| Wylie | e-texts produced with BDRC’s OCR application |
པའོ།། ། རྒྱ་གར་སྐད་དུ། ཨརྱ་དེ་བི་ཏེ་ར་སྤྱོད་ཏྲ། བིད་སྐད་དུ། འཕགས་མ་ལྷ་མོ་སྒྲོལ་མིའི་བསྟོད་པ།། ལྷ་མོ་སྒྲོལ་མ་ལ་ཕྱག་འཚལོ།། བཟློག་དཀའ་སྲིད་པའི་མུན་པ་ནི།། འཇོམས་མཛད་ཉི་མའི་འོད་དང ་མཚུངས།། ཐུགས་རྗེས་བརླན་པའི་ཐུགས་མངའ་བ།། སྒྲོལ་མ་ལ་ནི་རྟག་ཏུ་འདུད།། ཤིན་ཏུ་རྣོ་བའི་སེམས་ཅན་གྱི།། གླང་པོ་ཆེ་རྣམས་གསོད་བྱེད་པའི།། ལྷ་མོས་སེང་གེ་འཁྲོས་པ་རྣམས།། མཐོང་བ་ལ་ནི་འཇིགས་ཤིང་འབྲོས།། མཆེབ ་མདུང་རྩི་རྩེ་མོ་ཡིས།། དག་འཇོམས་ཤིང་དྲུང་རྩ་བ་འདོན།། ཁྱོད་ཀྱི་སྔགས་འདི་བཟླས་པ་ལས།། འཇིགས་ཤིང་གླང་པོ་འབྲོས་པར་འགྱུར།། ཕྱོགས་དང་ན་མཁའ་མ་ལུས་པ།། འདུལ་བས་ཁྱབ་ཅིང་བཟོད་པར་དཀའ།། འབར་བ་ཡིས་ནི ་ཁྲི་ཆོག་ལ།། ཁྱོད་བསྟོད་ཆར་པ་མ་ཞི་འགྱུར།། མ་ལུས་གདོངས་ཀ་ལས་བྱུང་བ།། ཕུད་སྒྲ་སྒྲོགས་ཤིང་དུག་མ་ཅན།། སྦྲུལ་ནི་ལྷ་མོ་ཁྱོད་བསྟོད་པས།། ན་མཁའ་ལྡིང་གི་བྱིན་དུ་འཇིགས།། རལ་གྲིས་གཅོད་པ་གྲོལ་ལ་རྣམས།། ཁྲག ་གི་ཡནྡ་ལག་བསྡུས་པ་སྟེ།། ཁྱོད་ཀྱི་མཚན་ཙམ་ཐོས་པ་ཡིས།། ཆོམ་རྐུ་ནི་ནུས་པ་མེད་པར་འགྱུར།། རྒྱལ་པོ་འཁྲོས་པའི་བྲན་རྣམས་ཀྱིས།། སྐྲ་ནས་བཟུང་ཞིང་ཞུགས་པས་བཅིངས།། བརྩོན་རྭ་སྤངས་ཏེ་ལྷ་མོ་ཀྱེ།། ཁྱོད་ལ་བསྟོད ་བྱེད་འཇིགས་མེད་འགྱུར།། དབའི་རླབས་ཚོགས་ཀྱིས་ཕྱོགས་བཅུ་དང་།། ན་མཁའ་ཡང་ནི་ཁྱབ་བྱེད་པ།། གྲུ་ལོག་ནས་ནི་རྒྱ་མཚོ་ནས།། ཁྱོད་ཀྱི་འབངས་ནི་ཕ་རོལ་ཕྱིན།། ཁྲག་དང་གླད་པ་འདམ་གྱིས་བྱུགས།། དེ་དག་བཟའ་བ་ལ ་ཚོགས་པ།། ལྷ་མོ་ཁྱེད་ཀྱི་སྔགས་བཟླས་པས།། ཤ་ཟོ་དེ་དག་འཇིགས་པར་འགྱུར།། ཡན་ལགོ་ཆད་ཅིང་དྲི་ང་བའི།། ཁྲག་དང་སྣག་ནི་སྣ་ནས་འཛག། ཁྱོད་ལ་འདུས་པ་ཙམ་གྱིས་ནི།། མཛེ་པོ་འདོད་ཁམས་ལྷ་འདྲར་འགྱུར།། བཀྲེས ་སྐོམ་གྱིས་གདུང་གཅེར་བུ་དང་།། སློང་བ་ཡི་དགས་དང་འདྲ་བ།། ཁྱོད་ལ་བཏུད་པ་ཙམ་གྱིས་ནི།། འཁོར་ལོ་བསྒྱུར་བའི་རྒྱལ་པོར་འགྱུར།། འཇིགས་པ་ཆེན་པོ་འཇིགས་བྱེད་པ།། དེ་ལྟར་དག་པ་ཁྱོད་བསྟོད ་པས།། དགེ་བ་གང་བསགས་དེ་ཡིས་ནི།། འཇིག་རྟེན་བདེ་བ་ཐོབ་པར་ཤོག། ལྷ་མོ་སྒྲོལ་མོ་ལ་བསྟོད་པ་སློབ་དཔོན་ཙནྡྲ་གོ་མིས་མཛད་པ་རྫོག་སོ།། ། སློབ་དཔོན་གྱིས་སྒྲོལ་མཱའི་ཤིང་སྐུ་དེ་ལཾ་བསྟོད་པསོ་ཕྱག་འཛུབ ་ཀེ་རེ་མཛད་སྐད།། དེ་ལྟར་མཛད་པ་ཅི་ལགས་ཞུས་པས།། ཁྱོད་ཀྱི་བསྟོད་པ་དེ་སྙན་གསུངས་ཏེ་སྒྲོལ་མ་འཛུབ་ཀེར་དུ་གྲག་སོ།། ། རྒྱ་གར་སྐད་དུ། ཨརྱཱ་ཏཱ་ར་སྟོང་ཏྲཾ་པྲ་ནརྀ་དྷ་ན་ན་མ། བད་སྐད་དུ། འཕྲོ་གས ་