CLOSE WINDOW

GT2885: tshe dpag tu med pa zhes bya ba'i sgrub thabs
Wyliee-texts produced with BDRC’s OCR application

རྒྱ་གཱར་སྐད་དུ། ཨ་ཡུ་ཨ་པ་ར་མི་ཏ་སཱ་དྷ་ན་མ། བོད་སྐད་དུ། ཚེ་དཔག་ཏུ་མཱད་པཱ་ཞེས་བྱ་བའི་སྒྲུབ་ཐབས། མགོན་པོ་ཆེ་དང་ཡེ་ཤེས་དཔག་ཏུ་མེད་པ་ལ་ཕྱག་འཚལོ།། དང་བརྩོན་འགྲོ་རྣམས་སྒྲལ ་འདོད་པས།། བསོད་ནམས་ཚོགས་ནི་སྔོན་སོང་ནས།། ཚངས་པའི་གནས་བཞི་བསྒོམ་པར་བྱ།། རང་ཉིད་སྙིང་ཁ་རོ་ཧྲི་དམར་ལས།། ཡེ་ཤེས་མེ་འབར་རྣམ་སྨིན་བསྲེགས།། དེ་རྗེསཽ་རང་སེམས་ཐིག་ལེ་དང་།། ཧྲིཾཿདམར་ཚིག ་དྲག་གྱུར་པ་ལས།། འོད་འཕྲོས་དོན་བྱས་ཚུར་འདུས་པས།། རྟ་མཆོག་སྤྱན་གསུམ་ཞལ་བསྐྲད་པ།། དབྱུག་པ་སྡིགས་འཛུབ་རབ་འཇིགས་བསྒོམ།། དེའི་ཐུགས་ཁར་པད་ཟླའི་སྟེང་།། ཧྲིཿལས་བཅོམ་ལྡན་ཚེ་དཔག་མེད།། མདོག ་དམར་རྒྱན་མཛེས་འཛུམ་ཞིང་སྒེག། བུམ་པ་ཡོངསུ་འཛིན་པའོ།། དེའི་ཐུགས་ཁར་པདྨ་ཉིའི་སྟེང་།། ཧྲིཿལས་འབྲུ་ཆེད་འཁོར་ལོ་ནི།། རྡིབས་བརྒྱད་ཡོངསུ་གྱུར་པ་ལས།། གཞལ་ཡས་གྲུ་བཞི་སྒོ་བཞི་པ།། འདྲེ་བ་བརྒྱད་ཁྱམས་དང ་པད་རག་དང་།། འདོད་ཡོན་དྲ་པྱད་ཕྲུ་གུས་བརྒྱན།། རྟ་བབས་མཆོད་རྟེན་ལ་སོགས་མཛེས།། རྡོ་རྗེ་མི་རི་དམར་སྡུག་འཁྲུག། དང་ཞིང་ཐོགས་པ་མེད་པཱ་ཡི།། འོད་ཟེར་ཚོགས་འཁྲུག་བསྒོམ་པར་བྱ།། དེ་ཡང་ཧྲི་ལས་ཕོ་གྲོང་གི། དབུས ་སུ་སེ་གཅིག་ཆད་པ་ལས།། མཽ་འཇིགས་བརྒྱད་དུ་གྱུར་པར་བསྒོམ།། ད་སྟངས་པཾ་ཨ་རཾ་ལས།། པད་ཟླ་རྟ་བདུན་དག་ཏུ་གྱུར།། དེའི་སྟེང་དུ་ཧྲིཿལས་ནི།། འོད་འཕྲོས་དོན་བྱས་ཚུར་འདུས་པས།། པད་མ་དམ་པོ་འདབ་ལྔར་གྱུར།། ་དེ་ལས་བཅོམ་ལྡན་ཚེ་དཔག་མེད།། མདོག་དམར་གཞོན་སྒེག་བརྒྱན་གྱིས་མཛེས།། འགྲོ་རྣམས་རེ་བསྐོང་དཔག་བསམ་ཤིང་།། བུམ་པའི་ཁ་བརྒྱན་ཐུགས་ཁར་འཛིན།། འགྱིང་བཅས་འོད་འཁྲུག ་དཀྱིལ་ཀྲུངས་བཅས།། དེའི་གཡོན་དུ་བྱེ་དང་ཨ།། གྱུར་པས་པད་ཟླའི་གདན་སྟངསུ།། ཨ་ལས་ཡུམ་མཆོག་གོས་དཀར་མོ།། མཚལ་མདོག་འགྱིང་བཅས་འཛུམ་ཞིང་སྒེག། ཐུགས་ཁཱར་པད་མ་ར་གའི།། བུམ་པ ་ཡོངསུ་འཛིན་པའོ།། ཤར་དུ་པད་ཟླ་ཉི་མ་ཡི།། སྟེང་དུ་ཧཱུཾ་ལས་རྡོ་རྗེར་གྱུར།། དེ་ལས་མི་བསྐྱོད་ཚེ་དཔག་མེད།། བེ་དུར་སྔོན་པོའི་མདོག་འདྲ་བ།། དཀྱིལ་ཀྲུང་དང་བཅས་བུམ་པ་འཛིན།། དེའི་གཡོན་དུ་པད་ཟླའི་སྟེ།། སྲ ་ལས་ཡུམ་མཆོག་སངས་རྒྱས་སྤྱན།། མདོག་དཀར་ཕྱག་གཉིསཾ་བུམ་པ་འཛིན།། གཞོན་སྐྲག་དཀྱིལ་ཀྲུང་བཞུགས་པའོ།། ལྷོ་རུ་པད་ཟླ་ཉི་སྟེངསུ།། སྭ་ལས་རིན་ཚན་ཚེ་དཔགྲ་མེད།། བཙོམ་གསེར་མདོག་དཀྱིལ་ཀྲུང་བཞུག ་བུམ་འཛིན་རིན་ཆེན་བརྒྱན་སྨྲས་སོ།། གཡོན་དུ་བོད་ཟླ་ར་ཉིད་ལས།། བྱུང་བའི་ཡུམ་མཆོག་མ་མ་ཀི། ན་མཁའི་མདོག་ཅན་འཛུམ་སྒེག་མཛེས།། བུམ་པ་བསྣམས་ཤིང་དཀྱིལ་ཀྲུང་བཞུགས།། ནུབ་དུ་པདྨ་མ་ཉི་མ་ཡི།། ་སྐྱེང་དུ་བྲུཾ་ལས་འཁོར་ལོར་གྱུར།། དེ་ལས་སྣང་མཛད་ཚེ་དཔག་མེད།། དཀར་ཞིང་དཀྱིལ་ཀྲུང་བཞུགས་པའོ།། གཡོན་དུ་པད་ཟླ་ཉི་མ་ལས།། དབྱིངས་ཕྱུག་མ་ནི་དུང་གི་མདོག། འགྱིང་བཅས་རིན་ཆེན་བརྒྱན་གྱིས་སྦས།། ཞ ་གཉིས་རྡོ་རྗེ་དཀྱིལ་ཀྲུངསོ།། བྱང་དུ་པང་ཟླ་ཉི་མ་ཡི།། སྟེང་དུ་ཨ་ལས་རྒྱ་གྲམ་པ།། དེ་ལས་དྲོན་གྲུབ་ཚེ་དཔག་མེད།། མདོག་ལྗང་བུམ་པ་དཀྱིལ་ཀྲུང་མཛེས།། གཡོན་དུ་པད་ཟླ་བའི་སྟེང་།། ཏ་ལས་དམ་ཚིག་སྒྲོལ་མ་ནི།། སྔོ ་ལྗང་སྣ་ཚོགས་རྒྱུན་གྱིས་མཛེས།། ཐུགས་ཁ་དུམ་པ་འཛིན་པའོ།། ཤེར་ཁྱམས་ཟླ་བའི་གདན་སྟེང་སུ།། ཧཱུཾ་བཾ་ནི་རྡོ་རྗེ་བཞིར་གྱུར་པས།། རྡོ་རྗེ་རིགས་ཀྱི་སེམས་དཔའ་བནོ།། གཡས་པ་རང་རྟགས་རྡོ་རྗེ་འཛིན།། གཡོན ་པོ་ཆུའི་བུམ་པ་འཛིན།། རྒྱནྡ་མཛེས་རྡོ་རྗེའི་དཀྱིལ་ཀྲུང་མཛེས།། ལྷོ་ཕྱོགས་བོད་མ་ཟླ་བའི་སྟེང་།། སྭ་ལས་རིན་ཆེན་འབར་བ་བཞིན།། རིན་ཆེན་རིགས་ཀྱི་སེམས་པར་གྱུར།། གཡས་པ་རིན་ཆེན་གཡོན་པ་ན། ་ཚེའི་བུམ་པ་ཐུགས་ཁར་འཛིན།། བཙོ་མོ་གསེར་འདྲ་དཀྱིལ་ཀྲུང་བཅུ་གོས།། ནུབ་དུ་པད་ཟླ་ཧཱུ~ཾ་བཞི་ལས།། པད་མ་འདེབ་ལྔར་གྱུར་པ་ལས།། པད་མའི་སེམས་དཔའ་བཞི་རུ་གྱུར།། ཕྱག་གཡས་རང་རྟགས་པད་མ ་བསྣམས།། གཡོན་པ་བུམ་འཛིན་རྒྱན་སྤྲས་ཤིང་།། དཀྱིལ་ཀྲུང་དག་གིས་བཞུགས་པའོ།། བྱང་དུ་གདན་སྟེངས་ཨ་བཞི་ལས།། རྡོ་རྗེ་རྒྱ་གྲམ་ལས་གྱུར་པའི།། ལས་ཀྱི་སེམས་དཔའ་བཞི་རུ་གྱུར།། སྔོ་ལྗང་རྒྱ ་གྲམ་པ་འཛིན།། གཞོན་སྒེག་མཛེས་ཤིང་དཀྱིལ་ཀྲུང་བཞུགས།། འོད་ཟེར་ཚོགས་ཀྱིས་བསྐོར་བའོ།། ཤར་སྒོར་ཛ་དང་ལྕགས་ཀྱུ་ལས།། ལྕགས་ཀྱུ་མ་ནི་མུ་ཏིག་མདོག། ལྷོ་སྒོར་ཧཱུཾ་ལས་ཞགས་པ་སེར།། ནུབེ་དུཿ ་ལས་ལྕགས་སྒྲོག་དམར།། བྱང་དུ་ཧོ་ལས་དྲིལ་བུ་ལྗང་།། ལྷ་མོ་དེ་དག་ཐམས་ཅད་ཀྱང་།། འཁྲིལ་ལྡེམ་གཞོན་སྐྲག་རྒྱན་སྤྲས་མཛེས།། ཞལ་ནི་ཕྱིར་གཟིགས་བཞེངས་པའོ།། གྲུ་ཆད་བཞི་ལ ་མཆོད་པའི།། ལྷ་མོ་སྤྱི་དང་འཐུན་པར་བསམ།། དེ་ལས་ཐུགས་ཁའི་འོད་ཟེར་གྱིས།། རང་བཞིན་གནས་ནས་ཡེ་ཤེས་པ།། འདི་བརྗོད་སྤྱན་ནི་དྲང་བར་བསམ།། ཧཱུཾ་གདོད་ནས་རང་བཞིན་མཁའ་ལྟར་དག། ཐུགས་རྗེས་གཞ ་ཚོན་སྐུར་སྟོན་པ།། བཅོམ་ལྡན་གསུང་མཆོག་འོད་དཔག་མེད།། རང་བཞིན་ལྷུན་གྲུབ་གཞལ་ཡས་ནས།། ཏིང་འཛིན་གཟུགས་བརྙན་དམ་པ་འདིར།། འགྲོ་བའི་དོན་དུ་སྤྱན་འདྲེན་ན།། ཚེ་ཟད་ཚེ་ཉམས་བསལ་མཛད་ཕྱིར།། ་གནས་འདི་ཉིད་དུ་གཤེགསུ་གསོལ།། རྡོ་རྗེ་རིན་ཆེན་པད་མ་དང་།། ལས་ཀྱི་རིགས་མཆོག་ཚེ་དཔག་མེད།། མཆོད་པའི་ལྷ་མོ་རྣམ་བཞི་དང་།། སེམས་པ་བཅུ་དྲུག་སྒོ་མར་བཅས།། རང་བཞིན་དཀྱིལ་འཁོར་ཆེན་པོ་ནས།། ་ཏིང་འཛིན་གཟུགས་བརྙན་དམ་པ་འདིར།། ཚེ་དང་ལོངས་སྤྱོད་རྒྱས་པ་དང་།། ཐུགས་མཆོག་ཡེ་ཤེས་ཐོབ་བྱའི་ཕྱིར།། གནས་འདི་ཉིད་དུ་སྤྱན་འདྲེན་གྱིས།། བྱིན་གྱིས་བརླབ་ཕྱིར་གཤེགསུ་གསོལ།། ཛ་ཧཱུཾ་བཾ་ཧོས་དགུག ་ཅིང་གཞུག། མཉེས་པར་གྱུར་པ་ལ་མཆོད་པ་དང་།། བསྟོད་པ་རྒྱས་དང་བསྡུས་པ་བྱ།། སྐུ་གསུང་ཐུགས་ནི་བྱིན་གྱིས་བརླབ།། དེ་ནས་བྱང་རྒོད་རབ་སྤངས་ལོ།། མ་ཡེངས་ལྷོ་རྣམས་རབ་ཏུ་བསྒོམ།། དེ་རྗེས་བཟླས་པ་བྱ་བ ་ནཱིནི།། ལྷ་རྣམས་ཐུགས་ཁའི་བུམ་པའི་ནང་།། ཧྲཱི་ཧཱུཾ་སྱ་བྲུཾ་ཨ་ལས་ནི།། རང་རང་སྔགས་ཀྱིས་བསྐོར་བར་བསྒོམ།། ཨོཾ་ཧཱི་བྲུཾ་བཛྲ་ཛྙཱ་ན་ཨ་ཡུ་ཤེ་སྭཱ་ཧཱ།། ཨོཾ་ཧཱུཾ་བྲུཾ་བཛྲ་ཛྙཱ་ན་ཨ་ཡུ་ཤེ་སྭཱ་ཧཱ།། ཨོཾ་སྭ་བྲུཾ་བཛྲ་ཛྙཱ་ན་ཨ་ཡུ་ཤཾ་སྭཱ་ཧཱ། ་ཨཱཾ་བྷྲཱུཾ་བྲུཾ་བཛྲ་ཛྙཱ་ན་ཨ་ཡུ་ཤེ་སྭཱ་ཧཱ།། ཨོཾ་ཨ་བྷྲཱུཾ་བཛྲཱི་ཛྙཱ་ནཱ་ཨ་ཡུ་ཤེ་སྭཱ་ཧཱ།། དེ་རྣམས་ཡབ་ཀྱི་བསྙེན་པའོ།། ཡུམ་གྱི་བུམ་པར་ཨ་པཱ་ར།། མི་ཏ་བསམས་ལ་སྔགས་འདིས་བསྐོར།། ཨོཾ་བྲུཾ་ཨཱ་བ་ར་མི་ཏ་ཨ་ཡུ་ཛྙཱ་ནཱ་སུ་བི ་ནིནཱིཎི་རྟི་ཏི་ཙ་ར་ཙི་ཡ་སྭཱ་ཧཱ།། ཡུམ་མཆོག་ལྔའི་སྙིང་པོ་བརྗོད།། ཕྱོགས་བཅུའི་སེམས་དཔའ་བཅུ་དྲུག་པོ།། གཙོ་བོའི་སྔགས་རྣམས་བསྐོར་བ་བསྒོམ།། ཛ་ཧཱུཾ་བཾ་ཧོ་ཨེ་པ་ར་མི་ཏ་ཨ་ཡུ་ཛྙཱ་ནཱ་སུ་བྷི་ནི་སྭཱ་ཧཱ།། སྒོ་མ་བཞིའི་སྙིང་པོའོ།། ་དེ་ལྟར་བུམ་པའི་སྔགས་རྣམས་ལ།། དམིགས་ནས་བཟླས་པོ་བྱས་པ་ཡིས།། ཡིག་འབྲུ་རྣམས་ལས་བདུད་རྩིའི་རྒྱུན།། བྱུང་བས་བུམ་པ་གང་བར་བསམ།། བུམ་ནང་ཡེ་ཤེས་བདུད་རྩིའི་རྒྱུན།། རང་གི་གནས་གསུམ་ཐིམ་པ ་ཡིས།། ལུས་ངག་ཡིད་གསུམ་ནད་གདོན་དང་།། སྡིག་སྒྲིབ་དག་ནས་དབང་བཞི་ཐོབ།། འཆི་མེང་དངོས་གྲུབ་ཐོབ་པར་བསམ།། དེ་ནས་རང་གིས་སྔགས་བཟླས་པས།། དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱང་།། རང་རང་གས་པ། ་སྔགས་ཟློས་པར་བསམ།། རང་སྙིང་ས་བོན་ཤར་ཕྱོགས་ནས།། ལྷ་མོ་དཀར་མོ་ལྕགས་ཀྱུ་ཐོགས།། དཔག་མེད་ཤརུ་འཕྲོས་པ་ཡིས།། ནད་གདོན་ཞི་བའི་ལས་བྱས་ནས།། དྲི་ཟའི་ལག་ནས་ཚེ་བཀུག་ནས།། རང་དང་བུམ ་བར་བསྟིམ་པར་བྱ།། དེ་བཞིན་ལྕེའི་ཞགས་པ་ལས།། ཚྭ་དང་ལོངས་སྤྱོད་རྒྱས་བྱས་ནས།། གཤིན་རྗེའི་ལག་ནས་ཆེ་བཀུག་ནས།། གོང་བཞིན་དུ་ནི་བསྟིམ་པར་བྱ།། ནུབ་ཀྱི་ལྕགས་སྒྲོག་དམ་པོ་ཡིས།། ་སྲིད་པོ་གསུམ་མ་ལུས་དབང་བསྡུས་ཏེ།། ཆུ་ལྷའི་ལག་ནས་ཚེ་བཀུག་ནས།། བསྟིམ་ཞིང་ཀླུ་གདོན་དག་པར་བསམ།། བྱང་གི་དྲིལ་བུ་དགས་མཛད་མས།། ནད་གདོན་ལོག་འདོན་ཚར་བཅད་ནས།། གནོད་སྦྱིན་ལག་ནས་ཚེ་བཀུག ་ནས།། གོང་བཞིན་དམིགས་པ་གསལ་བས་བསྟིམ།། ཤར་ཕྱོགས་རྣམ་རྒྱལ་བུམ་པར་ནི།། རྫས་དྲང་འགུལ་ཆིངས་ཁ་རྒྱན་བཅས།། ཕྱག་མཚན་བྲིས་ལ་བཞུག་པར་བྱ།། ཕྱི་ནི་བུམ་པའི་རྣམ་པ་ལ།། ནང་ནི་གཞལ་ཡས་ཁང་དུ ་བསམ།། གོང་བཞི། ན་བདུད་རྩིས་བུམ་པ་གང་།། དེ་ཡིས་རང་གཞན་ཐམས་ཅད་ཀྱི།། ནང་གདེན་སྡིག་སྒྲིབ་སངས་དག་ནོས།། འཆི་མེད་དངོས་གྲུབ་ཐེབ་པར་བསམ།། ལས་བུམ་རྟ་མགྲིན་བསྐྱེད་པ་ཡང་།། བགེགས་ཀྱི་སྟེང་དུ ་བཞག་པར་བྱ།། དེ་ཡིས་རང་གཞན་བར་ཆད་སྲུང་།། བདུད་རྩི་དམར་པོས་ཁྲུས་བྱའོ།། དེ་ལྟར་རང་དོན་གཞན་དོན་ལ།། མ་ཡེངས་བསྐྱེད་རིམ་གསལ་པོ་ཡིས།། ཟླ་བ་གཅིག་ཏུ་སྔགས་བཟླས་ནི།། རྟགས་རྫོགས་ཟླ་དྲུག་ཞལ་མཐོབ ་འགྱུར།། དེ་ཡོང་རྒྱུན་དུ་ཉམས་ལེན་ན།། ཁ་ཏོའི་སྐད་ཀྱིས་མ་ནོར་བར།། མདུན་དུ་གཅ་བ་ཡབ་ཡུམ་བསམ།། གསོལ་བ་བཏབ་ལ་མཆོད་བསྟོད་བྱ།། བུམ་པ་དག་ལ་དམིགས་ནས་ནི།། གསང་སྔགས་ཉི་ཤུ་རྩ་གཅིག་བཟླས།། ངའི ་བདུད་རྩིའི་རྒྱུན་བྱུང་ནས།། རང་གི་སྤྱི་གཙུག་ཐིམ་པ་ཡིས།། འཆི་མེད་ཚེའི་དངོས་གྲུབ་ཐོབ།། ཚེ་དཔག་མེད་པར་གྱུར་པར་བསམ།། བརྟན་པའི་ཡན་ལག་སྔགས་བཟླས་སོ།། དེ་ཡིས་ཚེ་ཉིད་ཉི་ཟླར་འགྱུར།། ཚེ་ཉམས་ལ་སོགས ་སྨོས་ཅི་དགོས།། གསངས་ནས་བསྒྲུབ་པ་རབ་ཏུ་བསྔགས།། ། དེ་ནས་གསང་སྒྲུབ་བཤད་པར་བྱ།། དཀྱིལ་འཁོར་གོང་དང་འདྲ་བ་ལ།། ཡབ་ལྔའི་སྐུ་མདོག་དམར་ཞིང་འཚེར།། སྣ་ཚོགས་རིན ་ཆེན་རྒྱན་གྱིས་སྤྲས།། བུམ་པ་ཐོད་པར་བཅས་འཛིན་པ།། རྡོ་རྗེ་དཀྱིལ་ཀྲུངས་བཞུག་སོ།། ཡུམ་ལྔ་སྐུ་མདོག་ཡབ་དང་འདྲ།། གཞོན་སྒོག་རྒྱན་མཛེས་སྐུ་ཤ་རྒྱས།། འཛུམ་ཞིང་ནུ་མ་འདུར་བ་ཡི།། གཡས་པ་པདྨ་རྡོ་རྗེ་དང་།། རིན ་ཆེན་འཁོར་ལོ་རྒྱ་གྲམ་སྟེ།། གཡས་པ་རང་རྟགས་ཕྱག་མཚན་འཛིན།། གཡོན་པ་ཐད་པ་བདུད་རྩིས་བཀང་།། ཡབ་ལ་སྟོབ་ཅིང་དཀྱིལ་ཀྲུངས་འཁྲིལ།། ཡབ་ཀྱི་འོད་ཟེར་དཀར་བའི་མདོག། ཡུམ་ལ་ཕྲོག་ཅིང་ཡུམ་གྱི་ནི།། འོང ་ཟླ་ར་ཡབ་ལ་ཕོག་པཱ་ཡི།། ཡབ་ཡུམ་འོད་ཟེར་ཚོགས་འཁྲུག་ཅིང་།། སྙོམས་འཇུག་ཟག་མེད་བདེ་བ་རྒྱུས།། གཉི་སུ་མེད་པའི་སྦྱོར་མཚམས་ནས།། བྱང་སེམས་དཀར་དམར་བདུད་རྩིའི་རྒྱུན།། རང་གྲི་གནས་གསུམ་ཕོག་པ ་ཡིས།། ལུས་ངག་ཡིད་གསུམ་སྡིག་སྒྲིབ་དག། ཐུན་མོང་མི་ཡིན་དབང་བཞི་ཐོབ།། རང་ལུས་ཟག་མཽད་བདེ་བས་རྒྱས།། ཡེ་ཤེས་ལུས་ལ་མགོན་པོར་བསྐྱེད།། ཤར་ཕྱོགས་ཁྱམས་ལ་རྡོ་རྗེའི་རིགས།། ཁྲོ་བ་ཞལ་ཅིག ་ཕྱག་གཉིས་པ།། མདོག་དམར་ཕྱག་གཡས་རྡོ་རྗེ་བསྣམས།། གཡོན་པ་ར་གའི་བུམ་པ་བསྣམས།། སྦྲུལ་དང་རིན་ཚུན་སྣ་ཚོགས་བརྒྱན།། མེ་རི་འབར་བའི་རློང་དཀྱིལ་གནས།། གྲཡས་བསྐུམ་གཡོན་བརྐྱང ་བཞེངས་པའོ།། ཡུམ་ཀྱང་མདོག་དམར་རྡོ་རྗེ་དང་།། བུམ་པོ་འཛིན་ཅིང་ཡབ་ལ་འཁྱུད།། ཁྲོ་ཞིང་ཅུང་ཟད་དགྱེས་པར་བསམ།། ལྷོ་ཕྱོགསུ་ནི་རིན་ཆེན་རིགས།། ཡོབ་ཡུམ་གཡས་པ་རིན་པོ་ཆེ།། གཡོན་ན་ཚེའི་བུམ་པ་བསྣམས།། ནུབོ ་ཕྱོགས་བུད་དྷཱའི་ཁྲོ་བོ་ནི།། ཡབ་ཡུམ་གཡས་པ་འཁོར་ལོ་སྟེ།། གཡོན་པ་ཚེའི་བུམ་པ་བསྣམས།། བྱང་ཤར་འཕྲིན་ལས་ཁྲོ་བོ་ནི།། ཡུབ་ཡུམ་གཡས་པ་རྒྱ་གྲམ་བསྣམས།། གཡོན་པ་ཚེའི་བུམ་པ་བསྣམས།། དབུས་ཀྱི་སྟེང་དང་འག ་ཏུ་ནི།། ཁྲོ་བ~ཾ་ཡ་བྲེ་ཡུམ་གཡས་པ་ནི།། པདྨ་འདབ་ལྔ་བསྣམས་པ་སྟེ།། གཡོན་པ་ཚེའི་བུམ་པའོ།། ཕྱོགས་བཞི་ཁྲོ་བོ་གཉིས་གཉིས་བསྒོམ།། རྒྱུན་དང་ཆ་ལུགས་སྐུ་མདོག་རྣམས།། ཤར་ཕྱོགས་བཞིན་དུ་བསམ་པཱར ་བྱ།། སྒོ་མ་བཞི་ནི་མདོག་དམར་ཞིང་།། ཞལ་ནི་ཕྱིར་གཟིགས་ཁྲོ་མོའོ།། གཙོ་བོ་ལྔ་དང་ཁྲོ་བཅུའོ།། བུམ་པ་དག་ལ་དམིགས་ནས་ནི།། གསང་བའི་སྔགས་ནི་བཟླས་པར་བྱ།། ཨོཾ་ཧྲི་ཧཱུཾ་སྭ་བྲུཾ་ཨ། ཛ་ཧཱུཾ་བཾ་ཧོ། ཨ་པ་ར་མུ ་ཏེ་ཡུ་ཛྙཱ་ན་མ་ཧ་སི་ཏི། ཧ་ས་ནི་རྀ་སྭཱ་ཧཱ།། དེ་སྐད་མ་ཡོངས་བཟླས་པ་ཡིས།། བུམ་པའི་ཆུ་རྒྱུན་སྤྱི་བོར་ཕོག། སྡིག་སྒྲིབ་དག་ནས་དབང་བཞི་ཐོབ།། དེ་ནས་རང་ཉིད་ཡབ་ཡུམ་དུ།། གསལ་ལ་གསང་བའི་སྔགས་བཟླསོ།། ་ཤར་དང་བྱང་ཤུཪྵ་མཚམས་སུ་ནི།། བུམ་པ་ལྟར་གནས་གོང་བཞིན་བསམ།། རང་དང་ལྷ་རྣམས་སྔགས་ཟློས་བསམ།། འཆི་མེང་བདུད་རྩིས་བུམ་པ་ཁེངས།། རྗེ་སུ་ལྷ་རྣམས་ཞུ་བའི་ཆུས།། རང་གཞན་ཐམས་ཅད ་ཁྲུས་བྱའོ།། དེ་ཡིས་མཆོག་དང་ཐུན་མོང་གི། དངོས་གྲུབ་ཐམས་ཅད་འབྱུང་བར་འགྱུར།། དེ་ནས་དེ་ཁོ་ན་ཉིད་འདི་བསྒྲུབ།། ལུས་གནང་གཏུམ་མོ་བཞིན་དུ་བྱ།། རང་ཉིད་མགོ་ན་བོར་གསལ་བ་ཡིས།། གསང་གནས ་ཆེས་འབྱུང་གྲུ་གསུམ་དུ།། ཧྲཱིཿདང་རཱྀ་ལས་མེ་འབར་བས།། ཁོང་པའི་ནང་རྣམས་ཐམས་ཅད་ཁེངས།། སྤྱི་བོ་ཧཾ་བརྒྱད་ཞུ་བ་ལས།། བདེ་ཆེན་བདུད་རྩིའི་རྒྱུན་བབི་པས།། རྩ་རྣམས་ཁེངས་པས་བདེ་བ་རྒྱས།། དྲེད་དང ་བདེ་བའི་ཁྱེད་པར་ཀུན།། སྟེང་འོག་རླུང་གི་གནད་ཅེས་བྱ།། རྟ་བདུན་རི་བོང་རྒྱས་བཏབ་ནས།། ན་ཐར་ཐུག་ལྷུན་གྲུབ་རྣམ་གསུམ་ཐོབ།། བཅུ་གསུམ་ས་རྣམས་རྫོགས་པར་འགྱུར།། བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པར ་བསྒྲུབ་ཐབས།། ཡེ་ཤེས་ཀྱི་མཁའ་འགྲོ་མ་གྲུབ་པའི་རྒྱལ་མོས་མཛད་པ་རྫོགས་སོ།། ་