CLOSE WINDOW

GT2868: 'phags ma lha mo sgrol ma la bstod pa mu tig 'phreng ba zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཨརྱ་ཏཱ་ཡ་ར་དྭེ་བི་སྟོད་ཏྲ་གུ་ལུ་ཏ་མ་ལ་ས་དྷ་ན་མ། བོད་སྐད་དུ། འཕགས་མ་ལྷ་མོ་སྒྲོལ་མ་ལ་བསྟོད་པ་མུ་ཏིག་འཕྲེང་བ་ཞེས་བྱ་བ། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལོ།། ་གང་ཞིག་བདག་ལ་དེ་ཉིད་སྟར་མཛོད།། འགྲོ་མགོན་ཞབས་ལ་སྤྱི་བོས་བཏུད་དོ།། སྒྲིབ་པ་ཉོན་མོངས་དྲི་མ་བསལ་ཕྱི་རཱི།། ལྷ་མོ་མཆོག་ལ་བསྟོད་པར་བྱའོ།། ཡི་གེ་ཏཾ་ལས་སྐྱེས་པའི་སྐུ་མཆོག། ཐུགས་རྗེ་ཉི་མ་འབུལ་གྱི་འོད་ཀྱིས།། ་འཁོར་བའི་རྒྱ་མཚོ་སྐེམས་པར་བྱེད་པའི།། སྡུག་བསྔལ་སྟོངས་པོར་མཛད་ལ་ཕྱག་འཚལ།། ལུས་ཀྱི་རྣམ་པོར་སྨིན་པའི་བུད་ཤིང་།། ཡེ་ཤེས་མེ་ཡི་དཔུང་གིས་བསྲོག་ནས།། མཆོག་གི་དངོས་གྲུབ་གྲུབ་པོར་མཛད་མ།། རིས ་དྲུག་ཉོན་མོངས་སེལ་ལ་ཕྱག་འ་ཚལ།། རྫུ་འཕྲུལ་ཐོགས་མེད་ན་མཁའི་ལུས་ཅན།། ཐུགས་རྗེས་སྲིད་པའི་མཚོ་ཆེན་བསྒྲལ་ནས།། འགྲོ་རྣམས་ཐར་པའི་གླིང་དུ་ཁྲིད་པའི།། དེད་དཔོན་ཆེན་མོ་ཁྱོད་ལ་ཕྱག་འཚལ།། བྲིས་པའི ་སྐུ་ལ་གསོལ་བ་བཏབ་པསོ།། དེས་ཀྱང་གྲུབ་ཆེན་བརྒྱད་པོ་འཐོབ་འགྱུར།། གང་ལ་གང་འདོད་དངོས་གྲུབ་སྟེར་མ།། འདོད་གུའི་འབྱུང་གནས་ཁྱེད་ལ་ཕྱག་འཚལ།། ལྷོ་རྣམས་རྒྱབ་ཕྱོགས་རིགས་སྔགས་སྡུས་ནས།། ཁྱོད་ཀྱི་སྐུ་གཟུགས ་སྤྱི་བོར་བླངས་ནས།། ཕྲིན་ལས་རྣམ་བཞི་གྲུབ་པའི་རྒྱུར་འགྱུར།། མཐུ་རྩལ་ཐོག་མེད་ཁྱོད་ལ་ཕྱག་འཚལ།། རྣ་རྒྱནི་མགུལ་རྒྱན་ལོངས་སྐུའི་ཆ་བྱད།། རིན་ཆེན་དུ་མས་སྤྲོས་པའི་དེ་ཤལ།། དཔུང་རྒྱན་སེ་མོ་དོ་ཡིས་བརྒྱན་མ།། ་དཔལ་གྱི་འོད་ཅན་ཁྱོད་ལ་ཕྱག་འཚལ།། ཁྱོད་ལ་གུས་པའི་བློ་མཆོག་སྐྱེས་པའི།། མི་དེའི་རྣ་བར་བླ་མའི་མན་ངག། ཚིག་གཅིག་སོང་བར་མ་གྱུར་ཀྱང་ནི།། སྟོང་ཉིད་བདེ་བའི་ཉམས་ཀྱི་དྲོད་སྙོམས ་ཤེས་རབ་མཆོག་སྐྱེད་མ་ལ་ཕྱག་འཚལ།། ཁྱེད་ཀྱི་གསུང་མཆོག་བརྗོད་དུ་མེད་ལས།། ཨ་ལི་ཀ་ལི་རོལ་བའི་སྒྲ་འབྱུང་།། ཏུད་ཏཱ་ར་ཡིས་འུར་སྒྲ་ཆེན་པོས།། འཕགས་ལམ་བསྐྱོད་པ་ཁྱོད་ལ་ཕྱག་འཚལ།། དྷ་ན་ཏ་ར་ཕཊ་ཀྱི ་ཡི་གེས།། བདུད་སྡེ་དཔུང་བཙོས་མི་བཟང་འཇོ་མོས་མ།། གཞན་གྱིས་མི་ཐུབ་དྲག་རྩལ་ཆེན་མོ།། མཐུ་སྟོབས་ལྡན་པ་ཁྱེད་ལ་ཕྱག་འཚལ།། ལྷ་དང་ཀླུ་དང་དྲི་ཟ་གནོད་སྦྱིན།། དྲང་སྲོང་དང་ནི་མཁའ་འགྲོའི་དམོད་སྔགས།། བྱད ་སྙེམས་ལ་སོགས་ཕ་རོལ་འཁྲུལ་འཁོར།། འཇོམས་པར་མཛད་མ་ཁྱེད་ལ་ཕྱག་འཚལ།། སྭཱ་ཧཱ་ས་དྲོད་ཀྱི་སྐྱེ་གནས་བཤོག་ནས།། ཧཱུ་ལུ་ཧཱུ་ལུས་མངལ་གྱི་ཁ་འགོག། སྒོ་ངའི་སྐྱེ་གནས་ཨོཾ་གྱིས་འཇོམས་མ།། ཏཱ་རས་བརྫུ་སཽ་སྐྱེས ་སྐྱིལ་ལ་ཕྱག་འཚལ།། སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན་གྱིས།། ནང་ཉམས་ཕྱི་རུ་ཤར་བའི་གཟི་མདོངས།། དཔལ་གྱི་འོད་ཟེར་ཤེས་རབ་འབར་མ།། མ་རིག་མུན་སེལ་ཁྱོད་ལ་ཕྱག་འཚལ།། ཡེ་ཤེས་མེ་དཔུང་འབེར་པོའི ་འོད་ཀྱིས།། བར་ཆད་བདུད་ཀྱི་མདའ་ལྔ་བསྲེག་ནས།། སྒྲུབ་པ་རྐྱེན་གྱི་ཁར་མི་གཏོ་མ།། བྱང་ཆུབ་ལམ་དག་སེལ་ལ་ཕྱག་འཚལ།། སངས་རྒྱས་རྣམས་ཀྱི་ཕྲིན་ལས་བདག་མོ།། སྐུ་གསུང་ཐུགས་དང་རྫུ་འཕྲུལ་ཀུན་འགྲོ། སྟོབས ་བཅུ་མ་ལུས་ཕ་རོལ་ཕྱིན་མ།། དབང་ཕྱུག་བརྒྱད་ལྡན་ཁྱོད་ལ་ཕྱག་འཚལ།། སྐུ་ཡི་རང་བཞིན་ཤེས་བྱའི་དཀྱིལ་འཁོར།། སྤྲོས་པ་དང་བྲལ་ན་མཁའི་རང་བཞིན།། ཆོས་ཀྱི་སྐུ་ལ་གཟུགས་སྐུ་རྣམ་གཉིས།། སྣ་ཚོགས ་དུ་མར་སྤྲུལ་ལ་ཕྱག་འཚལ།། ཨ་ལི་ཀི་ལི་ཆོས་ཀྱི་གཱན་དྷི།། གསུང་དབྱངས་ཡན་ལག་དྲུག་ཅུའི་དབྱངས་ཀྱིསོ།། ཚོགས་དྲུག་ཡུལ་ལ་རང་བཞིན་མེད་པའི།། སྟོང་པའི་སྒྲ་སྒེག་ཁྱོད་ལ་ཕྱག་འཚལ།། འབྱོར་པ་བྱིལ་ནས ་གཞན་གྱི་སྒོ་རྩོར།། རྫུ་ཆག་དུམ་བུར་ཟས་སྐོམ་སློང་བའི།། མི་དེས་ཁྱོད་ཀྱི་བསྔགས་པ་བརྗོད་ན།། རྒྱལ་སྲིད་སྟེར་མཛད་ཁྱོད་ལ་ཕྱག་འཚལ།། རི་མོའི་གཟུགས་ཀྱིས་ཨ་ལོ་ཀ་ལིས།། བརྒྱན་པའི་ཡང་དག་དོན་གྱི་གླེགས ་བམ།། ཤེས་རབ་པ་རིལ་ཕྱིན་པའི་བདག་ཉིད།། ཨཱརྱ་ཏ་ར་ཁྱོད་ལ་ཕྱོག་འཚལ།། གཏི་མུག་སྒྲོལ་བའི་ཤེས་རབ་རལ་གཱི་སོ།། ཉོན་མོངས་མི་ཤེས་འཁོར་བའི་གཡུལ་བཟློག། རྨོངས་པའི་མ་རིག་མུན་རུམ་འཐུག་པོ།། སེལ ་མཛད་སྒྲོལ་མ་ཁྱོད་ལ་ཕྱག་འ་ཚལ།། པདྨ་དང་ནི་ཟླ་བའི་གདན་ལོ།། གོཡས་བརྐྱང་བ་ལ་གཡོན་པ་བསྐུམ་པའི།། ཞབས་ཀྱི་མཐིལ་ལ་པདྨའི་འདབ་མ།། སྟོང་དང་ལྡན་པ་ཁྱོད་ལ་ཕྱག་འཚལ།། དུས་གསུམ་རྒྱལ་བ་ཀུན་གྱི ་ཡུམ་དུ།། མཚོན་པའོ་ཨུད་པལ་ཆེའུ་ལེགས་ལྡན།། ཕྱག་ན་འཁོར་ལོ་རྩིབསོ་མ་སྟོང་ཚང་།། མཚོན་མཆོག་ལྡན་པ་ཁྱོད་ལ་ཕྱག་འཚལ།། ཁམས་གསུམ་སྤོང་བྱེད་བསམ་གཏན་རྫོགས་པས།། འཚོང་བའི་ཐེག་པ ་མཐའ་དག་གཅད་དེ།། སྲིད་གསུམ་འདུམ་གྱིས་གོས་པ་མེད་མ།། འཁོར་བ་ལས་སྒྲོལ་ཁྱོད་ལ་ཕྱག་འཚལ།། འཁོར་ལོས་སྒྱུར་བ་རྒྱལ་པོའི་ཆ་ལུགས།། རིན་ཆེན་བྱེ་བྲག་དུ་མས་སྨྲས་པའི།། ་དབུ་སྐྲ་འཐོན་མཐིང་ལྷུང་ལོར་འཁྱིལ་བའི།། མི་བསྐྱོད་པས་བརྒྱན་ཁྱེད་ལ་ཕྱག་འཚལ།། གང་གིས་སྒྲོལ་མའི་སྐུ་ཡི་གཟུགསོ་བརྙན།། མཐོང་བ་ལ་ནི་མོ་རྗེས་གུས་སྐྱེས་པ།། དྲན་པ་ཙམ་གྱིས་དོན་སོང་སྡུག་བསྔལ།། མ ་ལུས་སེལ་མཛད་ཁྱོད་ལ་ཕྱག་འཚལ།། སྭཱ་ཧཱ་ཨོཾ་གྱོ་ཕྲེང་བ་འཁོར་བས།། སྔགས་ཀྱི་ནུས་པ་ནོར་བུ་སྨན་ལྟར།། རྟེན་འབྲེལ་སྣ་ཚོགས་འཆར་བར་བྱེད་པའི།། ཕྲིན་ལོས་འབྱུང་གནས་ཁྱོད་ལ་ཕྱག་འཚལ།། སྐུ་གསུང་ཐུགས ་ཀྱི་ཡོན་ཏན་རྫོགས་པསོ།། སྨོན་འཇུག་མཐེར་ཕྱིན་འགྲོ་བའི་དོན་ལ།། བརྩོན་འགྲུས་མྱུར་མགྱོགས་གློག་དང་འདྲ་མ།། ལེ་ལོ་ཆེར་གཅོད་ཁྱོད་ལ་ཕྱག་འཚལ།། བག་ཆགས་དང་ནི་ལྔས་ལ་གྲོལ་ནས།། སྐྱེ་སྒོ་བཞི་ཚོད་ཡངས ་སྲིད་མེད་པས།། འཁྲུལ་མེད་ཡོན་ཏན་ཕ་རོལ་ཕྱིནོ་མ།། སྔོན་སྦྱངས་མྱ་ངན་འདས་ལ་ཕྱག་འཚལ།། བུད་མེད་སྒྲོལ་མའི་མིང་ཅན་དེ་ལ།། མོས་པ་སྐྱེས་ནས་གུས་ཕྱག་འཚལ་ན།། དེ་ཡིས་བསོད་ནམས་སངས་རྒྱས་རྒྱུར་འགྱུར ་མཐོང་ཐོས་དོན་ཡོད་ཁྱོད་ལ་ཕྱག་འཚལ།། ནོགས་ཚལ་ཨེ་རོན་ཏིའི་གསེབ་ཏུ།། ཙན་དན་ས་མཆོག་སྐྱེས་པ་བཞིན་དུ།། འགྲོ་བའི་དོན་མཛད་ལྷ་རྣམས་ནང་ན།། ཁྱད་དུ་འཕགས་པ་ཁྱོད་ལ་ཕྱག་འཚལ།། མི་འཇིགས་རྣམ ་པ་བཞི་པོ་བནྡྷས་ནས།། བདག་མེད་སེང་གེའིརི་སྒྲ་ཆེན་བསྒྲགས་པས།། འཇིག་ཚོགས་ལྟ་བ་དྲུག་ཅུ་རྩ་གཉིས།། འཇོམས་པར་མཛད་མ་ཁྱོད་ལ་ཕྱག་འཚལ།། རྒྱུ་སྐར་ཚོགས་ནང་ཉི་ཟླ་བཞིན་དུ།། ཚ་བ་རྣམས་ཀྱིས་ནང་ནས་ཁྱད་པར།། འཕགས ་པ་རི་རབ་ལྷུན་པོ་ལྟ་བུ།། འགྲན་ཟླ་མེད་པ་ཁྱོད་ལ་ཕྱག་འཚལ།། བཞིན་བཟང་ལམ་དུ་ཞུགས་པའི་དུས་དེར།། ཁྱོད་ལ་གསོལ་བ་བཏབ་ནོས་ཕྱིན་ན།། དགྲ་རྐུན་ཉེས་པ་མཐའ་དག་མི་འབྱུང་།། སྐྱབས་གནས་བཟང་མོ་ཁྱོད་ལ་ཕྱག་འཚལ།། ཡུང ་ཙམ་མོས་པ་བྱས་པ་དེས་ནི།། འབྲས་བུ་ཙི་བསམ་འགྲུབ་པའི་རྒྱུར་འགྱུར།། འདོད་པའི་རེ་བ་སྐོང་ངར་མཛད་མ།། ཡིད་བཞིན་ནོར་འདྲ་ཁྱོད་ལ་ཕྱག་འཚལ།། འགྲོ་བ་ཆེའི་འདུ་བྱེད་གཏོང་བའི།། དུས་དྲེར་མཚན་མཆོག་ཏར་ཐོས་པས།། དེས་ནི ་སྲིད་པ་ཧྲུལ་པོར་བྱེད་འགྱུར།། འཁོར་བ་དག་པར་མཛད་ལ་ཕྱག་འཚལ།། འགྲོ་དྲན་ཁྱོད་ལ་བསྒྲུབས་པའི་མི་དེ།། གཉེན་བཤེས་རྣམས་ཀྱིས་སྤངས་པར་གྱུར་ཀྱང་།། ཡི་རབས་གོང་མ་རྣམས་ཀྱིས་ཁུར་འགྱུར།། སྣང་བ་ཁུལ་བར་མཛད ་ལེ་ཕྱག་འཚལ།། ཧུ་ལུ་ཧུ་ལུ་ཏ་ར་ཞེས་པའི།། ཚིག་དེ་བརྗོད་པ་ཙམ་གྱིས་ཀྱང་ནི།། མཁའ་ལ་སྤྱིད་བའི་གནསུ་སྐྱེ་འགྱུར།། ངོ་མཚར་བླ་ན་མེད་ལ་ཕྱག་འཚལ།། གང་གིས་མུ་ཏིག་ཕྲེང་བའི་བསྟོད་པ།། འདི་བརྗོད་ཡོན་ཏན་བསམ་གྱིས་མི ་ཁྱབ། སྦྱར་དུག་ལ་སོགས་འཁྲུལ་འཁོར་མི་ཚུགས།། འཇིགས་པ་མ་ལུས་ཀུན་ལས་སྐྱོབ་གྱུར།། དུད་འགྲོའི་རྣོ་བར་ཐོས་པས་ཀྱང་ནི།། བསོད་ནམས་དེ་ཡིས་བདེ་འགྲོའི་ལུས་འཐོབ།། འཁོར་ལོ་བསྒྱུར་རྒྱལ་བྲན་བཞིན་བཀའ་ཉན།། ཅི་བས ་བྷ་ནི་རྟག་ཏུ་འགྲུབ་འགྱུར།། ལན་གྲངས་ཉི་ཤུ་རྩ་གཅིག་བརྗོད་ན།། དུས་མིན་འཆི་དང་ནད་རྣམས་ཕྱིར་སོལ།། འདི་ནི་འདུ་བ་འཇོམས་པའི་སྤྱན་ཡིན།། རྒྱལ་པོའི་ཆད་པ་ལས་ནི་གྲོལ་འགྱུར།། རྒྱུད་ལྔ་ཡོན་ཏན་སྣ ་ཚོགས་ཆར་ཞིང་།། དེ་ཡི་ཉམས་ལེན་རྐྱེན་ཁར་མི་འཆོར།། བྱང་ཆུབ་ལམ་ནས་ལམ་མཐའ་མི་ལྡོག། དེ་ཡི་བསྒྲུབ་པ་མཐའོ་རུ་ཕྱིན་འགྱུར།། དྲི་མ་མེད་པའི་སྙིང་པོའི་དོན་མཆོག། བཏོན་པས་རྒྱུད་ལ་སྐྱེ་བར་བྱེད།། ཏིང་འཛིན་སྟོང་པྲག། ་བརྒྱད་ཅུའི་སྒོ་འབྱེད།། སྲིད་པའི་དྲ་བ་བཅོམ་ནས་འཚང་རྒྱ།། ལྷ་མོ་ཁྱོད་ལ་མུ་ཏིག་ཕྲེང་བས།། བསྟོད་པའི་བསོད་ནམས་ཟླ་བ་རྒྱས་འདྲ།། འགྲོ་རྣམས་སྙིང་གི་མུན་པ་སེལ་ནས།། ཡེ་ཤེས་སྣང་བ་ཤར་བར་ཤོག་ཅིག། མུ་ཏིག་ཕྲེང་བའི ་བསྟོད་ཕྲེང་བའི་བསྟོད་པ་ཞེས་བྱ་བ།། འཕགས་པ་སྒྲོལ་མ་ལ་རིག་པའི་གནས་རྣམ་པ་ལྔ་ལ་མ་རྨོངས་པ་སྙན་ངག་མཁན་པོ་རྣམས་ཀྱི་གཙུག་གི་ནོར་བུ་ལྟ་ངུ།། སློབ་དཔོན་ཆེན་པོ་ཙན་ཏྲ་གོ་མི་འམ་འཆི་མེད་ཟླ་བ་ཞེས་བྱ་བས་བསྟོད་པ ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ཏི་པ་ཀ་ར་ཤྲཱི་ཛྙཱ་ནའི་ཞལ་སྔ་ནས། བོད་ཀྱི་བན་དྷེ་སྒྲ་བསྒྱུར་གྱི་ལོཙྪ་བ་ནག་ཙོ་ཚུལ་ཁྲིམས་རྒྱལ་བས་བི་ཀ་མ་ལ་ཤཱི་ལའི་གཙུག་ལག་ཁང་དུ་བསྒྱུར་ཞིང་ཞུས་ཏེ་གཏན་ལ་པ་བ ་པའོ།། ། རྒྱ་གར་སྐད་དུ། ཨརྱ་དེ་བི་ཏེ་ར་སྤྱོད་ཏྲ། བིད་སྐད་དུ། འཕགས་མ་ལྷ་མོ་སྒྲོལ་མིའི་བསྟོད་པ།། ལྷ་མོ་སྒྲོལ་མ་ལ་ཕྱག་འཚལོ།། བཟློག་དཀའ་སྲིད་པའི་མུན་པ་ནི།། འཇོམས་མཛད་ཉི་མའི་འོད་དང ་