CLOSE WINDOW

GT2846: phyag na rdo rje gtum po chen po khros pa zhes bya ba'i sgrub thabs
Wyliee-texts produced with BDRC’s OCR application

རྒྱུ་གར་སྐད་དུ། བཛྲ་པཱ་ཎི་ཙཎྜ་མ་ཧཱ་རོ་ཥ་ཎ་སད་ཏཱ་ན་བ་ལཱ། བོད་སྦྱང་དུ། ཕྱག་ན་རྡོ་རྗེ་གཏུམ་པོ་ཆེན་པོ་ཁྲོས་པ་ཞེས་བྱ་བའི་སྒྲུབ་ཐབས། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚ་ལོ།། བླ་མ་རྒྱུང ་གཱའི་རིམ་པ་ཡི།། མན་དགྲ་རིན་ཆེན་བདུད་རྩིའི་རྒྱུན།། གསང་བདག་མངོན་རྟོགས་རིམ་པ་འདི།། སྒྲོ་སྒོར་མེད་པར་བྲི་བར་བྱ།། རྡོ་རྗེ་འཆང་ནས་ད་ལྟོའི་བ།། ཚིག་དོན་རྒྱུད་བྱ་བོར་མ་ཆེད།། དབང་གི་རྒྱལ་པོ་ལྟ་བུ ་ཡི། མཚན་ཉིད་ལྡན་པའི་བླ་མྲ་ལ།། སྙིང་རྗེ་ལྗོན་ཞིང་ཤེས་རཱུབ་ཆེ།། བཟོད་ལྡན་བྱརྩོན་འགྲུས་དད་པས་བརྒྱན།། སྐྱབསོ་འགྲོ་སེམས། བསྐྱེད་དབང་ཐོབ་ཅིང་།། དམ་ཚི་གོ་སྡོམ་པ་ལྡན་པ་ཡི།། དབེན་ཞིང་ཉམས ་དགའ་ཡིད་བདེ་དང་།། བཀྲ་ཤིས་དཔལ་འཕེལ་དབང་དབང་འཛིན།། དུར་ཁྲོད་ཆེན་པོ་འཇིགས་པའི་གནས།། རི་གསུམ་རྩ་འམ་བྲག་གི་འོག། ཁྲོ་བོའི་ཆ་བྱང་འདྲ་བའི་གནས།། དྲིར་ནི་གསུང་བདག་སྒྲུབ་པར་བྱ།། ་སྒྲུབ་པའི་མཐུན་རྐྱེན་བསགས་བྱས་ནས།། དེར་ནི་བཀོད་པ་བཤམ་བྱས་ནས།། བདེ་བའི་སྟན་ལ་འདུག་ནས་ནི།། སྐྱབས་འགྲོ་དང་ནི་སེམས་བསྐྱེད་བྱ།། བླ་མའི་རྣལ་འབྱོར་སྒོམ་ནས་ནི།། ཨོཾ་སྭ་བྷ་ཝ་ཤུདྡྷོ ་སརྦ་དྷརྨ་སྭ་བྷ་ཝ་ཤུདྡྷོ&ཧཾ། སྔོགས་འདི་ལན་གསུམ་བརྗོད་པ་ཡིས།། གཟུང་འཛིན་སྣོད་བཅུད་ཆོས་རྣམས་ཀུན།། བ་ར་སྣང་གང་བའི་དཀྱིལྟ་སྒོམ།། དེ་ནས་ཧཱུཾ་ཞེས་བརྗོད་པོ་ཡིས།། སེམས་ཉིད་ཡི་གེ་ཧཱུཾ་མཐོང་། ་ནགཿབཛྲ་བརྗོད་པས་རྡོ་རྗེར་གྱུར།། ཨོཾ་བཛྲ་སྭ་མ་ཡ་སྟྭཾ།། དེ་སྐད་ལན་གསུམ་བརྗོད་པ་ཡིས།། མཐུ་སྟོབས་ཕྱག་ན་རྡོ་རྗེ་ནི།། མཐིང་ནག་ཞལ་གཅིག་ཕྱག་གཉིས་པ།། གཡས་པ་གནམ ་ལྕགས་རྡོ་རྗེ་བསྣམས།། གཡོན་པ་སྔགས་འཛུབ་ཞགས་པ་བསྣམས།། སྲིད་གསུམ་སྐུ་ཡི་ཁྱོན་དུ་རྫོགས།། ཀླུ་འབུམ་གཉན་ཁྲི་སཾ་བདག་སྟོང་།། ཉི་ཟླ་པད་མའི་གདན་སྟེངས་ན།། གཡས་སྐུམ་གཡོན་བརྐྱང་གར་གྱིས ་བཞུགས།། དུག་ལྔ་འཇོམས་པའི་ཡེ་ཤེས་ཀྱིས།། མེ་དཔུང་འབར་བའི་ཀློང་དཀྱིལ་ནི།། ཡེ་ཤེས་སྐུ་མཆོག་རྔམ་པའི་ཚུལ།། རལ་པ་ཁམ་ནག་གྱེན་དུ་འཁྱིལ།། རྨ་ར་སྨིན་མ་མཾ་ལྟར་འབར།། ཐུགས་རྗེ་སྤྱན ་གསུམ་ཕྱོགས་བཅུར་གཟིགས།། མཆེ་རྩིགས་སྔགས་ཀྱི་འབྲུག་སྒྲ་སྒྲོགས།། ཁྲོ་རྒྱལ་སྣ་ཚོགས་སྐུ་ལ་འཕྲོ།། ཁྱུད་ཆེན་རིགས་ལྔ་ཕོ་ཉར་འགྱེད།། གདུག་པོ་མ་ལུས་འདུལ་བར་བྱེད།། ཐོད་པ་རིན་ཆེན་རྒྱན་གྱིས ་བརྒྱན།། དབུལ་ནེར་རྒྱས་དུང་སྐྱོང་སེར།། སྙན་ལེ་དགའ་བོ་ཉིར་དགའ་དམར།། དཔུང་པ་པད་མ་ཆུ་ལྷ་དཀར།། སེ་རལ་འདབ་བཟངས་རིགས་ལྡན་གནག། སྐུ་གསུང་ཐུགས་ནི་བྱིན་གྱིས་བརླབ།། ཐུགས་ཁའི ་ཧཱུཾ་གི་འོད་ཟེར་གྱིས།། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ།། དབང་ནི་བསྐུར་ལ་མི་བསྐྱོད་བསམ།། ཛཿཧཱུཾ་བཾ་ཧོཿགསང་སྔགས་ཀྱིས།། དགུགེ་གཞུག་དབྱེར་མེད་མཉེས་པར་བྱ།། ཐུགས་ཀར་ཉི་ཟླའི་དབུས་སུ ་ཧཱུཾ། \ུ0f7fཧཱུཾ་ལྷས་འོད་འཕྲོས་སེམས་ཅན་རྣམས།། གྲོལ་བར་བྱས་ནུས་བདག་ལ་བསྡུ།། རྡོ་རྗེ་སྲིན་པོའི་ཁུ་ཚུར་བསྟམ།། རཾ་རཾ་གཉིས་ཀྱིས་མེ་སྦར་ནས།། དགྲ་བགེགས་ནད་དང་སྒྲིབ་པ་རྣམས།། ཐམས་ཅད་མ་ལུས་བསྲེག ་པར་བསམ།། མ་ཧཱུཾ་རོ།། ལན་ཨེ་རཾ་ཕཊ་ཕཊ།། ཁྲོ་རྒྱལོ་སྣ་ཚོགས་མཚོན་ཆ་ཐིགས།། ཡེ་ཤེས་མེ་དཔུང་ཕྱོགས་བཅུར་འཕྲོ།། ལྷ་ཡི་སྐུ་ནི་སྒོམ་པ་ཡིས།། བསོད་ནམས་ཚོགས་ནི་རྫོགས་པར་འགྱུར།། དེ་ཉིད་ཆུ་ལྟེར ་ཤེས་པ་ཡིས།། ཡེ་ཤེས་ཚོགས་ཀྱང་རྫོགས་པར་འགྱུར།། དེ་ནས་ལྷ་སྐུ་སྒྱུ་མ་ལྟར།། སྣང་ལ་རང་བཞིན་མོད་པར་སྒོམ།། མདུན་དུ་ཁྱུང་ཆེན་རྒྱལ་པོ་སྒོམ།། གཡས་སུ་མགོན་པོ་ནག་པོ་སྒོམ།། གཡོན་དུ་ལྷ་མ ་བོང་ཞོན་མ།། ནང་གི་བཀའ་སྟོང་རྣམ་གསུམ་ཡིན།། ཕྱོགས་སྐྱོང་བཅུ་ལྀ་སོགས་པ་ཡི།། དཔལ་མགོན་བདུན་ཅུ་རྩ་གཉིས་པོ།། བཅོམ་ལྗོན་ཕྱག་ན་རྡོ་རྗེ་ཡིས།། བཀའ་ཉན་འཕྲིན་ལས་བྱེད་པར་བསམ།། དེ ་ནུས་གསང་སྔགས་བཟླས་པའི་ཚུལ།། ཨུ་ཙཾ་ཙརྱ་ནནུས་ལྀ་ལི་ཀ་དྷྲྀ་དྷ་ཧཱུཾ་ཧཱུ~ཾ་ཕཊ་ཀྱི་བར་བཟླས། གསང་སྔགས་ཕྲེང་བ་དེ་དག་ཀྱང་།། ཞི་བ་དཀར་ལོ་རྒྱས་ལ་སེར།། དབང་ལ་དམར་ལ་དྲག་ལ་གནག། རྡོ་རྗེའི་ལྕེའི ་འོད་ཟེར་ནི།། གནམ་ལྕགས་ཐོག་རྒོད་འབར་བ་འཕྲོ།། གདུག་པ་ཅན་རྣམས་ཚར་གཅོད་ཅིང་།། དེ་བཞིན་འཕྲིན་ལས་གང་བྱེད་སྒྲུབ།། རུ་རག་ཤ་དང་ལུང་ཐང་དང་།། དུང་ཆེན་འཕྲེང་བ་རབ་ཏུ་ཤིས།། ཨུ་ཙ ་ཙརྱ་ཡཀྵ་སེ་ན། ཨཾ་གྷཱ་ཤ་ཛེ་ཛཿཧཱུཾ་ཧཱུཾ་ཕཊ། གསང་སྔགས་ཡིག་འབྲུ་བཅུ་བདུན་ལ།། འབུམ་ཕྲག་གསུམ་དུ་སྙེན་པ་བྱ།། སྡེ་བརྒྱད་འདུལ་བའི་དྲག་སྔགས་ལ།། འབུམ་ཕྲག་གཅིག། ་གྱིས་གྲངས་སྙེན་རྫོགས།། དུས་སྙེན་རབ་ནི་ཟླ་བ་གསུམ།། འབྲྀ་ནི་ཟླ་གཉིས་ཐ་མེ་ཟླ་བ་གཅིག། རྟགས་སྙེན་རྒྱུད་ལས་བཤད་པ་ཡིན།། སྒྲུ་བོ་པ་པོ་ཡི་སྙེན་པ་བྱ།། ཐུན་མཚམས་དག་ཏུ་གཏོར་མ་ནི།། ཐོད་པ ་སོགས་སྣོད་ནང་དུ།། མར་གྱིས་བརྒྱན་པའི་གཏོར་མ་འམ།། རིནྡ་ཆེན་ལ་སོགས་སྣང་དུ་ནི།། མངར་གསུམ་དཀར་གསུམ་ལྡན་པ་བཤམ།། དེ་ནས་བྱིན་གྱིས་བརླབ་པ་ནི།། ཡཾ་ལས་རླུང་སྟེ་རཾ་ལསྔ་མ།། ཀཾ་ལས ་མི་མགོའི་སྐྱེད་བུ་ལས།། ཨ་ལས་དུང་ཆེན་ནང་དུ་ནི།། ཧཱུཾ་བྷྲཱུཾ་ཨཾ་ཛཾ་ཨཾ། དབུས་ནས་ཤར་ནས་གཡས་སྐོར་དུ།། སྔོ་དང་དཀར་སེར་དམར་ལྗང་དང་།། དེ་ལོས་འོད་ཟེར་འཕྲོས་པ་ཡི།། བར་དུ་གཙད་པའི་གདོན་བགྲེ ་རྣམས།། བཀུག་ནས་ཡེ་ཤེས་ལྔ་ལ་སྟིམ།། ལུས་ནི་ཤ་ལྔ་བདུད་རྩི་ལྔ།། སེམས་ཀྱི་དུག་ལྔ་ཡེ་ཤེས་ལྔ།། གྱུར་པས་གསང་བདག་ཞལ་དུ་སྟབ།། གཏི་མུག་ཤ་ཡི་མཆོད་པ་བཞེས།། ཞེ་སྡང་རུས་པའི་མཆོད ་པ་བཞེས།། བདག་འཛིན་ལ་སོགས་དགྲ་བགེགས་རྣམས།། བདག་མེད་དབྱིངསུ་སྦྲུལ་དུ་གསོལ།། ཞེས་བརྗོད་རྩ་སྔགས་ལ་ནི། སརྦ་དུས་ཏྲན་སརྦ་ཤག་ཏྲུ་ཐུམས་མ་ར་ཡ་མ་ར་ཡ་ཁ་ཁེ་ཁཱ་ཧི་ཁཱ་ཧི། ་ལྡན་གསུམ་དག་ཏུ་བཟླས་པ་ཡིས།། ལྗགས་ལུས་བྱུང་བའི་འོད་ཟེར་གྱིས།། དྲངས་ནས་གསེལ་བས་མཉེས་བྱར་བསམ།། དེ་ལྟར་སྐུལ་བའི་དགྲ་བགེགས་དེའི།། གནོད་པའི་བསམ་པ་ཞི་བྱ་དང་།། གཉིས ་མེད་ཡེ་ཤེས་རྟོགས་པར་ཤེག། ཁྱུད་ཆེན་ལ་སོགས་བཀའ་སྟོང་ལ།། དཀར་གྱིས་རྒྱན་པའི་གཏོར་མ་ལ།། ཨོཾ་ཨ་ཀ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨཱ་དེ་བེ་ནུད་པན་ན་ཏྲཏཱ། ཨཾ་ཨཱཿཧཱུཾ་ཕཊ། བྷ་ལྀ་ཏཱ་ཁ་ཁ་ཁཱ་ཧི ་ཁཱ་ཧཱི་གསུམ་གྱིས་ཐམས་ཅད་མཉེས་བྱར་བསམ།། ཡི་གེ་བརྒྱ་པས་ལྷག་ཆད་སྐང་།། རྫོགས་པའི་སངས་རྒྱས་ལྷ་རྣམས་དང་།། དེ་སྐྱེས་རྣམས་དང་ཚེངས་ལ་སོགས།། འཇིག་རྟེན་སྐྱོང་བའི་ཆོ་ག་འདི།། ་མ་ཚང་བ་ནྀ་བཟོད་པར་གསོལ།། གཙོ་བོས་ནུས་པ་ཅི་མཆིས་པོ།། མ་ཚུང་བ་དང་མ་སྙེས་དང་།། ཉེས་པའི་དྲི་མར་གྱུར་པ་ཀུན།། དེ་དག་ཁྱེད་ཀྱིས་བཟོད་པར་གསོལ།། འདོད་པའི་དོན་ལ་གསོལ་བ ་གད་བ།། དགེ་བ་བྱང་ཆུབ་ཆེན་པོར་བསྔོ།། སྲོད་དང་ཉལ་བར་གྱུར་པའི་ཚེ།། བསྲུང་འཁོར་གསལ་བར་སྒོམས་ནས་ནི།། འོད་གསལ་ཆོས་སྐུའི་ངང་ལ་ཉལ།། རྨི་ལམ་ལྗོངས་སྐུར་གུསལ་བཏབ་སྟེ།། ་ནམ་གྱི་བརྒྱད་ཆ་ལུས་པ་ན།། རྩ་སྔགས་ལེན་འབུམ་བརྗོད་པ་ཡིས།། ནང་སྟོང་ཟུང་འཇུག་ལྷ་ཡི་སྐུ།། སྣང་ལ་རང་བཞིན་མེད་པར་བསྒོམ།། དེ་ནས་རིམ་བཞིན་སྔར་ལྟར་བསྒོམས།། དེ་ལྟར་རྒྱུན་དུ་སྒོམ ་པ་ལས།། གྲུབ་རྟགས་རྣམས་ནི་རིམས་བཞིན་འབྱུང་།། བར་ཆད་ཐམས་ཅད་ཞི་བ་དང་།། ཚོགས་གཉིས་རྫོགས་ནས་སྒྲིབ་གཉིས་དག། རྫོགས་པའི་སངས་རྒྱས ་ཐོབ་པའི་ཚུལ།། རང་གི་ལུས་ངག་ཡིད་གསུམ་པོ།། དག་པ་གཉིས་དང་ལྡན་པ་ཡིས།། སྐུ་གསུང་ཐུགས་སུ་འཆར་བར་འགྱུར།། བཅོམ་ལྡན་ཕྱག་ན་རྡོ་རྗེའི་སྐུ།། སྒྲུབ་ཐབས་ཡོད་བཞིན ་ནོར་བུ་འདི།། རྩ་བ་ཀླུ་སྒྲུབ་སྙིང་པོ་ཡིས།། སྒོ་བཀུར་མེད་པར་གསལ་བར་བྲིས།། བལ་ཏི་འཁྲུལ་པ་མཆིས་གྱུར་ན།། བྷྲ་མ་ཡི་དམུ་མཁའ་འགྲོ་དང་།། ཆེས་སྐྱོང་རྣམས་ཀྱི་བཟོད་པར ་གསོལ།། དགེ་བས་མཁའ་མཉམ་སེམས་ཅན་རྣམས།། སྡུག་བསྔལ་ཀུན་བྲལ་བདེ་ལྡན་ནས།། རྫོགས་པའི་སངས་རྒྱས་ཐོབ་པར་ཤོག། དཔལ་ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་ཡིད་བཞིན ་ནོར་བུ་ཞེས་བྱ་བ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། ་