CLOSE WINDOW

GT2880: seng ldeng nags kyi sgrol ma la bstod pa
Wyliee-texts produced with BDRC’s OCR application

ལོངས་ས་དགེ་སློང་ཚུལ་ཁྲིམས་རྩེགས་ཀྱིས་བསྒྱུར་བའོ།། ཨོཾ་ཀུ་རུ་ཀུ་ལེ་ཧཱི་ཧཱུཾ་སྭ་སྭཱ་ཧཱ།། ཨོཾ་ཏ་རེ་ཏུད་ཏ་རེ་ཏུ་རེ་སྭཱ་ཧཱ། བཀྲ་ཤིས་པར་ཤོག། @#།། རྒྱ་གར་སྐད་དུ། ཁ་དྷི་རོ་དྷ་རེ་སྟོ་དྲ། ་སྐད་དུ། སྲེང་ལྡེང་ནགས་ཀྱི་སྒྲོལ་མ་ལ་བསྟོད་པ། འཕགས་མ་སེང་ལྡེང་ནགས་ཀྱི་སྒྲོལ་མ་ལ་ཕྱག་འཚ་ལོ།། འཕགས་མའི་ཕོ་བྲང་སེང་ལྗང་ནགས་ན་སྒྲོལ་མ་རྩ།། ཨུ་དུམ་ཝ་ར་སེང་ལྡེང་རྒྱུ་ཤུག་ནྱ་གྲོ་ཏ། ་ཙཅན་དན་འབྲས་བུ་གསུམ་སྟོང་ཛ་ཏཱི་ལཱི་ཤིའི་ཚལ།། ཁ་ཟུམ་ཁ་བྱེ་མོ་དྲེག་ཤིང་ལོ་ཉམས་དགེ་རི་གནས།། ལྗོན་ཤིང་འོབྲས་བུ་སྲིན་དང་མ་སྦྱིན་ཏཱཾ་བོ་ལ།། ཡན་ལག་བརྒྱད་ལྡན་ཆུ་ནི་ལྷུང་ལྷུང་སྒྲ་སྙན་ལ།། རྨ་དྱེ་ན་ཙེ་ཁྲི་བྱུག་བཞད ་རྣམས་སྒྲ་སྦྱིན་སྒྲགས།། སྟག་གཟིག་རྒྱུག་ཅིང་ཨེ་ནས་གར་བྱེད་དོམ་དྲེད་མཆོངས།། ལྷ་སྦྲང་གླུ་ལེན་སྣེ་སྟེ་ཁྲི་སྙན་བེའུ་སྔུན།། ལྷའི་བུ་མོ་གཞོན་ནུ་ནགས་ན་དྲུག་ལྗོན་ལེ་ནི།། དགེ་སློང་ཀླུ་གྲུབ་སེང་ལྡེང་ནགས་ན་གྲུབ་ཆེན ་མཛད།། སྒྲོལ་མ་གཤེགས་བཞུང་ཞིང་ཁམས་གནས་ལ་ཕྱག་འཚལ་བསྟོད།། སྐྱེ་མེད་ཐུགས་རྗེའི་མཚོ་ལས་པད་མ་མར་གད་མདོག། མེ་ཏོག་ཟླ་མཛེས་བུད་མེད་རིན་ཆེན་བཅུད་ཀྱིས་མཛེས།། དང་དེའི་འགྲོས་ལྟ་དབྱིང ་ཞིང་གཉིས་འཐུང་དྲེག་བཞིན་གཟིགས།། བདེ་གཤེགས་ཐུགས་རྗེའི་རླན་གྱིས་གང་མོས་སྐུར་སྟོན་མ།། གསེར་གྱི་པད་མས་སྙན་བརྒྱན་ཨུད་པལ་དར་དཔྱངས་ཅན།། རིན་ཆེན་རྗེ་བྲན་དབུ་ལ་དོན་གྲུབ་ཅོད་པན་བཞུགས།། ་རུམུ་ཏིག་བཅོམ་བྷུ་རུའི་ཆུན་འབྱངས་འགུར་ཆུ་མཛེས།། ཕྱག་ཞབས་གདུ་གུ་དཔུང་བརྒྱན་སྐུ་རེག་དར་སྒེག་མ།། ཐུགས་རྗེ་འཁོར་བ་ལས་སྒྲོལ་ཕྱག་ནོ་པད་མེ་ཡིས།། སྤྱན་གྱི་ཆེབ་ལས་ལྷ་མོ་སྐུ་འཁྲུངས་འོད་དཔག ་མེད།། སྨོན་ལམ་མཐུ་ཡིས་བརྩེ་ཆེན་གཞན་གྱི་དོན་ལ་བརྩོན།། ཞིང་མཆོག་རྣམ་དྲག་སེང་ལྡེང་ནགས་ཀྱི་གཞོན་ནུ་མ།། ཞལ་གྱི་པདྨ་མ་ཡིད་འོང་བཞིན་ནི་ཟླ་ལྟར་རྒྱས།། ཆུ་སྐྱེས་སྤྱན་མཛེས་དཀྱུས་རིང་དཀར་ནག་མདངས ་གསལ་བ།། མགོར་སྐྱེས་ཁུར་བུ་གསེར་གྱིས་སྒྲ་བརྒྱན་བུང་ལྟར་གནག། བའི་རྡོ་འདྲ་སྣུམ་ཞིང་མཛོད་སྤུ་དུང་འཁྱལ་མ།། བདེན་གཉིས་ཕྱག་ནི་ཨུད་ངལ་ཁ་འབྱེད་བདག་སེགས་ཀྱི།། གཏི་མུག་མུན་སེལ་སྙིང་གི་ཆུ་སྐྱེས་ཁ ་དང.་ན།། ཨུད་པལ་གཡོན་བསྣམས་ཡེ་ཤེས་རྒྱས་མཛད་གཡས་པ་ཡིས།། འགྲོ་པོ་རྣམས་བུང་བའི་མེ་ཏིག་སྔོན་པོ་ཁ་འབྱེབ་མ།། སྲིད་པར་ལྷུང་ནས་མྱ་ངན་སྨྲྀ་སྔགས་འདོན་པ་ལ།། སེམས་ཅན་དོན་མཛད་སྟེང་ལྡིང་ནགས ་ནས་བཞེངས་ལ་གཤེགས།། ལང་ཙོ་དར་བབ་འམ་རྒྱས་པའི་ནུ་འབུར་ཅན།། སྣ་ཚོགས་ཐབས་ཀྱིས་སིད་ཞི་གཡོ་ཞིང་བསྐྱོད་མཛད་མ།། ཁྱུ་མཆོག་སྦྲང་མོ་འགྱེད་བག་ལྟེ་བ་པད་མ་ཙུན།། ཛ་ཏི་ཙམ་པ་ལི་ཤི་དྷི་དྲང་བཟང་པོར ་ལྡནྡ།། ཕྱག་ཞབས་པདྨ་ལྟར་དམར་འཁོར་བའི་སྐྱོན་མ་གོས།། པན་ཙ་ལི་ག་ལྷ་དར་སྡེང་སྨད་བརྒྱན་བྱས་མ།། ཉི་ཚེའི་སྐུ་མི་ནོ་ཁྱབ་པས་ཐུགས་རྗེའི་འདྲོ་ནི་ལས་སྐུ།། ཐུབ་པས་རྒྱ་མཚོར་གསུངས་པ་ཀླུ་གྲུབ་སྙིང་པོ་ཡིས།། ན་གསུ ་གཟིགས་སེམས་ཅནི་དལ་གྱིས་ཁུར་ཚན་ཁྱེར།། ཚངས་ཆིངས་སྲིད་པའི་ནགས་ནས་ཞི་བར་སྒྲོལ་མཛོད་མ།། བསྒྲེས་མི་གཞོན་ནུའི་ཚུལ་འཛིན་སངས་རྒྱས་ཀུན་གྱི་ཕྱི།། མིང་ཙམ་དྲན་པ་ཉིད་ཀྱིས་འཇིགས་ལས་བསྐྱོབ་མཛད་མ།། ་ཡུན་རིང་འཁོར་བར་མི་སྐྱོ་ཞི་བར་མི་གནས་པའི།། ས་བཅུའི་དབང་ཕྱུག་རྒྱལ་སྲས་རྣམས་ཀྱི་ཐུགས་རྗེ་མ།། རྗེ་བཙུན་སྟོན་མཐའ་ཡས་བདག་གིས་བརྗོད་མི་ནུས།། ཀུན་ཏུ་རྟོགས་སྤངས་ཡེ་ཤེས་མང ་བརྙེས་ཆོས་ཀྱི་སྐུ།། གཞན་གྱི་དོན་ཕྱིར་སྐུ་ནི་སེང་ལྡེང་ནགས་ན་གཤེགས་བཞུད་མཛད།། སྲིད་ལས་བདག་གྲོལ་ནགས་ཀྱི་དུ་མེ་ཕྱུག་འཚལ་བསྟོད།། འོད་ཟེར་རལ་གཅིག་སེར་སྡེ་གཡས་གཡོན་ཕྱོགས་ཚྭར་གཤེགས། ་ཞི་ཁྲོའི་ཕྱག་ག་ཉིས་རྡོ་རྗེ་ཨ་ཤོ་གྲི་ཁུག་ཐིགས།། སྡེ་ཕྱིར་བཞུད་ཅིང་དཔེ་མེད་གུས་ལྡན་བསྙེན་བསྐུར་མཛད།། མཛེས་མ་ཉེ་འཁོར་འོད་ཟེར་རལ་ཅིག་ཕྱག་འཚལ་བསྟོད།། སྔོན་མཆེད་ཕྱི་ནས་གདུགས་ཁུར་རིགས་རྒྱལ་བུ ་མོའི་ཚེ་གོས།། རྔ་ཡབ་ཏིང་ཤེག་རྔུ་གླིང་པི་བང་གླུ་གར་འགངས།། ལྷའི་བུ་མོ་བཅོ་ལྔ་རྒྱན་ལྡན་ན་བཟའ་མཛེས།། སྣ་ཚོགས་སྐུ་ཡིས་མཆོད་དསྣམས་རོལ་ལ་ཕྱག་འཚལ་བསྟོད།། ན་གེས་ཚལ་ལྷོ་མེ་སྐུ་མཛེས་དག་མ་འཁོར་བཅས ་ལ།། བདག་གིས་བསྟོད་བགྱིས་མི་བཟད་དགེ་བ་བཟང་པོ་དེས།། འགྲོ་བ་ཀུན་ཐུགས་རྗེའི་ཆུའི་ཉོན་མོངས་ཀུན་དག་ནས།། སྲིད་པའི་ནགས་ནས་ཞི་བའི་ཚལ་དུ་ཕྱིན་པར་ཤོག། གཞོན་ནུ་ཁ་ཏི་ཏ་རེ་མ་ལ་བསྟོད ་པ་ཚིགསུ་བཅད་པ་བཅུ་དྲུག་པ།། སློབ་དཔོན་འཕགས་པ་ཀླུ་གྲུབ་ཀྱིས་མཛད་པ་རྫོགས་སོ།། ། ་