཕྱིར་བཟླ་བའོ།། དེ་ཉིད་སྙིང་གི་འོད་དེ་ནང་གི་འོད་གང་ཡིན་པ་ནི། རྣམ་པར་དག་པ་བདག་མེད་ཆོས་ཡང་དགྲ་ཡེ་ཤེས་ཟླ་སྙིང་འོད། ཅེས་པ་སྟེ། བདག ་དང་བདག་གི་བུ་དང་བྲལ་བ་རྣམ་པར་དགྲ་པ་བདག་མེད་པོའི་ཆོས་ཁོང་དུ་ཆུད་པས་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱི་བདག་ཉིད། ཆེས་དྲི་མ་མེད་པའི་ཆོས་དང་ཡེ་ཤེས་ཀྱི་སྐུ་བརྙེས་པས་ན། ཛྙཱ་ན་ཀཱ་ཡ་ཞེས ་པའི་སྔགས་ཀྱི་དོན་ཏོ།། སྔགས་ལྔ་པའི་དོན་གསུངས་པ། སྒྱུ་འཕྲུལ་དྲ་བ་ཞེས་པ་ལ་སོགས་པ་སྟེ། སྤྲུལ་པའི་སྒྱུ་འཕྲུལ་ཉིད་འཆིང་ཞིང་འགུགས་པའི་རྒྱུར་གྱུར་པའི་ཕྱིར་དྲ་བའོ།། དེ་ལ་ཆེར་སུ་བརྩོན ་པས་ན་བརྩོན་ཆེན་གང་ཡིན་པ་དེ་ནི། བརྩོན་ཆེན་སྒྱུ་འཕྲུལ་དྲ་བའོ།། སྔགས་དང་ཕྱག་རྒྱ་དང་དཀྱིལ་འཁོར་དང་ལྷའི་རྣལ་འབྱོར་དང་ལས་རབ་འབྱམས་ལ་སོགས་པ་རྒྱུན་ཆགས་པ་ཉིད་དུ་བྱེ་བྲག་ཏུ་རྟོགས་པར་བྱེད་པས་ནཱ་རྒྱུད་དོ།། ་རྒྱུད་དེ་རྣམས་ཐམས་ཅད་ཀྱི་བདག་པོའོ།། མཆོག་ནི་གཙོ་བོ་སྡེ་བཅོམ་ལྡན་འདས་འཇམ་དཔལ་ཏེ། སྔགས་དང་ཕྱག་རྒྱ་དང་དཀྱིལ་འཁོར་ལོ་སོགས་པ་སྤྲུལ་པ་སྣ་ཚོགས་པའི་ཚུལ་གྱི་བྱེ་བ་དང་སྤྱོད་པ་དང་རྣལ་འབྱོར་གྱི་རྒྱུད་ལ ་སོགས་པའི་བདག་པོའི་གྱུར་པ་ཉིད་ཀྱིས་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བ་སྟེ། ཝཱ་གཱི་ཤྭ་ར་ཞེས་པའི་སྔགས་ཀྱི་དོན་ཏོ།། སྔགས་དྲུག་པའི་དོན་གསུངས་པ། རྡོ་རྗེ་གདུན་ནི་ཞེས་པ་ལ་སོགས་པ་སྟེ། རྡོ་རྗེ་མ་ལུས་པ་རྣམས་ནི་དེ ་བཞིན་གཤེགས་པ་རྣམས་ཏེ། ཕུང་པོ་ལྔའི་བདག་ཉིད་ཨ་ར་པ་ཙ་ནི་འི་དོན་གྱི་། ས་ཀུན་ནས་ཡོངསུ་མཚན་པའི་མཚན་མ་ཅན་བཅོམ་ལྡན་འདས་ཉིད་དེ། ཡི་གེ་ལྔས་མཚོན་པ་ནི་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་དེ ་ཞེས་དགོངས་པའོ།། དེ་ཡང་། ཨ་ནི་སྐྱེ་བ་མེད་པ་དང་འགོག་པ་མེད་པ་ལ་སོགས་པ་སོ་སོར་རྟོགས་པར་བྱེད་པ་ཉིད་ཀྱིས་ཨ་ཡིག་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་སོ།། རཱ་ནི་ཆོས་ཐམས་ཅད་རྡུལ་དང་བྲལ་བ་དང་ཐུགས་རྗེ་ཆེན ་པོའི་ཆགས་པས་ཆགས་པ་ཞེས་པའོ།། པ་ནི་སྐྱེ་བ་མེད་པ་དང་ཐུགས་རྗེ་ཆེན་པོའི་ཆགས་པ་དང་ཤེས་རོབ་དང་ཐབས་ཀྱི་བདག་ཉིད་ཀྱི་ཕྱིར་དོན་དམ་པའོ།། ཞེསོ།། ཙ་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དང་སྔོན་གྱི ་སྤྱོད་པ་དེ་དག་གི་རྒྱུ་དང་བྲལ་བའོ།། ཞེསོ།། ན་ནི་ན་མཁའ་དང་འདྲ་བར་ཉེ་བར་དམིགས་པའི་སྒྲིབ་པ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་སྐུའི་མཐར་ཐུག་པའོ།། ཞེས་སྟོན་པའི་ཕྱིར་ཏེ། དེ་ལྟར་ན་རྡོ་རྗེའི་གདན་ནི་མ་ལུས ་ལྡན། ཞེས་སྣ་ཚོགས་གཟུགས་ཅན་འཇམ་དཔལ་ཉིད་དོ།། དེ་ལྟར་ཡི་གེ་ལྷའི་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་ཚུལ་གྱི་ཕྱིར། ཡེ་ཤེས་སྐུ་རྣམས་མ་ལུས་འཆང་བ་སྟེ། རྡོ་རྗེ་སེམས་པའི་གཟུགས་ཞེས་པའི་དོན་ཏོ།། རྣམ་པ་ཐམས ་ཅད་དུ་ཀུན་ནས་སེམས་ཅན་ཐམས་ཅད་ལ་བཟང་ཞིང་དགེ་བ་དང་། གང་གི་ཕྱིར་རང་ཉིད་ཀྱང་རྣམས་པ་ཐམས་ཅད་དུ་དགེ་བའི་རང་བཞིན་གྱི་ཕྱིར་ཀུན་ཏུ་བཟང་པོའོ།། གཞན་ལ་ཕན་པ་སྐྱེད་པའི་བློ་གྲོས་བཟང་པོའོ།། མངའ་བས ་ནཱ་བློ་ཀློས་བཟང་པོའོ།། ལྷུན་གྱིས་གྲུབ་པར་སེམས་ཅན་ཐམས་ཅད་ལ་དགེ་བོའི་ས་བོན་བྱེད་པས་སའི་སྙིང་པོ་དང་འདྲ་བས་སའི་སྙིང་པོ་གསོནད་སྣོད་ཀྱི་ངོ་བོའི་འགྲོ་བ་རྣམ་པར་འཛིན་པར་ནུས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་བདག ་ཉིད་ཀྱི་ཕྱིར་འགྲོ་བ་འཛིན་ནོ།། ཆེན་པོ་ཡངས་པ་ཡིན་ལ། སྙིང་པོ་ནི་དབུས་ཏེ། དེ་གང་ཡིན་པ་ནི་སྙིང་པོ་ཆེའོ།། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཉིད་ནི་སྐུ་ལུས་རྣམས་ཀྱི་སྙིང་པོ་ཆེན་པོ་ཡིན་པས་ན། སངས་རྒྱས་ཀུན་གྱི་སྙིང་པོ ་ཆེཚེ་ཞེས་པ་སྟེ་བཅོམ་ལྡན་འདས་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཡིན་པའི་ཕྱི་རོ་ཞེས་དགེངས་པའོ།། འདིས་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ཉིད་ནི་རྗེ་བཙུན་འཇམ་དཔལོ་ཞེས་བསྟན་ཏོ།། དེ་ལྟར་ཡང་ལུང ་ལིས་དེ་བཞིན་གཤེགས་པ་ནི་ཆོས་ཐམས་ཅད་ཀྱི་སྙིང་ཟག་ཞེས་དང་། གཞན་ཡང་བཤད་དེ། དངོས་པོ་ཀུན་གྱི་རང་བཞིན་འཛིན།། ཞེས། ཇི་ལྟར་ན་འདི་སངས་རྒྱས་ཀུན་གྱི་སྣང་བ་ཡིན་ཞེན་གསུངས་པ། སྣ་ཚོགས་སྤྲུལ་པའི་ཞེས་པ ་ལ་སོགས་པ་སྟེ། སྣ་ཚོགས་པའི་སྤྲུལ་པ་གང་ལ་མངའ་བ་དེ་ནི་སྣ་ཚོགས་སྤྲུལ་པའོ།། འཁོར་ལོ་ནི་དཀྱིལ་འཁོར་རོ།། དེ་སྤྲོ་བ་དང་བསྡུ་བའི་གནས་བརྟན་པར་གྱུར་པའི་གཞིའི་རྩ་བ་འཛིན་པར་བྱེད་པས་ན་སྣ་ཚོགས། སྤྲུལ་པའི་འཁོར ་ལོ་འཆང་བའོ།། འདིས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་བསྡུས་པར་གྱུར་པ། སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་པ་པོ།། ན་མ་ཁམ་ཚན་ཡོ་ན་ལྡན་#ཁྱིམ་སུ་ཡོ་ས་གྱུསམས་ཅད་རྐྱེན་# ་དྲི་མ་མེད་པ་ཤིན་ཏུ་ཡོངསུ་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྙིང་པོ་ཞེས་བྱ་བའི་འཇམ་དཔལ་གྱི་གཙོ་བོ་མཛད་པའི་དཀྱིལ་འཁོར་ཆེན་པོ་མཚན་པར་བྱས་པ་ཡིན་ནོ།། དེའི་སྤྲོས་པ་ནི་འཇམ་དཔལ་གྲགས་པ་ལ་སོགས་པས་གཞན ་དུ་རྣམ་པར་ཕྱེ་ཟིན་པ་ཉིད་ཀྱིས། མཚན་ཡང་དག་པར་བརྗོད་པའི་དཀའ་འགྲེལ་འདིར་ནི་མཚན་ཇི་ལྟ་བ་བཞིན་གློ་བར་བྱ་བའི་ཕྱིར། མངས་པའི་འཇིགས་པས་མ་བྲིས་སོ།། དངོས་པོ་ཀུན་གྱི་རང་བཞིན་ནི་གདོང་མ་ནས་སྐྱེ་བ་མེད་པའི་ངོ ་བའོ།། དེ་ཡིས་མཆོག་སྟེ་ཐམས་ཅད་ལས་བླ་མར་གྱུར་པའི་གཙོ་བོའོ།། དེ་ཉིད་ཀྱི་ཕྱིར་དངོས་པོ་ཀུན་གྱི་རང་བཞིན་འཛིན་ནོ།། ཆོས་དང་ཆོས་ཅན་གྱི་ཁྱད་པར་དུ་བརྟགས་པའི་ཡང་དག་པར་བརྗོད་པ་གསུངས་པ། སྐྱེ་མེད་ཅེས་པ ་ལ་སོགས་པ་སྟེ། སྐྱེ་བ་མེད་པ་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པའི་རང་བཞིན་ཏེ། དེ་གང་ཡིན་པ་དེ་སྐྱེ་མེད་ཆོས་སོ།། ཆོས་ནི་ཆོས་ལ་བརྟེན་པ་ཉིད་ཀྱིས་འདིས་བརྟགས་ན་ཆོས་དང་ཆོས་ཅན་གཉིས་ཀྱང་རང ་བཞིན་མེད་པའི་ཕྱིར་སྐྱེ་བ་མེད་དོ་ཞེས་བསྟན་ཏོ།། དེ་ཉིད་ཀྱི་ཕྱིར་སྣ་ཚོགས་དོན་དེ་འདི་ལས་སྣ་ཚོགས་འབྱུང་བས་ཞེས་སྦྱར་ཏེ། དངོས་པོ་དང་ལྡན་པའི་ཆོས་ལས་མོས་པ་སྣ་ཚོགས་པའི་སེམས་ཅན་གྱི་དོན་གྱི་ཁྱད་པར་བྱེད ་ནུས་པ་མེད་དོ།། ཞེས་དགོངས་པའོ།། དེ་ཉིད་ཀྱི་ཕྱིར་གསུངས་པོ། ཆོས་ཀུན་ངོ་བོ་ཉིད་འཆུང་བ། ཞེས་པ་སྟེ་རང་བཞིན་མེད་པའི་ཆོས་དང་ཆོས་ཅན་གྱི་ངོ་བོ་ཞེས་བཅོམ་ལྡན་འདས་ཀྱི་དགོངས་པའོ།། དེ་ཉིད་ཀྱི་ཕྱིར་གསུངས ་པ། སྐད་ཅིག་ཅེས་པ་ལ་སོགས་པ་སྟེ། སྐད་ཅིག་མ་གཅིག་ཁོ་ན་ལ་ཆོས་ཐམས་ཅད་ཀྱི་རང་བཞིན་ཐུགསུ་ཆུད་པའི་ལས་རྫོགས་པའི་བློ་ནི་ཤེས་རབ་སྟེ། ང་གང་ཡིན་པ་ནི། སྐད་ཅིག་གཅིག་ལ་ཤེས་རབ་ཚོའོ།། མ་ཧཱ ་པྲཛྙཱ་ཞེས་ཀློག་པ་ན་ཐུང་ངུའི་དོན་ནི། རང་གི་དོན་ཅན་གྱི་ཕན་གྱི་རྐྱེན་ཨ་ཎིའི་མཐའོ།། དེའི་ཕྱིར་ཆོས་ཀུན་ཁོང་དུ་ཆུད་པ་འཆང་བ་སྟེ། ཆོས་ཐམས་ཅད་ཁོང་དུ་ཆུད་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་དེའི་བདག ་ཉིད་དུ་འཛིན་པས་ན་དེ་ལྟར་བཤད་དོ།། དེའི་ཕྱིར་གསུངས་པ། ཆོས་ཀུན་མངོན་པར་ཞེས་པོ་ལ་སོགས་པ་སྟེ། ཆོས་ཐམས་ཅད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་རྣམས་ཏེ། དེ་རྣམས་མངོན་པར་རྫོགས་པར ་རྟགས་པའི་རྫོགས་པའི་བྱང་ཆུབ་གང་ཡིན་པ་དེ་ནི། ཆོས་ཀུན་མངོན་པར་རྟོགས་པའོ།། ཡང་དག་པ་ནི་དེ་ཁོ་ན་ཉིད་དོ།། དེའི་མཐའ་ནི་དེའི་མཐར་ཐུག་པ་སྟེ། དེ་མཁྱེན་པས་ན་ཡང་དག་པ་མཐའི་ཐུབ་པའོ།། དེའི་ཕྱིར་གསུངས་པ། ་མཆོག་ཅེས་པ་ལ་སོགས་པ་སྟེ། མཆོག་ཀྱང་འདི་ཡིན་ལ་ཆོས་ཐམས་ཅད་ཐུགསུ་ཆུད་པའི་བློ་ཡང་ཡིན་པས་ན་བློ་མཆོག་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་སོ།། ཡང་ན་མཆོག ་དང་བློ་གང་གི་ཡིན་པ་ཞེས་འབྱིན་པའི་ཚིག་རྣམ་པར་སྦྱརརོ།། གནས་ངན་ལེན་དང་རྣམ་པར་རྟོག་པ་ཐམས་ཅད་རྣམ་པར་སྤངས་པས་ན་བརྟན་ཞིང་མི་འགྱུར་བའི་ཕྱིར་མི་གཡོ་བའོ།། མ་རིག་པ་དང་འདོད་ཆགས་ལ་སོགས་པའི ་རྙོག་པ་དང་བྲལ་བས་ཤིན་ཏུ་རབ་ཏུ་དད་པའི་ཡིད་ཀྱི་རང་བཞིན་གྱི་བདག་ཉིད་གང་ཡིན་པ་དེ་ནི་རབ་ཏུ་དང་བའི་བདག་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བྱང་ཆུབ་ཟད་པ་དང་མི་སྐྱེ་བ་ཤེས་པའོ།། དྲི་མ་ཟད་དང་མི ་སྐྱེ་བའི།། ཡེ་ཤེས་བྱང་ཆུབ་ཅེས་བརྗོད་དེ།། ཟད་མེད་སྐྱེ་མེད་ཕྱིར་དེ་དག། གོ་རིམ་ཇི་བཞིན་ཤེས་པར་བྱ།། ཞེས་བྱམས་པས་གསལ་བར་གསུངས་པའི་ཕྱིར།། འདུས་ཐམས་ཅད་ཟད་མངོན་རྟོགས་ཀྱི་སྐབས་ལྔ་པར་པའི་ཚུལ་ནི་སྟོང ་པོ་ཉིད་དོ།། སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡིན་པས་ན་འདུས་བྱས་ཉིད་འདུས་མ་བྱས་སོ།། དེའི་ཕྱིར་འདུས་བྱས་དང་འདུས་མ་བྱས་པའི་ཆོས་ཐམས་ཅད་མཉམ་ཉིད་ནི་ཟད་པའོ།། འདིར་རྣམ་པར་རྟོག་པ་ཐམས་ཅད་ཟད་པར་འགྱུར ་ཞེས་སྦྱར་ཏེ། དེ་ཡང་ཟད་པ་ནི་ཟད་པར་མྱི་འགྱུར་ཏེ། ཟད་པ་དེ་ཡང་འགྲིབ་པ་མེད་དོ།། གལ་ཏེ་ཟང་པ་ཟད་པར་གྱུར་ན་འགག་པ་ཡང་ཟད་པསྣ་མྱ་ངན་ལས་འདས་པ་མེད་པར་འགྱུར་ཏེ། དེའི་ཕྱིར་ཟང ་པ་ནི་ཟད་པར་མི་འགྱུར་རོ།། གང་ཟད་པར་མི་འགྱུར་བ་དེ་ནི་མྱི་སྤྱིའོ།། གང་མི་སྐྱེ་བ་དེ་ནི་ཟད་པར་མི་འགྱུར་ཏེ། དེ་ལྟར་ཆོས་ཐམས་ཅད་མཉམ་ཉིད་ཀྱི་རང་བཞིན། དེ་བཞིན་ཉིད་དེ་ཐུག་སུ་ཆུད་པ་ནི་ཟད་པ་དང་མོ་སྐྱེ ་ཤེས་པ་སྟེ། དེ་ཉིད་ནི་བྱང་ཆུབ་པོ།། དེ་དེའི་བདག་ཉིད་དུ་འཛིན་པས་ན་རྫོགས་པའི་སངས་རྒྱས་བྱང་ཆུབ་འཚང་།། ཞེས་བྱའོ།། བྱེ་བྲག་ཏུ་སྨྲ་བ་དག་ནི་བྱང་ཆུབ་ནི་ཉོན་མོངས་པ་མཐའ་དག་ཟད་པ་དང་། སླར་མི་སྐྱེ་བར ་གྱུར་པ་ཅིག་ཅར་བྱ་སྟེ། རྐུན་པོ་ཕྱིར་ཕྱུང་བ་དང་སྒོ་གླགས་བཅད་པ་དུས་མཉམ་པ་བཞི་ནོ་ཞེས་འདོད་དོ།། དེ་ཉིད་སངས་རྒྱས་ཀུན་གྱི་མངོན་སུམ་པ་སྟེ། སངས་རྒྱས་རྣམས་ལ་ད་ལྟ་བུའི་བདག་ཉིད་ཀྱི་བྱང་ཆུབ་མེདོ་དེ། ་དེ་ནི་རྣམས་ལ་ལྐོག་ཏུ་མ་གྱུར་པོའི་ཕྱིར་རོ་ཞེས་སྦྱར་རོ།། སངས་རྒྱས་རྣམས་ནི་སྒྲིབ་པ་ཐམས་ཅད་ལས་ངེས་པར་གྲོལ་བའི་ཕྱིར་ཤེས་བྱ་ཐམས་ཅད་སྣང་བར་བྱེད་པ་ལ་བདག་ཉིད་ཅན་གྱི་ཡེ་ཤེས་ཁོ་ན་མེ་ལྕེ་དང ་འདྲ་བས་མེ་ལྕེ་སྟེ། ཡེ་ཤེས་ཀྱི་མེ་ལྕེ་དེ་ཡིས་ཤིན་ཏུ་འོད་གསལ་བས་ན། ཡེ་ཤེས་མེ་ལྕེ་འོད་རབ་གསལ་བའོ།། ། དེ་ཉིད་ཀྱི་ཕྱིར་འདོད་པའི་དོན་སྒྲུབ་དམ་པ་སྟེ།། འདོད་པའི ་དོན་ནི་རང་དང་གཞན་རྣམས་ཀྱི་སངས་རྒྱས་ཉིད་དེ། དེ་མཆོག་ཏུ་སྒྲུབ་པ་པའོ།། དྲན་སོང་ཐམས་ཅད་ནི་དམྱ་བྱ་བ་ལ་སོགས་པའི་འགྲོ་བ་རྣམསོ།། ཁྱད་པར་དུ་སྤོང་བར་བྱེད་པས་ན་ངན་སོང་ཐམས་ཅད་རྣམ་སྤྱོད་པའོ།། དེའི་ཕྱིར་མགོན ་པོ་སེམས་ཅན་ཀུན་གྱི་མཆོག་སྟེ། མགོན་དུ་གྱུར་པའི་ཕྱིར་རོ།། ཉོན་མོངས་པའི་འཆིང་བ་གྲོལ་བར་བྱེད་པའི་ཕྱིར། སེམས་ཅན་ཐམས་ཅད་རབ་གྲོལ་བྱེད་དོ།། འདི་ཅི་ལྟ་བུ་ཞེ་ན་གསུངས་པ། ཉོན་མོངས་པ་ཞེས་པ་ལ་སོགས་པ ་སྟེ། ཉོན་མོངས་པ་རྣམས་དང་ལྷན་ཅིག་གཡུལ་འགྱོད་པ་ལ་གཅིག་ཏུ་དཔའ་བ་སྟེ་གཉིས་པ་མེད་པའི་དཔོའ་བོ་བཟང་པོ་ཡིན་པས་ན། ཉོན་མོངས་གཡུལ་དུ་དཔའ་གཅིག་པའོ།། དཔའ་བོའི་སྒྲ་སྔོན་དུ་བཀོད་པ་ནི་ངེས་པའི ་ཚིག་གི་གཙུག་ལག་གི་ཕྱིར།། དཔའ་བོ་ཉིད་ཀྱི་རྒྱུ་གསུངས་པ། མི་ཤེས་པ་ལ་སོགས་པ་སྟེ། མི་ཤེས་པའི་དགྲའི་དྲེགས་པ་སྟེ་ཁེངས་པའོ།། དེ་འཇོམས་པར་བྱེད་པ་ནི་ཤེས་རབ་ཀྱི་རང་བཞིན་གྱི་སྐུ་ཅན་འཇམ་དཔལ ་ཡིན་པས་ད་ལྟར་བཤད་དོ།། ཉོན་མོངས་པའི་གཡུལ་དུ་དཔའ་གཅིག་པུ་ཡང་འདི་ཡིན་ལ་མི་ཤེས་པའི་དགྲའི་དྲེགས་པ་འཇོམས་པ་ཡང་ཡིན་པ་ཞེས་ཚིག་རྣམ་པར་སྦྱར་རོ།། དགོངས་པ་མིན་པའི་བཤད་པ་ནི་ལུང ་ལས་རྟོགས་པར་བྱའོ།། མི་ཤེས་པ་ལས་བྱུང་བའི་ཉོན་མོངས་པ་དང་མི་ཤེས་པ་དེ་དག་ཤེས་རབ་ཀྱི་རལ་གྲིས་ངེས་པར་འཇོམས་ཤིང་རུང་ནས་གཅེད་པའི་ཕྱིར་ཏེ། ཉོན་མོངས་པའི་ཚོགས་གཅོད་ཅིང་འཇོམས་པར་བྱེད་པ ་ཞེས་པའི་དོན་ཏོ།། བདུད་དང་མུ་སྟེགས་ལ་སོགས་པ་མཐའ་དག་ལས་རྣམ་པར་རྒྱལ་བའི་དགའ་སྟོན་གྱི་གུར་གྱིས་འདུལ་བའི་འགྲོ་བ་རྗེ་སུ་གཟུང་བར་བྱ་བའི་ཕྱིར་སྒེག་པ་ལ་སོགས་པའི་གུར་གྱི་ཉམས་དགུའི ་ཁྱད་པར་གྱི་ཕུལ་དུ་བྱུང་བ་གསལ་བར་བྱ་བའི་ཕྱིར་གསུངས་པ། བློ་ལྡན་སྒེག་འཆང་ཞེས་པ་ལ་སོགས་པ་སྟེ། དེ་ལྟ་བུའི་ངོ་བོ་ལས་ལངས་ཏེ་གར་གྱི་ཁྱད་པར་སྒེག་པོ་སྟེ། དེ་ཡང་གཙང་ཞིང་འབར་བའོ།། ཤིན་ཏུ་གཅིང ་ཞིང་ཕུལ་དུ་བྱུང་བར་གསལ་བས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་རྗེ་སུ་ཆགས་པར་བྱེད་པ་ནི་བློའོ།། དེ་ནི་སྒེག་པ་དང་འདྲ་བས་བློ་ལྡན་སྒོག་པའོ།། དེ་དེའི་བདག་ཉིད་ཀྱིས་འཆུང་བས་ནཱ་བློ་ལྡན་སྒེག་འཆང་ངོ་།། དྷཱིཿཞེས ་རྣམ་པར་བཅོད་པ་དང་བཅས་པར་ཀློག་པ་ཡང་སྦྱར་ཏེ། དེར་ནི། བདེ་གཤེགས་ཤེས་རབ་དྲི་མ་མེད།། རྡོ་རྗེ་རྣོན་པོར་དེ་བཤད་དོ།། ཞེས་གསུངས་པས་དྲི་མ་མེད་པའི་ཤེས་རབ་ཀྱི་བདག་ཉིད་ཅན་གྱི་ཕྱིར་དེ་ཉིད་ནི་བློའོ།། གྲལ ་ཏཱི་བློ་ཡིན་ན་དེ་ནི་སོ་སོར་རང་རིག་པའི་བདག་ཉིད་ཅན་གཟུགས་ཅན་མ་ཡིན་པས་དེ་ཇི་ལྟར་ན་གཟུགས་སྣ་ཚོགསུ་སྣང་བར་བྱེད་ཅེས་ན། བདེན་ཏེ། ཤིན་ཏུ་རྣམ་པར་དག་པའི་སེམས་ཁོ་ན་སྨོན་ལམ་གྱི་འཕེན་པའི་དབང་གིས ་དེ་ལྟ་དེ་ལྟར་གདུལ་བྱ་ལ་སོ་སོར་སྣང་བས་ན་སྐྱོན་མེད་དོ།། དེ་སྐད་དུ་ཡང་། པན། མཚན་གྱི་རྒྱན་ཨེ་མིའོ་སངས་རྒྱས་སྐྱོབ་ཀུན་གྱི། ཟག་པོ་མེད་པའི་ཤེས་རབ་སྟེ། ཤེས་རབ་ཀྱི་མེད་བསམ་མི་ཁྱབ།། སེམས་དཔའི་ལུས་སུ ་གྱུར་པ་ཡིན་ནོ།། ཞེས།། དེ་ཉིད་ཀྱིས་ཕྱིར་གཟུགས་ཀྱིས་དྲེགས་པའི་གདུལ་བྱའི་སྐྱེ་བོ་བཞུགས་པའི་དོན་དུ། སྒེག་འཆང་ཞེས་གསུངས་པ་སྟེ། མཚན་དང་དཔེ་བྱད་འབར་ཞིང་གསལ་བའི་སྒེག་པ་དང་། རྒྱན་གྱིས ་མཛེས་པས་འཇིག་རྟེན་གསུམ་གྱི་གནས་སུ་དགའ་སྟོན་མཛད་པའོ།། ཞེས་པོའི་དོན་ཏོ།། དེའི་ཕྱིར་དཔལ་ལྡན་ཏེ། མཛེས་པ་མ་ལུས་པའི་གཏོར་དུ་གྱུར་པ་འཇམ་དཔལ་གཞོན་ནུའོ་ཞེས་དགོངས་པའོ།། བདུད་བདུག་པ་ཅན ་ལས་རྣམ་པར་རྒྱལ་བ་ལ་མཁས་ཤིང་སྤྲོ་བའི་ངོ་ནི་དཔའ་བའི་ཉམས་ཀྱི་དོན་ཏོ།། སེམས་ཅན་དེ་ལྟ་བུ་གདུལ་བའི་དོན་ཁོ་ནར་འཇིག་རྟེན་ལས་འདས་པའི་སྨད་པའི་དངོས་པོ་ལྟ་བུ་མི་སྡུག་པའི་འཇིགས་རུང་གི་ཉམས་ཀྱི ་དོན་ཏོ།། དཔའ་བ་དང་འཇིག་སུ་རུང་བ་དེ་དག་དང་རྗེསུ་མཐུན་པའི་གཟུགས་འཛིན་པར་མཛད་པས་ན། དཔའ་ཞིང་འཇིགས་རུང་གཟུགས་འཛིན་པའོ།། འདིས་ཉེ་བར་མཚོན་ནས་གཞན་གར་གྱི་ཉམས་དགུ་དང་། རྗེས ་མཐུན་པའི་གཟུགས་འཛིན་པ་ཞེས་པའི་དོན་ཏོ།། དེ་ཉིད་སྒྱུ་འཕྲུལ་ཆེན་པོ་གར་གྱི་དབང་ཕྱུག་ཉིད་དུ་རྟོགས་པར་བྱེད་པ་ནི། ལག་པའི་དབྱུག་པ་ཞེས་པ་ལ་སོགས་པ་སྟེ། མཚོན་ཆ་སྣ་ཚོགས་པས་བྲེལ་བའི་ལག་པའི ་དབྱུག་པ་བརྒྱ་པོ་རྣམས་ཀུན་ནས་ཕྱོགས་ཐམས་ཅད་དུ་ཁྱབ་པར་སྤྱོད་པར་བྱེད་པ་དང་གང་དུ་ཞབས་འི་རྒྱུ་བ་རྣམས་ཀྱོང་ས་གཞི་གང་བར་སྤྱོད་པར་བྱེད་པ་དེ་ལྟ་བུའི་གར་བྱེད་པ་གང་ཡིན་པ་དེ་ལྟ་བུ་ནི། ལག་པའི་དབྱུག ་བརྒྱ་བསྐྱོད་ཅིང་། རྐང་པ་བསྐྱོད་པས་གར་བྱེད་པ་ཞེསོ།། དེ་ཉིད་ཀྱིས་ན་གསུངས་པ། དཔལ་ལྡན་ཞེས་པ་ལ་སོགས་པ་སྟེ། དཔལ་ལྡན་ལག་པ་བརྒྱས་གང་བ་སྟེ། ལག་པའི་དཀྱིལ་འཁོར་གྱི་གྲངས ་བརྒྱས་ན་མཁའ་ཁྱབ་པ་སྟེ། ན་མཁའི་ཁོངས་ཐམས་ཅད་དུ་གོར་བྱེད་པ་གང་ཡིན་པ་དེ་ནི། དཔལ་ལྡན་ལག་པ་བརྒྱས་གང་ལ། ནམ་མཁའི་ཁྱབ་པར་གར་བྱེད་པའོ།། ལག་པའི་དབྱུག་པ་བརྒྱ་བསྐྱོད་ཅིང་། ཞེས་བྱ ་དང་། དཔལ་ལྡན་ལག་པ་བརྒྱས་གང་ལ། ཞེས་པ་ལ་རྣམ་དབྱེའི་མཐའ་ཐ་དད་པར་ཀློག་པར་བྱེད་པ་མཐོང་སྟེ། དེ་ཡང་རྗེ་བཙུན་གྱི་ཁྱད་པར་ཉིད་ཀྱིས་རྣམ་པར་བཤད་པར་བྱའོ།། འཇིག་རྟེན་ལས་འདས་པའི ་གར་བྱེད་པའི་ཁྱེད་པར་སྟོན་པར་བྱེད་པ་ནི། རྐང་པ་གཅིག་གི་ཞེས་པ་ལ་སོགས་པ་སྟེ། རྐང་པ་གྲོ་ཅིག་གིས་སའི་དཀྱིལ་འཁོར་གྱི་མཐིལཱྀ་གྷནོན་ཅིང་ལྗིད་ཀྱིས་ཕུབ་ནས་བཞུག་སྔོ་བའི་ཕྱིར། སཱ་ཡི་དཀྱིལ་འཁོར ་གཞི་ཡི་ཁྱོན།། རྐང་པ་ཡ་གཅིག་མཐིལ་གྱིས་གནོན།། ཅེས་པ་སྟེ། ལ་ཡིག་ཕྱིས་པ་ནི་ངེས་པའི་ཚིག་གོ། གཞན་དུ་སྭའི་དཀྱིལ་ནི་སའི་སྙིང་པོ་སྟེ། འོག་ཏུ་གསེར་གྱི་རང་བཞིན་གྱིས་གཞི་དང་དེའི་མཐིལ་ཏེ། དེར ་གནས་པའོ།། ཞེས། ཚངས་པའི་སྒོ་ངའི་སྒྲས་ནི་ན་མཁའི་ཁམས་ཀྱི་མཐར་ཐུག་པ་ཐོད་པའི་གཟུགསུ་མུ་སྟེགས་པ་རྣམས་ཀྱིས་ཡོངསུ་དབྱབ་ཀྱི་ག་ད་མེརྟ་ཞེས་མཽད་རྒྱས་མཉས་ཞེས་པ་ལས་མེད་པ་ནི་རྗེ་བྱོར་གྱི་དང་ནས་ཀྱི་ལལ་བརྟགས་པ་སྟེ ་དེའི་རྩེ་མོ་ནི་སྟེང་གི་ཆའོ།། དེ་གནོན་པ་ཡང་འདི་ཡིན་ལ། རྐང་ཐེགས་སེན་མོ་ན་མཁའི་ཕྱོགས་གང་ན་བ་དེར་གནས་ཞེས་རྣམ་པར་བཤད་པར་བྱའོ།། འདི་དག་ཀྱང་གར་གྱིས་འདུལ་བའི་སྐྱེ་བོ་རྗེསུ་གཟུང་བའི་ཕྱིར་གསུངས་པའོ།། ་དོན་དམ་པའི་ཚུལ་གང་ཡིན་པ་དེ་གསུངས་པ། དོན་ཅིག། གཞན་ནང་འཕེས་སེན་མོ་ལ་གནས་པ་མཚོ་འདི་མིན་\ུ0f7fའདིས་བཅོམ་ལྡན་འདས་ལག་དང་སྟེང་གི་མཐར་ཇུག་པར་ཁྱབ་སྟེ་བཙུག་པོ་བསྟན་ཏེ་རྐང་ཐེག་ཆེན་མོ་ས་གནས་ས་ནས་བདུན་པའི་ཨོཾ་ཅར་དུ་མནཆེ་རྣོ་རྗེ་རྩོམོ་གནན་ཅེས ་བའོ།། དེ་ཉིད་གསུངས་པ། གཉིས་མེད་ཆོས་ཀྱི་དོན་ཞེས་སོ།། ཏལ་གྱི་རྐྱེན་ཕྱིས་པའི་ཕྱིར་གཉི་སུ་མེད་པའི་ཆོས་ཉིད་ཅེས་པའི་དོན་ཏོ།། དེ་ཡང་དོན་དམ་པ་སྟེ། དེ་ནི་ནམ་ཡང་གཞན་དུ་མི་འགྱུར་བའི་ཕྱིར་འཇིག་པ་མེད་པའོ།། ་དེ་ལྟ་ན་ཡང་ཐུགས་རྗེ་ཆེན་པོ་དང་སྨོན་ལམ་གྱི་འཕེན་པའི་དབངབྱིད་འི་ད་ངྒ་རླན་མོ་ན་མས་ཉིད་བྱེད། ཉི་ཀྱི་དས་ན་རྒྱ་། ལ་ང་རྒྱམིན་ལ་རྒྱ་རྒྱ་བའི་བྱིན་གྱི་ན་མན་རྗེ་དང་གིས་གདུལ་བྱ་དང་རྗེས ་མཐུན་པའི་ཡོངསུ་མཁྱེན་པ་བསྐྱོད་དེ། རྣམ་རིག་སྣ་ཚོགས་པའི་ཚུལ་གྱིས་སེམས་ཅན་རྣམས་ཀྱི་དོན་མཛད་པ་གང་ཡིན་པ་དེ་ནི། རྣམ་རིག་སྣ་ཚོགས་གཟུགས་དོན་ཅན་ནོ།། སེམས་ནི་རྣམ་པར་མི་རྟོག་པའོ།། རྣམ་པར ་ཤེས་པ་ནི་རྣམ་པར་རྟོག་པ་དང་བཅས་པའོ།། དེ་དག་གི་རྒྱུད་ནི་རྒྱུན་གྱི་འཇུག་པ་སྟེ། དོན་དམ་པ་དང་ཀུན་རྫོབ་ཀྱི་ཚུལ་གྱིས་གདུལ་བྱེ་རྣམས་ལ་དེ་ལྟར་སོ་སོར་སྣང་བར་མཛད་པའི་ཕྱིར་བཅོམ་ལྡན་འདས་ཁོ་ན། སེམས་དང ་རྣམ་ཤེས་རྒྱུད་དང་ལྡན་པའོ།། ཞེས་གསུངས་སོ།། དངོས་པོ་མ་ལུས་པ་ནི་དེ་ལྟ་བུའི་ཆར་གྱུར་པའི་གཟུང་བ་དང་འཛིན་པ་སྟེ། རང་དང་སྤྱིའི་མཚན་ཉིད་ཀྱི་དོན་གྱི་མཐའ་ཅན་ནོ་ཞེས་པའི་དོན་ཏོ།། ་དངོས་པོ་དེ་རྣམས་ལ་མངོན་པར་ཞེན་པའི་སྐྱེ་བོ་གཞུག་པའི་ཕྱིར། མངོན་པར་ཞེན་པ་མེད་པའི་ཚུལ་གྱིས་དགའ་བར་བྱེད་པ་གང་ཡིན་པ་དེ་ནི། དངོས་དོན་མ་ལུས་རྣམས་ལ་དགའ་བའོ།། དོན་དམ་པར་ནི་སྟོང་པ་སྟོང ་ཉིད་ལ་དགའ་བ་སྟེ། དེ་སུ་ཞིག་ཅེ་ན། མཆོག་གི་བློ་སྟེ་བློའི་མཆོག་འཇམ་པའི་དཔལ་ལོ་ཞེས་པའི་དོན་ཏོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། སྲིད་པའི་ཞེས་པ་ལ་སོགས་པ་སྟེ། ཁ་ནང་དུ་ཕྱོགས་ནས་འཇུག་པའི་ཕྱིར ་བསམ་གཏན་དང་གཟུགས་མེད་པ་རྣམས་ལ་འགའ་ཞིག་ཐར་པར་འདུ་ཤེས་པ་ཟློག་པའི་ཕྱིར་ཁམས་གཉིས་ལས་སྐྱེས་པའི་འདོད་ཆགས་ནི་སྲིད་པའི་འདོད་ཆགས་ཡིན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངསོ།། སོགས ་ཀྱི་སྒྲས་འདོད་པའི་ཁམས་ལས་བྱུང་བའི་འདོད་ཆགས་ཀྱང་གཟུང་ངོ་།། སྲིད་པ་དང་འདོད་པའི་འདོད་ཆགས་ལ་ཀུན་ནས་ཞེན་པ་ནི་སྲིད་པའི་འདོད་ཆགས་ལ་སོགས་ཏེ་དེ་ལས་འདས་པའོ།། ཀྱང་གི་སྒྲའི་དོན་ནི་དེ་ལྟ ་ན་ཡང་ཐུགས་རྗེ་ཆེན་པོས་སྲིད་པར་ཆུད་པའི་སེམས་ཅན་རྣམས་འབྱིན་པར་མཛད་པའི་དོན་ཏེ། སྲིད་གསུམ་དགའ་བ་ཆེན་པོའོ།། ད་ནི་དོན་དམ་པར་ཁ་དོག་དང་བྲལ་ཡང་ཁ་དོག་གིས་འདུལ་བ་རྣམས་བཞུགས ་པའི་ཕྱིར། ཡིད་དུ་འོང་ཞིང་སྣ་ཚོགས་པའི་ཁ་དོག་གི་ཡང་དག་པར་བརྗོད་པ་གསུངས་པ། དག་པ་སྤྲིན་དཀུར་ཏེ། ཤིན་ཏུ་དྲི་མ་མེད་པའི་སྟོན་ཀའི་སྤྲིན་ལྟར་དེ་དཀར་བས་སྟོན་ཀའི་ཟླ་བའི་འོད་ལྟར་རབ་ཏུ་སིམ་པར་བྱེད་ཅིང་མཛེས་པའི ་འོད་གང་ཡིན་པ་དེ་ནི་དེ་ལྟར་བཤད་དེ། འདིས་ཤེས་རབ་ཀྱི་རང་བཞིན་ཉིད་གསུངས་སོ།། ཐུགས་རྗེ་ཆེན་པོའི་ཆགས་པས་དམར་བའི་ཕྱིར། ཉི་མ་འཆར་ཀའི་དཀྱིལ་ལྟར་མཛེས།། སེན་མོ་ཟངས་མདོགུ་ལྟ་བུའི་དཔེ་བྱད་ཀྱིས་མཛེས ་པའི་ཕྱིར།། སེན་མོའི་འོད་ནི་ཤས་ཆེར་དམར་བའོ།། ནོར་བུ་མཐོན་ཀ་རྣམས་ཀྱི་ནང་ན་གཙོ་བོར་གྱུར་པས་རྩེ་མོ་སྟེ། མཐོན་ཀའི་རྩེ་མོའོ།། དེ་ལྟ་བུ་བཟང་ཞིང་མཛེས་པའི་རལ་པའི་ཟུར་ཕུད་གང་ཡིན་པ་དེ་ནི། ཟུར་ཕུདོ་བཟང་པོ་མཐོན ་ཀའི་རྩིའོ།། མཐོན་ཀ་ཆེན་པོའི་སྒྲ་མཆོག་འཆང་བས་ནཱ་སྒྲ་མཆོག་མཐོན་ཀ་ཆེན་པོ་འཆང་བ་སྟེ། སྒྲ་རྣམས་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པས་སྒྲ་མཆོག་སྟེ། དེ་ལྟ་བུའི་ཁ་དོག་དང་ལྡན་པར་གྱུར་པ་སྟེ། མཛེས་པའི་དོན་ལ་ཡང ་མཆོག་གི་སྒྲ་ཉེ་བར་ལེན་ནོ།། ཡང་ན་དེས་ཤིང་མཁས་པའི་འགྲེལ་ཆེན་ལས་མཐོན་པ་ནི་འདུ་རང་རྫོས་དམར་བའི་མདངས་ཆེན་དུ་མེང་མཐོན་ཀ་ཆེན་པོ་ནི་ཆོས་སྡོམས་དེ་ཁྱད་པར་དེ་ཡོད་པར་བཤད། ཡོན་ཏན་རྣམས་ཀྱིས་སྐྱེ་བོ་ཐམས་ཅད་ཀྱི་ཡིད་འཕྲོག་པར་བྱེད་པའི་ཕྱིར་གཙོ་བོར ་གྱུར་པའི་སྒྲ་མཆོག་ཡིན་ལ། མཐོན་ཀ་ཆེན་པོ་ལྟ་བུ་ཡང་ཡིན་ལ་སྐྲ་མཆོག་ཀྱང་ཡིན་པ་དེ་འཛིན་པས་དེ་ལྟར་བཤད་དོ།། ནོར་བུ་ཆེན་པོ་ནི་ཡིད་བཞིན་གྱི་རིན་པོ་ཆེ་ཆེན་པོ་སྟེ། དེ་ཡང་དོན་དམ་པར་ནི་སངསོ་རྒྱས་བཅོམ་ལྡན ་འདས་དེ་ཉིད་དེ། ཀུན་ནས་སེམས་ཅན་གྱི་དོན་ལ་སོ་སོར་འཕྲོ་བའི་ཕྱིར་རོ།། འོད་ཆགས་དཔལ་ཏེ་འོད་ཟེར་ཕུན་སུམ་ཚོགས་པ་གང་ཡིན་པ་དེ་ནི་ནོར་བུ་ཆེན་པོ་འོད་ཆགས་དཔལ་ཏེ། འཇིག་རྟེན་གྱི་ཁམས ་ཐམས་ཅད་སངས་རྒྱས་ཀྱི་འོད་ཟེར་གྱིས་ཁྱབ་ཅེས་པའི་དོན་ཏོ།། དེ་ཉིད་ཀྱི་ཕྱིར་གསུངས་པོ། སངས་རྒྱས་སྤྲུལ་པའི་རྒྱུན་དང་ལྡན། ཞེས་པ་ལ། སངས་རྒྱས་ཀྱི་སྤྲུལ་པ་ཁོ་ན་གང་གི་རྒྱན་ཡིན་པ་སྟེ། སངས་རྒྱས་ཀྱི་སྤྲུལ་པས ་འཇིག་རྟེན་རྣམས་ཚོན་པར་བྱེད་པས་ན། དེ་ལྟར་བཤད་དོ།། རྫུ་འཕྲུལ་གྱི་བདག་ཉིད་ཆེན་པོ་གསུངས་པ། འཇིག་རྟེན་ཞེས་པ་ལ་སོགས་པ་སྟེ། རྫུ་འཕྲུལ་བསྟན་ནས་ཆོས་བསྟན་པའི་དོན་དང་། སེམས་ཅན་རྣམས་གཞུག་པའི ་ཕྱིར་འཇིག་རྟེན་གྱི་ཁམས་པོ་རྒྱ་རྣམས་ཀུན་ཏུ་སྤྱོད་པར་བྱེད་པས་ན་དེ་ལྟར་བཤད་དོ།། དེ་ཉིད་རབ་ཏུ་སྟོན་པར་བྱེད་པ་ནི།། རྫུ་འཕྲུལ་རྐང་པ་ཞེས་པ་ལ་སོགས་པ་སྟེ། རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་རབ་ཏུ་གནས་པའི་གནས་རྣམས།། ་དོདེ་ཉིད་ཀྱིས་རྫུ་འཕྲུལ་གྱི་ཆོ་འཕྲུལ་སྒྲུབ་པར་བྱེད་དེ། དེ་ཡང་འདུན་པ་དང་། བརྩོན་འགྲུས་དང་སེམས་དང་། དཔྱོད་པ་ཞེས་བྱ་བ་རྣམས་སོ།། རྫུ་འཕྲུལ་གྱི་རྐང་པ་དེ་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་མཐའ་ཡས་པར་བགྲོད་པའི ་ཕྱིར། རྫུ་འཕྲུལ་རྐང་པ་སྟོབས་ཆེན་ལྡན།། ཞེས་པའོ།། དྲན་པ་ཆེན་པོ་རྣམས་ནི་བཅུ་སྟེ། ལུས་དང་། ཚོར་བ་དང་། སེམས་དང་། ཆོས་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། ཚུལ་ཁྲིམས་དང་། གཏོང་བ་དང་། ་ལྷ་རྗེ་སུ་དྲན་པ་རྣམས་སོ།། དྲན་པ་དེ་རྣམས་ཀྱི་ངོ་བོར་དྲན་པ་ཉེ་བར་འཇོག་པར་བྱེད་ཅིང་དེ་རྣམས་ཀྱི་རང་བཞིན་ཇི་ལྟ་བ་བཞིན་ཡོངསུ་མི་སྤོང་བའི་སྦྱོར་བས་འཛིན་པར་བྱེད་པས་ན། དྲན་པ་ཆེན་པོ་འཆང་བའོ།། དེ་ཁོ་ན་ཉིད་ཀྱང་སྟེ ་ཤེས་རབ་ཀྱི་ཁྱད་པར་དེ་ཉིད་དྲན་པའི་རང་བཞིན་ལས་ངེས་པར་སྐྱེས་པའི་ཕྱིར་རོ།། རྟགས་ཀྱི་ཁྱད་པར་ཉིད་ཀྱིས་དེ་ཉིད་ཅེས་པ་སྐྱེས་པ་ཉིད་དོ།། དྲན་པ་བཞི་པོ་ཏིང་འཛིན་རྒྱལ།། ཞེས་པ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། ་སྨོན་པ་མེད་པ་དང་། རང་བཞིན་གྱིས་འོད་གསལ་བའི་དྲན་པའི་རང་བཞིན་ཏིང་འཛིན་བརྒྱ་སྟོང་གི་བདག་པོར་གྱུར་པ་ཉིད་ཀྱིས་མཛེས་པའི་ཕྱིར་དེ་ལྟར་བཤད་དོ།། བྱང་ཆུབ་ཡན་ལག་ཅེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ ་ཀྱི་ཡན་ལག་འདུན་ནི་འདི་ལྟ་སྟེ། དྲན་པ་དང་། ཆོས་རབ་ཏུ་རྣམ་པར་འབྱེད་པ་དང་། བརྩོན་འགྲུས་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་ཞེས་བྱ་བ་རྣམས་སོ།། དེ་རྣམས་ནི་ཞན ་ཏུ་དགའ་བར་འོས་པ་ཉིད་ཀྱི་ཕྱིར་མེ་ཏོག་ལྟ་བུ་སྟེ། དེ་རྣམས་ཀྱི་དྲིའི་ཁྱད་པར་འཇིག་རྟེན་གྱི་ཁམས་རབ་འབྱམས་རྣམསུ་ཁྱབ་པའི་ཡོན་ཏན་དང་ཡེ་ཤེས་ཀྱི་རང་བཞིན་གྱི་དྲིའི་ཁྱད་པར་གང་ལ་ཡོད་པ་དེ་ནི། བྱང་ཆུབ་ཡིན ་ལག་མེ་ཏོག་སྨོས་སོ།། དེ་བཞིན་གཤེགས་པ་རྣམས་ཀྱི་ཡོན་ཏན་ནི་གཞན་དང་ཐུན་མོང་མ་ཡིན་པའི་ཕྱིར་མ་འདྲེས་པ་དང་། སྟོབས་བཅུ་ལ་སོགས་པ་རྣམས་པ་སྟེ། རིན་པོ་ཆེ་དང་འདྲ་བ་དེ་རྣམས་སྐྱེ་བའི་གནས་དང་འཕེལ ་བའི་རྒྱུ་ཉིད་ཀྱི་ཕྱིར་འབྱུང་གནསུ་གྱུར་པ་དེ་བཞིན་གཤེགས་པའི་ཡོན་ཏན་རྣམས་ཀྱི་ཆུ་གཏེར་དང་འདྲ་བས་མཚོའོ།། དེ་བཞིན་གཤེགས་པའི་ཡོན་ཏན་དེ་རྣམས་ཀྱང་གཞན་དུ་རྒྱས་པར་བཤད་དོ།། ལམ ་གྱི་ཡན་ལག་བརྒྱད་ནི། འདིའི་ཡན་ལགོ་རྣམས་ནི་བརྒྱད་ཡིན་པ་སྟེ་སྔར་བཤད་ཟིན་ཏོ།། གདུལ་བྱའི་སྐྱེ་བའི་རྒྱུད་ལ་དམིགས་པ་དེ་འདྲེན་པར་བྱེད་ཅིང་ཐབས་གང་གིས་དེའི་ཚུལ་རིག་པ་དེ་ནི། ལེམོ་གྱི་ཡན་ལག་བརྒྱད་ཚུལ ་རིག་པའོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། ཡང་དག་སངས་རྒྱས་ལམ་རིག་པ། ཞེས། སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པ་ལ་འཇོག་པའི་ཐུགས་རྗེ་ཆེན་པོས་མཐའ་གཅིག་ཏུ་ཀུན་ཏུ་ཆགས་པ་ཉིད་ཀྱི ་ཕྱིར། སེམས་ཅན་ཀུན་ལ་ཤས་ཆེར་ཆགས་སོ།། དེ་ལྟ་ན་ཡོང་ཆོས་ཐམས་ཅད་རང་བཞིན་མེད་པར་ཐུགསུ་ཆུད་པའི་དྲི་མ་མེད་པོའི་ཤེས་རབ་ཀྱི་བདག་ཉིད་ཡིན་པའི་ཕྱིར། ཆགས་པ་མེད་པའོ།། དེ་ཉིད་ཀྱི་ཕྱིར་ན་མཁའ་ལྟ་བུའོ།། ། ་སེམས་ཅན་ཐམས་ཅད་ཀྱི་སེམས་མཉམ་ཉིད་ཐུགསུ་ཆུད་པས་ན། སེམས་ཅན་ཀུན་གྱི་ཡིད་ལ་འཇུག་པ་སྟེ། ཐུགསུ་ཆུད་པའོ།། འགྲོ་བའི་དོན་ནི་རྟོགས་པའི་དོན་ཅན་གྱི་ཕྱིར་གདུལ་བྱ་འདུལ་བའི་དུས་ལས་མི་འདའ་བར ་སྐལ་པ་ཇི་ལྟ་བ་བཞིན་ཆེས་མྱུར་བར་ཅིག་ཆར་གདུལ་བྱ་ཐམས་ཅད་ཀྱི་སེམས་ཀྱི་རྗེསུ་འཇུག་པའི་ཆོས་བསྟན་པའི་དོན་དུ་ཡིད་ལྟར་མགྱོགས་པའི་ཏིང་འཛིན་མངའ་བའི་རང་བཞིན་ཡིན་པའི་ཕྱིར། སེམས་ཅན་ཀུན་གྱི་ཡིད ་ཝཱར་མགྱོགས།། ཤེས་བྱའོ།། སེམས་ཅན་རྣམས་ཀྱི་དབང་པོ་རྣམས་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྟེ། ཐར་པའི་ཆ་དང་མཐུན་པ་རྣམས་དང་། དད་པ་དང་བརྩོན་འགྲུས་དང་། དྲན་པ་དང་། ཏིང་འཛིན་དང་།། ་ཤེས་རབ་ཅེས་བྱ་བ་རྣམ་སོ་སོ་སོར་རྟུལ་པོ་དང་འབྲིང་དང་ཆེན་པོའི་དབྱེ་བས་ཕྱེ་བ་རྣམས་སོ།། དེའི་དོན་ནི་སངས་རྒྱས་ཉིད་ཀྱི་ཐབས་ཀྱི་རྣམས་པ་སྟེ། དབང་དེ་རྣམས་དེང་དོན་དེ་རྣམས་ཇི་ལྟ་བ་བཞིན་མཁྱེན་པས་ན། སེམས ་ཅན་ཀུན་གྱི་དབང་དོན་ཤེས་པའོ།། དུས་ཐམས་ཅད་དུ་སྤྲུལ་པའི་འོད་ཟེར་རྣམས་ཀྱིས་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བ་ཡང་དག་པ་སྒྲུབ་པར་མཛད་ཅིང་ཡིད་འཕྲོག་པས་ན། སེམས་ཅན་ཀུན་གྱི་ཡིད་འཕྲོག་པའོ།། ཕུང ་བོ་ལྔ་དོན་དེ་ཉིད་ནི་ཀུན་རྫོབ་ཏུ།། གཟུགས་ནི་དབུ་བ་རྡོས་པ་འདྲ།། ཚོར་བ་ཆུ་ཡི་ཆུ་བུར་བཞིན།། འདུ་ཤེས་སྨིག་རྒྱུ་ལྟ་བུ་སྟེ།། འདུ་བྱེད་ཆུ་ཤིང་སྡོང་པོ་འདྲ།། རྣམ་ཤིས་སྒྱུ་མ་ལྟ་བུར་ནི།། ཉི་མོའི་གཉེན་གྱིས་བཀའ་སྩལ་ཏེ ་དོན་དམ་པར་ནི་གདོད་མ་ནས་སྐྱེ་བ་མེད་པ་ཉིད། ཕུང་པོ་ལྔའི་དོན་གྱི་དེ་ཉིད་དེ། དེ་མཁྱེན་པས་ན་དེ་ལྟར་བཤད་དོ།། རྣམ་པར་དག་པའི་ཚུལ་ཁྲིམས་དང་། ཏིངངེ་འཛིན། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར ་གྲོལ་བའི་ཡེ་ཤེས་མཐོང་བ་ཞེས་བྱ་བ་སྟེ། ཕུང་པོ་ལྔའི་རང་བཞིན་འཆང་བས་ན། རྣམ་དག་ཕུང་པོ་འཆང་སྟེ། རྣམ་པར་དག་པའི་ཕུང་པོ་ལྔ་འཛིན་པར་མཛད་པ་ཞེས་པའི་དོན་ཏོ།། ངེས་པར་འབྱུང་བ་ཀུན་ནི་ཉན་ཐོས ་ལ་སོགས་པ་རྣམས་ཀྱིའོ།། མཐའ་ནི་མཐར་ཐུག་པ་སྟེ། དེ་ལ་གནས་པས་ན་དེ་ལྟར་དེ་བཤད་དོ།། ངེས་འབྱུང་ཀུན་གྱི་རང་བཞིན་རྣམ་པར་མཁྱེན་པའི་ཕྱིར། ངེས་པར་འབྱུང་བ་ཀུན་ལ་མཁས་པའོ།། ་དེ་ལྟ་ན་ཡང་བྱང་ཆུབ་སེམས་དཔའི་ཚུལ་གྱིས་སེམས་ཅན་ཐམས་ཅད་ལམ་ལ་གཞུག་པའི་ཕྱིར་དུ། ངེས་འབྱུང་ཀུན་གྱི་ལམ་ལ་གནས་པའོ།། དེའི་ཕྱིར་གསུངས་པ། ངས་པར་འབྱུང་བ་ཀུན་སྟོན་པ། ཞེས་པའོ།། མ ་རིག་པ་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤི་ཞེས་བྱ་བ་རྟེན་ཅིང་འབྲེལ ་པར་འབྱུང་བའི་ཡན་ལག་བཅུ་གཉིས་ཀྱི་མཚན་ཉིད་ཅན་སྲིད་པའི་རྩ་བ་སྟེ། ཡན་ལག་བཅུ་གཉིས་སྲིད་རྩ་གཏོན།། ཅེས་པ་སྲིད་པའི་ཡན་ལག་བཅུ་གཉིས་དྲུངས་ནས་ཕྱུང་པོ་ཞེས་པའི་དོན་ཏོ།། ཇི་ལྟ་བུ་ཞེ་ན། ་གསུངས་པ། དག་པ་རྣམ་པ་ཞེས་པ་ལ་སོགས་པ་སྟེ། ཐེབས་དང་བཅས་པའི་ཤེས་རབ་རྣམ་པར་བསྒོམས་པའི་སྟོབས་ཀྱིས་ཤིན་ཏུ་རྣམ་པར་དག་པའི་དེ་བཞིན་ཉིད་ཀྱི་རང་བཞིན་གྱི་སྲིད་པའི་ཡན་ལག་རྣམས་དེའི ་བདག་ཉིད་དུ་འཆང་བས་ན། དག་པ་རྣམ་པ་བཅུ་གཉིས་འཆང་བ་སྟེ། རྣམ་པར་དག་པའི་རྣམ་པ་བཅུ་གཉིས་འཆང་བ་ཞེས་པའི་དོན་ཏོ།། སྡུག་བསྔལ་ལ་སོགས་པ་བདེན་པ་བཞིའི་ཚུལ་ནི་ཕྱིན་ཅི་མ་ལོག་པར་ལམ ་དུ་བྱེད་ཅིང་རྣམ་པར་འཇོག་པར་བྱེད་པས་ན། བདེན་བཞིའི་ཚུལ་གྱི་རྣམ་པ་ཅན་ནོ།། སྡུག་བསྔལ་ལ་ཆོས་ཤེས་པ་དང་། སྡུག་བསྔལ་ལ་རྗེསུ་རྟོགས་པ་ཤེས་པ་དང་དེ་བཞིན་དུ་ཀུན་འབྱུང་དང་འགོག་པ་དང་། ལམ་རྣམས་ལ ་སོ་སོར་ཤེས་པ་གཉིས་ཏེ། ཤེས་པ་བརྒྱད་པོ་དེ་རྣམས་ནི་ཉན་ཐོས་ལ་སོགས་པའི་ལམ་གསུམ་གྱི་གདུལ་བྱ་དང་རྗེ་སུ་མཐུན་པར་ཐུགསུ་ཆུད་པས་རྗེ་སུ་མཐུན་པར་རྟོགས་པ་དེ་འཆང་བར་མཛད་པས་ན། ཤེས་པ་བརྒྱད་པོ ་རྟོགས་པ་འཆང་བའོ།། འགའ་ཞིག་ཏུ་བདེན་བཞིའི་ཚུལ་དང་འདྲ་བ་ཡི།། ཤེས་པ་བརྒྱད་པོ་རྟོགས་པ་འཆང་།། ཞེས་མཐའ་དག་ཀློག་པ་ནི་དགོངས་མིན་ཏེ། དེ་ལ་བདེན་པ་བཞིའི་ཚུལ་ནི། ཉན་ཐོས་ལ་སོགས་པ་དང་།། ་རྗེསུ་མཐུན་པའི་མི་རྟག་པ་དང་སྡུག་བསྔལ་པ་ལ་སོགས་པའི་རྣམ་པ་བཅུ་དྲུག་གོ།། དེ་རྣམས་ཇི་ལྟ་བ་བཞིན་བསྒོམས་པས་རིམ་གྱིས་བདེན་པ་སོ་སོ་ལ་ཆོས་ཤེས་པ་དང་རྗེསུ་རྟོགས་པའི་ཤེས་པ་འབྱུང་བས་ན། དྲི་མ ་མེད་པའི་རྟོགས་པ་འཆང་བའི་ཕྱིར། བདེན་བཞིའི་ཚུལ་དང་འདྲ་བ་ཡི།། ཤེས་པ་བརྒྱད་པོ་རྟོགས་པ་འཆང་།། ཞེས་པའོ།། རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་ཀྱི་རྣམ་པས་བདེན་པ་ལ་འཇུག་པའི ་ཡེ་ཤེས་ཀྱིས་སྐྱེ་མཆེད་བཅུ་གཉིས་རྣམ་པར་དག་ནས་ས་བཅུ་གཉིས་ཀྱི་མཐར་ཐུག་པའི་བདེན་པའི་དགོས་པ་དང་ལྡན་པས་ན། བདེན་དོན་རྣམ་པ་བཅུ་གཉིས་ལྡན་པའོ།། ནང་སྟོང་པ་ཉིད་ལ་སོགས་པ་ནས་དངོས ་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་མཐར་ཐུག་པའི་སྟོང་པ་ཉིད་རྣམ་པ་བཅུ་དྲུག་གི་དེ་ཉིད་རིག་པའི་ཕྱིར་དེ་ཉིད་རྣམ་པ་བཅུ་དྲུག་རིག་པའོ།། དེ་ལ་གཞན་ལ་ཡང་དངོས་པོ་དང་། དངོས་པོ་མེད་པ་དང་། ་རང་བཞིན་དང་། གཞན་གྱི་དངོས་པོ་སྟེ་སྟོང་པ་ཉིད་བཞི་དང་ལྷན་ཅིག་པ་ཉིད་ཀྱིས་སྟོང་པ་ཉིད་རྣམ་པ་ཉི་ཤུ་སྟེ། ཡང་དག་པར་རྫོགས་པའི་བྱང་ཆུབ་གང་ཡིན་པ་དེ་དོན་དམ་པར་དབྱེ་བ་མེད་ཀྱང་དེ་དག་ཉིད་རྫོགས་པའི ་བྱང་ཆུབ་ཀྱི་ངོ་བོ་ཡིན་པའི་ཕྱིར། རྣམ་པ་ཉི་ཤུས་བྱང་ཆུབ་པ། ཞེས་གསུངས་སོ།། ཐབས་ལ་མཁས་པས་ཐར་པ་ཇི་ལྟ་བར་ཉན་ཐོས་ལ་སོགས་པའི་ཚུལ་གྱིས་སེམས་ཅན་རྣམས་གདུལ་བའི་ཕྱིར་སྣ་ཚོགས་པའི་སངས ་ཆོས་ཀྱི་གཟུགས་བརྙན་སྟོན་པ་ཉིད་ཀྱིས་སངས་རྒྱས་ཀྱི་སྐུའི་བདག་ཉིད་ཀྱི་ངོ་བོ་རྣམ་པ་མང་པོ་རབ་ཏུ་སྟོན་པའི་ཕྱིར་རྣམ་པར་སངས་རྒྱས་སོ།། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་བདོག་ཉིད་ཀྱི་ཕྱིར། ཀུན ་རྙོག་གོ། དེ་ཉིད་ཐམས་ཅད་ལས་ཕུལ་དུ་བྱུང་བའི་ཕྱིར་མཆོག་གོ།། མཐའ་ཡས་པའི་སངས་རྒྱས་ཀྱི་སྤྲུལ་པོ་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་མཐའ་ཡས་པའི་མཐས་ཀླས་པར་སེམས་ཅན་རྣམས་ཀྱི་དོན་མཛད་པའི ་ཕྱིར་སྐུ་མཐའ་ཡས་པ་བྱེ་བ་འབྱེད་པར་མཛོད་པའི་ཕྱིར། སངས་རྒྱས་ཀུན་གྱི་སྤྲུལ་པའི་སྒྲ།། བྱོ་བ་དངག་མེད་འགྱེད་པ་པོ།། ནོས་བྱའོ།། སྡུག་བསྔལ་ལ་ཚྭ་བྲི་བ་དང་བཟོད་པ་ལ་སོགས་པ་མཐོང་བའི་ལམ་གྱི་སེམས ་ཀྱི་སྐད་ཅིག་མ་བཅུ་དྲུག་པོ་ཐམས་ཅད་མངོན་པར་རྟོགས་པ་སྟེ། ལེགས་པར་ཁོང་དུ་ཆུད་པས་ན། སྐད་ཅིག་ཐམས་ཅད་མངོན་པར་རྟོགས་པའོ།། སེམས་ཀྱི་སྐད་ཅིག་མ་ཐམས་ཅད་ཀྱི་དོན་ནི་སྐྱེ་བ་མེད་པ་དང་འགོག་པ ་མེད་པ་ལ་སོགས་པའི་ཚུལ་ལོ།། དེ་ཇི་ལྟ་བ་བཞིན་རིག་པས་ན། སེམས་ཀྱི་སྐད་ཅིག་དོན་ཀུན་རིག་པའོ།། ཐེག་པ་སྣ་ཚོགས་ནི་འཇིག་རྟེན་པ་དང་ཉན་ཐོས་དང་རང་སངས་རྒྱས་དང་ཡང་དག་པར་རྫོགས་པའི་སངས་རྒྱས་དང ་འབྲེལ་པ་རྣམས་སོ།། དེ་རྣམས་ཀྱི་ཚུལ་ནི་རྣམ་པར་གྲོལ་བའི་ཁྱད་པར་ཏེ། དེ་ཉིད་ནི་ཐབས་སོ།། དེ་འགྲོ་བའི་དོན་དུ་རྣམ་པར་སྒོམ་པར་བྱེད་ཅིང་ཡང་དག་པར་སྒྲུབ་པར་བྱེད་པས་ན་དེ་ལྟར་བཤད་དོ།། ཅི་ལས་ཞེ་ན་གསུངས ་པ། ཐེག་པ་གསུམ་གྱི་ངེས་འབྱུང་ཞེས་པ་སྟེ། འདི་ཡང་སེམ་སྟེ་ཅན་གྱི་བསམ་པའི་དབང་ལས་ཡིན་གྱི་དོན་དམ་པ་ར་ནི་ཐེག་པ་གཅིག་ཁོ་ན་ཏེ། འདི་ལྟ་སྟེ་ཐེག་པ་ཆེན་པོའོ།། དེའི་འབྲས་བུ་སྟེ། ཡང་དག་པར་རྫོགས ་པའི་སངས་རྒྱུས་ཉིད་ལ་གནས་པའོ།། དེ་ལྟར་ཡང་། ཏཱི་ངེ་འཛིན་རྒྱལ་པོ་ལས། སེམས་ནི་ཞུམ་ཞིང་རྒྱུད་ཀྱང་ཞན་གྱུར་ལ།། ཐོས་པའི་མོད་ལ་སྐྲག་པར་འགྱུར་རྣམས་ལ།། ང་ཡིས་འཇིགས་པ་སྦྱངས་ཕྱིར་ཐེག་གསུམ ་བསྟན།། ཐེག་པ་གཅིག་སྟེ་གཉིས་པ་ཡོད་མ་ཡིན།། ཞེས་གསུངས་སོ།། དམ་པའི་ཆོས་པདྨ་དཀར་པོར་ཡང་གསུངས་པ། དོན་དམ་པར་ངས་ཡང་དག་པར་གསུངས་པ་ནི་འདི་ཡིན་ཏེ། ཉན་ཐོས་ཚུལ་ཀུན་གྱིས་ནི་མྱ ་ངན་འདས།། འདི་དག་བྱང་ཆུབ་མཆོག་གི་སྤྱོད་སྤྱད་དེ།། ཉན་ཐོས་བྱང་ཆུབ་སེམས་ཀུན་སངས་རྒྱས་འགྱུར།། ཐེག་པ་གཅིག་སྟེ་གཉིས་པ་ཡོད་མ་ཡིན།། གསུམ་པ་ནམ་ཡང་ཡོད་མ་ཡིན།། ་སྐྱེས་མཆོག་འཇིག་རྟེན་ཚུལ་ནི་ཚུལ་གཞན་གྱིས།། ཐེག་པ་སྣ་ཚོ་གོས་ཉེ་བར་སྟོན་པརོ་བྱེད།། ཅེས་གསུངསོ།། རྣམ་པར་རྟོག་པ་ནི་བྱང་ཆུབ་སེམས་དཔའི་ཉོན་མོངསོ།། ཞེས་པའི་རིགས་པས། བྱང་ཆུབ་སེམས ་འ་རྣམས་ཀྱི་རྣམ་པར་རྟོག་པ་ཉིད་ཉོན་མོངས་ཏེ། དེ་རྣམས་ཀྱི་ཁམས་ནི་རིག་སྟེ། ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་ཚུལ་གྱི་རང་བཞིན་ཉིད་ཀྱིས་རྣམ་པར་དག་པའི་བདག་གང་ཡིན་པ་དེ། ཉོན་མོངས ་ཁམས་རྣམས་རྣམ་རག་བདག།། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་ལས་ཀུན་ནས་སློང་བར་བྱེད་པའི་སེམས་ནི་ལས་ཀྱི་ཁམས་ཏེ། དེ་ཡང་བདག་དང་བདག་གིར་མངོན་པར་ཞན་པ་དང་། ལྟ་སྨྱེ་བ་དང་བྲས་བའི་སྟོན་དྲི་སྒྲོན་རྦ ་པར་བྱེད་པས་ན། ལས་ཀྱི་ཁམས་རྣམས་ཟད་བྱེད་པའོ།། སེམས་ཅན་རྣམས་ཀྱི་ལེགས་པར་འཁྱེར་ཞིང་འཕྲོག་པས་ཆུ་བོའི་ཤུགས་དང་འདྲ་ཞིང་ཆོས་མཐུན་པས་ཆུ་བོའོ།། ཆུའོ་དེ་ཡང་བཞི་སྟེ་འདོད་པའི་ཆུ་བོ་དང་། སྲིད་པའི་ཆུ ་བོཔོ་དང་། ལྟ་བའི་ཆུ་བོ་དང་། མ་རིག་པོའི་ཆུ་བོ་རྣམསོ།། དེ་ཉིད་བརྒལ་དཀའ་བས་རྒྱ་མཚོ་སྟེ། དེ་ཡང་དག་པར་བརྒལ་བས་ན། ཆུ་བོའི་རྒྱ་མཚོ་ཀུན་ལས་བརྒལ་བའོ།། ཆུ་བོ་ཁོ་ན་ཁམས་དང་འགྲོ་བ་དང་སྐྱེ་གནས ་རྣམསུ་སེམས་ཅན་རྣམས་སྦྱོར་བར་བྱེད་པས་ན་སྦྱོར་བ་སྟེ། དེ་ཉིད་ཤིན་ཏུ་བགྲོད་པར་དཀའ་ཞིང་སྡུག་བསྔལ་གྱི་རྒྱུར་གྱུར་པའི་ཕྱིར་དགོན་པའོ།། དེ་རྣམས་ལ་ངེས་པར་ཐོན་པས་ན། སྦྱོར་བའི་དགོན་པ་ལས་བྱུང་བའོ།། ་ཉོན་མོངས་ཉེ་བའི་ཀུན་ཉོན་མོངས་ཞེས་པ་ལ་སོགས་པ་ལ། ཉོན་མོངས་པ་ནི་རྗེསུ་ཆགས་པ་དང་ཁོང་ཁྲོ་བ་ལ་སོགས་པའོ།། ཉོ་བོའི་ཉོན་མོངས་པ་ནི་སྒྲ་དང་རྒྱགས་པ་དང་རྣམ་པར་འཚེ་བོ་ལ་སོགས་པ་རྣམསོ།། དེ་ཉིད་ཀྱི ་སུམ་པ་ལི་ཏཱ། ཡང་དག་པར་ཉོན་མོངས་པར་བྱེད་པས་ན་ཀུན་ནས་ཉོན་མོངས་པའོ།། བག་ཆགས་དང་ལྷན་ཅིག་པས་ན་བག་ཆགས་དང་བཅས་པའོ།། དེ་རབ་ཀྱི་མཐར་ཕྱིན་པས་ལེགས་པར་སྤངས་པས་ནུ། ཉོན་མོངས ་གས་བྱས་ཏེ། ཉེ་བའི་ཀུན་ཉོན་མོངས།། བག་ཆགས་བཅས་པ་གཏན་སྤངས་པ།། ཞེས་པའོ།། སྒྲ་འདི་ལྟ་བུར་རྣམ་པར་གནས་པ་ནི་གཙུག་ལག་གི་ཕྱིར་ཏེ། ཤིན་དུ་རབ་སྤོངས་བག་ཆགས་བཅས།། ཉོན་མོངས་ཉེ་ཉོན་ཀུན ་ཉོན་མོངས།། ཞེས་པའི་དོན་ཏོ།། ཤེས་རབ་དང་ཐབས་དང་སྙིང་རྗེ་ཆེན་པོ་ནི་ཤེས་རབ་ཐབས་དང་སྙིང་རྗེ་ཆེའོ།། དེ་རྣམས་ཀྱིས་དོན་ཡོད་འབྲས་བུ་མེད་པ་མ་ཡིན་པར་འགྲོ་བའི་དོན་བྱེད་པས་ན། དེ་ལྟར་བཤད་དོ།། འདུ་ཤེསྟ་ན ་མཚན་མར་འཛིན་པའི་མཚན་ཉིད་དེ།། དེ་འགྲོ་བ་དང་ཁམས་དང་སྐྱེ་གནས་ཐམས་ཅད་དུ་གཏོགས་པ་ནི་འདུ་ཤེས་ཀུན་ཏེ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་དུ་རྟོགས་པ་དེ་རྣམས་ཆོས་ལ་བདག་མེད་པའི་ཡེ་ཤེས་ཀྱིས ་སྤོང་བའོ།། དེ་ཉིད་དོན་ཏེ་དགོས་པ་གང་ཡིན་པ་དེ་ནི། འདུ་ཤེས་ཀུན་གྱི་དོན་སྤངས་པའོ།། རྣམ་ཤེས་དོན་ནི་གཟུང་བ་དང་འཛིན་པའི་རྣམ་པ་ཁོང་དུ་ཆུད་པའོ།། དེ་འགོག་པར་བྱེད་པ་ནི་ཤེས་པ་དང ་བྱའི་དེ་ཁོ་ན་ཉིད་སྐྱེ་བ་མེད་པ་ཉིད་དུ་རྟོགས་པར་བྱེད་པས་ན། རྣམ་ཤེས་དེ་ན་ནི་འགོག་པར་བྱེད་པའོ།། འགོག་པ་འཆང་ཞེས་ཀློག་པ་ཡང་མཐོང་སྟེ། དེ་ནི་གོ་སླའོ།། སྐལ་བ་དང་ལྡན་པ་དང་མོ་ལྡན་པ་ཉིད་ཀྱི་དོན་ཐུ ་སུ་ཆུད་པའི་དོན་གྱིས་དང་། དམིགས་པ་མེད་པོ་ཉིད་ཀྱིས་ན། སེམས་ཅན་གྱི་ཡིད་ཀྱི་ཡུལ་གང་ཡིན་པ་དེ་དེ་ལྟར་བཤད་དོ།། རྣོན་པོ་དང་འབྲིང་དང་རྟུལ་པོའི་དབྱེ་བས་སེམས་ཀྱི་སྤྱོད་པ་སོ་སོར་རྟོག་པའི་དོན་གྱིས་ན། སེམས ་ཅན་ཀུན་གྱི་ཡིད་རིག་པ་དང་། རྟོགས་པ་དང་། ཁོང་དུ་ཆུད་པ་ཐོབ་པ་གང་ཡིན་པ་དེ་ནི། སེམས་ཅན་ཀུན་གྱི་ཡིད་རིག་པའོ།། ནང་དུ་སོང་ཞིང་གཉིསུ་མེད་པར་ཁོང་དུ་ཆུད་པའི་རྣམ་པས་སེམས་ཅན་ཀུན་གྱི་ཡིད་ཀྱི་ནང་དུ ་འཇུག་པའི་ཕྱིར། སེམས་ཅན་ཀུན་གྱི་ཡིད་སྣང་གནས་སོ།། སེམས་ཅན་ཐམས་ཅད་ལ་རྐང་གི་ཁོང་ནས་སྙིང་རྗེས་ཉིད་ཀྱིས་བདེ་བ་དང་སྡུག་བསྔལ་མཚུངས་པའི་ཕྱིར། དེ་དག་སེམས་དང་མཉམ་ཉིད་སོན་པ་སྟེ་ཐོབ་པའོ།། ་དེ་ཉིད་ཀྱི་ཕྱིར་སེམས་ཅན་ཀུན་གྱི་ཡིད་ཚིམ་བྱེད་པའོ།། སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་དགའ་བའི་རྒྱུར་གྱུར་པའི་ཕྱིར། སེམས་ཅན་ཀུན་གྱི་ཡིད་དགའ་བའོ།། ཉམ་སུ་མྱོང་བའི་ངོ་བོའི་ཚད་མ་དམ་པས། གྲུབ་པ ་ཡང་འདི་ཡིན་ལ། འདི་ལས་གཞན་པ་འམ་ལྷག་པ་མེད་པས་མཐར་ཐུག་པ་ཡང་ཡིན་པས་གྲུབ་པའི་མཐའ་སྟེ་དོན་དམ་པའི་ཚུལ་གྱིས་གཡོ་བ་མེད་ཅིང་བསྟན་པ་ཞེས་པ་ཇི་སྲིད་པའོ།། དེའི་ཕྱིར་གསུངས་པ། འཁྲུལ་པ ་ལྡན་པ་མིན། ཞེས་པ་སྟེ། འདི་ལ་ཡང་གཏན་ཚིགས་གསུངས་པ། འཁྲུལ་པ་ཐམས་ཅད་རྣམ་པར་སྤངས། ཞེས་པའོ།། འདི་ཉིད་ཇི་ལྟ་བུ་ཞེ་ན་གསུངས་པ། ཐེ་ཚོམ་མེད་པའི་བློ་ཞེས་པ་སྟེ། ཐེ་ཚོམ་མེད་པ་ཡང ་འདི་ཡིན་ལ་བློ་གྲོས་ཀྱང་འདི་ཡིན་པས་ཐེ་ཚོམ་མེད་པའི་བློ་སྟེ། དེ་ཉིད་ནི་ཐེ་ཚོམ་མེད་པའི་བློ་གང་ཡིན་པ་ཞེས་ཚིགས་རྣམ་པར་སྦྱར་རོ།། དེ་ཉིད་ཀྱི་ཕྱིར་གསུངས་པ་བུད་མེད་དོན། ཞེས་པ་ལ་བུད་མེད་ནི་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པའོ།། དོན་ནི་སྒྲུབ་ཕྱེ་སྟེ་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་ཀྱི་རང་བཞིན་ཏེ། འདི་ཉིད་བཅོམ་ལྡན་འདས་དོན་གསུ་མ་རྐྱེ་མེ་རྟན་པོ་ཡོད་པ་ལ་ས་ཡིག་དོ་མོ་སྔ་མའི་ཚི་གས་མ་ཡིན་པས་ཆེན་གྲི་བྲ་བ་ད་ས་ངོན་པ་མས་མ་ཆུང་དོན་རྒྱམ ་པ་ན་ཡོན་མ་དག་པ་གཉི་འཇམ་དཔལ་ལོ།། ཡང་ནི་འཇམ་དཔལ་གང་ཡིན་པ་གསུམ་གྱི་སྒྲ་ནི་གསུམ་རྣམས་ཏེ། འདོད་པ་ལ་སོགས་པའི་ཁམས་རྣམ་སོ།། དོན་ནི་རྒྱུའོ།། དེ་ཉིད ་སྦྱོང་ཉིད་ཡེ་ཤེས་རྡོ་རྗེའི་རང་བཞིན་ཡིན་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་དེ་རྣམས་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་ལུས་སུ་བསྐྱེད་པའོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། ཀུན་གྱི་དོན་ནི་ཞེས་པ་སྟེ། འདོད་པའི་ཁམས ་སོགས་པ་ཐམས་ཅད་ཀྱི་རྒྱུར་གྱུར་པ་ཞེས་པའི་དོན་ཏོ།། ཡང་ན་དོན་དམ་པ་གསུམ་སྟེ། སྤང་བར་བྱ་བ་དང་། བླང་བར་བྱ་བ་དང་། བཏང་སྙོམསུ་བྱ་བའོ།། དེ་ལ་སྤང་བར་བྱ་བ་ནི་ཕྱི་དང་ནང་གི ་མི་དགེ་བའི་ཕྱོགསོ།། བླང་བར་བྱ་བ་ནི་ཆོས་བདག་མེད་པའི་ཡེ་ཤེས་དང་བསོད་ནམས་དང་ཡེ་ཤེས་ཀྱི་ཆགས་སོ།། བཏང་སྙོམསུ་བྱ་བ་ནི་ལུང་དུ་མོ་བསྟན་པའི་ཆོས་རྣམས་ཏེ། འདི་དག་ཐམས་ཅད་ནི་གདུལ་བྱ་དང་རྗེསུ ་འཚམ་པས་ནི་དོན་གང་ཡིན་པ་སྟེ་དེ་ལྟར་བཤད་དོ།། སྙིང་སྟོབས་དང་། རྡུལ་དང་མུན་པ་སྟེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་རང་བཞིན་ཡོན་ཏན་གསུམ་གྱི་ཡེ་ཤེས་ཀྱི་བདག་ཉིད་ཀྱིས་དེ་འདུལ་བའི་སེམས ་ཅན་གདུལ་བའི་དེའི་བདག་ཉིད་ཅན་དེ་བཞིན་གཤེགས་པ་རིགས་གསུམ་གྱི་རང་བཞིན་ཡིན་པའི་ཕྱིར། བཅོམ་ལྡན་འདས་འཇམ་དཔལ་ནི་ཡོན་ཏན་གསུམ་གྱི་བདག་ཉིད་ཅན་ནོ།། ཕུང་པོ་ལྔའི་དོན་གྱི་ཚུལ་ནི་དུས ་གསུམ་སྟེ། ཕུང་པོ་ལྔ་དོན་དུས་གསུམ་པ། དུས་ཀྱང་ཕུང་པོ་རྣམས་ལས་གཞན་དུ་ཡོད་པ་མ་ཡིན་ཏེ། ཕུང་པོ་རྣམས་ཉིད་ལ་དུས་སུ་བརྟགས་བྱ་སྟེ། འདི་སྐད་དུ། ཆོས་མངོན་པ་མཇེད་ལས། དེ་དག་ཉིད་དུས་གཏམ་གཞི ་དང་། ངེས་པར་འབྱུང་བཅས་གཞི་དང་བཅས།། ཞེསོ།། དེ་དེའི་བདག་ཉིད་དུ་ཡོད་པ་གང་ཡིན་པ་དེ་ནི། ཕུང་པོ་ལྔ་དོན་དུས་གསུམ་པ། ཞེས་སོ།། ཨོཾ་ཤ་སོགས་ཀྱི་ཕྱིར་ཨ་ཏེའོ།། གསུམ་གྱི་སྒྲ་ལས་རྣམ་པ་དང་བཅས་པ་བརྗོད་པའི ་ལུང་ངོ་།། ཕུང་པོ་ལྔ་དུས་གསུམ་པ།། ཞེས་ཀློག་པ་ལ་ནི་ཕུང་པོ་ལྔའི་རང་བཞིན་ཡང་དུས་དང་གསུམ་ཉིད་ཀྱང་དུས་གསུམ་མོ་ཞེས་བཤད་པར་བྱ་སྟེ། སྔ་མ་བཞིན་ཨ་ཏའོ།། སྐད་ཅིག་མ་བཅུ་དྲུག་གི་མཚན་ཉིད་མཐོང་བའི་ལམ་གྱི ་སེམས་ཀྱི་སྐད་ཅིག་མ་ཐམས་ཅད་དེ་དོན་གྱི་སྐད་དོང་ལ་ཨརྠ་དང་པུ་འི་སྐད་དང་ལ་ཨ་ནཱ་གཉིས་རྒྱ་གར་གྱི་ཡི་གེ་ཁ་ཅིག་ལ་གཟུགས་གཅིག་པ་དེ་ལྟར་ཤ་བྲག་བྱེད་པ་རིམ་གྱིས་གསལ་བར་བྱེད་པའི་ཕྱིར། སྐད་ཅིག་ཐམས་ཅད་དེ་བྲག་ཕྲེད་པའོ།། རང་ཉིད་ལས་ནི་གོམས ་པ་རབ་ཀྱི་མཐར་ཕྱིན་པ་ཐོབ་པའི་ཕྱིར་དང་པོ་ལ་སོགས་པའི་རིམ་པ་མེད་དེ། རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས་སྐད་ཅིག་མ་གཅིག་ཉིད་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་བརྙེས་པའི་ཕྱིར། སྐད་ཅིག་གཅིག་མངོན་པ་རྫོགས་སངས ་རྒྱས།། ཞེས་ཆོས་ཀྱི་སྐུའི་རང་བཞིན་གྱིས་དབྱེ་བ་མེད་པའི་ཕྱིར། སངས་རྒྱས་ཀུན་གྱི་རང་བཞིན་འཆང་བའོ།། གཟུགས་དང་། ཁ་དོག་དང་། གཟི་མདངས་དང་། མཛེས་པ་ལ་སོགས་པས་གདུལ་བྱའི་སེམས་ཅན་གྱི་རྣམས་ཀྱི ་དྲེགས་པ་བསལ་བའི་ཕྱིར། གཟུགས་ཐམས་ཅད་ལས་པའི་སྤྲུལ་པའི་སྐུའི་འོད་ཟེར་རྣམས་ཀྱིས་མིག་ཏུ་མཛེས་པ་སྟོན་པར་བྱེད་པ་ནི། ལུས་མེད་ཅེས་པ་ལ་སོགས་པ་སྟེ། ལུས་མེད་ནི་ཡིད་སྲུབས་སོ།། དེའི་ལུས་ལས་ཀྱང ་གཙོ་བོར་གྱུར་པས་ན། ལུས་ཀྱི་མཆོག་སྟེ། ལུས་མེད་ལུས་ཏེ་ལུས་ཀྱི་མཆོག་གོ།། སྤྲུལ་པ་མཐའ་ཡས་པའི་ཕྱིར། སྐུ་ནི་བྱེ་བ་རྣམ་པར་འགྱེད་པའོ།། ཡང་ན་འདི་ཆོས་ཀྱི་སྐུའི་རང་བཞིན་ཡིན་པའི་ཕྱིར་ལུས་མེད་ལུས ་མེད་ཆ་ཤས་མེད་པའོ།། ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་ཡིན་པའི་ཕྱིར་སྐུ་ཡི་མཆོག་གོ། སྤྲུལ་པ་མཐའ་ཡས་པའི་འོད་ཟེར་འགྱེད་པའི་ཕྱིར། སྐུ་ནི་བྱེ་བ་རྣམ་པར་འགྱེད་པའོ།། དེ་ཕྱིར་གསུངས་པ། ་གཟུགས་རྣམས་མ་ལུས་ཞེས་པ་ལ་སོགས་པ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉོན་ཐོས་ལ་སོགས་པ་སྣ་ཚོགས་པའི་གཟུགས་རྣམ་པ་ཐམས་ཅད་པ་ནི། གཟུགས་རྣམས་མ་ལུས་པའོ།། དེ་ཀུན་ཏུ་སྟོན་པའི་ངང ་ཚུལ་གང་ཡིན་པ་དེ་ནི་གཟུགས་རྣམས་མ་ལུས་ཀུན་ཏུ་སྟེན་པའོ།། དཀོན་མཆོག་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་ཞེས་བྱ་བ་རྣམས། ཏོག་ནི་མཚན་མ་སྟེ། དཀོན་མཆོག་གི་ཏོག་ཉིད་ནི་རིན་ཆེན་རྟོག་སྟེ། འཇམ་དཔལ་ལོ་བྱུང ་ཆུབ་སེམས་དཔའ་ཆེན་པོ་རྣམས་ལས་བྱུང་བའི་ཕྱིར་དཀོན་མཆོག་གསུམ་སྟེ། དེ་ལྟར་ཡང་། རྒྱལ་བའི་ཡུམ་ལས་གསུངས་པ། བྱང་ཆུབ་སེམས་དཔའི་ལམ་ལས་སངས་རྒྱས་དཀོན་མཆོག་བྱུང་ངོ་།། འབྱུང་ངེ་འབྱུང་བར་འགྱུར ་ཆོས་དཀོན་མཆོག་བྱུང་ངོ་འབྱུང་བར་འགྱུར་རོ།། དགེ་འདུན་དཀོན་མཆོག་བྱུང་ངོ་འབྱུང་བར་འགྱུར་རོ།། ཞེས་རྒྱ་ཆེར་གསུངསོ།། དེ་ཡང་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོང་སུ་རྫོགས་པར་མཛད་པའི་ཕྱིར། ནོར་བུ་ཆེན ་སྟེ། སེམས་ཅན་ཐམས་ཅད་ཀྱི་དགའ་བ་ཆེན་པོའི་རྒྱུར་གྱུར་པའི་ཕྱིར། རིན་པོ་ཆེ་ཆེན་པོ་དཔལ་རྡོ་རྗེ་འཆང་བའོ།། དེ་ཉིད་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་གཟུགས་ཀྱི་སྐུའི་བདག་ཉིད་དུ་རྟོགས་པར་བྱ་བ་ཡིན་པའི་ཕྱིར། ་སངས་རྒྱས་ཀུན་གྱི་རྟོགས་བྱ་བ། ཞེས་པའོ།། དེ་ཉིད་ཆོས་ཀྱི་སྐུའི་བདག་ཉིད་ཀྱིས་སངས་རྒྱས་བྱང་ཆུབ་སྟེ། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཡིན་པའི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་བླ་ན་མེད་པ་སྟེ།། ་འདི་ལས་མཆོག་གཞན་ཡོད་པ་མ་ཡིན་པའི་ཕྱིར་ཞེས་སྦྱར་རོ།། དེ་ཉིད་ཇི་ལྟ་བུ་ཞེ་ན་གསུངས་པ། ཡི་གེ་མེད་པ་ཞེས་པ་སྟེ། ཡི་གེ་ཡོད་པ་མ་ཡིན་པས་ན། ཡི་གེ་མེད་པ་སྟེ། དེ་བཞིན་ཉིད་ཀྱི་བདག་ཉིད་དོ།། ཇི་ལྟར་སྔར་བཞིན ་ཕྱིས་དེ་བཞིན།། སངས་རྒྱས་གནས་ནི་དེ་བཞིན་ཉིད།། ཅེས་གསུངས་པའི་ཕྱིར་ཡི་གེ་དང་བྲལ་ཞིང་ཡི་གེ་མེད་པ་ནི་དེ་བཞིན་ཉིད་དོ།། ཞེས་པའི་དོན་ཏོ།། དེ་ཡང་དེ་བཞིན་ཉིད་ལ་དངོས་པོའི་རང་བཞིན་དུ་མངོན་པར་ཞེན་པ་བཟློག ་པོའི་ཕྱིར།། རྒྱལ་བའི་ཡུམ་ལས་གསུངསོ།། དེ་ཡང་དེ་བཞིན་ཉིད་དང་དེ་བཞིན་ཉིད་མ་ཡིན་པ་ཞེས་པ་འདི་དག་གིས། ཟབ་པ་དང་རྒྱ་ཆེ་བའི་གཟུགས་ཅན་སྟོང་པ་དང་མི་སྟོང་པ་མ་ཡིན་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་བཅོམ ་ལྡན་འོངས་རྗེ་བཙུན་འཇམ་དཔལ་བཤད་པའོ།། དེ་ཉིད་སྟོང་པ་ཉིད་ཀྱི་ཡེ་ཤེས་རྡོ་རྗེའི་རང་བཞིན་ཡིན་པའི་ཕྱིར་གསང་སྔགས་སྐྱེ་གནས་ཏེ། གསང་སྔགས་ཐམས་ཅད་ནི་བཅོམ་ལྡན་འདས་ཀྱིས་བསྐྱེད་པའོ་ཕྱིར་རོ།། ཐམས་ཅད ་དུ་འགྲོ་བའི་སྙིང་པ་ཉིད་ཀྱི་ཡེ་ཤེས་ནི་རྒྱུ་ཆེན་པོ་ཉིད་དོ།། སྙིང་རྗེ་ཆེན་པོས་སེམས་ཅན་མ་ལུས་པ་ལ་སངས་རྒྱས་ཀྱི་འབྲས་བུ་བསྐྱེད་པའི་ཕྱིར་ཆེན་པོ་ཡང་ཡིན་ལ་གསང་སྔགས་ཀྱང་ཡིན་ཏོ།། དེ་རྣམས་ནི་རྣམ་པར་སྣང ་མཛད་དང་འོད་དཔག་མེད་དང་མི་བསྐྱོད་པའི་རང་བཞིན་དེ་བཞིན་གཤེགས་པ་དང་པདྨ་དང་རྡོ་རྗེའི་རིགས་རྣམས་སོ།། གསང་སྔགས་ཐམས་ཅད་ཀྱི་རིགས་ཡང་དག་པར་བསྡུས་པར་གྱུར་པ་ནི་གསང་སྔགས ་ཆེན་པོའི་རིགས་ཏེ་དེ་རྣམས་གསུམ་སྟེ། གང་གི་ཕྱིར་གསང་སྔགས་ཀྱི་རིགས་གསུམ་ཡིན་པའོ།། མ་ན་ན་ཡིད། ཏྭཱ་ཎཱ་ན་སྐྱོབ་པ་སྟེ། སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་ཅན་མི་གནས་པའི་མྱི་ངན་ལས་འདས་པའི་སངས་རྒྱས ་ཉིད་ཁོ་ན་གསང་སྔགས་དོན་ཀུན་ནཱཾ།། དེ་རང་དང་གཞན་གྱི་རྒྱུ་དེ་ལ་སྐྱེད་པར་བྱེད་པའི་ཕྱིར། གསང་སྔགས་དོན་ཀུན་བསྐྱེད་པོ་པའོ།། ཐིག་ལེ་ཆེན་པོ་ནི་ཐམས་ཅད་དུ་འགྲོ་ཞིང་སྤྲོས་པ་ཐམས་ཅད་བྲལ་བ་ཆོས་ཐམས་ཅད ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཆོས་ཀྱི་སྐུའི་ངོ་བོ་ཉིད་དོ།། ཡེ་ཤེས་ཆེན་པོ་ཞེས་པའི་དོན་ཏོ།། ཡི་གེ་དང་བརྡ་ཐམས་ཅད་དང་བྲལ་བའི་ཕྱིར་ཡི་གེ་མེད་པའོ།། དེ་བཞིན་དུ་ཨ་ར་པ་ཙ་ན་ཞེས་པའོ་ཡི་གེ་ལྔའི་སྔགས་ཀྱི་དོན ་གྱི་རང་བཞིན་ཡིན་པའི་ཕྱིར་ཡི་གེ་ལྔ་སྟེ། ཡི་གེ་ལྔ་པོ་རྣམས་ཀྱི་དོན་ཀྱང་དེའི་བདག་ཉིད་ཀྱིས་འདི་ལ་ཡོད་པས་ཞེས་སྦྱར་རོ།། ཡི་གེ་ལྔའི་སྔགས་ཀྱི་དོན་ཉིད་གསུངས་པ། སྟོང་པ་ཆེན་པོ་ཞེས་པ་སྟེ། དེ་ཡང་ཆོས་ཐམས ་ཅད་གདོད་མ་ནས་མ་སྐྱེས་པའི་ཕྱིར་ཞེས་པ་ཨ་ཡིག་གི་དོན་ཏོ།། དེ་ཉིད་འདོད་ཆགས་ལ་སོགས་པའི་རྡུལ་དང་བྲལ་བའི་ཕྱི་རི་ཞེས་པ་རེ་བའི་དོན་ཏོ།། འདི་ཉིད་དོན་དམ་པའོ།། ཞེས་པ་པ་ཡིག་གི་དོན་ཏོ།། དེའི་ཕྱིར་སོག་པ་དང ་མོ་སྒྲོག་པ་དང་བྲལ་བའི་ཕྱིར་ཞེས་པ་ཅ་ཡིག་གདུན་ཏོ།། ད་བྱུང་དང་ཞན་གྱུད་པ་ཞེས་པན་སྟག་ས་དོན་ཏོ།། དང་བྱུང་ས་སྤྱན་བརྒྱ་ང་གཱ་རྒྱ་ཤས་རླུང་དྲད་ཡང་། བརྟགས་ན་ཆ་ཤས་ཀྱིས་སྣང་བྱར་ཐེག་ལ་སྟོང་ལ།། ་གང་གི་ཕྱིར་འདིའི་ཁམས་ཆ་ཤས་དང་བྲལ་བ་སྟེ། ཆ་ཤས་ཕྲ་མོའི་ཐིག་ལེ་ཞེས་པ་ངེས་པའི་ཚིག་གོ།། ཕྱག་རྒྱ་ཆེན་པོ་བརྟན་པར་བྱེད་ཅིང་དམ་ཚིག་ཉམས་པ་ལས་བླང་བ་དང་། བདག་སྤང་བ་ལ་སོགས་པའི་བྱ་བ་ཐམས ་ཅད་རྫོགས་པར་བྱེད་པ་དང་། དམ་ཚིག་ཉམས་པ་ལ་སོགས་པའི་བུ་གསེལ་བ་ན། ཡི་གེ་བརྒྱ་པའི་སྔགས་ཀྱི་གཟུགས་ཉིད་ཀྱི་ཕྱིར་ཡི་གེ་བརྒྱ་པོ་ནི་བཅོམ་ལྡན་འདས་སོ།། ཡི་གེ་བརྒྱ་པོའི་སྔགས་ཀྱང་། ཨོཾ་བཛྲ་སཏྭ་བ ་སཏྭ་ཏྭེ་ནྡོ་པ་ཏིཥྛ་སོ་མ་ཡ་མ་ནུ་པཱ་ལ་ཡ་དྲྀ་དྷོ་མེ་བྷུ་བ་སུ་པོ་ཥྱོ་མེ་བྷཱ་བ། སྱཱ་ཏོཥྱོ་མ་བྷ་བ། ཨ་ནུ་རོཀྟོ་མེ་དྷྱེ་\ུ0f7f། སདྡྷི་སིདྡྷིམྨེ་པྲ་ཡནྣ། སརྦྦ་ཀཱཪྻཱ་ཥྚ་མོ་ཙིདྦྷ་ཤྲེ་ཡཾ་ཀུ་རུ། ཧཱུཾ་ཛྫུ་ཧ་ཧ་ཧ་ཧ་ཧོ་བྷ་ག་བྷཱུན་སརྦྦཱ་ཏ་ཐཱ་ག་ཏ་བཛྲ་མཱ་མ ་མུཉྫུ་བཛྲཱི་བྷཱ་བྱཱ། མདྷྱ་ས་མ་ཡ་ས+འུཏྨ་ཨཱཿཞེས་པའོ།། ཡུཾ་ཤེས་ཀྱི་དངོས་པོའི་རྣམ་པ་ནི་ཨཱ་ཡིག་གོ། སྙིང་རྗེ་ཆེན་པོས་སྣ་ཚོགས་པའི་སྤྲུལ་པའི་འཁོར་ལོ་སྤྲོ་བའི་བདག་ཉིད་ཀྱིས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཕྱིར་རྣམ ་པ་ཀུན་ལྡན་ནོ།། སྣ་ཚོགས་པའི་གཟུགས་ཅན་ཉིད་ཀྱི་ཕྱིར་གང་ལ་རྣམ་པ་ཐམས་ཅད་ལྡན་པ་དེ་ཞེས་སྦྱར་རོ།། དོན་དམ་པར་ནི་རྣམ་པ་ཐམས་ཅད་ཀྱི་བག་ཆགས་དམིགས་པ་ཙམ་གྱི་དགོས་པ་དང་བྲལ་བ་རྣམ་པར་རྟོག་པ ་མེད་ཅིང་སོ་སོ་རང་རིག་པའི་ཆོས་ཀྱི་སྐུ་ཤིན་ཏུ་སེམས་པའི་ཕྱིར་རྣམ་པ་མེད་པ་སྟེ། རྣམ་པ་ཀུན་ལྡན་ཡང་འདི་ཡིན་ལ་རྣམ་པ་མེད་པ་ཡང་ཡིན་པས་ཞེས་ཚིག་རྣམ་པར་སྦྱར་ཏེ། ཀུན་རྫོབ་ཏུའོ།། དོན ་དམ་པར་ནི་རྟོག་པ་མཐའ་དག་གི་གནས་ཀྱི་བདག་ཉིད་མེད་དོ།། ཅིའི་ཕྱིར་རྣམ་པོ་དང་བཅས་པ་དང་རྣམ་པ་མེད་པ་མི་འགལ་ཞེ་ན། སྔགས་ཀྱི་སྐུ་ཉིད་ཀྱིས་ཀྱང་ཡང་དག་པར་བརྗོད་པ་གསུངས་པ། བཅུ་དྲུག་ཅེས ་བ་ལ་སོགས་པ་སྟེ། བཅུ་དྲུག་ཕྱེད་པའི་ཆ་ཤས་གང་ཡིན་པ་དེ་ནི་བཅུ་དྲུག་ཕྱེད་པ་སྟེ། ཆུ་བཅུ་དྲུག་པའི་ཟླ་བ་ཞེས་པའི་དོན་ཏོ།། དེའི་ཕྱེད་ཀྱི་ཕྱེད་ཀྱི་ཟླ་བ་དེ་ལ་གནས་པའི་ཐིག་ལེ་ནཱ་ད་དང་ལྷན་ཅིག་པའི་ཡེ་ཤེས ་ཀྱི་ཐིག་ལེ་དེ་འཛིན་པར་མཛད་པས་ན། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཚོང་བའོ།། སྔགས་ཀྱི་ཚུལ་ལ་ནི་བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ནི་ཡོ་ཤེས་ཀྱི་ཐིག་ལེ་བཞི་རྣམས་སོ།། དེ་དེའི་བདག་ཉིད་དུ་འཛིན་པར་བྱེད ་པས་དེ་ལྟར་རྣམ་པར་བཤད་དོ།། མཆོག་ལས་ཀྱང་མཆོག་ཡིན་པའི་ཕྱིར་ཀུན་རྫོབ་ཀྱི་ཚུལ་གྱི་ཆེའོ།། དོན་དམ་པར་ན་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཕྱིར་ཆུ་མེད་པ་སྟེ། ཆ་ཡོད་པ་མ་ཡིན་པའོ།། དེ་ཉིད་དག་དང ་ཡིད་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་ཆ་ཤས་སུ་བརྩི་བར་མི་ནུས་པའི་ཕྱི་རི་ཚེ་ལས་འདས་པའོ།། འདི་ཉིད་ཇི་ལྟ་བུ་ཞེ་ན་གསུངས་པ། བསམ་གཏན་བཞི་པའི་ཞེས་པའི་ལ་སོགས་པ་སྟེ། བསམ་གཏན་བཞི་པའི ་རྩེ་མོ་ནི་རྟོག་པའི་དྲི་མ་ཐམས་ཅད་དང་བྲལ་བ་རབ་ཀྱི་མཐར་ཐུག་པ་སྟེ། དེ་ལ་གནས་པ་ཉིད་ཀྱིས་དེའི་རང་བཞིན་འཛིན་པར་མཛད་པཱའི་ཕྱིར། བསམ་གཏན་བཞི་པའི་རྩེ་མོ་འཆང་ངོ་།། དེ་ལྟ་ན་ཡང་ཡིད་བཞིན་གྱི་ནོར་བུ ་བཞིན་དུ་རྣམ་པར་རྟོག་པ་མེད་པར་རང་གི་ངང་གིས་འཇུག་པས་སེམས་ཅན་ཐམས་ཅད་ཀྱི་དོན་འབྱུང་བ། རྒྱུན་མི་འཆད་པ་ཉིད་ཀྱིས་བསམ་གཏན་གྱི་ཡན་ལག་རྣམས་དང་རྣམ་པར་དབྱེ་བ་རྣམས་མན་ངག་བཞིན་སྟོན་པར ་བྱེད་པ་ནི། བསམ་གཏན་ཡན་ལག་ཅེས་པ་ལ་སོགས་པ་སྟེ། བསམ་གཏན་བཞིའི་ཡན་ལག་རྣམསོ།། དེ་རྣམས་ཀྱང་རྟོག་པ་དང་དཔྱོད་པ་ལ་སོགས་པ་རྣམ་པ་བཅོ་བརྒྱད་དེ། ཇི་སྐད་དུ། ཆོས་མངོན་པ་མཛོད་ལས།། ་དོདང་པོ་ལ་ལྔ་རྟོག་དཔྱོད་དང་། དགའ་དང་བདེ་དང་ཏིང་བཛིན།། གཉིས་པ་ལ་ནི་ཡན་ལག་བཞི།། རབ་དང་དང་ནི་དགའ་ལ་སོགས།། གསུམ་པ་ལ་ལྔ་བཏང་སྙེམས་དང་། དྲན་དང་ཤེས་བཞིན་བདེ་དང་གནས།། མཐའ ་ནུ་བཞི་དྲན་བཏང་སྙོམས་དྲང་།། བྱད་མིན་སྡུག་མིན་ཏིང་འཛིན་རྣམས།། ཞེསོ།། དེ་སྟེན་ཅིང་མངོན་པར་ཤེས་པས་ན། བསམ་གཏན་ཡན་ལག་ཀུན་ཤེས་པའོ།། དེ་འབྱའ་ཞིག་ཏུ་ཟད་དམ་ཞེ་ན་གསུངས་པ། ཏིངངེ་འཛིན་རིགས་དང ་ཞེས་པ་ལ་སོགས་པ་སྟེ། ཏིང་འཛིན་རྣམས་ནི་དཔའ་བར་འགྲོ་བ་དང་ན་མཁའ་མཛོད་ལ་སོགས་པ་རྣམས་སོ།། དེ་རྣམས་ཀྱི་རིགས་ནི་རྩ་བའོ།། ཏིང་འཛིན་གྱི་རྒྱུད་ནི་རྒྱུའོ།། ཏིང་འཛིན་རྣམས་ཕན་ཚུན་འབྲེལ་བའི་ངོ་བོ་ནི་ཏིང་ངེ ་འཛིན་རྣམས་ཀྱི་རིགས་དང་རྒྱུད་དེ། དེ་རིགས་པས་ན་ཏི་འཛིན་རིགས་རྒྱུད་རིག་པའོ།། ཡུང་ནཱ་ཏིང་འཛིན་གྱི་རིགས་ནི་ཏིང་འཛིན་ཀ་དཱམྦཱ་ཀཱའོ།། དེ་ལས་བྱུང་ཞིང་གནས་པས་ན་རྒྱུད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པའི་ཡེ་ཤེས་སོ།། དེ་རིག་པས་ན་དེ་ལྟར་བཤད་དོ།། དེ་ཡང་དེ་ཉིད་ཏིང་འཛིན་གྱི་ངོ་བོ་ཞེས་གསུངས་པ། ཏིང་འཛིན་ཞེས་པ་ལ་སོགས་པ་སྟེ། ཏིང་འཛིན་ཉིད་ཡིད་ཀྱི་རང་བཞིན་གྱི་སྐུ་གང་ཡིན་པ་དེ་ནི་ཏིང་འཛིན་གྱི་སྐུའི། སྐུ་དེ ་ཉིད་ཐོགས་པ་མེད་པར་འགྲོ་བའི་དོན་ནུས་པས་མཆོག་སྟེ་གཙོ་བོར་གྱུར་པས་ན། སྐུ་ཡི་མཆོག་སྟེ་ཏིང་འཛིན་གྱི་སྐུ་ཡང་འདི་ཡིན་ལ་མཆོག་ཀྱང་ཡིན་པས་ཞེས་ཚིག་རྣམ་པར་སྦྱར་རོ།། ཡང་ན་ཏིང་འཛིན་གྱི་སྐུ་ནི་ཏིང་འཛིན་གྱི་ཚེ ་ཏེ། དཀྱིལ་འཁོར་པ་ཐམས་ཅད་ཀྱི་རང་བཞིན་ནོ།། ཏིང་འཛིན་ཐམས་ཅད་ཀྱི་རང་བཞིན་ཡིན་པའི་ཕྱིར། བཅོམ་ལྡན་འདས་ཉིད་ཏིང་འཛིན་གྱི་སྐུར་བརྗོད་དོ།། དེ་ཡང་འདི་ཡིན་ལོ་སྐུའི་མཆོག་ཀྱང་ཡིན་པས་ཞེས་སྔ་མ་བཞིན་བསྡུ ་བྱ་བྱའོ།། ལོངས་སྤྱོད་རྫོགསྨྲ་པའི་སྒྲ་ཉིད་གསུངས་པ། ལོངས་སྤྱོད་རྫོགས་སྤུ་ཞེས་པ་ལ་སོགས་པོ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་མཚུན་ད་དཔེ་བྱང་འབར་བ་དེས་མཛེས་པར་གྱུར་པས་ན ་ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ་པོ།། སྤྲུལ་པའི་སྐུ་ཉིད་ཀྱང་གསུངས་པ། སྤྲུལ་པའི་ཞེས་པ་ལ་སོགས་པ་སྟེ། འདིར་ཡང་སྒྲ་ཐམས་ཅད་ཀྱི་རྗེསུ་འཇུག་པར་བྱའོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། སངས་རྒྱས་ཞེས་པ་ལ་སོགས ་པ་སྟེ། སངས་རྒྱས་རྣམས་ནི་རྡོ་རྗེ་འཆང་ལ་སོགས་པ་རྣམས་སོ།། སྤྲུལ་པའི་རྒྱུད་ནི་སྤྲུལ་པ་ཕན་ཚུན་ཏེ། དེ་འཛིན་པས་མཛོད་པས་ན་སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བའོ།། ཅིག་ཅར་འཇིག་རྟེན་གྱི་མཐས་ཀླད་པར་མཐའ་ཡས་པའི ་སྤྲུལ་པས་འགྲོ་བུའི་དོན་སྒྲུབ་པའི་བདག་ཉིད་ཆེན་པོ་གསུངས་པ། ཕྱོགས་བཅུ་ཞེས་པ་ལ་སོགས་པ་སྟེ། ཕྱོགས་བཅུ་རྣམསུ་སྣ་ཚོགས་ཤིང་རྣམ་པ་ཐ་དད་པོའི་སྤྲུལ་པ་གང་ཡིན་པ་ནི་ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད་པའོ།། ་དེ་ཉིད་ཀྱི་ཕྱིར་འདི་ནི། བཞིན་འགྲོ་བའི་དོན་བྱེད་པའོ།། འདི་ཉིད་སྟོན་པར་བྱེད་པ་ནི། ལྷ་དང་ཞེས་པ་ལ་སོགས་པ་སྟེ། ལྀ་ལར་ནི་ལྷ་རྣམས་སུའོ།། ལ་ལར་ནི་ལྷའི་ལྷའོ།། ལྕེ་ལ་རོ་ནི་ལྷའི་དབང་པོ་བརྒྱ་བྱིན་ནོ།། གཞན་དག་ཏུ་ནི ་ལྷའི་དབང་པོ་དགའ་ལྡན་གྱི་བདག་པོའོ།། ལྷ་མྱོན་བདག་ནི་ཐགས་ཟུངས་རིས་ལོ་སོགས་པའོ།། འཆི་མེད་དབང་པོ་ནི་འདིར་ལྷའི་རྒྱལ་པོ་རབ་འཐབ་བྱའོ།། ལྷའི་བླ་མ་ནི་ཕུར་བུའོ།། རབ་འཇོམས་ནི་དྲག་པོའོ་ཚིགས་རྣམས།། རབ ་འཇོམས་དབང་ཕྱུག་ནི་དྲག་པོའོ།། དེ་དག་ལ་སོགས་པ་སྤྲུལ་པ་སྣ་ཚོགས་པས་འགྲོ་བའི་དོན་མཛད་པ་སྟེ། དེ་ཡང་ཆོས་ཡང་དག་པར་སྡུད་པའི་མདོ་ལས་རྒྱ་ཆེར་གསུངས།། དེ་ལྟར་ཐམས་ཅད་ཀྱི་དོན་མཛད་པས་བྲལ་ཡང་འཁོར ་བའི་གནས་ཀྱི་ཉེས་པ་མི་མངའ་བའི་ཕྱིར། སྲིད་པའི་དགོན་པ་ལས་བརྒལ་བའོ།། སྟོན་པ་གཅིག་པུ་ཞེས་པ་ལ་སོགས་པ་གོ་སླའོ།། ཤེས་རབ་ཁོ་ན་རལ་གྲི་དང་མངའ་གཞུ་གང་གི་ཡིན་པ་དེ་དེ་ལྟར་བཤད་དོ།། དེའི་འབྲས་བུ ་གསུངས་པ། ཉོན་མོངས་ཞེས་པ་ལ་སོགས་པ་སྟེ། ཉོན་མོངས་པའི་དཔུང་གི་ཚོགས་གནོད་པ་དུ་མ་དག་གིས་ཡོངསུ་བསྐོར་བའི་མི་ཤེས་པའི་རྒྱལ་པོ་ནི་གཡུལ་ངོ་སྟེ། དེ་བཅོམ་ཞིང་རྣམ་པ་ཐམས ་ཅད་དུ་མི་སྣང་བར་མཛད་པས་ན། ཉོན་མོངས་མི་ཤེས་གཡུལ་ངོ་སེལ་ཞེས་བྱའོ།། དེ་ཉིད་ཀྱི་ཕྱིར་གཞན་ཕྱིར་རོལ་གྱི་བདུད་རྣམས་དགྲར་གྱུར་པས་བསམ་བདུད་ཀྱི་དགྲ་ཡིན་པས་ན་བདུད་དགྲ་སྟེ། རྣམ་པ་ཐམས་ཅད་དུ་རྒྱལ ་བར་གྱུར་པ་གསུངས་པ། བདུད་དགྲ་ཞེས་པ་ལ་སོགས་པ་སྟེ་གོ་སླའོ།། དེའི་ཕྱིར་བདུད་ཀྱི་སྡེ་ལས་རྣམ་པར་རྒྱལ་ཏེ། བླ་ན་མེད་པའི་སངས་རྒྱས་བརྙེས་པས་ན་རྫོགས་པའི་སངས་རྒྱསོ།། དེ་ཉིད་འཇིག་རྟེན་གྱི་འདྲེན་པ་ཡིན ་པས་འདྲེན་པ་ཉིད་དེ། དེ་ནི་མི་དང་ལྷའི་འགྲོ་བ་རྣམས་ཀྱི་ཕྱག་བྱར་བྱོས་པ་སྟེ། ཤིན་ཏུ་ཕུལ་དུ་བྱུང་བའི་བཅོམ་ལྡན་འདས་ཏེ་གོ་སླའོ།། དེ་ལྟར་རྫོགས་པའི་སངས་རྒྱས་འགྲོ་བའི་བླ་མ་སེམས་ཅན་གྱི་དོན་གྱི་ཕྱིར་ཐོག་མ ་མེད་པར་གཤེགས་པ་ཉིད་སྟོན་པར་བྱེད་པ་ནི། འཇིག་རྟེན་གསུམ་པོ་ཞེས་པ་ལ་སོགས་པ་སྟེ། སྐད་ཅིག་མ་གཅིག་ཁོ་ནའི་གོམ་པས་བགྲོད་པ་གང་ཡིན་པ་ནི་གོམ་གཅིག་བགྲོད་དེ། འཇིག་རྟེན་གསུམ་གྲོམ་པ་གཅིག ་གིས་བགྲོད་པ་གང་ཡིན་པ་དེ་དེ་བཞིན་ནོ།། དེའི་ཕྱིར་ན་མཁའ་ལྟར་མཐར་ཐུག་པ་མེད་པར་རྣམ་པར་དོན་གང་ཡིན་པ་དེ་ནི་ནམཁའ་ལྟར་མཐའ་མེད་རྣམ་པར་གནོན་པའོ།། གསུམ་རིག་ཅེས་པ་ནི་ལྷོའི་མིག་གི་ཡེ་ཤེས ་དང་། སྔོན་གྱི་གནས་རྗེསུ་དྲན་པའི་ཡེ་ཤེས་དང་། ཟག་པ་ཟད་པའི་ཡེ་ཤེས་ཞེས་པ་རྣམས་སོ།། གསུམ་རིག་པ་གང་ཡིན་པ་དེ་ནི་གསུམ་རིག་སྟེ། གསུམ་རིག་པ་ཁོ་ན་གསུམ་རིག་པ་ཡིན་པས་རང་གི་དོན་ལ་དེ་ཕན་གྱི་རྐྱེན ་སྦྱར་བའོ།། གཞན་དག་ནི་ལྷག་པའི་སེམས་དང་། ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་ཤེས་རབ་སྟེ། གསུམ་རིག་པ་དེ་དང་ལྡན་པའི་ཕྱིར་གསུམ་རེག་པའོ་ཞེས་ཟེ་རོ།། དྲི་ཚ་ལ་རེ་བ་ན་མེ་རྐྱེན་པན་བྱིན་པས་རྦ་བ་རྒྱ་བྱགས་པར་འདིརའི་བྱ་པ ་ངེས་བརྗོད་དང་མཆོད་སྦྱིན་དང་སྙན་ཚིག་གི་རིག་བྱེད་གསུམ་རིག་ཅིང་ཡོངསུ་ཤེས་པས་ན། འཇིག་རྟེན་པའི་གསུམ་རིག་པ་ཡང་བཅོམ་ལྡན་འདས་ཉིད་དོ།། ཐོས་པ་དང་དྲན་པ་དང་རྣམ་པར་མི་འཚེ་བ་སྟེ། གཙང་མའི་སྤྱོད ་པ་དང་ལྡན་པའི་ཕྱིར་འཇིག་རྟེན་པའི་གཙང་མའོ།། དེ་ཉིད་བདག་དང་བདག་གི་བར་མངོན་པར་ཞེན་པོའི་བག་ཆགས་མ་ལུས་པ་སྟེ། ཆོས་ཐམས་ཅད་བདག་མེད་པའི་ཆུའི་ཚོགས་ཀྱིས་དཀྲུས་པས་ན་འཇིག་རྟེན་འདས ་པའི་ཡང་གཙང་གནས་འདི་ཉིད་ཁོ་ནའོ།། དེའི་ཕྱིར་དག་པ་སྟེ། སྐྱོན་ཐམས་ཅད་དང་བྲལ་བའི་ཕྱིར་རོ།། ལྷའི་མིག་དང་། ལྷའི་རྣ་བ་དང་། གཞན་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་རྗེ་སུ་དྲན་པའི་ཤེས་པ་དང་། ་རྫུ་འཕྲུལ་གྱི་བྱ་བ་ཤེས་པ་དང་། ཟག་པ་ཟང་པོ་ཤེས་པ་ཞེས་བྱ་བ་རྣམས་ཏེ་མངོན་པར་ཤེས་པོ་དྲུག་གང་ལ་ཡོད་པ་དེ་ནི་མངོན་པར་ཤེས་དྲུག་ལྡན་ནོ།། སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། ཚུལ་ཁྲིམས ་དང་། གཏོང་བ་དང་། ལྷའི་ཡུལ་རྣམས་ཏེ། རྗེསུ་དྲན་པ་དྲུག་གང་ཡིན་པ་དེ་ནི་རྗེས་དྲན་དྲུག་གོ། བྱང་ཆུབ་ཏུ་བདག་ཉིད་སེམས་པས་ན་བྱང་ཆུབ་སེམས་དཔའོ།། ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་ཐུགས ་ཆུང་ནས་མངོན་པར་རྫོགས་པར་བྱང་ཆུབ་སྟེ་སེམས་ཅན་གྱི་ཕུང་པོ་ཆེན་པོའི་དོན་མཛད་པའི་ཕྱིར་སེམས་དཔའ་ཆེན་པོའོ།། དེ་ཉིད་འཇིག་རྟེན་ལས་འདས་པ་སྟེ། འཇིག་རྟེན་ལས་བླ་མར་གྱུར་པའི་ཡེ་ཤེས་ལས་བྱུང་བའི་ཕྱིར ་རོ། དེ་རྣམ་པ་ཐམས་ཅད་པའི་རྫུ་འཕྲུལ་གྱི་ཡུལ་ཆེན་པོ་བརྙེས་པའི་ཕྱིར། རྫུ་འཕྲུལ་ཆེན་པོའོ།། ཐོས་པ་དང་བསམ་པ་དང་བསྒོམ་པའི་རང་བཞིན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་བརྩོན་པས་འཇིག་རྟེན ་འདས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཀྱི་མཐུར་ཕྱིན་པ་བརྙེས་པོའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐའའོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། ཤེས་རབ་ཅེས་པ་ལ་སོགས་པ་སྟེ། ཤེས་རབ་ཀྱི་དེ་ཁོ་ན་ཉིད ་ནི་ཤིན་ཏུ་དྲི་མ་མེད་པའི་དེ་བཞིན་ཉིད་དོ།། དེ་ཉིད་ཀྱི་རང་བཞིན་ཡང་དེ་ཁོ་ན་ཉིད་དེ་ཆོས་ཀྱི་སྐུའི་བདག་ཉིད་ཅན་ཏེ། དེ་བརྙེས་པའི་ཕྱིར། ཤེས་རབ་ཀྱི་ནི་དེ་ཉིད་ཐོབ།། ཅེས་སོ།། སྤྱི་ལས་སྤྱི་ཁས་བླངས་པའི་ཕྱིར་དངོས་པོའི ་རྐྱེན་ལས་ཀྱང་དངོས་པོའི་རྐྱེན་ལ་འགལ་བ་མེད་དོ།། རང་གི་རྒྱུད་དང་ཐ་མི་དད་པའི་སོ་སོ་རང་རེག་པའི་ཆོས་ཉིད་ཡོང་སུ་ཤེས་པའི་ཕྱི་བདག་རིག་གོ།། སྒྱུ་མ་དེ་ཉིད་ཐོ་བཆེས་པའི་རྒྱད་མེ་རྦ་དྷ་མཱ་ག་ཎ་ཞེས་པའི་ང་བའི་ཚུགས་པ་པར་སྦྱོར་བའི་འག ་ལྟ་བུའི་རང་གི་སེམས་དང་ཐ་མྱི་དད་པ་ཉིད་ཀྱིས་གཞན་རྣམས་ལ་གོ་བར་བྱེད་པས་ན་གཞན་རིག་གོ།། དེ་ནི་གཉིས་མེད་པའི་ཡེ་ཤེས་སྣ་ཚོགས་གཟུགས་ཅན་ཉིད་ཀྱིས་དེ་ལྔ་དེ་ལྟར་སྣང་བའི་ཕྱིར། དེ་ཉིད་ཐམས་ཅད་པ ་སྟེ་སྣ་ཚོགས་གཟུགས་ཅན་ཡིན་པའི་ཕྱིར། རྡོ་རྗེ་འཆང་བ་ཞེས་པའི་དོན་ཏེ།། སཱརྦྦ་ཞེས་ཀློག་པ་ནི་རང་གི་དོན་ཅན་གྱི་ཨཎ་རྐྱེན་དུ་བྱིན་པའོ།། སེམས་ཅན་ཐམས་ཅད་ལས་མཐིའ་གཅིག་ཏུ་ཕྱིན་པའི་ཕྱིར། ཀུན་ལྔ ་ཕན་པའོ།། དེ་ཉིད་ཀྱི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་གཙོ་བོའི་སྐྱེས་བུ་ཉིད་གྱི་མེད་དོ། མེ་ནི་འརྒྱ་ལ་ཡོང་ནི་ན་པོ་ཚུན་གྱི་གལ་པ་མེད་ཅེས་ཚིག་ལརྗོང་པ་ཕྱིར་གང་ཟགས་མཆོག་གོ།། དེ་བཞིན་ཉིད ་ཀྱི་བདག་ཉིད་ཕྱིར་གྱིས་དེ་དང་འདྲ་བ་ཅུང་ཟད་ཀྱང་མེད་པའི་ཕྱིར།། དཔེར་བྱ་ཀུན་ལས་འདས་པའོ།། དེ་ནི་ལེགས་པ་འདོད་པ་རྣམས་ཀྱིས་ཡེ་ཤེས་པར་བྱ་སྟེ། གཞན་མངོན་དུ་བྱ་བ་མ་ཡིན་ཅེས་པའི་དོན་ཏོ།། ་དངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་འབྱུང་བའི་རྒྱུར་གྱུར་པསོ་ན་ཡེ་ཤེས་ཀྱི་བདག་པོའོ།། ཕུལ་དུ་བྱུང་བའི་ཕྱིར་མཆོག་སྟེ་རྗེ་ཙུན་འཇམ་དཔོལ་ལྷོ།། ཆོས་ཀྱི་སྦྱིན་པ་ནི་སྦྱིན་པ་ཐམས་ཅད་ཀྱི་གཙོ་བོར་གྱུར ་པའི་ཕྱིར། ཆོས་ཀྱི་སྦྱིན་བདག་གཙོ་བོའོ།། ཕྱག་བརྒྱ་བཞི་ཞེས་པ་ལ་སོགས་པ་ལ་ཕྱག་རྒྱ་བནི་ནི། ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱ་རྣམསོ།། དེ་ལ་ཕྱག་རྒྱ ་ཆེན་པོ་ནི་མཚན་དང་དཔེ་བྱད་འབར་བ་ཞལ་དང་ཕྱག་དང་མཚན་མ་ལ་སོགས་པ་དང་ལྡན་པའི་ལྷའི་གཟུགས་ཏེ། ལྗོངས་སྤྱོད་རྫོགས་པའི་སྐུའོ།། དམ་ཚིག་གི་ཕྱག་རྒྱ་ནི། སེམས་ཀྱི་རང ་བཞིན་སོ་སོར་རང་རིག་པའི་ཆོས་ཀྱི་སྐུ་སྟེ། ཡང་དག་པར་རྟོགས་པའི་ཕྱིར་དམ་ཚིག་ཅེས་སྦྱར་རོ།། ཆོས་ཀྱི་ཕྱག་རྒྱ་ནི། ཆོས་དང་ལོང་སྤྱོད་ཀྱི་སྐུའི་བྱིན་རླབས་ལས་ཆོས་ཀྱི་དེ་ཁོ་ན་ཉིད་གསོལ་བར་སྟོན་པའི ་སྔགས་རྣམ་པ་སྣ་ཚོགས་པའི་གསུང་གི་བདག་ཉིད་ཅན་ནོ།། ལས་ཀྱི་ཕྱག་རྒྱ་ནི་བྱ་བ་སྒྲུབ་པའི་ངོ་བོ་ཉིད་དུ་གྱུར་པོས་སྤྲུལ་པའི་མཛད་པ་སྣ་ཚོགས་རྫོགས་པོར་བྱེད་པ་སྤྲུལ་པའི་སྐུ་སྟེ། ཕྱག་རྒྱ་བཞི་པོ་དེ་རྣམས་ཀྱི་དོན་སྟོན ་པས་ན་དེ་ལྟར་བཤད་དོ།། གང་གི་ཕྱིར་བཅོམ་ལྡན་འདས་ནི་རང་དང་གཞོན་གྱི་ཡོན་ཏན་ཐོབ་མོ་ཕུན་སུམ་ཚོགས་པ་བྱེད་པ་མ་ལུས་པ་འཛིན་པར་མཛད་པ་དེའི་ཕྱིར། ཉན་ཐོས་དང་རང་སངས་རྒྱས་དང་ཡང་དག་པར་རྫོགས ་པའི་སངས་རྒྱས་ཀྱི་ངེས་པར་འབྱུང་བའི་བགྲོད་པ་གསུམ་མོ།། དེ་ཉིད་འགྲོ་བའི་བསྙེན་བཀུར་གནས་ཀྱི་མཆོག་གོ། འདིར་ཡང་དེ་ལྟ་བུའི་རྒྱུ་གསུངས་པ། དོན་གྱི་དམ་པ་ཞེས་པ་ལ་སོགས་པོ་སྟེ། དོན་དམ་པར་རྣམ་པར ་དག་དཔལ་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཉིད་དེ། མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་གང་ཡིན་པ་དེ་དེ་ལྟར་བཤད་དོ།། དེ་ཉིད་ཀྱི་ཕྱིར་འཇིག་རྟེན་གསུམ་གྱི་སྐལ་བཟང ་ཆེའོ།། འདི་ལྟར་གྱུར་པ་ཅི་ཞེ་ན། ཕུན་སུམ་ཚོགས་པ་ཐམས་ཅད་བྱེད་པས་ན། འབྱོར་པ་ཀུན་བྱེད་པའོ།། དཔལ་དང་ལྡན་པ་གང་ཡིན་པ་དེ་ཡང་མཆོག་སྟེ་གཙོ་བོའོ།། དཔལ་ལྡན་ནི་རབ་ཏུ་བསྔགས་པའི་དོན་ལ་མ་ཏུབ་ཀྱི་རྐྱེན་སྦྱར ་པབའོ། དེ་ཉིད་སུ་ཞིག་ཅེ་ན་གསུངས་པ། འཇམ་དཔལ་ཞེས་པ་སྱེ། འཇམ་པ་ནི་སྐྱེ་བོ་རྣམས་ཀྱི་ཡིད་དུ་འོང་ནནི་སྠ་ཀཱ་ལཱ་པའི་ལུགས་ཀྱི་ལྡན་པའི་རྟེན་མ་ནཱ་ཡིན་ས་ཙནཱ་བཾའི་ལུགས་ཀྱི་མ་ཅུ་སྟེ་གཉིས་ཀའི་གྲུབ་འབྲས་ཤཱི་མཱན་ཞེས་པར་འོ་སྟེ་དཔལ་ལྡན་ཅེས་པའི་བའོ།། དཔལ ་ནི་སེམས་ཅན་ཐམས་ཅད་ཀྱི་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་རྒྱུ་ཕུན་སུམ་ཚོགས་པ་འདི་ཡིན་པས་ན་དེ་ལྟར་བཤད་དོ།། བཅོམ་ལྡན་འདས་ནི་དཔལ་བསམ་གྱིས་མི་ཁྱབ་པའོ།། ། ད་ནི ་ཤཱཀྱ་ཐུབ་པས་དེ་ལྟར་བསྟོད་པ་མཛད་པའི་ཡོན་ཏན་གྱི་ཚོགས་ཐོས་ནས་ཡིད་རབ་ཏུ་དགའ་བར་གྱུར་པའི་འཁོར་ཐམས་ཅད་ཀྱིས། མཚན་གྱི་དོན་ཐམས་ཅད་ཉེ་བར་བསྡུས་ཏེ། ཐམས་ཅད་དུ་མཆོད་པར་འོས་པའི་བཅོམ ་ལྡན་འདས་ཀྱི་མཚན་གྱི་དོན་ཡང་དག་པར་ཇི་ལྟ་བ་བཞིན་ཁོང་དུ་ཆུད་པར་བྱ་བའི་ཕྱིར། ཚིགསུ་བཅད་པ་རྣམ་པ་ལྔས་ཕྱག་འཚལ་བ་སྔོན་དུ་འགྲོ་བས་མཆོད་པར་བྱེད་པ་ནི། མཆོག་སྦྱིན་རྡོ་རྗེ་ཞེས་པ་ལ་སོགས་པ་སྟེ། ་འཇིག་རྟེན་གསུམ་གྱི་གཙོ་བོ་ཡིན་པའི་ཕྱིར་མཆོག་གོ། སངས་རྒྱས་ཉིད་སྦྱིན་པོར་བྱེད་པོས་ན་མཆོག་སྤྱན་ནོ།། མི་ཕྱེད་པ་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར་རྡོ་རྗེའོ།། དེ་ཉིད་ཀྱི་ཕྱིར་མཆོག་སྟེ་གཙོ་བོའོ།། ཡང ་དག་པ་ནི་དེ་ཁོ་ན་ཉིད་དོ།། དེའི་མཐའ་ནི་མཐར་ཐུག་པ་སྟེ། དེ་ལས་གཞན་པའི་དེ་ཁོ་ན་ཉིད་ཡོད་པ་མ་ཡིན་ཞེས་པའི་དོན་ཏོ།། ཡང་དག་མཐའ་ཞེས་པར་བྱེད་པའི་དོན་ལ་ཡང་ཨི་ཉིད་དོ།། བྷཱུ་ཏ་མེད་པ ་ནི་སྡེ་པ་སྦྱོར་གྱི་དབང་གིསོ།། དེ་ལྟ་བུ་གཞན་དུ་ཡང་ངོ་།། སྟོང་པ་ཉིད་ལས་བྱུང་བའི་ཕྱིར་སྟོང་པ་ཉིད་སྙིང་པོའོ།། སྟོང་པ་ཉིད་ཁོ་ན་ལས་སྟོང་པའི་ཆོས་རྣམས་འབྱུང་ངོ་ཞེས་དགོངས་པའོ།། སངས་རྒྱས་བྱང་ཆུབ་ནི་དེ་ཉིད་དེ། ་ཟད་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་ཀྱི་རང་བཞིན་གྱི་ཕྱིར་སངས་རྒྱས་བྱང་ཆུབ་བོ།། སངས་རྒྱས་དང་བྱང་ཆུབ་ནི་དབྱེ་བ་མེད་ཀྱང་དབྱེ་བ་ཉེ་བར་བརྟགས་པས་སངས་རྒྱས་བྱང་ཆུབ་སྟེ། སངས་རྒྱས་ཀྱང་ཡིན་ལ་ཡང ་དག་པའི་དོན་ཀྱང་ངོ་།། བྱང་ཆུབ་ལ་ཆགས་པའི་སྙིང་རྗེ་ཆེན་པོས་ཆགས་པོ་དང་ལྡན་པའི་ཕྱིར་སངས་རྒྱས་ཆགས་པའོ།། སངས་རྒྱས་རྣམས་ཀྱི་འདོད་པ་ནི་འགྲོ་བར་མངོན་པོར་འབྱིན་པར་བཞེད་པ་སྟེ། དེའི་རང་བཞིན་ཉིད ་ཀྱི་ཕྱིར་སངས་རྒྱས་འདོད་པོའོ།། ཡང་ན་སངས་རྒྱས་ཀྱི་ཕྲིན་ལས་མཛད་པ་ནི་སངས་རྒྱས་ཐམས་ཅད་ཀྱི་འདོད་པ་ཡིན་པས་ན་སངས་རྒྱས་འདོད་པའོ།། དེ་ཉིད་སངས་རྒྱས་རྣམས་ཀྱི་ཡིད་བདེ་བའི་རྒྱུར་གྱུར་པའི་ཕྱིར། སངས་རྒྱས ་དགྱེས་པའོ།། སངས་རྒྱས་རྣམས་རོལ་པར་བྱེད་པ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་ལ་སྟེ། རབ་ཏུ་རོལ་པར་མཛད་པ་ན་སངས་རྒྱས་རོལ་པའོ།། སངས་རྒྱས་རྣམས་ཀྱི་འཇམ་པ་ནི། བཞད་པའི་རྒྱུ་ཅན་ཏེ། ་སེམས་ཅན་གྱི་དོན་གྱི་རྐྱེན་གྱིས།། དེ་ལྟར་བཅོམ་ལྡན་འདས་ཀྱང་དེའི་རང་བཞིན་གྱི་ཕྱིར་སངས་རྒྱས་འཛུམ་པ་དང་སངས་རྒྱས་བཞད་པའོ།། དེ་ལ་འཛུམ་པ་ནི་ཅུང་ཟད་བཞད་པ་ཡིན་ལ། བཞད་པ་ནི་ཆེར་བཞད་པ་སྟེ། ་དེ་ནི་ཁྱད་པར་རོ།། སངས་རྒྱས་རྣམས་ཀྱི་ཆོས་སྟོན་པའི་གསུང་དེ་ལྟ་བུ་ནི་སེམས་ཅན་གྱི་དོན་གྱི་ཕྱི་ཏེ། སངས་རྒྱས་ཀྱི་གསུང་དེ་ལྟ་བུ་ནི་སེམས་ཅན་གྱི་དོན་གྱི་ཕྱིར་ཏེ། སངས་རྒྱས་ཀྱི་གསུང་ཉིད་བཅོམ་ལྡན་འདས།། ། ་དེ་ལྟ་བུའི་སངས་རྒྱས་རྣམས་ཀྱི་ཐུགས་ནི་སྙིང་པོ་སྟེ་སངས་རྒྱས་ཐུགསོ།། དེ་ཉིད་བཅོམ་ལྡན་འདས་ཀྱིས་ཉེ་བར་བརྟགས་པའི་དབྱེ་བས། སངས་རྒྱས་བྱང་ཆུབ་ལ་སོགས་པའི་སྒྲ་ཡོས་གསུངས།། དངོས་མེད་ན་ཆོས་ཀྱི ་དབྱིངས་སོ།། དེ་ལོས་བྱུང་བའི་རང་བཞིན་ནི་དེ་ལྟ་བུ་ལས་བྱུང་བ་གང་ཡིན་པ་སྟེ། དེ་ནི་དངོས་མེད་ལས་བྱུང་བའོ།། སངས་རྒྱས་རྣམས་ཀྱི་འབྱུང་བ་ནི་སྐྱེ་བའི་གནས་ཏེ། སངས་རྒྱས་འབྱུང་བ་འདི་ནི་མཐའ་ཡས་པའི ་སངས་རྒྱས་རྣམས་སྐྱེ་བོའི་རྒྱུར་གྱུར་པའི་ཕྱིར་རོ།། ནམ་མཁའ་ལྟ་བུའི་ཆོས་ཉིད་ཀྱི་དེ་ཁོ་ན་ཉིད་ལས་ངེས་པར་འབྱུང་བས་ན་ན་མཁའ་ལས་བྱུང་བའོ།། སངས་རྒྱས་རྣམས་ཀྱི་ཡེ་ཤེས་ལས་ཡེ་ཤེས་སྐུ་འདི་ཐམས་ཅད ་བྱུང་བས་ན་ཡེ་ཤེས་བྱུང་ངོ་།། དེའི་ཕྱིར་དེ་ལྟ་བུ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་ཡིན་པའི་ཕྱིར་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་རྣམས་ལས་བྱུང་བ་ཞེས་དགོངས་པའོ།། གདུལ་བྱ་སྐྱེ་བོ་ཐཾད ་རྒྱ་གར་སྐད་དུ། ཙ་ཏུརྨྨ་ཁ་སྱ་མ་ཡ་སིདྡྷི་སཱ་དྷ་ནཱ་མྱ། བོད་སྐད་དུ། ཞལ་བཞི་པའི་དམ་ཚིག་དངོས་གྲུབ་བསྒྲུབ་པའི་ཐབས་ཞེས་བྱ་བ། བླ་མ་དང་ནི་ཡི་ངམྦ་ལྷ།། ཞིང་སྐྱོང་འཁོར་དང་བཅས ་ལ་འདུད།། རྩ་ཞལ་ནག་པོ་རོ་ཐོ་བ།། གཡས་ཞལ་དཀར་པོ་ཁྲོ་ཞིང་འཛུམ།། གཡོན་པ་དམར་ཞིང་རྒྱ་ཆེར་བཤད།། སྡང་ཞལ་ནག་པོ་ཁྲོ་ཞལ་ནི།། བདུད་དང་སྲིན་པོ་ལྷ་སྲིན་དང་།། གཤིན་རྗེ་ལ་སོགས་བཀྲག་པར་མཛད།། ་དག་རྒྱས་དབང་དང་ཞི་བ་ནི།། ཞལ་བཞིའི་ཁ་དོག་དག་གིས་ཤེས།། དེ་དག་བླ་མའི་ཞལ་ཤེས་ནི།། ལས་བཞི་བསྒྲུབ་པར་འདོད་པ་ཡི།། ཕུག་དང་ནགས་དང་དུར་ཁྲོད་དང་།། དམར་ཞིང་མཐོ་བ་མེ་ཏོག་རྒྱན།། དབེན་ཞིང ་ཉམས་དགའ་བསྒྲུབ་པའི་གནས།། དེར་འདུག་སྤྲོས་པ་བཅད་པར་བྱ།། ཤོག་བུ་གྲོ་གུ་དུར་ཁྲོད་རུས།། དུང་དང་གུར་ཀུམ་སིན་དྷུ་ར།། དུར་ཁྲོད་སོལ་བས་སྣག་ཚའི།། རྩ་བ་དང་ནི་ཤམ་བུའི་སྔགས།། བཏོན་དང་བཅུག་པ་མན། ་ངག་ཡིན།། བསྙེན་དེ་བསྒྲུབ་པ་ལས་ལ་སྦྱར།། དུང་དང་ར་གན་ཟོངས་དང་ལྕགས།། མཎྜལ་སྣོད་ཀྱི་བྱེ་བྲག་གོ། ལྷ་དང་འཁོར་ལ་འོད་ཟེར་ཡང་།། བསྒོམ་པའི་རིམ་པ་ཤེས་པར་བྱ།། སྔ་དྲོ་དུས་དང་ཉི་མའི་ཟེར།། ཟླ་བ་ཡར ་ངོ་མར་ངོ་ཡི།། དེ་དག་དུས་ཀྱང་ཤེས་པར་བྱ།། ཕྲེང་བ་གོས་དང་རྒྱན་རྣམས་ཤེས།། མར་དང་སྦྲང་རྩི་བུ་རིམ་དང་།། ཞོ་དང་འབྲུ་དང་རིན་ཆེན་ལྔ།། དུག་ཡུངས་ཁྲག་སོགས་དབྱེ་བོ་ཤེས།། མ་རུངས་ཞི་དང་མངོན་སྤྱང་རྒྱས ་བསྒྲུབ་བྱ་དབང་སྡུད་ཚར་གཅོད་པ།། བསམ་པའི་བྱེ་བྲག་ཤེས་པར་བྱ།། རང་དང་བསྒྲུབ་བྱའི་བསོད་ནམས་བརྟག། བསྒྲུབ་པའི་མཚན་ཉིད་དེ་ཡིས་ཤེས།། བསྟན་པའི་དོན་སྤྱད་ཐེ་ཚོམ་མེད།། རྒྱལ ་ཁམས་དང་ནི་གྲོང་ཁྱེར་གཅིག། དབྱེ་བའི་རིམ་པ་ཤེས་པར་བྱ།། ལས་མཐའ་སྡུད་པ་མན་ངོག་ཡིན།། ཞལ་གྱི་ཨུ་པ་ད་ཤ་འདི།། རཀྵི་ཏ་ཡིས་མཛད་པ་ལས།། གཉན་ལོ་དར་མ་གྲགས་ཀྱིས་བསྒྱུར།། བླ་མ་ཡི་དམ ་ཆོས་སྐྱོང་ལ།། ཉེས་པ་གང་སྣང་བཟོད་པར་གསོལ།། ད་མ་ཚན་མ་སྲོག་གི་སུ་བྲིའི་བསྒྲུབ་ཀྱིས་བཞུག་སོ།། རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཀཱ་ལ་ས་དྷ་ན་མཿབོད་སྐད་དུ། དཔལ་ནག་པོ་ཆེན་པོ ་