| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ལོ་ཀཱི་ཤྭ་ར་སྟོ་ཏྲ་རཏྣ་མཱ་ལཱ། བོད་སྐད་དུ། འཇིག་རྟེན་དབང་ཕྱུག་གི་བསྟོད་པ་རིན་པོ་ཆེའི་ཕྲེང་བ། དཔལ་ལྡན་འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ།། ་འཇིག་རྟེན་དབང་ཕྱུག་དྲི་མེད་ཐུགས་ནི་སྟོང་དང་སྙིང་རྗེས་བརླན།། ལམ་མཁྱེན་ཉིད་དང་ཐམས་ཅད་མཁྱེན་ཉིད་ལ་སོགས་དོན་དང་ཚིག། གསལ་བར་འདོམས་པས་ཡོངས་སུ་རྫོགས་ཤིང་རྣམ་པར་དག་པའི་སྐུ།། ཡེ ་ཤེས་ལྷག་པའི་བདག་པོས་རོལ་པར་མགོ་བོས་ཕྱག་བགྱིའོ།། གདུལ་བྱའི་དབྱེ་བའི་དབང་ལས་རྣམ་པ་མང་པོར་སྣང་བ་ཡིས།། གཅིག་ཀྱང་ཆུ་སྣོད་རྣམསུ་གནས་པའི་རི་བོང་ཅན་མཚུངས་ལས།། ཁྱོད་ནི་གསལ ་པབར་གཞན་ལྔ་ཕན་པའི་རྗེས་སུ་སོང་ཉིད་ཕྱིར།། ཨེ་མའོ་རྫུ་འཕྲུལ་ཤིན་ཏུ་རྨང་དུ་བྱུང་བའི་སྐུ་ནི་རིགས་པ་ལགས།། མུ་སྟེགས་སྐྱེ་བོ་གདུལ་ཞིང་རབ་ཏུ་རྟོགས་པར་བྱ་དོན་དུ།། ཡོངས་རྫོགས་ཟླ་བའི་ཞོལ་གྱི་རྣམ ་པར་སྒེག་པའི་དཔྲལ་བ་ཡི།། གནས་ལས་དབང་ཕྱུག་ཆེན་པོ་ལྷ་ཡི་བུ་ནི་ངེས་ཕྱུང་བས།། ལྷ་དང་ཆེན་པོའི་མི་ཡི་ཤིན་ཏུ་ལྟ་དྲོབ་དབང་ཕྱུག་ཁྱོད།། པད་མའི་སྐྱེ་བ་པོ་རྣམས་གདུལ་ཞིང་ཁྱོད་དུ་ཆུད་དོན་དུ།། ་ཁྱོད་ཀྱི་ཕྲག་པ་ལེགས་རྒྱས་ཆེན་པོའི་དགེ་བའི་མཚན་ཉིད་ལས།། མེས་པོ་ལྷ་ཡི་སྲས་པོ་ངེས་པར་བྱུང་བ་ཉིད་ཀྱིས་ནི།། འཇིག་རྟེན་དབང་ཕྱུག་དབང་ཕྱུག་མཆོག་ལ་མགོ་བོས་ཕྱག་བགྱིའོ།། སྐྱེ་བོ་ཁྱབ ་འཇུག་པ་རྣམས་གདུལ་དང་རྟོགས་པར་བྱ་བའི་ཕྱིར།། མྦཱི་བུ་ལྕང་ཕྱུག་ན་པདྨ་འཛིན་པའི་ཐུགས་ཀ་ལ་སྭཱ།། ངེས་ཕྱུང་འདི་ནི་སྲིད་པའི་དབང་ཕྱུག་ཉིད་དེ་དེའི་སླད་དུ།། ཁྱོད་ནི ་སྐྱེས་བུ་རྣམས་ཀྱི་མཆོག་ལས་མཆོད་ཉིད་གཞན་ཡོང་མིན།། ཉི་ཟླར་གུས་བཅས་རིམ་གྲོ་བོསྙེན་བསྐུར་སྟོབས་སྟོབས་རྣམས་ལ་ནི།། ཡང་དགེ་བསྟན་ཕྱིར་མཐོན་མཐིང་མཛེས་པའི་སྤྱན་ནི་གང་དག་ལོས།། ་རི་བོང་སྤྱན་དང་བླ་མ་ངེས་ཕྱུང་ས་ལ་མིག་རྣམས་ཀྱི།། ནང་གི་མུན་ནག་འཇོམས་པ་དེ་ལ་བདག་ནི་ཕྱག་འཚལ་ལོ།། དཔལ་མོར་རིམ་གྲོ་བསྙེན་བཀུ་རོ་སྦྱོར་བ་པོ་རྣམས་གདུལ་བ་དང་།། རྟོགས་ཕྱིར་འདིར ་ནི་ངེས་པར་བཅོམ་ལྡན་མ་སྟེ་དབྱངས་ཅན་འདི།། རྒྱལ་བའི་སྲས་པོ་ཁྱོད་ཀྱི་མཆེ་བའི་རྩ་ལས་རབ་ཕྱོང་བས།། མངོན་འདོད་ཤེས་རབ་འབྲས་བུ་སྟེར་བ་ལ་བདག་ཕྱག་འཚལ།། རླུང་གི་སྐྱེ་བ་པ་རྣམས ་གདུལ་དང་མི་བཟང་ལམ་གྲུབ་ཕྱིར།། དེ་ནས་འཇིག་རྟེན་མགྲོན་པོའི་ཞལ་གང་ཞིག་ལྷས་ངེས་ཕྱུང་འདི།། རླུང་ལྷ་མཆོག་གི་བླ་མ་ས་ལ་སྐྱེ་བ་པ་རྣམས་ཀྱི།། སྤྱོད་ལམ་རྣམ་བཞིའི་འབྲས་བུ་སྟིར་བ་དེ ་ལ་བདག་ཕྱག་འཚལ།། ཆུ་ལྟ་པ་རྣམས་གདུལ་དང་ཞི་བའི་ལམ་འདོད་ལྡན་རྣམས་ཀྱི།། ཡང་དག་ཁོང་དུ་ཆུ་ཕྱིར་བདེ་གཤེགས་སྲས་པོའི་ལྟེ་བ་ལས།། ཡང་དག་ཕྱུང་བ་ཆུ་ལྕེའི་གཙོ་བོ་ཡང ་སྟེ་མྱུར་བ་རུ།། འདོད་དགའི་དབང་ཕྱུག་ཉིད་ཀྱི་འབྲས་བུ་སྟེར་ལ་རྟག་ཕྱག་འཚལ།། མཐུན་པའི་འབྲས་བུ་ལ་སོགས་མངོན་པར་འདོད་རྣམས་ངེས་གདུལ་ཞིང་།། ཡང་དག་གྲུབ་ཕྱིར་རབ་མཆོག་མཚན ་ལྡན་ཞབས་ཀྱི་པད་མ་ལས།། གང་ཞིག་ངེས་པར་ཕྱུང་བ་བཅོམ་ལྡན་ནོར་འཛིན་མར་གྲགས་པ།། འཇིག་རྟེན་གསུམ་གྱི་མགོན་པོ་མཉམ་མེད་དེ་ལ་བདག་ཕྱག་འཚལ།། ཁྱོད་ནི་སྲིད་ལས་གྲོལ་ཀྱང་དེ ་ལེ་ཡང་དག་གནས་པ་ནི།། སེམས་ཅན་ཚོགས་ལྔ་སྙིང་བརྩེ་ཉིད་ལས་སྲིད་པའི་སྤྱོད་ཚུལ་གྱིས།། སྲིད་མཐའི་བར་དུ་བརྟན་པ་བླ་དག་ནི་རྟག་གནས་གྱུར་སྙམ་དུ།། དམ་པའི་བསམ་པ་ཆེན་པོའི་མཆོག་གྱུར ་བྱང་ལ་ཕྱག་བགྱིའོ།། ནམ་མཁའི་བར་དུ་སྣང་བའི་འཇིག་རྟེན་ཁམས་རྣམས་ཁྱོད་ཉིད་ཀྱིས།། རང་གི་ཞབས་གཅིག་མཐིལ་གྱིས་ཀྱང་ནི་རྣམ་པར་གནོན་པ་སྟེ།། བསྐལ་པའི་མཐུའ་རུ་སྲིད་པས་རྟེན ་པོར་འབྱོར་པ་དྲག་པོའི་མེ། ཁྱོད་ཀྱིས་དབུགས་ཀྱི་རླུང་གི་སྟོབས་ཀྱིས་ངེས་བྱོར་བཙལ་བར་གྱུར།། རང་གི་འཛུམ་མོ་གྱེན་དུ་གཏོང་ངེ་འཛིན་པའི་སྡིགས་འཛུབ་ཀྱིས། ལྷུན་པོའི་ཚོགས་རྣམས་དུ ་མ་གཡོ་བར་གྱུར་ཅིང་སེན་མོ་ཡི།། སྦུབས་ཀྱིས་གྱེན་དུ་འཛིན་པས་རྒྱ་མཚོའི་ཆུ་ཡང་ལུས་མ་གྱུར།། ཨེ་མའོ་འདི་ལྟའི་ནུས་པ་ཁྱོད་ལས་གཞན་དུ་ཅི་ཞིག་མཐོང་།། མཆོག་ཏུ་མཉན་ཞིང ་ཟླ་བ་གཞོན་ནུའི་མཛེས་པ་ཡང་དག་པར།། སྟོན་པའི་སྐུ་མཆོག་འདི་ཡང་ལུང་ཚོ་མཱ་ཡི་ཡིན་ནམ་ཅི།། འཇིགས་བྱེད་དྲག་པོ་གནོན་ལས་མི་ལྗོངས་ཅི་ཡང་དུ་བ ་པ་དང་།། གདུལ་བར་དཀའ་བའི་བདུད་འཇོམས་པ་ནི་ཁྱོད་ཀྱི་སྤྱོད་ཚུལ་ལགས། ཀྱེ་ལེགས་འདི་ལྟར་ཆེན་པོའི་སྐྱེ་བོའི་རལ་ཕྲེང་དང་མཚུངས་པར་རང་གི་དབུ་སྐྱེས་མཛེས་པའི་ལན་བུ ་འཁྱོག་པོ་དེ།། དེ་ཉིད་མ་ཡིས་ཉོན་མོངས་བུད་ཤིང་སྦར་བར་བྱས་པ་ཡི།། དུ་བའི་ཕྲེང་བ་ལྟ་བུ་དྲི་མེད་ཁྱོད་ལ་སྣང་བར་གྱུར།། ཟླ་ཟེར་ཅུང་ཟད་འཕྲོས་པ་ཡིས་ནི་ཕྱོགས་བཅུར་ཁྱབ་ཁྱོད་ཀྱིས།། ་ནགྲོ་བོའི་ཕྱོགས་ཟང་ཆུང་ངུ་ཆ་བཅས་འོད་ཀྱིས་མཛེས་པ་ནི། སྲིད་པ་རྣམས་སུ་འདོད་པ་གང་མྱུར་རི་བོང་ཅན་གང་དེ།། ཅུང་ཟད་ལས་ནི་མ་ལུས་བསྣམ་པ་རྣམ་པར་མཛེས།། མཐུན་པོར་སྤྲོས ་པའི་ངན་པོའི་ལམ་ཅན་ལུགས་འཇོམས་ཤིང་།། མི་དང་མི་མིན་བསམ་པ་རྟོན་ལ་ལམྲ་དང་ལ་མོ།། སྣང་དག་ཐོབ་བྱེད་གཞན་དོན་སྤྱོད་ཚུལ་མཆོག་གིས་ནི།། མཛེས་ལྡན་རྒྱལ་བ་ས་ཡི་དབང ་ཕྱུག་ལ་ཕྱག་བགྱིའོ།། མྱ་ངན་འདས་དང་སྲིད་མི་གནས་ཀྱང་ཁྱོད་གནས་པ།། འོད་གསལ་རང་བྱིན་གྱིས་རླབ་སྟེ་སྦྱོར་དང་ཕན་པ་པོ།། མ་ལུས་སྐྱེ་བོའི་མི་དགེ་མི་མཛད་དགེ་བ་ཡིས།། མཛེས ་ལྡན་རྒྱལ་བ་ས་ཡི་དབང་ཕྱུག་ལ་ཕྱག་བགྱིའོ།། རིགས་པར་དཔག་མང་འོད་ཟེར་ཕྲེང་བས་ཡང་དག་བསྐོར།། དེ་ལས་བདེ་སྐྱེད་མཚོ་སྐྱེས་རང་གི་ཕྱག་གིས་འཛིན།། རྗེས་མཐུན་དགའ་བ་ཐོབ་པ ་ཡང་དོག་དགའ་བདེ་ཡིས།། མཛེས་ལྡན་རྒྱལ་བ་ས་ཡི་དབང་ཕྱུག་ལ་ཕྱག་བགྱིའོ།། ཆོས་ཀྱི་དབྱིངས་ལས་ཀུན་མཆོག་སྙིང་རྗེ་རང་ཉིད་གཙོ།། གང་ཞིག་དགེ་བ་ལ་སོགས་ཚོགས་རྣམས་ཡང ་དག་རྫོགས།། རྣམ་པར་རྟོག་སྤངས་མཐུ་ལས་སྒྲ་ཡིས་སྟོན་པ་པོ།། མཛེས་ལྡན་རྒྱལ་བ་ས་ཡོ་དབང་ཕྱུག་ལ་ཕྱག་བགྱིའོ།། དེ་བཞིན་ཉིད་དང་ཉིད་མིན་གཉིས་མེད་ཀུན་དགའ་བརྒྱས།། ་ཡོངས་སུ་གང་བར་མཛད་པ་བརྒྱ་ཕྲག་ཆོས་ཀྱི་གཏཱམ།། འཐད་ལྡན་མཆོག་ཏུ་བདེན་ཞིང་རིགས་པར་གསུངས་པ་ཡི།། འཛིན་མའི་དབང་ཕྱུག་རྒྱལ་པོ་མཆོག་ལྟ་བདག་ཕྱག་འཚལ།། མི་མཆོག ་དེ་ཡི་རང་གི་སྐུ་ནི་འགྲོ་ལ་རབ་འཕྲོ་བ།། མཚོ་སྐྱེས་སྤྱན་གྱིས་ཤིན་ཏུ་མཛེས་པར་གྱུར་པ་ཡི།། མ་ལུས་སེམས་ཅན་རྣམས་ཀྱི་མྱུར་བའི་ཐར་མཆོག་གི། འཛིན་མའི་དབང་ཕྱུག་རྒྱལ་པོ་དམ་པར ་བདག་ཕྱག་འཚལ།། མཆོག་ཏུ་སྤྲུལ་དང་ལོངས་སྤྱོད་རྫོགས་པ་གཞན་དོན་དགྱེས།། སྟོང་ཉིད་གོས་མེད་ཆོས་འཛིན་པ་ལ་དགྱེས་པ་ཅན།། གྲུབ་པ་དམ་པ་རྣམ་སད་འཛིན་མོའི་དབང་པོ་སྟེ། ་ནོར་འཛིན་དབང་ཕྱུག་རྒྱལ་པོ་མཆོག་ལ་བདག་ཕྱག་འཚལ།། མཆོག་ཏུ་ལྷན་སྐྱེས་དམ་པའི་རྒྱ་མཚོར་ཟླ་ཞལ་གྱི།། སྒོ་ལས་ཐམས་ཅད་གསུང་བ་མཱ་ལུས་ངག ་ཚིག་ནི།། མྱ་ངན་འདས་པའི་མཚན་ཉིད་རྗེས་མཐུན་རྒྱན་གྱིས་ཕུལ།། དབང་ཕྱུག་འཛིན་མའི་རྒྱལ་པོ་དམ་པར་ཕྱག་འཚལ་ལོ།། འཇིག་རྟེན་དབང་ཕྱུག་བསྟོད་པ་རིན་ཆེན་ཕྲེང་བ་ནི།། དཔལ ་ལྡན་ནགས་ཀྱི་རིན་ཆེན་ཞབས་ཀྱིས་བགྱིས་པ་ལས།། དེ་ཡི་གཙང་མའི་དགེ་བ་གང་ཞིག་ཐོབ་གྱུར་པ།། དེ་ཉིད་ཀྱིས་ནི་འཇིག་རྟེན་ཀུན་ཏུ་བཟང་པོར་གྱུར།། བསྟོད་པ་རིན་པོ་ཆེའི་ཕྲེང་བ ་འདི་ནི་རྫོགས་སོ།། ། རྒྱ་ག་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་ནགས་ཀྱི་རིན་པོ་ཆེའོ་ཞལ་སྔ་ནས་མཇེད་པའོ།། མཁས་པ་ཆེན་པོ་དེ་ཉིད ་ཀྱིས་སྤྱན་སྔར། དགེ་སློང་རྒྱ་མཚོའི་སྡེ་ཞེས་བྱ་བས་བལ་ཡུལ་ཡེ་རང་གི་གྲོང་ཁྱེར་ཆེན་པོའི་འདབས་དཔལ་བ~ཾ་ཙནྡྲའི་གཙུག་ལག་ཁང་ཆེན་པོར་བསྒྱུར་བའོ།། ་