| Wylie | e-texts produced with BDRC’s OCR application |
ཀེ་རེ་མཛད་སྐད།། དེ་ལྟར་མཛད་པ་ཅི་ལགས་ཞུས་པས།། ཁྱོད་ཀྱི་བསྟོད་པ་དེ་སྙན་གསུངས་ཏེ་སྒྲོལ་མ་འཛུབ་ཀེར་དུ་གྲག་སོ།། ། རྒྱ་གར་སྐད་དུ། ཨརྱཱ་ཏཱ་ར་སྟོང་ཏྲཾ་པྲ་ནརྀ་དྷ་ན་ན་མ། བད་སྐད་དུ། འཕྲོ་གས ་མ་སྒྲོལ་མ་ལ་བསྟོད་པ་སྨོན་ལམ་གྲུབ་པ་ཞེས་བྱ་བ། རྗེ་བཙུན་མ་འཕགས་མ་སྦྲུལ་མ་ལ་ཕྱག་འཚལོ།། ཡི་གེ་ལྗང་ཀུ་ཨུད་པ་ལ་ལས་བྱུང་བའི།། སྐུ་མདོག་ལྗང་ཀུ་ཞལ་གཙག་ཕྱག་གཉིས་མ།། ཕྱག་གཉིས་སྒྲ་ལྟ་རིན་ཚུན་དུ ་མྱས་སྤྲས།། ཡི་དམ་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་བསྟོད།། དོན་གྲུབ་ལ་སོགས་རིགས་ལྟོས་དབུ་བརྒྱན་ཅིང་།། ཧྲཱིཅུ་དྲུག་ནི་ཚད་འཛུམ་པོའི་བཞིན་དང་ལྡན།། གཟི་བརྗོད་བཟོད་དཀའོ་དགྲ་ཚོགས་རྟག་པར་འདུལ།། ཡི་དམ་སྒྲོལ་མི ་ཁྱོད་ལ་ཕྱག་འཚལ་བསྟོད།། ཕྱག་གཡོས་མཆོད་སྦྱིན་ཕྱག་གཡོན་ཨུད་པལ་འཛིན།། སྣ་ཚོགས་པད་མ་ཉི་མའི་དཀྱིལ་འཁོར་ལ།། གཡས་བརྐྱང་གཡོན་བསྐུམ་ཚུལ་གྱིས་རབ་ཏུ་བཞུགས།། ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་རྟག་ཏུ ་གཟིགས།། སྐུ་ལ་འཇིགས་པ་བརྒྱད་སྐྱོབ་སྒྲོལ་མ་འགྲོ།། འཁོར་བའི་སྡུག་བསྔལ་ཀུན་ནས་སྒྲོལ་མཛད་པའི།། ཡི་ངམ་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་བསྟོད་།། ཞི་དང་རྒྱས་དང་དབང་དང་དྲག་པོ་དང་།། སྣ་ཚོགས་ལས་རྣམས་མྱུར་དུ ་སྒྲུབ་འཛ་སྡིག།། ཕྲིན་ལས་རྒྱ་མཚོ་མྱུར་དུ་བསྒྲུབ་མཛད་པའི།། ཡི་དམ་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་བསྟོད།། སེང་གེ་གླང་ཆེན་མེ་སྦྲུལ་ཚིམ་རྐུན་དང་།། ལྕགས་སྒྲོག་རྒྱ་མཚོ་ཤ་ཟའི་འཇིགས་པ་བརྒྱད།། དེ་དག་ཀུན་ལས་ཡོངསུ་སྒྲོལ ་མཛད་པའི།། ཡི་དམ་སྒྲོལ་མ་ཁྱོད་ཀྱི་ལ་ཕྱག་འཚལ་བསྟོད།། སྐྱེ་བ་སྔོན་པོས་གསོ་ལྔས་དང་ཉོན་མོངས་པ་དང་།། འཚམས་མེད་ལྔ་དང་མི་དྲག་བཅུ་ལ་སོགས།། མི་བཟང་སྡིག་པའི་ལས་རྣམས་ཅི་བགྱིས་པ།། དེ་དག་ཐམས་ཅད་མ ་ལུས་བྱུང་བར་ཤོག། བདག་ལོ་ད་ལྟའི་སྐྱོ་བ་འདི་ལས་ཀྱང་།། རྨི་ངན་ལྟས་ངན་དུས་མིན་འཆི་དང་དགྲ།། བཀྲ་མི་ཤིས་པ་ཐམས་ཅད་བྱང་གྱུར་ཅིག། ཚེ་དང་བསོད་ནམས་ལོངས་སྤྱོད་རྒྱས་པར་ཏོ།། བདག་ནི་མ་འོངས་སྐྱེ་བ་ཐམས་ཅད་དུ།། ། ་ཡི་དམྦྷ་སྒྲོལ་མ་རྗེ་སུ་དྲན་གྱུར་ནས།། མཆོག་དང་ཐུན་མོང་དངོས་གྲུབ་ཐམས་ཅད་དང་།། བསམ་པ་ཐམས་ཅད་ཡིད་བཞིན་འགྲུབ་འགྱུར་ཅིང་།། དྲིན་ལས་མ་ལུས་ཀུན་ལ་དང་ངོ་བོ་སྒྱུར་ཤོག། ཡི་དམ་སྒྲོལ་མ་ཐུགས་རྗེ་ལྡན་པ་ལ། ་བདག་ནི་རབ་ཏུ་བརྩོན་པོའི་གདུང་སེམས་ཀྱིས།། བསྟོད་པ་བགྱིས་པའི་བསོད་ནམས་གང་བསགས་དེས།། རྗེ་བཙུན་སྒྲོལ་མ་ཁྱེད་དང་མི་འབྲལ་ཤོག། རྗེ་བཙུན་མ་ལ་སྦྲུལ་མ་ལ་བསྟོད་པ་སྨོན་ལམ་ཐམས་ཅད་རབ་ཏུ་གྲུབ་པ་ཞེས་བྱ་བ།། ་སློབ་དཔོན་ཆེན་པོ་ཙཱནྡྲ་གོ་མིས་མཛད་པའོ།། ། རྒྱ་གར་སྐད་དུ། བྷཱ་ག་ཝ་ཏི་ཨརྱ་ཏ་ར་སྟོ་ཏྲ་ན་མ། བོད་སྐད་དུ། བཅོམ་ལྡན་འདས་འཕགས་མ་སྒྲོལ་མ་ལ་བ་སྟོད་པ་ཞེས་བྱ་བ། རྒྱལ་བ ་