CLOSE WINDOW

GT2845: yi ge bzhi pa'i man ngag
Wyliee-texts produced with BDRC’s OCR application

ཧ་སཱཏ། ཧ་ཞེས་ལུས་ཅན་དགའ་འགྱུར་ལ།། གཉིས་ཀྱིས་མྱོས་པའང་ཧ་ཞེས་སྨྲ།། འདོད་ལྡན་ཧཱ་ཧཱ་ངལ་འགྱུར་ཏེ།། དེ་བཞིན་འཇིགས་དང་ཁྲོ་བ་ལའོ།། ཧ་ཞེས་ལུས་ཅན་སྲོག ་འདོར་ཏེ།། ཟླ་བ་ཉི་མ་ལྔ་བདག་རླུང་།། སྙིང་ནང་པྲ་བའི་ཏཱི་ལ་ཀ། ཡིད་ནི་རབ་ཏུ་གཡོ་བསཽ་ཧ།། ཧ་ས་ནི་ལུས་སྐྱེས་འགྲག་འགྱུར་ལ།། དབུས་མ་ལ་ནི་མི་ཤིགས་པའོ།། སྙིང་ནས་ལྐོག་མ་ན་མཁྱབ་ལི།། ་ཧ་ཞེས་ཡོངསུ་རྒྱུ་བར་བྱེང་།། ཡིད་འོངས་གློག་དང་ཐུན་མཚམས་ཀྱི།། མདོག་དམར་དེ་ཡེ་སྠཱ་ནཱི་ས།། མཉམ་འགྱུར་ཤིན་ཏུ་གཉིད་ཡུར་དྭང་།། འདོད་ལ་རྣ་བརྱཱ་ས་ཞེས་གྲག། འབྲུག་སྒྲ་མི་རྩེ་ལྗོན་པ ་ལྟར། གཞན་དོག་སེམས་དཔར་བྱེད་པའདུས།། གང་འདི་ལྟེ་བའི་དབུས་གནས་རྡུལ།། འདོད་ཆགས་རང་བཞིན་བསྒོམི་བྱ་སྟེ།། རླུང་གི་ཐིགས་པ་ཉམས་ནའོ།། སངས་རྒྱས་རྣམས་ཀྱིས་བྱིན་རླབས་ན།། ། ་ཟླ་བུ་གཅིག་གིས་ལྟ་དང་མཉམ།། ལྗོན་པའི་འདབ་མ་ལྟ་བྱེད་པས།། རྩ་བ་མཐོང་བར་མི་འགྱུར་རོ།། ངག་གི་བརྗོད་པ་རྣམ་མིང་གིས།། ཅི་ལྟར་ཨ་ཡིག་སྨྲ་བར་ནུས།། ལུས་ནི་མི་སྣང་ཤོས་པའང་མེད།། ་འདི་ནི་ཨ་ཞེས་བརྗོད་པར་འདོད།། གཉིད་སྟུག་ལོག་དང་མཉམ་པར་འགྱུར།། ཁུ་བ་ལྷུང་པོའི་སྐད་ཅིག་ལ།། དེ་བཞིན་ཚིམ་དང་འཇིགས་པ་ལ།། ཨ་ཨཱ་ཐོས་པར་འགྱུར་བའོ།། ཆུ་ལྟུང་མེ་ནི་གྱེན ་འགྲོ་དང་།། རྨི་ལམ་དེ་བཞིན་གཉིད་སད་དང་།། འོད་གསལ་བ་ལས་སེམས་ལྡང་དང་།། ཡིད་ནི་ནང་དུ་གྱུར་པ་ན།། ཏ་ཡིག་མངོན་བརྗོད་འདོད་པའོ།། ཆུངས་པའི་འཇིག་རྟེན་བདེ་བ ་དང་། གདེངས་ཅན་ཡུལ་ལ་ཟླ་བ་ཤར།། བྱ་གདོང་ནས་ནི་ཤ་མིའི་བར།། ནོར་བུ་འོད་ལྔ་ལྡན་པ་གནས།། འདི་ནི་འཁོར་དང་ཞི་བའང་ཡིན།། སངས་རྒྱས་སྒྱུ་མ་རྣམས་ཀྱང་འདི།། གང་ལ་རྒོད་དང་གང་གིས ་རྒོད།། ཅི་ཡི་ཕྱིར་ན་རྒོད་པ་ཡིན།། ཅི་ལྟར་དེ་དང་ལྡན་པར་འགྱུར།། དེ་ལ་འདི་ལྟར་བརྗོད་བྱ་སྟེ།། རླུང་ནི་ལུས་ངག་རྡུལ་བཅས་པ།། དེ་ལའོ་རྒོད་པ་འདི་ནི་བདེ།། སྟོང་པ་ལ་ནི་ལུས་ངག་ཡིད།། བདེ་བ ་མཆོག་དང་ལྡན་པའོ།། ཧ་ར་ལུས་འབྲོག་ཡིད་འཕྲོག་བདེ།། སེ་ཏྭ་ར་སྥ་ཡཱ་ཎཱ་བདེ།། སྐྱེད་པརརོ་བྱེད་པས་དེ་ཡིན་ནོ།། ཨེ་པ་ར་ཛི་ཏ་ན་མཁའ།། དངོས་པོ་ཀུན་ལས་རྒྱལ་བར་གྱུར།། ཏཱ་ཐཱའི་ཚུལ་ནི་རྣམ་མེད ་པ། དངོས་པོ་ཀུན་ཡང་སོང་བའོ།། རྡོ་རྗེ་བླ་མ་སཱ་དྷཾ་ལྟེར་བཤད།། སཏྭཱ་མུ་དྲའོ།། ཡི་གེ་བཞི་པོའི་དོན་སྟོན་པ།། སྤྱན་རས་གཟིགས་དཔུང་བདག་ཕྱག་འཚལ།། སློབ་དཔོན་དྲ་ཀོནྟི་ཆེན་པོ།། སེམས་ཀྱི་ཕྱག་རྒྱ་གསུང་བར ་མཛད།། ཁཌྒ་པ་ཡི་མན་ངག་གོ།། སྔོན་ཆད་གངས་རིའི་ཁྲིད་དུ་མ་བྱོན་པའི།། གཞུང་བཟང་འདི་ཡང་བླ་མའི་དྲིན་ལས་ཐོབོ།། སངས་རྒྱས་སྦས་པའི་གསུང་བཞིན་འདི་བསྒྱུར་ཏེ།། རྨོངས་པ་ཀུན་དགའ་སྙིང་པོས་གཡར་ཁྲོལ་དུའོ།། ་