CLOSE WINDOW

GT2844: sems dpa'i phyag rgya zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། སཏྭ་མཱུ་དྲཱ་ནཱ་མ། བོད་སྐད་དུ། སེམས་དཔའི་ཕྱག་རྒྱ་ཞེས་བྱ་བ། འཇིག་རྟེན་དབང་ཕྱུག་དང་སློབ་དཔོན་གྱི་ཞབས་ལ་ཕྱག་འཚལོ།། ཨོཾ་རྡོ་རྗེ་འཆང་ལ་ཕྱག་བཙལ་ས། ་མན་ངག་མདོ་ཙམ་བཤད་པར་བྱ།། དཔའ་བོ་འཇིག་རྟེན་དབང་ཕྱུག་གིས།། ནམ་ཞིག་ཚེ་ནི་བདག་ལ་གསུངས།། འདུ་བྱེད་སྟོན་ཀའི་སྤྲིན་དྲང་མཚུངས།། དམ་པའི་སྐྱེ་བོ་འབྱུང་བའང་མེད།། འགྲོ་འདི་སྡུག་བསྔ ་རྣམ་པར་འཁོར།། དེ་བས་སྒྲུབ་ལ་གཞོལ་བར་བྱ།། བག་རྒྱགས་སྲིད་དང་སྒྲིབ་པ་དང་།། ཤེས་པ་འབྲས་བུ་གཉིས་དབྱི་བོས།། རིམ་པ་གཉིས་ཀའང་མ་བསླབས་འདོ།། ཐམས་ཅད་དུ་ནི་ཐམས་ཅད་འཁྲུལ། ་སྡིག་པ་བཀྲུས་ཤིང་བྱིན་རླབས་པ།། དྲང་དང་སྙིང་རྗེ་དམ་ཚིག་ལྡན།། ཟབ་མོ་ལྷག་པར་དགའ་བ་ཡིས།། ནགས་འོད་བ་རི་བོ་ཆུ་གླིང་དུ།། འདོད་དང་བསམ་གཏན་རྐུན་པོ་དང་།། ཅ་ཅི་ཀུན་ཏུ་རྟོག་བྲལ་དེས།། ་ཆིངས་དང་རྡོ་རྗེའི་གདོན་ལ་འདུག། འཆི་བ་སྟོང་པ་ཉིད་དུ་བརྟག། སྒྲ་དང་ཁང་པ་ཡིད་འོང་བར།། ཟླ་བ་རྡོ་རྗེ་སོགས་སྦྱོར་བསྡུ།། རྡོ་རྗེ་འཛིན་པ་ཁུ་བར་གྱུར།། ཡི་གེ་རྡོ་རྗེའི་རྣམ་པ་ལས།། མི་བསྐྱེད་དངང ་ཕྱག་སྐྱེ་བའི་གཟུགས།། སྐྱེ་མཆོད་རྡོ་རྗེ་གསུམ་དབུ་རྒྱན།། འདི་ལ་ལྷ་མོ་འདོད་མ་སྒྲུབ།། དེ་ནས་ཡང་ནི་སྤྲོ་བྱ་སྟེ།། རྡོ་རྗེ་སོགས་ལ་སྦྱར་བར་བྱ།། འདི་ནི་རིམ་པ་དང་པའོ།། ཆིས་ལྡན་པ་ཕྲུས་ཐས་ས་ཚོ་ས་@# ་ཁུ་ཁྲག་རླུང་ནི་སྐྱེ་དང་གནས།། འགག་པ་ཀུན་ཡང་བྱེད་པ་སྟེ།། ལུས་ཀྱི་བདེ་སྡུག་ཀྱང་འདི་ཡིན།། རྟག་ཏུ་སྙིང་གི་དབུས་ན་གནས།། ལུས་དང་སེམས་ལས་ངག་འབྱུང་བ།། འདི་ནི་ཚངས་པའི་སྒོ ་དེ་ཡིན།། སེམས་བཅས་ལུས་ཀྱི་ཐིག་ལེ་ནི།། རྡུལ་དང་རླུང་གིས་རབ་ཏུ་གཡོ།། རླུང་རྣམས་གདི་ནས་གཡོ་བ་ནི།། འདོད་ཆགས་འཕྲོ་བྱེད་ལྟེ་བ་ན།། མི་བརྟན་གཞན་ཡང་སྟོང་པ་ལ།། འོད་ཟེར་ལྔ་ནི་རབ་ཏུ ་གནས།། ཤིན་ཏུ་ཕྲ་ཞིང་ཆེས་གཡོ་བ།། བརྟན་དང་གཡོ་པ་ལས་གྲོལ་ཞིང་།། བདེ་བ་མ་ཡིན་སྡུག་བསྔལ་མིན།། ནམཁའི་ཐོག་ལ་སེམས་ཙམོ།། རབ་ཏུ་ཕྲ་བའི་ཁམས་གསུམ་པོ།། རང་རིག་ཐ་མལ ་དབང་པོ་མེད།། ཡོད་པ་མེད་ཅིང་མེད་པ་མེད།། བདེ་བའི་ཡེ་ཤེས་བཞི་པ་ཡིན།། རྡུལ་དག་འགགས་པ་ལྷ་ཡི་སྐུ།། ལུས་ཡིན་འདི་ནི་ལུས་མ་ཡིན།། འགྲོ་དང་འོང་བ་འགྲོ་འོང་མེད།། སངས་རྒྱས་གསུང་དེ ་གསུང་མ་ཡིན།། རགས་དང་ཕྲ་བ་འདི་དག་ནི།། ཐིག་ལེ་བཞི་ཞེས་བརྗོད་པར་བྱ།། ངག་སེམས་འགྲོ་དང་འོང་བ་ཅན།། དེ་ལ་སྔགས་ཀྱི་དེ་ཉིད་ལྡན།། ཐིམ་པ་རྡོ་རྗེ་གསུམ་སྔགས་ཏེ།། གཞན་དུ་ནམ་ཡང ་ཡོད་མ་ཡིན།། ལུས་ནི་རྣམ་པར་འགགས་གྱུར་པའི།། དག་ནི་ཡོང་སུ་དག་པ་ན།། རླུང་དག་ཐིམ་པ་རིམ་བཞིན་གྱིས།། སེམས་ནི་སྟོང་པ་ཉིད་ལ་འཇུག། རགས་པ་མེད་ཅིང་ཕྲ་བའང་མེད།། ཤིན་ཏུ་ཕྲ་བའི་ལུས ་ལྔ་སོགས།། བུད་མེད་སྒྱུ་མས་རབ་བསྒྲུབ་བྱ།། དྭེ་རུ་ལུས་ངག་ཡིད་ཀྱི་སེམས།། རྡོ་རྗེ་བུ་མོའི་སྦྱོར་བས་ཤེས།། དེ་ནས་ཕྱག་རྒྱ་ཆེན་པོར་འགྱུར།། འདི་ཡི་སྒྲུབ་པ་རབ་བསྒྲུབ་པ།། ད་ནི་དེ་ནས་ཤེས་པར་བྱ།། རྨ ་གྱི་བདག་ཉིད་ཆེའི།། བུ་མོ་ཨུཏྤལ་མཐོང་གའི་མདོག། ལོ་གྲངས་བཅུ་གཉིས་ལེན་པའམོ།། ཡང་ན་ཉི་ཤུ་ལྔ་ལོན་རྙེད།། བཞིན་སྡུག་མིག་ནི་དཀྱུས་རིང་བ།། རབ་ཏུ་བཟང་ལ་ལེགས་པར་སྦྱངས།། ཆོ་ག་བཞིན ་དུ་བྱིན་རླབས་ནས།། པང་པར་བཞག་སྟེ་རབ་ཏུ་བསྒོ། ལེང་བུ་གར་མཁན་གྱི་བདག་ཉིད་ཀྱི་བུ་མོ་སུ་དྲལ་དམར་བའི་མདོག་ཅེས་པང་འབྱུང་གསུང་འན་ཀྱང་དཀྱུས་དགའ་3། འཁྱུད་དང་ཙུམྦ་རྗེས་ཆགས་པས།། འདོད་པ་ལྔ་དགྲ་སྤྱོད་པར་བྱ།། དགའ ་དང་བདེ་བའི་སྦྱོར་བ་འདིས།། ལུས་དྲུགཾ་ཡིད་ནི་སྙིང་གཱར་བརྟག། རེག་པ་བསྙེན་པ་ཞེསུ་བརྗོད།། ཉེ་བར་བསྒྲུབ་པ་མཉམ་སྦྱོར་བ།། ནོར་བུར་རྡུལ་ནི་རྒྱས་པ་ལས།། འདོད་ཆགས་ཆེན་པོ་ཡེ་ཤེས་མཐོང་། ་ལུས་ནི་ངག་ལྀ་ཐིམ་པར་འགྱུར།། བསྒྲུབ་ས་པའི་དམ་ཚིག་བསྲུབས་པ་ཡིས།། ངག་ནི་སེམས་ལ་རབ་ཏུ་འཇུག། ཐིག་ལེ་རླུང་གི་སྦྱོར་བཅས་པ།། ཡི་གེ་གསུམ་གྱི་ཚུལ་གྱིས་འབབ།། རྨོངས་པས་ལྷུང་བ ་ཉིད་གྱུར་ན།། རྡོ་རྗེ་སེམས་དཔའ་འམ་ཆོས་ཀྱང་རུང་།། ཚལ་བར་འགོས་པར་གདོན་མི་ཟ།། མེ་ལོང་ལ་ནི་དབུགས་ཀྱི་ཚོགས།། ཐིམ་པའི་སྦྱོར་བ་ཇི་ལྔ་པ།། ཡང་ན་སྲོག་དང་རྩོལ་བ་ཡིས།། བདེ་བ་མཆོག་གི ་གོ་འཕང་བསྒྲུབ།། དང་པོ་ལ་ནི་བསྐྱོད་པ་དང་།། གཞན་དུ་དབང་དང་བདག་པོར་འགྱུར།། ལྷ་དང་ཡི་དགས་ནོར་སྦྱིན་དང་།། རིག་འཛིན་ལྷ་མིན་བུ་མོ་འམ།། མ་སོགས་ཆེ་བའི་སྦྱོར་ཡང ་རུང་བྱོལ་སོང་ལས་ཀྱང་རབ་ཏུ་བརྟག། ཐིག་ལེ་མཉམ་པར་སྦྱོར་བ་ནི།། སྒྲུབ་པ་ཆེན་པོའི་ཡན་ལག་སྟེ།། འཁོར་ལོ་གསང་གསུམ་ཡེ་ཤེས་མཐོང་།། དེ་ནས་ལྷན་ཅིག་སྐྱེས་པར་འགྱུར།། གང་ལ་ལུས་གནས ་ཟླ་ཚེས་དང་།། འགྲོ་བ་རྒྱལ་མཛད་ཐིག་ལེ་དང་།། དོན་དམ་ཡེ་ཤེས་བསྒོམ་པ་སྟེ།། སྒྲུབ་བྱེད་འདི་ནི་རིག་པར་བྱོས།། ཐིག་ལེ་སྤྱི་དང་བསྡུ་བ་ནི།། སེམས་ཀྱི་རྒྱུད་ནི་དྲི་མེདོ་བྱེད།། སྟེང་གི་སྦྱོར་བ་རྣམ་ལྔ་པ། ་འབྱམ་ཡིག། རླུང་དང་ཐིག་ལེ་བསམ་པ། རིམ་གཤིག་ཏན་དང་།། བདེ་བའི་ཤེས་ལྟ་རུ་འགྱུར།། དགའ་བའི་ཡེ་ཤེས་རྡོ་རྗེ་གསུམ།། སྐུ་གསུམ་རྡོ་རྗེ་རབ་ཏུ་སྒྲུབ།། དེ་ངག་ཡན་ལག་རྣམ་པ ་བཞི། བསྙེན་པའི་ཡེ་ཤེས་ཆེན་པོའོ།། ཡན་ལག་དྲུག་གི་སྦྱོར་བ་ཡིས།། མཆོག་གི་སྒྲུབ་པ་བརྩམ་པར་བྱ།། རྣམ་པ་གཞན་དུ་བསྒྲུབས་ན་ནི།། བསྐལ་པ་གསུམ་གྱི་ཡུན་དུའང་མན།། སོ་སོར་བསྡུད་དང་བསམ་གཏན ་དང་། སྲོག་རྩོལ་འཛིན་པ་རྗེསུ་དྲན།། ཏིང་འཛིན་ཡན་ལག་དྲུག་ཏུ་བརྗོད།། དབང་པོ་བཅུ་པོ་རང་གནས་དང་།། ཐིག་ལེ་ལ་ཡང་རྣམ་པར་སྦྱང་།། འདོད་ཡོན་ལྔ་པོ་ལྟར་སྦྱར་བས།། བདེ་བའི་ཡེ་ཤེས་བསམ་གཏན་ཡིན།། ་ཡེ་ཤེས་ཡན་ལག་དང་པོ་སྟེ།། ལོངས་སྤྱོད་གཉིས་པ་ཡིན་པར་བརྗོད།། རང་བཞིན་ཤེས་དང་བདེ་བ་དང་།། གཟུང་དང་འཛིན་དང་གཉིས་མེང་པ།། ལྔ་དང་ལྡན་པའི་སྲོག་སྩོལ་ནི།། དབང་པོ་ཡེ་ཤེས་རྣམ་ཞིང་།། ་བདེ་བ་ཡི་ཡང་རླུང་དགྲ་པ།། དྲངས་མ་ལྷ་ཡི་གོང་བུ་ནི།། ལྟེ་བའི་སྣ་རྩེ་རྣམསུ་བསྒོམ།། རིན་ཆེན་རླུང་དུ་རབ་ཏུ་བརྗོད།། རང་སྔགས་ཁ་སྦྱོར་ལྟེ་བ་ལ།། ཕྲ་མོ་སྲོག་གི་ཐིག་ལེ་བཞག། རྣམ་གསུམ་རིན་ཆེན་རབ་ཏུ ་པས། བདེ་བའི་ཡེ་ཤེས་འཛིན་པར་བརྗེང་།། བྱང་ཆུབ་རྡོ་རྗེ་འདི་ཉིད་ལ།། མཚན་མ་མཁའ་སྣང་ལྔ་རུ་འགྱུར།། འོད་ཟེར་དུ་བ་མཁའ་སྣང་དང་།། སྒྲོན་མ་དྲི་མེད་མཁའ་རྣམ་ལྔ།། ཐིག་ལེ་སྤྲོ་དང་བསྡུ་བ་ཡིས།། བྱད ་བ་བླ་མེད་གཟུགསུ་འགྱུར།། རྣམ་པར་སྣང་མཛོད་རྡོ་རྗེ་ཆོས།། རྡོ་རྗེ་སེམས་དཔའ་རིགས་ཁྲོ་བོ།། ཐིགས་པས་མཆོད་དང་དཀྱིལ་འཁོར་དང་།། སྐུ་གསུང་ཐུགས་དང་སེམས་ཅན་དང་།། རྡོ་རྗེ་གསུམ་དང་དམ་ཚིག ་དང་། ཤེས་རབ་དམ་ཚིག་མ་སྐྱེས་པ།། ཞེ་སྡང་རིགས་རྣམས་རྗེ་སུ་དྲན།། འདི་ལས་སོ་སོར་སྣང་བ་སྐྱེ།། སྙོམས་འཇུག་སྦྱོར་བས་དངོས་རྣམས་ཀུན།། གོང་བུའི་དབུས་སུ་གཟུགས་རྣམས་བརྟག། ཡུད་ཀྱིས་ཡེ ་ཤེས་རྫོགས་བྱེད་པ།། ཏིང་འཛིན་ཞེས་བྱ་བར་བརྗོད།། དེ་ལྟར་ཡོན་ལག་དྲུག་གིས་ནི།། དངོས་གྲུབ་མཆོག་ལ་སྦྱར་པོར་ཧཱུ~ཾ།། རྣལ་འབྱོར་དྲུག་པོ་འདི་དག་ནི།། བྱང་ཆུབ་རྡོ་རྗེས་བཤད་པ་ཡིན།། ཐིག་ལེ་རྣ ་བཞི་གཡོ་བ་ལས།། འདི་ལྟར་ཡེ་ཤེས་རྣམ་པ་བཞི།། རླུང་རྣམས་གང་ལ་ཐིམ་པ་ནི།། ཏིང་འཛིན་གྱི་དབྱེ་བའོ།། སྣང་བ་ལ་ནི་སྤྲོ་བ་དང་།། མི་སྣང་བསྡུ་བ་ཞེསུ་བརྗོད།། རང་དང་གཞན་གྱི ་དངོས་པོ་ལ།། དེ་བཞིན་སྤྲོ་དང་བསྡུ་བའོ།། བདེ་དང་གདུང་བ་སྟོང་པ་དང་།། རྣམ་ཤེས་ཡེ་ཤེས་རྣམ་བཞིའོ།། འདོད་དང་དགའ་བ་གཡོ་དང་གཡོ།། གང་བ་དགབྲི་བ་འཆར་བྱ་དང་།། ནུབ་པ་མེད་དང་ཡང ་ཆགས་བྲལ།། སེམས་མེད་ཐིག་ལ་ཨོཊྚ་དང་།། རང་བྱུང་གཉིད་སྤུར་སྒྲ་ཞེས་པ།། སྣང་བ་ལྷག་པར་སྣང་བ་དང་།། མི་སྣང་ཐོག་མ་ལྷན་སྐྱེས་ཏེ།། སྐད་ཅིག་ཉི་ཤུ་ཞེས་བྱའོ།། སྐད་ཅིག་ཐམས་ཅད་ལས ་འདས་པའི།། དགའ་བ་དོན་ངམ་མངོན་བྱང་ཆུབ།། གང་དག་རང་བཞིན་ལྷན་ཅིག་སྐྱེས།། ཀུན་ཏུ་འགྲོ་ཞིང་ཀུན་ཏུ་ཞི།། རང་ལས་རྟག་ཏུ་འོངས་པོ་སྟེ།། འདི་ནི་ཟབ་ཅིང་རྒྱ་ཚོ་བས།། འཇིག་རྟེན་རྨོངས་པས་མི ་ཤེས་ཤིང་།། འཕགས་པ་ཡིས་ཀྱང་དེ་མི་གཏོགས།། སངས་རྒྱས་རྣམས་ཀྱིས་སྤྱོད་ཡུལ་འདི།། བྱིས་པའི་སེམས་དཔའ་རྣམས་མི་ཤེས།། གཙོ་བོ་བདག་དང་དབང་ཕྱུག་དང་།། གང་ཟག་སེམས་ཙམ་རྣམ ་པར་བརྟགས།། ཡིད་ཀྱི་དམིགས་པ་ཡང་ཇི་སྙེད།། དེ་དག་ལྷན་ཅིག་སྐྱེས་པ་མིན།། ཡིད་བཟང་མོ་དང་སྙིང་དབུས་དང་།། དབུགས་དགག་སེམས་མེད་སྦྱོར་བ་དང་།། གསང་སྔགས་བཟླས་བྱེད་འདོད་པ་ཡི།། ཚེ ་གའི་ཡེ་ཤེས་དེ་དག་ནི།། རང་བཞིན་ལྷན་སྐྱེས་ཞེས་མི་བརྗོད།། སངས་རྒྱས་ལྷན་ཅིག་སྐྱེས་པ་ནི།། བླ་མའི་དྲིན་གྱིས་གསལ་འགྱུར་ཏེ།། ཐབས་ཀྱི་རང་ཉིད་མཚོན་པར་བྱ།། ཆོས་ཀུན་རིང་དང་ཉེ་བ་མེད།། ་བཞིན་གཉིས་མེད་ལྷན་ཅིག་སྐྱེས།། སངས་རྒྱས་བྱེ་བྲག་མེད་པ་སྟེ།། འགྲོ་བ་ཀུན་ལས་རབ་ཏུ་འབྱུང་།། དེ་ལྟར་སྔོན་མཐའ་མེད་པ་དང་།། སེམས་ཅན་དབྱེ་བ་མེད་ཡིན་ཏོ།། འདི་སྟེ་ཡེ་ཤེས་ལྡན་ཡིན་ན།། ་སྱ་ལ་སོགས་པའང་ཐར་མིན་ཙོ།། རྣམ་སྣང་རྡོ་རྗེ་ཉི་མ་དང་།། གར་དབང་རྡོ་རྗེ་རྟ་རྒྱལ་པོ།། རྡོ་རྗེ་སེམས་དཔའ་ཧེ་རུཾ་ཀ། གཏི་མུག་རྡོ་རྗེ་ལ་སོགས་དང་།། དེ་བཞིན་ལྟུང་བྱེད་མ་ལ་སོགས།། འབྱུང་བ་ལ་སོགས་ཕུང ་པོ་ལ།། གཉིསུ་མེད་ཚུལ་གྱིས་གྲུབ་པའོ།། ཕུང་པོ་སངས་རྒྱས་རྣམ་ལྔ་དང་།། འབྱུང་བ་ལྷ་མི་བྱང་ཆུབ་སེམས།། མི་གསེགས་དེ་བཞིན་གཟུགས་ལྔ་སོགས།། འདིར་ནི་གཟུངས་མ་རྣམ་པར་བརྟག། ཚིགས ་རྣམས་ཁྲོ་བོའི་ཚོགས་ཡིན་ནོ།། སྲིད་པ་སྐུ་གསུམ་རང་བཞིན་དང་།། འཕོ་བ་ས་རུ་ཤེས་པརི་བྱ།། ལམ་གཉིས་ཟུང་དུ་སྦྱོར་བ་ཉིད།། ཇི་ལྟར་ན་མཁའི་ཁམས་ཉིད་ལ།། འོད་ཀྱིས་དཀྱིལ་འཁོར་སྣང་བ་ལྟར།། ་སེམས་ནི་ཟ་བ་དང་རྒྱ་ཆེ་བ།། གཉིས་མེད་ཚུལ་གྱིས་རྟག་ཏུ་གནས།། གང་གི་དངོས་པོ་མ་སྐྱེ་བོ།། སྟོང་པ་ཤིན་ཏུ་རང་བཞིན་མེད།། སྣང་བ་མེད་ཅིང་བརྗོད་པ་མེད།། ཡུལ་དང་ཡུལ་ཅན་མེད་པ་ཡི།། ་བདེ་བ་དམ་པ་ཡིན།། དངོས་པོ་ཐམས་ཅད་ཐ་དད་དང་།། གཅིག་མིན་མཚན་ཉིད་ཡོངསུ་རྫོགས།། རྡུལ་དང་དུས་ནི་ཡོངས་བྲལ་བ།། ཟབ་མོ་རྡོ་རྗེ་གསུམ་འཛིན་པའི།། དཀྱིལ་འཁོར་རྒྱུ ་ཆེ་ཞེསུ་བརྗོད།། དེ་ཉིད་མི་ཕྱེད་རྡོ་རྗེ་སྟེ།། བརྗོད་དུ་མེད་ཅིང་བསམ་དུ་མེད།། བསམ་དུ་མེད་པས་བསྒོམ་བྱ་ཞེས།། ཐུབ་པ་ཆེན་པོས་བཀའ་སྩལ་ཏོ།། གསང་བ་དབང་པོ་ཡུལ་ཕྲད་པས།། རྣམ་ཤེས་དྲི་མ་མེད ་མཐོང་བ།། ལྷནྡ་སྐྱེས་སྤྲོས་སྤང་ཤེས་རབ་མཐོང་།། ཐམས་ཅད་མཉམ་པར་ཤེས་པ་ན།། ཟབ་མྱོ་ལྡོག་པར་མོས་པ་འཐོབ།། ལྷན་སྐྱེས་ཡོངསུ་གྱུར་པ་ན།། བག་ཆགས་རྟེན་དང་བྲལ་བར་འགྱུར།། བདེ ་བའི་ཡེ་ཤེས་དཀྱིལ་འཁོར་རྒྱས།། འདི་སྐད་རྒྱལ་བ་བཅོམ་ལྡན་འདས།། ལང་ཀར་གཤེགས་མདོ་ལས་གསུངས་ཏེ།། སྒྱུ་མ་ལྟ་བུའི་ཏིང་འཛིན་དང་།། འདུ་ཤེས་རྣམ་པར་སྤངས་པ་ཡོ།། སེམས་ཀྱི་རྒྱལ་པོ ་བལྟ་བར་བྱ།། ནམ་ཞིག་སེམས་ནི་གྱུར་པ་ན།། པད་མོ་འདྲ་བའི་གཞལ་མེད་ཁང་།། སྔ་མའི་སྤྱོད་ཡུལ་འབྱུང་བ་ན།། དེ་ཡི་ཆེན་ཐར་ཟུག་གནས།། གསུངས་པ་འདི་ལས་སྤྱོད་པ་རྣམས།། སྟོང་པ་ཆེན་པོ ་ལ་བཇུག་པའོ།། འདོད་མའི་འདོད་པ་རྣམ་ལྔ་པོས།། ཆོས་ཀུན་ཡོངསུ་མཚོན་བྱས་ནས།། ཡུལ་དང་དབང་པོ་རྗེས་ཆགས་པས།། ལྷན་ཅིག་སྐྱེས་པ་གསལ་བར་རྟོགས།། རྣམ་པ་གཞན་དུ་མི་འཁྲུལ་པར།། ་རྡོ་རྗེ་རིག་མའི་སྦྱོར་བ་ལས།། ནམ་ཞིག་ཡན་ལག་འགགས་པ་ན།། དེ་ཚེ་ལྷན་སྐྱེས་གཅིག་པུར་གནས།། རྣམ་བཅུ་ཐིག་ལེར་རང་གི་སེམས།། རབ་གནས་ས་བཅུ་དག་ཏུ་ཤེས།། རྣམ་བཅུ་རྣམ་པར་དབྱེ་བ ་དང་། རླུང་དང་ཐོག་ལེ་འཕོ་བ་རྣམས།། དག་པ་ཡི་ཡང་ས་རུ་བརྟག།། བརྡ་དང་ཚོགས་ཀྱི་རིམ་པ་རྣམས།། འདིར་ནི་དེ་ཉིད་རིག་པས་སྒྲུབ།། དབེན་པའམ་ཡང་ན་དུར་ཁྲོད་དུ།། པཊྚ་ལ་སོགས་བརྒྱན་པའམོ།། ་ཡང་ན་བསམ་གཏན་ཁོ་ནས་ཀྱང་།། དོགས་པ་མེད་པའི་སེམས་ཀྱིས་སྤྱོད།། ཟབ་དང་རྒྱ་ཆེའི་སྤྱོད་པ་འདི།། རིམ་པ་དང་པོས་རབ་སྒྲུབ་ལ།། རྡོ་རྗེ་སེམས་དཔའ་གཟིགས་འགྱུར་ཞིང་།། མིག་སྨན་ལ་སོགས ་རིག་འཛིན་འགྱུར།། རང་དང་གཞན་གྱི་གྲུབ་མཐའ་ལ།། སྔགས་རྒྱུ་བརྟེན་པ་བདེ་བར་འགྲུབ།། བསྐལ་པ་གསུམ་དུ་ངལ་བས་ཀྱང་།། བྱང་ཆུབ་སྒྲུབ་པར་མི་ནུས་པ།། ལུས་གཅིག་ལ་ཡང་འགྱུར་བ་ནི།། ་སྔགས་ཤེས་རྣམས་ཀྱིས་བྱས་པ་ཡིན།། བསྐྱེད་པའི་རིམ་པ་མ་གྲུབ་ལ།། སྟོང་པ་ཉིད་ནི་ཡུན་རིངས་བསྒོམ།། ལེགས་བྲིས་གཟུགས་བརྙན་ཤར་བ་ལ།། རྩེ་གཅིག་ཏུ་ནི་རབ་བལྟས་ནས།། ཡང་དང་ཡང ་དུ་བསྒོམ་པར་བྱ།། ལྷ་ཡོ་དེ་ཉིད་གྲུབ་པར་འགྱུར།། སྔགས་རྣམས་ཐམས་ཅད་ཉིད་ལ་ཡང་།། ཡི་གེ་གསུམ་གྱིས་བསྐུལ་བ་ཤིས།། སྤྱོད་པའི་དངོས་གྲུབ་གཡེལ་བ་ལའང་།། འདིས་ནི་སྔགས་ཀྱི ་དེ་ཉིད་འགྲུབ།། དཔལ་ལྡན་རྒྱལ་པོ་རྡོ་རྗེ་འཛིན།། སྔགས་ཀྱི་དེ་ཉིད་འདི་རབ་བཞེད།། ཨ་ཨུམྦ། ཨཱ་ཧ། ཧཱ་ཨཱམ?། སྲོག་ནི་གཙུག་ཏོར་དག་ཏུ་ཡང་།། གྱེན་རྒྱུ་ཐིག་ལེརརྱ་བཅུས་སྡུང ་བྱེད། རྡོ་རྗེའི་སྐུ་ནི་བསྒོམ་པར་བྱ།། སྟེང་འོག་མགྲིན་པའི་ཚོགས་འཆིང་བ།། གཙོ་བོ་གཟི་བརྗིད་ཕྱུང་མ་ལ།། རྡོ་རྗེའི་གསུང་ནི་རབ་ཏུ་བསྒོམ།། སྨིན་མར་སྲོག་ནི་ཡི་གེ་མ།། མགྲིན་པ་གསང་བའི་ཡི་གེ་ནི། ་རྣམ་གསུམ་ཐུང་ངུའི་ངག་ཏུ་འགྱུར།། ཐུགས་ཀྱི་རྡོ་རྗེ་རབ་ཏུ་འགྲུབ།། སྐུ་གསུམ་རྣལ་འབྱོར་པ་ཡི་བསྒོམ།། རྡོ་རྗེ་སྔགས་རྣམས་ཀུན་གྱི་མ།། ཨཱ་ལི་ཀྵེ་ལཱི་ཞེས་བྱ་བ།། སྐྱེས་པ་བུད་མེད་མ་ནིང་ཉིད།། ལྷ ་རྣམས་ཀུན་གྱི་གསང་སྔ་གས་ནཱི།། དངོས་གྲུབ་ཐམས་ཅད་བྱེད་པ་སྟེ།། རླུང་འཆིང་བ་ནི་ཕྱག་རྒྱ་འཆིང་།། ལྷ་རྣམས་ཀུན་གྱི་རྡོ་རྗེ་གསུམ།། འདི་ཡིས་བསྒོ་མསལ་ཞིང་མཚམ་དང་བྱིན ་གྱིས་རློབ།། དཔག་མེད་རྡོ་རྗེ་སེམས་དཔའི་ཚེ།། མཆོག་རིང་བ་དང་འོད་གསོལ་འཐོབ།། རྣམ་གསུམ་ལུས་ནི་གནས་པ་དང་།། འོག་ཏུ་སོང་ནས་ལུས་བསྐྱེད་ལ།། སྟེང་དུ་ཡུལ་རྣམས་ཀུན་ཏུ་འགྲོ།། ལྷ་རྣམས ་སྣ་ཚོགས་བསྐྱེད་པ་ཨུས་ཏེ་དང་།། ལས་ཨོཾ་ཙཱ་རྣམས་སྒྲུབ་པར་བྱེད་པའང་ཡིན།། བཟའས་རྣོ་བའི་། རྩེད་དམ་ཚིག་བྱེད་པ་མཚོ་སྟེ། སྒྲིབ་པ་འཇོ་དང་ཚོའི་ཐོས་མས་རིཤིང་ས་སྐུ་ཡིང ་རྫོགས།། སྦྲུལ་དང་། བཏུས་པ་ལ་སོགས་པ།། གསང་སྔགས་ཐམས་ཅད་འདི་ཡིནོ།། ཉིན་དང་མཚན་དུ་སྐྱེ་བོ་ཀུན།། འདི་ནི་ཡོངསུ་བཟླ་བྱེད་ཀྱང་།། བླ་མའི་མན་ངག་དང་བལ་བས།། བྱིས་པ་རྣམས་ནི་འཁོར ་བར་གྱུར།། སྤྱན་དྲངས་བཞུགས་དང་གཤེགསུ་གསོལ།། ཡེ་ཤེས་རྡོ་རྗེ་གསུམ་བོང་བྱེད།། འགྲོའིང་བསྐྱེད་དང་སྡུད་པ་ལོ།། ཐུང་ངུ་མ་ལུས་ངག་ཏུ་འགྱུར།། འོང་དང་འགྲོ་བ་གཡོ་དང་བརྟན།། ་གནས་པས་བརྟན་གཡོ་ཡེ་ཤེས་བྱེད།། ཨཱཿཡིས་ཡོངསུ་སྤྲོ་བར་བྱ།། ཨོཾ་གྱིས་སྤྱན་དྲངས་བྱ་བོ་སྟེ། ཧཱུཾ་གིས་གས་སྔགས་གནས་པའོ།། རླུང་གིས་ང་ཉིད་རབ་གྲུབ་ལ། སྔགས་ཀྱི་རྒྱ ་པེ་རྟག་ཏུ་བཟླ།། གང་ཞིག་ཐ་དྲོད་གསང་སྔགས་ཅན།། དེ་ནི་ན་མོ་ཡང་གྲུབ་པ་མེང་།། དེ་ནོས་ལས་རྣམས་བསྒྲུབ་པར་བྱ།། ཅི་སྟེ་གྲུབ་པར་ལ་གྱུར་ན།། དབང་པོ་གཉིས་ཀྱི་སྦྱོར་བ་ཡིས།། ལྷ་རྣམས ་རྡོ་རྗེ་སྔ་བཤིག་ནས་ཀྱང་།། ཡེ་ཤེས་ཐིག་ལེ་ཏིང་འཛིན་གྱིས།། སེམས་དཔའ་དེ་ནི་དོན་དམ་སྒྲུབ།། རྣལ་འབྱོར་འདི་ནི་བསྒོམ་གྱུར་ནི།། ཉི་ལ་འདུན་གྱི་ས་གདོན་མི་ཟ།། ཡེ་ཤེས་རྣམ་པར་གཡོངས་པ་ན།། ་རླུང་གིས་རབ་ཏུ་བཅིངས་པ་དང་།། འཁོར་ལོ་ལྔ་པོ་ཡོངས་བསྲེགས་པས།། སྙིང་གི་ཐིག་ལེ་ཞུ་བ་ན།། རྣམོ་གསུམ་ཡོན་ཏན་ཐིམ་པར་འགྱུར།། བཅིང་དང་བཅིང་བའི་སྦྱོར་བ་དང་།། རབ་ཏུ་བསྡམ་དང ་དགག་པ་ཡིས།། རླུང་རྣམས་འཕྲལ་དུ་བཅུག་ནས་ཀྱང་།། ཙཎྜ་ལཱི་ནི་སྦར་བར་བྱ།། བདེ་བའི་དེ་ཉིད་ཉེ་བར་དམིགས།། སྲོག་ནི་དབུ་མྱུར་བཀླག་པ་དང་།། པ་ཏྟཱ་ལ་ཡི་རླུང་ཡང་བཅིང་། ག ་ཏེ་ཟུག་རྔུས་འཇིགས་པ་ན།། མགོ་བོ་རྒྱུ་མཚོ་སྐྱོང་པར་བྱཱ།། ལུས་ཀྱི་སྔགྶ་བཱསྔལ་རང་སྤངས་ནས།། མཁས་པས་རཱ་སྱཱ་ཡ་ཎ་སྒྲུབ།། ཤནྡན་བདུད་རྩིའི་སྦྱོར་བ་ནི།། རྣལ་འབྱོར་ལྡན་པ་རྣམས་ཀྱིས་བཟའ།། ་བྷྲིག་ལེ་གནས་ནི་རྣམ་བཅུ་དྲུག། ཨོཾ་ཨི་ཨུ་ལྀ་ཨི་ཨུ་ཨ~ཾ་ཨཱ་དབྱངས་ཀྱི་ཡི་གེ་བཅུ་དྲུག་ལས།། ཐིག་ལེ་འཕོ་བ་བཅུ་དྲུག་དགུག། ཡི་གེའི་སྦྱོར་བ་རིབ་སྦྱར་བཱས།། འོད་ནེནྡྲ་མ་ཡཱ་སྨད་པར་བྱ།། མཚམ ་མིན་ཐམས་ཅད་རབ་སྤངས་ནས།། ཀཱ་ར་ཎཱ་ཡཾ་རྣལ་འབྱོར་བཅིང་།། དགའ་བ་ཉེ་བར་དམིགས་བྱ་སྟེ།། བལྟས་ནས་ཙུསྟཱཾ་རབ་འབྱོར་དང་།། མ་མཚུའི་སྦྲང་རྩི་འཐུང་བ་དང་།། ཟླ་རས་བྲི་དང་རོ་འཛིན་སྐྱེང་།། ཡན ་ལག་བཞི་ཡིས་སྒྲུབ་པ་ལས།། ལྷན་ཅིག་སྐྱེས་པ་མཐོང་བར་འགྱུར།། སྦྱོར་བ་རྣམ་པ་དྲུག་གིས་ནི།། གྱེན་དུ་དྲང་སྨྲ་པའི་རྣ་ལ་འབྱོར་བྱ།། བསྐོར་བ་ལ་སོགས་ལྔ་སྦྱོར་བས།། འཕོ་བ་མེད་ལེ་འབད་པར་བྱས།། བརྒྱ་ལ ་དང་གཉིད་དང་འཁྲིག་པ་དང་།། ཤི་དང་གླལ་དུས་གསལ་འགྱུར་བ།། དུས་ཀུན་དུ་ནི་མཚོན་པར་བྱ།། ལོས་ཀྱི་མཐའ་ལ་ཚོགས་པ་ཡིས།། དེ་དག་གིས་ཀྱང་མ་གྲུབ་ན།། གོང་དུ་འཕོ་བསར་པོ་གྲུབ་འགྱུར།། ་རྡོ་རྗེ་ཡེ་ཤེས་ཡི་གེ་དང་།། སུཾཀྵུཾ་ངག་གིས་རབ་ཏུ་དགག། ཡི་གེ་གསུམ་གྱི་ཡེ་ཤེས་ནི།། ཐུགས་ཀྱི་ཡི་གར་བསྡུས་པ་གང་།། ཚངས་པའི་ཏིང་འཛིན་ཐིག་ལྔར་ཐིམ།། དེ་ཡང་འོད་གསལ་བསྒོམ་པར་བྱ།། དེ་ཉིད་ཉི་ཤུ་ལྔ་ཐིམ ་ནུས། ཡེ་ཤེས་སྐད་ཅིག་རྣམ་པོ་གསུམ།། འོད་གསལ་བ་ལ་རབ་ཞུགས་པ།། དེ་ཚེ་ཡེ་ཤེས་དམ་པ་འགྲུབ།། གལ་ཏེ་གྲུབ་པར་མ་གྱུར་ན།། རིག་པ་འཛིན་པའི་གཙོ་བོར་འགྱུར།། འདོད་པའི་ལམ་ལ་ཞུགས་པ་རྣམས། ་རིག་མའི་དབང་ཕྱུག་རྣམས་བསྒོམས་ནས།། རྡོ་རྗེ་སྦྱོར་བས་རབ་བསྒྲུབ་པར།། རིགས་ཀྱི་བདྲག་པོས་ལེགས་པར་གསུངས།། སྤྲོས་པའི་མཚན་མར་གྱུར་པ་ན།། མཚན་མེད་ཉེ་བར་བསྟེན་པར་བྱ།། སྤྲོས་པ་སྤྲོས་མེད་ཉིད ་ཤེས་པསྣ།། རྣམ་པ་ཀུན་ཏུ་ཐམས་ཅད་སྤྱད། འདི་ཡི་མཐོང་བ་རྣམ་མང་པོ།། རྣམ་པཱ་ལྔ་ཡི་མཚན་མ་དང་།། སྔགས་དང་མངོན་པར་ཤེས་པ་ལྔ།། སྐྱེ་མཆེད་ཡེ་ཤེས་ཐོབ་པ་དང་།། རླུང་རྣམས་རྡོ་རྗེ་སེམས་དཔར་དྷཱ་པ། ་འོད་ཀྱི་དཀྱིལ་འཁོར་དྲི་མེད་དང་།། རྨི་ལམ་མཐོང་བར་འགྱུར་པ་ནི།། ཁྱེའུ་དང་བུ་མོ་ཡིད་འོང་དང་།། ལྷ་དང་རིག་འཛིན་སྒྲོག་པ་དང་།། ཡུལ་རྣམས་སྣ་ཚོགས་རྡོ་རྗེ་སེམས།། འདོད་ཡོན་ལྔ་ཝ་རུལ་བ་དང་།། ལོངས་སྤྱོད། ་རྫོགས་པའི་སྐུ་ཡང་མཐོང་།། བདེ་བ་མཐོང་བ་ཐིམ་པར་དང་།། སེམས་ངོང་སྒྱུ་མ་ཡེ་ཤེས་སྐུ།། ཆོས་དང་གཟུགས་ཤེས་བྱ་བའོ།། རྣལ་འབྱོར་རྒྱུད་དུ་གང་བཤད་པ།། དེ་བཞིན་ཉིད་སོགས་བྱང་ཆུབ་དང་།། ་ཉིད་རྣལ་འབྱོར་མ་རྒྱུད་དུ།། ཟླ་བ་ལ་སོགས་རྣམ་པ་ལྔ།། དེ་དག་འདི་ལ་རྣམ་པར་རིག། རྡོ་རྗེ་ཉི་མ་ནུབ་ནཱས་ནི།། སྒྲུབ་པ་ཀུན་ཏུ་བརྩམ་པར་བྱ།། སྐྱ་རེང་འཆར་བའི་དུས་སུ་ནི།། སྒོམ་པ་མཆོག ་གིས་འགྲུབ་པར་འགྱུར།། སྦྱོར་བ་བདུན་ལྡན་ཇི་སྲིད་དུ།། ཡེ་ཤེས་དབང་ཕྱུག་བརྒྱད་རྒྱལ་པོ།། བདེ་ཆེན་རྟག་པ་གདུང་མེད་པ།། རྡོ་རྗེ་སྙིང་རྗེས་དོན་སྒྲུབ་པོ།། ཆོས་དང་ལོངས་སྤྱོད་སྦྲེལ་པ་དང་།། ངོ་བོ་ཉིད་ཀྱི ་སྐུ་ཞེས་པ།། མཉམ་པ་ཉིད་དང་ཡིད་ཀྱི་གཟུགས།། གཉིས་སྤངས་རང་བཞིན་མཚན་ཉིད་དང་།། སྤྲོས་!!ཛྷལ་ན་གྱིཧསྟཻ་ཀ། མི་པའི་[]རྣམ་པར་མི་རྟོག་པ།། དེ་བཞིན་བགྲ་ཆགས་སྤངས་པ ་སྟེ། མི་ཕྱེད་རྡོ་རྗེ་རྣམ་བཞིའོ།། འགྱུར་དང་ཆགས་པ་མ་རིག་པ།། འདི་ལས་ཡན་ལག་བཅུ་གཉིས་འབྱུང་།། འདི་དག་འགགས་པས་ས་བཅུ་གཉིས།། རབ་ཏུ་གནོན་པ་ཐམས་ཅད་མཁྱེན།། ཐུབ་པ་ཆེན ་པོས་ཆགསོ་བྲལ་གྱིས།། རིགས་རྣམས་གདུལ་བར་བྱ་བའི་ཕྱིར།། མདོ་སྡེ་སྟོང་ཕྲག་བརྒྱད་ཅུ་གསུངས།། འཁོར་ལོ་བསྒྱུར་བའི་གཟུགས་ཀྱིས་ནི།། དམ་པའི་ཆགས་ཅན་རྗེས་བཟུང་ཕྱིར།། དཀྱིལ ་འཁོར་སྤྲུལ་ཞིང་བཤད་པ་མཛད།། དམན་མོས་ཆ་གོས་ཅན་རིགས་རྣམས་ལ།། བྱ་བའི་རྒྱུད་རྣམ་གསུམ་བཤད་ཅིང་།། ཟབ་མོ་ལྷག་པར་མོས་པ་ལ།། རྣལ་འབྱོར་རྣམ་པ་གསུམ་རྣམས་གསུངས།། ་རྣལ་འབྱོར་རྒྱུད་རྣམས་ཐམས་ཅད་དུ།། རླུང་གི་བདེ་བ་རབ་སྒྲུབ་བྱེད།། དེ་ཉིད་རྣལ་འབྱོར་མ་རྒྱུད་དུ།། ཐིག་ལེའི་ཡེ་ཤེས་གསལ་བར་བསྟན།། སྔགས་རྒྱུད་རྣམ་པ་གཉིས་དག་ལ།། འདོད་མ་ལས་ནི་ཡེ ་ཤེས་དང་།། སྔགས་ཀྱི་རྒྱུད་ནས་འཐོབ་ཡིན།། རིམ་པ་གཉིས་ཀྱི་ཡེ་ཤེས་མཆོག། གང་ལ་རྟགས་དང་མངོན་གྱུར་ལྷ།། གསང་སྔགས་རགས་དང་ཕྲ་བོ་ཡིན།། ཞི་ལ་སོགས་པའི་ཁྱད་པར་དང་།། རིག ་པ་འཛིན་དང་དངོས་གྲུབ་དང་།། སྐུ་རྣམ་གཉིས་ཀྱི་དབྱེ་བའོ།། གང་གང་སྡོམ་པ་མ་ཐོབ་པ།། དེ་དེ་ཐེག་པ་ལ་མ་ཞུགས།། གང་དག་གསང་སྔགས་སྒྲུབ་བྱེད་པ།། དབང་བསྐུར་མེད་ནོ་གྲུབ་པ་མེད།། དེ ་འདིར་རྡོ་རྗེའི་ལམ་ཞུགས་རྣམས།། རིམ་པ་གཉིས་ལོ་བརྩོན་པ་ཡང་།། དབང་གི་རིམ་པས་གསལ་བྱ་ཡི།། ཡེ་ཤེས་འབད་པས་བསྒོམ་པར་གྱིས།། མཁས་པས་རང་ཉིད་མི་སྨད་ཡེ་ཤེས་འདི།། ངོ ་མཚར་ངོ་ཚས་མི་གཡོད་བརྟན་པའི་ཕྱིར།། སྣ་ཚོགས་ཡུལ་དང་སྤྱོད་པས་སྒོམ་བྱེད་པའི།། ལྷན་སྐྱེས་སྤྱོད་འདི་འགྲོ་ལ་སངས་རྒྱས་ཉིད།། དེ་བླ་རང་བཞིན་ལྷན་ཅིག་སྐྱེས།། ཤིན་ཏུ་གསང་ཞིང་གསང ་བ་ཆེ།། གཞན་དུ་དེ་ཡོངས་སུ་མ་རྙེད་པ།། འདི་ནི་ང་ཡི་ཁྱོད་ལ་བརྟན།། རྨོངས་པ་ལས་ནི་བཟང་པོར་འགྱུར།། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་འདི།། འགའ་ཞིག་དོན་དུ་ཁྱོད་ཀྱིས་ཤོད།། རྗེ་བཙུན་དེ ་སྐད་གསུངས་མ་ཐག། ཐེ་ཚོམ་ཐམས་ཅད་ཡོངས་སུ་ཆད།། རིམ་པ་གཉིས་ཀྱི་རྣལ་འབྱོར་གང་།། རྣལ་འབྱོར་རྒྱུད་བཞིན་བདག་གིས་རིག། ལྷན་ཅིག་སྐྱེས་པ་རབ་རྟོགས་པས ་དེ་ནས་འགྲོ་བའི་བླ་མར་གྱུར།། རྡོ་རྗེ་སེམས་དཔའ་སློབ་དཔོན་ཏེ།། དཔའ་བོ་སྤྱན་རས་གཟིགས་ཀྱིས་མཁྱེན།། དལ་འབྱོར་ཤིན་ཏུ་རྙེད་པར་དཀའ་བ་དང་།། ཚེ་འདི་གློག་ལྟར་མི་བརྟན་པ་ཤེས་ནས།། ་འཁོར་བ་ཆུ་ཀླུང་ཤུགས་དྲག་བཟློག་པའི་ཕྱིར།། རིམ་གཉིས་ལམ་ལ་ཅི་སྟེ་འབད་མི་བྱེད།། འཁོར་པོར་དགའ་དག་འགྲུབ་པར་མི་འགྱུར་བས།། འདོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་སྤངས།། ་དང་པོའི་ལམ་ལ་བརྩོན་པར་བྱ་བ་དང་།། གང་ཞིག་བསྒོམ་པར་བྱ་བཱ་ནཱ་ན་ཏཱན་སྒྲུབ།། རྒྱལ་སྲས་ཆེན་པོ་རྣམས་ཀྱང་ཐོགས་འགྱུར་ན།། ལམ་མཆོག་འདི་ཡིས་བཅུ་གཉིས་ལོ་དག་གིས།། མཚམས ་མེད་སྤྱོད་པའང་བྱང་ཆུབ་ངེས་འོགྲུབ་པ།། བླ་མའི་དྲིན་ལས་ཐོབ་འོདི་ཅིས་མི་བ་སྒོམ།། རྡོ་རྗེ་སེམས་དཔའི་ལམ་མཆོག་ཁྲིང་།། འདིར་བཤད་འགྲོ་བ་སྒྲོལ་ཕྱིར་ཡིན།། བསོད་ནམས་ཅུང་ཟད ་གང་བསགས་པོ།། དེ་ཡིས་རྡོ་རྗེ་འཛིན་པར་ཤོག། སྐྱེ་བོ་དམ་པ་ཕྲད་དཀའ་ཞིང་།། ལམ་བཟང་འབྲས་བུ་ཆེ་བའི་ཕྱིར།། སྒྲུབ་པར་མཛོད་ཅེས་ད་ཀནྟི།། ཐལ་མོ་སྦྱར་ནས་གསོལ་བ་འདབས ་xxx ་xxx ་xxx ་xxx ་