CLOSE WINDOW

GT2876: bde ba'i 'byung gnas dpal ldan rje btsun ma la bstod pa
Wyliee-texts produced with BDRC’s OCR application

ཨོཾ་སྭསྟི། བདེ་བའི་འབྱུང་གནས་དཔལ་ལྡན་རྗེས་དཙུན་མ།། ཉེས་ཚོགས་འཁོར་བའི་འཇིགས་པ་ཆེན་པོ་དང་།། སྡུག་བསྔལ་ཀུན་ལ་སྤྲོ་བ་པར་མཛད་པ་མོ།། བཅོམ་ལྡན་སྒྲོལ་མ་ཡུམ་པ་ལ་ཕྱག་འཚལ ་ཡིད་འོང་རྣམ་མཛེས་ལྔའི་གཟུགས་དང་ནི།། སྲིད་གསུམ་མ་ལུས་ཐམས་ཅད་ཟིལ་གྱིས་མནན།། ཡོན་ཏན་མཚན་དང་དཔེ་བྱད་ཕུན་སུམ་འཚོགས།། ཚིགས་གཉིས་མཐར་བྱིན་མ་ལ་ཕྱག་འཚལོ།། འཇིགས་དང་འཇིགས་པ་ཚོན་པོ ་བརྒྱད་དང་ནི།། དུས་མིན་འཆི་དང་འཁོར་བའི་སྡུག་བསྔལ་དང་།། སྲིད་པའི་རྒྱ་མཚོ་ཚ་ལས་ཁྱོད་ཀྱིས་སྒྲོལ།། ཐུགས་ཎྜཱིའི་སྤྱན་མངའ་མ་ལ་ཕྱག་འཚལོ།། ཀུ་སོ་འཆིང་བས་ང་བདག་འཛིན་པ་དང་།། ཕྱིན་ཅི་ལོག་གི་འཇིགས ་ཚོགས་ལྟ་བ་ལཱ།། བདག་འཛིན་ན་མཁའི་མདུད་པ་གྲོལ་བར་མཛད།། སྟོང་ཉིད་སྐུ་མངའ་མ་ལ་ཕྱག་འཚལོ།། རབ་ཏུ་སྡུག་ཅིང་འཕོངས་པར་གྱུར་པོ་ལ།། ལྷ་མོ་པ་ཙམ་གྱིས་ཀྱང་།། སྡུག་བསྔལ་ཀུན་ལས་རབ་ཏུ་ཐར་པར ་མཛད།། བཀྲ་ཤྲཱིས་བདེ་སྦྱིན་མ་ལ་ཕྱག་འཚལ།། དུས་གསུམ་རྒྱལ་བ་རྣམས་ཀྱིས་ཐུགས་ཎཱ~ཾ་ལྔ།། ཁྱོད་ནི་འཁྲུངས་ཤིང་སངས་རྒྱས་རྣམས་ཀྱི་ཡུམ།། རྒྱལ་རྣམས་ཀྱང་ཁྱོད་ལས་སྐྱེས།། ལྷའི་ལྷ་མཆོག་མ་ལ་ཕྱག ་འཚལ།། སྦྱིན་གྱིས་མ་གོས་པདྨ་ཟླ་གདན་ལ།། སྣ་ཚོགས་གཟུགས་ཅན་རྗེ་བཙུན་མོ་ཁྱོད་ནི།། ཨུད་པ་ལ་དང་རིན་ཆེན་རྒྱན་གྱིས་ཕྲེང་།། ལྟར་མཛེས་ཀུན་ཕྱག་འཚལོ།། རྨིལ་མོ་ངན་དང་ལྟས་ངན་གློ་བུར་གོ། ་བདུད་བཞིའི་སྡེ་དང་དཔུང་རྣམས་མ་ལུས་བཅོམ།། སྒྲིབ་གསུམ་ཉེས་པའི་རྩུ་བ་དྲུང་ནས་འབྱིན།། དཔའ་མོ་གཡུལ་ལས་རྒྱལ་ལ་ཕྱག་འཚལོ།། བྱིན་རླབས་མྱུར་ཞིང་རབ་མྱུར་ཐུགས་རྗེ་ཅན།། གསོལ ་བ་གང་བཏབ་དངོས་གྲུབ་ཐམས་ཅད་དང་།། བརྩེ་བ་ཆེན་པོས་སྐད་ཅིག་ཉིད་ལ་སྟེ།། མི་བསྙིལ་སྐྱོབ་མཛད་ཡུམ་ལྔ་ཕྱག་འཚལོ།། རྒྱལ་བ་རིན་པོ་ཆེའི་དགོངས་པོ་ལྟར།། ཕུན་སུམོ་ཚོགས་པའི་དགེ་འདུན་རྒྱ་མཚོ་རྣམས།། འདུན་པ ་མཐུན་ཞིང་བྱམས་པའི་སེམས་ལྡན་ནས།། བདེ་ལྡན་ཞིང་ལྟར་བྱིན་གྱིས་རླབ་དུ་གསོལ།། ས་སྟོང་འཛམ་བུ་གླིང་འདི་ཐམས་ཅད་ཀྱང་།། ཕྲ་རོལ་གདུག་པའི་ཚོགས་ནི་ཞི་གྱུར་ཅིང་།། བཀའ་རྒྱུད་རིན་ཆེན་དར་ཞིང་རྒྱས་པ་དང་།། འཕྲིན ་ལས་རྒྱུན་ཚང་མེད་པར་མཛད་དུ་གསོལ།། ཐུབ་པའི་བསྟན་པ་ཉོ་བཞིན་གསལ་གྱུར་ཅིང་།། སྒྲུབ་པ་པོ་རྣམས་གང་དུ་གནས་པའི་སྔར།། བྱིན་གྱིས་རློབ་ཅིང་མཉམ་པར་གཞོག་པ་དང་།། སྒྲུབ་པའི་འབྲས་བུ་མྱུར་དུ་སྨིན་མཛད་གསོལ ་བདག་ཅག་གང་དུ་གནས་པའི་ས་ཕྱོགསུ།། མངོན་དགའོ་ཞིང་དང་དགའ་ཚལ་ལྟ་བུར་ནི།། སེམས་ཅན་སྡུག་བསྔལ་ཐམས་ཅད་ཞི་གྱུར་ཅིང་།། འགྲོ་རྣམས་བདེ་ཚན་ས་ལ་འགོད་པར་ཤེ་ག། དང་ནས་བཟུང་ནས་བྱང་ཆུབ་སྙིང་པོའི ་བར།། བཅོམ་ལྡན་འདས་མ་ཁྱོད་དང་མི་འབྲེལ་ཞིང་།། ཐུགས་རྗེའི་ལྕགས་ཀྱུས་རྟག་ཏུ་བཟུང་ནས་ཀྱང་།། དུས་རྣམས་ཐམས་ཅད་བྱིན་གྱིས་བརླབ་དུ་གསོལ།། ཡོན་ཏན་མཐའ་ཡས་བཅོམ་ལྡན་འདས་མ་ལ།། ཅུང་ཟད་བསྟོད་པའི ་བསོད་ནམས་ཅི་མཆིས་པ།། འགྲོ་དྲུག་འཁོར་བའི་སེམས་ཅན་མ་ལུས་པ།། བློ་མེད་བྱང་ཆུབ་དམ་པ་མྱུར་ཐོབ་ཤོག།། འདི་མཚན་ཡོངསུ་གྲགས་པ་རིན་པོ་ཆེས་གསུངས་པ་རྫོགསོ།། ་བོད་ཀྱི་སྒྱུ་བསྒྱུར་གྱི་ལོ་ཙཱ་བ་གཉེན་དགེ་སློང་དྷརྨ་ཀཱིརྟིས་རས་འགྱུར་དུ་གཏན་ལ་པབ་བྱའོ།། ཨོཾ་ཐམས་ཅད་གྲུབ་པཱ་དཔལ་འབྲེལ་ལྷ་མི་ཁྱོད་ལགས་ཀྱི།། རྣམ་ཐར་ཡོངས་རྫོགས་དྲི་མེད་ཤཱ ་