CLOSE WINDOW

GT2873: 'phags ma sgrol ma la bstod pa
Wyliee-texts produced with BDRC’s OCR application

རྒྱུ་གར་སྐད་དུ། ཨརྱཱ་དཱ་ར་སྱཱད་དྷ། འོད་སྐད་དུ། འཕགས་མ་སྒྲོལ་མ་ལ་བསྟོད་པ། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལོ།། འཇིག་རྟེན་གསུམ་མགོན་ཡུམ་གྱུར་སྨན་སངས་མ། ་དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ།། གཉིས་མེད་ཡེ་ཤེས་དང་ལས་མ་གཡོས་ཀྱང་།། ཐུགས་རྗེའི་དབང་གི་འགྲོ་དྲོན་སྣ་ཚོགས་མཛད།། བྱམས་པའི་ཡུལ་གྱུར་ཁྱོད་ལ་ཕྱག་འ་ཚ་ལ།། སྐུ་མདོག ་ལྗང་ཀུ་འཕྲོན་ལས་སྣ་ཚོགས་མཛད།། ཡོན་ཏན་རབ་རྒྱས་བཅུ་དྲུག་ལེན་པའི་ཚུལ།། འགྲོ་ལ་རབ་དགྱེས་ཞལ་ནི་འཛུམ་པ་དང་།། ཞི་བའི་སྤྱན་གྱིས་འཇོག་རྟེན་གསུམ་ལ་གཟིགས།། ཐུགས་རྗེ་ཆེ་མངའ་ཁྱོད་ལ་ཕྱག ་འཚལ་འདུད།། བྱང་སེམས་རང་བཞིན་ཟླ་བ་གདན་དུ་བཏང་།། ཉོན་མོངས་མི་བསྐྱོད་རྡོ་རྗེའི་དཀྱིལ་དཀྲུངས་བཅས།། སྒྲིབ་པ་ཀུན་སྤངས་པད་མའི་གདན་ལ་བཞུགས།། ཟག་མེདདྲ་བདེ་རྒྱས་ཟླ་བའི་རྒྱ་བཱ་ཡོལ་ཅན།། ཟག་མེད ་བདེ་བ་ཆེ་ལ་ཕྱག་འཚལ་ལོ།། ན་བཟའ་མཆོག་དང་རིན་ཆེན་དུ་མུས་སྤྲས།། ཕྱོག་གཡས་མཆེད་སྟོན་སྒྲུབ་ལ་དངོས་གྲུབ་སྦྱིན།། གཡེན་པས་ཨུད་པ་ལ་སྦྱིན་བྲལ་དག་པའི་རྟགས།། ཕྱག་གཉིས་ཐངས་དང་ཤེས ་རབ་ཟུང་དུ་འབྲེལ།། མཐའ་བྲལ་ཟུང་འཇུག་སྐུ་ལ་ཕྱག་འཚལ་ལོ།། ལུས་ངག་ཡིད་ཀྱིས་ཁྱོད་ལ་ཕྱག་བྱོས་པས།། ལྟ་བ་དམན་དང་སྒྲུབ་མཆོད་དམན་པ་དང་།། ཉོན་མོངས་དབང་གྱུར་དོམ་ཚིག་ཉམས་པ་དག། ཁྱེད་ལ ་བཟོད་གསོལ་ཐུགས་རྗེས་གཟུང་དུ་གསོལ།། ཡོན་ཏན་མཐའ་ཡུས་མཚན་གྱིས་བརྒྱན་པའི་སྐུ།། ཁྱེད་ལ་དགར་བས་རྡུལ་ཙམ་བསྟོད་པའི།། ཁྱོད་ཀྱིས་ཞལ་ནི་རྟག་ཏུ་མཐོང་བ་དང་།། ལུང ་དག་ལམ་མཆོག་གདམཱ་ངག་བསྟན་པའི།། མཐོ་རིས་ཐར་པའི་ལམ་མཆོག་བདག་ལ་གསོལ།། བྱམས་པའི་སུམ་གྱུར་བདག་ལ་དགོངས་ནས་ཀྱང་།། བདག་ཅག་འཁོར་བཅས་བསྲུང་ཞིང་བསྒྲུབ་པ་དང་།། ཚེ ་འདིའི་རྐྱེན་རྣམས་ཕྱེད་ཀྱིས་བཟློག་པ་དང་།། ཕྱི་མར་ངན་སོང་སྒོ་རྣམས་བཅད་པ་དང་།། བདག་གིས་དགེ་བློ་ཁྱོད་ཀྱིས་རྒྱས་པར་མཛོད།། འཕགས་མ་སྒྲོལ་མ་ལ་བསྟོད་པ་སློབ་དཔོན་མར་མེ་མཇེད ་བཟད་ཐོས་མཛ་བ་རྫོགས་ཏེ། ཁ་ཆའི་མཁན་པོ་ཏྲིང་ཏ་ཀ་ར་བར་མེ་། རྩེ་བ་དགེ་སློང ་ཆོས་ཀྱི་ཡེ་ཤེས་ཀྱིས་འགྱུར་ཞིང་ཞུས་པའོ།། ་