| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཤྲཱི་ན་ཏཾ་མ་ཧཱ་ཀཱ་ལ་ནཱ་མ། བོད་སྐད་དུ། དཔལ་མགོན་པོ་ནག་པོ་ཆེན་པོའི་སྒྲུབ་ཐབས་ཀྱི་རིམ་པ། དཔལ་མགོན་པོ་ནག་པོ་ལ་ཕྱག་འཚལོ།། འཇིགས་པའི་ཚོགས་རྣམས ་འཇིགས་བྱེད་པས། ནག་པོ་དེ་ལ་ཕྱག་འཚལ་ནས། དེ་ཡི་སྒྲུབ་ཐབས་འདོད་རྣམས་ཀྱིས། དོན་བསྡུས་པ་ནི་བཤད་པར་བྱ། བླ་མ་རྙས་བྱེང་སེམས་ཅན་འཚེ།། དམ་ཚིག་སྨོད་དང་བསྟན་པ་བཤིག། དེ་རྣམས་སྦྲེལ་བར ་བྱ་བ་ཡིན། གཞན་དུ་ནམྱ་ཡང་བྱ་བོ་མིན། དང་པོ་གནས་བཙིལ་བརྟག་པར་བྱ།། སྐྱེ་གནས་སྒོ་ཅན་དབང་ལྡན་ལྷ།། རི་མོ་ཚང་ཚིང་ཕུགོ་དག་གི། དུར་ཁྲོད་དག་གམ་ལམ་ཅན་ནམ།། མཚན་མ་གཅིག་པ་དག་ཏུ་བྱ།། ་རོརང་སྙིང་ཧཱུཾ་བསྒོམས་འཕྲོ་འདུ་ལོས།། དེ་ལས་ལྷ་ཚོགས་རང་སྣང་འགྱུར།། སྣ་ཚོ་གོས་མཆོད་པ་རྣམ་གསུམ་བྱ།། བཤགས་པ་བྱེད་དང་སྡོམ་པ་དང་། ཡོངསུ་བསྔོ་དང་ལམ་ལ་གནས།། དེ་ནས་བྱམས་དང་སྙིང་རྗེ ་དང་།། དགའ་དང་བཏང་སྙོམས་བསྒོམ་པར་བྱ།། དེ་ནས་སྟོང་པ་ཉིད་བསྒོམས་ལ། སྔགས་འདི་ཡིས་ནི་བསྟན་པོ་བྱ།། ཨཾ་ཤྲཱུ་ནྱ་ཏཱཾ་ཛྙཱ་ན་བཛྲེ་སྭ་བྷཱ་ཨ་ད་མ་ཀྲོ་ཧཾ། སེམས་དེ་རམ་ལས་ཉི་མར་གྱུར།། པཾ་ལས་སྣ ་ཚོགས་པད་མར་བསྐྱེད།། དེ་སྟེངས་ཧཱུཾ་ནི་མཐོང་ག་ལས།། གྲི་གུག་སྔོན་པོ་དག་ཏུ་འགྱུར།། ཕར་འཕྲོས་ཚུར་ནོ་འདུས་པ་ལས།། གཟས་པ་བསྒྱེལ་བའི་གདན་སྔངས་ན། སྐུ་མདོག་ནག་པོ་འཇིགས་པ་ཆེ ་ཁམས་གཉིས་མ་འདུས་ཟ་བར་བྱེད།། ཞབས་རྣམས་ས་ལ་རྡེབ་མཛད་ཅིང་།། ལྷ་དང་ལྷ་མིན་སྡིགས་པར་བྱེད།། ཞལ་བཞི་པ་ལ་ཕྱག་དྲུག་པ།། གཡས་པ་དཀར་ལ་གཡོན་པ་དམར།། རྒྱབ་ནི ་སེང་གེའི་ཞལ་དང་ལྡན།། རྩ་བའི་ཞལ་ནི་ནག་པ་སྟེ།། རྩ་བོའི་ཕྱག་ནི་གྲི་གུག་དང་།། ཐོད་པ་ཁྲག་གིས་བཀང་བ་འཛིན།། བར་མ་གཉིས་ན་དབྱུག་ཏོ་དང་།། གླང་པོ་ཆེ་ཡི་པགས་པ་འཛིན།། གསུམ་པ་དགྲ་སྟ་ཞགས་པ་འཛིན ་སྟགས་གི་པགས་པས་སྨད་བཀྲིས་ཤིང་།། འཛག་པའི་མགོ་བོས་དོ་ཤལ་བྱས།། ཤིན་ཏུ་འཇིག་སུ་རུང་བ་བསྐྱེད།། གཡས་སུ་གཏུམ་མོ་སྔོན་མོ་སྟེ།། གཡས་ན་ཐོད་པ་གཡོན་དར་ནག། གཡོན་དུ་གཡུང་མོ་དམར་པོ་སྟེ།། ་ལུ་གུ་རྒྱུད་ཀྱི་ཞགས་པ་རྣམས།། ར་ག་སཱི་དང་སིང་ག་ལ།། མོན་མོ་ནག་པོའི་ཚུལ་དུའོ།། ཐུགས་ཀའི་སྦྲུལ་སོ་འོད་འཕྲོས་པས།། རང་བཞིན་གནས་ནས་སྤྱན་དྲང་སྟེ།། གནས་ནས་འོངས་ནས་དེ་ལྔ་ཐིམ།། ཛཾཿཧཱུཾ་བཾ་ཧཽཿ ་ས་དགུ་ཞུག་བྱ།། རྡོ་རྗེ་རྩ་ལྔའི་རྒྱ་ཕྱག་ཡིས།། བརྟན་པར་བྱིན་གྱིས་བརླབ་པར་བྱ།། མེ་ཏིག་ན་ག་འབྲས་ངུ་དང་།། མི་དབང་འབྲས་དང་དཀར་དམར་དང་།། གླུ་བཱ་ན་ཚེ་དམར་བཞི་དང་།། བདུད་རྩི་ལྔ་དང་དབང་པོ་ནི།། ་ཨ་ལས་བྱུང་བའི་ཀ་པཱ་ལར།། ཟླ་བ་ཉི་མའི་བར་དུ་ནི།། ས་བོན་ལྔ་དང་ལྕགས་ཀྱོ་ལྔ།། འོག་ཏུ་མེ་ཏོག་འབར་བ་ནི།། བྲིམ་རྣམ་པར་དག་བྱས་ནས།། མི་རྫུག་དྲི་དང་རྣམ་རྟོག་ནི།། ཧ་དང་ཧྲི་དང་ཧས་སྦྱངས་ནས།། དེ ་ནས་ཚོགས་ལྕེ་མྱང་བྱ།། དེ་ལ་དབུལ་བའི་སྔགས་ནི།། ཨཱཾ་བཛྲ་གྱིད་ནི་ཛཿཧཱུཾ་བཾ་ཧོཿ།། ཨོཾ་མ་ཧཱ་ཀཱ་ལ་ཨི་དམ། དྷཱུ་པཾ། པུཥྤཾ། དཱི་པཾ། གྷནྟཾ། ཨནྟཾ་བྷ་ལིང་ཁ་ཁ་ཁཱ་ཧི་ཁཱ་ཧི་ཏིཥྚ་ཏིཥྚ། བྷནྡྷ་དྷནྡྷ། པ་ཙ་པ་ཙ། ཧཱུཾ་ཕཊ ་བྱ་བའི་སྔགས་ཀྱིས་དབུལ།། རྡོ་རྗེ་དྲིལ་འཛིན་དཔའ་བོ་ཡིས།། དབེན་པའི་སྔགས་ཀྱི་གླུ་བླང་ཞིང་།། བསྟོད་པ་འདི་ཡིས་ཡང་བསྟོད།། ཧཱུཾ་སེན་པོའི་གཟུགས་ཀྱི་གདུག་པ་ཅན།། གྲོང་ཁྱེར་སུ་མ་བརྩེགས་འཇིགས་པར ་བྱེད།། ལེགས་ལྡན་ཁྱོད་ལ་ཕྱག་འཚལ་བསྟོད།། བདག་གིས་པ་ཙུན་པར་ཁྱོད་བསྟོད་དོ།། འཇིག་རྟེན་འདི་ན་རང་དབང་ཐོབ།། སྔོན་གྱོ་བྲམ་ཟེས་སྨྲས་པ་ལྟར།། བཀྲ་ཤིས་མཆོག་བསྒྲུབས་སེམས་བདེར།། ་ཡིད་མྱུར་གཟུགས་ཅན་ཀུན་ཏུ་གྲོགས།། མགོན་པོ་བྱེད་ཅིང་འཇིག་རྟེན་སྐྱོང་།། འོཐབ་པའི་ཚེ་ན་རྟག་ཏུ་རྒྱལ།། གཤིན་རྗེ་མ་མོ་མངོན་པར་བསྟོད།། དར་གྱི་སྟོང་གཡོགས་སྔོན་པོ་ཅན།། སྡུག་དང་མི་སྡུག་ལུས་སྟོན།། ་མིག་གིས་ཐམས་ཅད་རྔམ་པར་བྱེད།། མཆོག་སྒྲུབ་དཔག་མེད་སེམས་བདེར་བྱེད།། སྙིང་དང་ལྡན་ཞིང་རབ་ཏུ་དཔའ།། རྟག་ཏུ་ཁྱོད་ལ་བདག་གིས་བསྟོད་།། བདག་གིས་ཉི་མའི་དཀྱིལ་དུ་ནི།། འབྲིང་བའི་ཚུལ་དུ་གནས ་པ་ལ།། བདག་གི་སྙིང་གི་དཀྱིལ་དུ་ནི།། རཾ་ལོས་ཉི་མའི་འོད་པདྨ།། གྲི་གུག་དབུས་ནས་འཕྲེང་བ་བྱ།། ཁ་ནས་ལྔ་པར་འཁོར་ཚུལ་དུ།། འབུམ་ལ་སོགས་པ་ཅི་ནུས་བཟླས།། དེ་ལས་སྔགས་ལས་གྲི་གུག་འགྱུར ་དེ་ཡཱིས་བཅད་ཅིང་བཏུབས་པར་བསམ།། ཨོཾ་མ་ཧཱ་ཀཱ་ལཱ་ལཱཾ་གྷུ་ན་ཧཱི་ད་ཨེ་ཀ་ཛ་ཏི་ཧཱུཾ་ཕཊ།། དེ་ནས་རྟགས་ནི་འབྱུང་བར་འགྱུར།། རྟགས་ནི་བརྟན་པར་གྱུར་པ་དང་།། གསང་བའི་ལས་ལ་འཇུག་བྱ། ་གོང་གི་སྔགས་དང་སྦྱོར་བ་ཡིས།། གྲུ་གསུམ་དལ་གྲུ་གསུམ་ལ།། བྱུགས་ལ་རེལ་གྲི་གྲི་གུག་བྲི།། གྲུ་གསུམ་གདུང་རྩ་མདའ་དང་གཞུ།། ཁོ་དོག་ནག་པོ་བྱས་ནས་སུ།། དགྲ་བའི་གཟུགས་བརྙན་ཁོ་ཅི་འདྲ།། ཆུས་སྦྲུས་པ་དང ་གས་ལ།། རྐང་རྗེས་དུར་ཁྲོད་ཐལ་པ་དང་།། བདུད་རྩི་ལྔ་དང་བག་ཕྱཝ་དང་།། ཁྲག་གིས་བྲུས་ལ་སོར་བརྒྱད་པ།། བྱས་ལ་སྙིང་གར་འཁོར་ལོ་གཞུག། སྔོགས་ཀྱི་འོདི་ཟེར་ལ་གནོད་སྦྱིན།། མེ་རྣམས་ས་ཀྱིས་ནི་དགུགེ་པར་བྱ།། ་ཁུགས་ནས་གདུག་པ་ཅན་ལ་ག་དང་།། ཡང་ན་རབ་ཆད་ཐོད་པ་རུ།། འཁོར་ལོ་ཁྲག་གིས་བྲིས་པར་བྱ།། དེའི་དབུས་སུ་གི་གུག་བྲིས།། སྔགས་དང་མིང་སྤེལ་དུག་གིས་དགང་།། ཀླུ་ཡོད་གནས་སུ་མཛེ་ཡིས་འཛིན།། ཁྲག་བཀང ་དུར་དུ་སྦས་གྱུར་ན།། རིགས་རྒྱུད་རྩད་ནས་འཆད་པར་འགྱུར།། ཞིང་ལ་སྦས་ན་མི་སྐྱེ་འགྱུར།། ཕུར་བུ་གདབ་ཅིང་ཉི་ཟླའི་བར།། གཡུང་དྲུང་དྲུག་གིས་འུག་པ་རུ།། གསང་པའི་སེམས་ཀྱིས་གསོད་པར་འགྱུར།། ཁྲག་དང་དུག་དང ་སྐེ་ཚེ་དང་།། ཚེ་གསུམ་ལྟོས་བྱེད་བདུད་རྩི་སྦྱར།། ལུས་ཀུན་ལ་ནི་བྱུགས་གྱུར་ན།། རིམས་ནད་ཀུན་གྱིས་ཐེམས་པར་འགྱུར།། ཐོང་ཁྲག་བཀང་ལ་ལྷ་རྟེན་ལ།། བཟླས་པ་འབུམ་བྱས་ཕུར་བས་གདབ།། གྲོང་ཁྱེར་ངེས་པར ་འཁྲུག་པར་འགྱུར།། ཁྲག་དང་དུག་གིས་རབ་བཀང་ལ།། འགྲམ་རྩ་དག་ཏུ་སྔས་གྱུར་ན།། གྲོང་ཁྱེར་འཇིག་པར་ཐེ་ཚོམ་མེད།། ཉི་མ་ཡི་ནི་ཚེ་དག་ལ།། ཚ་བའི་མར་ཁུ་རབ་སྦྱར་ནས།། རྐང་པ་གཉིས་ལ་བྱུགས་བྱས་ནས།། བྱ་རོག་ཚན ་པོའི་སྐེད་བཅིངས་ན།། སྐྱེད་པ་དག་ཏུ་འགྱུར་བ་ཡིན།། གྲོག་མཁར་དག་གི་ས་དང་ནི།། གུར་གུམ་གྷི་ཧད་ཡུང་བ་ལ།། སྲིན་ལྷག་དག་གིས་སྦྱར་བྱས་ལ།། འཁོར་ལོ་ལེགས་པར་བྲིས་ནས་ནི།། བྲ་ཚིལ་ལང་གི་བཅུག་བྱས་ནས།། ་ཁ་ནི་ནུང་ཏུ་ལྟས་གྱུར་ཏེ།། ཞག་བདུནནི་དག་གི་ཆོ་ག་ཡིས།། བརྒྱ་བྱིན་ཡང་ནི་དབང་དུ་འགྱུར།། དྷ་དྷུ་ར་ཡི་ཕྱེ་མ་དང་། ཤིང་སྲིན་བྲོས་པའི་ཕྱེ་མ་ཡིས།། ཤ་ཚན་དག་དང་སྦྱར་བྱས་ནས།། པ་རུ་བླུགས་པར་གྱུར་པ་ན།། ངེས་པར ་སྨྱོ་བ་དག་ཏུ་འགྱུར།། གྲི་ཡིས་བཏུབ་ཅིང་བཅད་པ་དང་།། ཧོམ་ཁུང་སྦྱིན་སྲེག་ཆོ་ག་བྱ།། རྡོ་ལ་རྟེན་བཅས་དར་གྱིས་བཀྲིས།། དབེན་པའི་གནསུ་བཞུགས་ནས་ནི།། མུ་ཏ~ཾགཱི་ནག་པོ་ལ་སོགས་པ།། ཤ་ཆེན་སྤོས་དང་གཏོར ་མོས་མཚད།། དམ་ཚིག་ལྡན་པས་བྱས་གྱུར་ན།། རང་གི་སེམས་ལ་ཙི་འདོད་འགྲུབ་པར་འགྱུར།། དཔལ་ལྡན་མགོན་པོ་ནག་པོ་ཡི།། བསྒྲུབ་ཐབས་བྱས་པའི་ཕན་ཡོན་གྱི།། དེ་ནི་བསྒྲུབ་ལ་དགའ་བ་དག། མྱུར་བར་དངོས་གྲུབ ་ཐོབ་པར་འགྱུར།། དཔལ་མགོན་པོ་ནོག་པའི་སྒྲུབ་ཐབས་ཀྱི་རིམ་པ།། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་རྫོག་སོ།། ། པཎྜི་ཏེ་འབུམ་ཕྲོག་གསུམ་པ་དང་། ལོ་ཙཱ་བ་དགེ་སློང་དར་མ་གྲགས་ཀྱིས་བསྒྱུར་བའོ།། ་