CLOSE WINDOW

GT2842: dpal 'jig rten mgon po mkha' la spyod pa'i sgrub thabs zhes bya ba
Wyliee-texts produced with BDRC’s OCR application

#རྒྱ་གར་སྐད་དུ། ཤྲཱི་ཁ་ས་རཱ་ཎ་ལོ་ཀ་ནཱ་ཐ་སཱ་དྷ་ནཱ་ནཱ་མ། བོད་སྐད་དུ། དཔལ་འཇིག་རྟེན་མགོན་པོ་མཁའ་སྤྱོད་པའི་སྒྲུབ་ཐབས་ཤེས་བྱ་བ། འཇིག་རྟེན་མགོན་པོ་ལ་ཕྱག་འཚལོ།། ་དཔལ་ལྡན་མངོན་འདོད་འབྲས་བུ་སྟེར་པོའི་གཟི་ལྡན་དཔག་བསམ་རྐང་འཐུང་ནི།། བདེ་བར་གཤེགས་རྣམས་བཞེད་པའི་དོན་ཆེན་བཟོད་མཛོད་དང་དཔོན་ཆེན་པོ་སྟེ།། སྲིད་དང་ཞི་བ་མཉམ་པའི་དངོས་གྱུར་དངོས ་པོ་ཀུན་གྱི་ངོ་བོ་ཉིད།། ཕྱག་ན་པདྨ་དེ་ཡིས་འགྲོ་བའི་སྡིག་པ་ཞི་བར་མཛད་དུ་གསོལ།། སྐྱེ་བོས་དབེན་པའི་གནས་དག་ཏུ།། སྔར་ལངས་ཁ་སོགས་དག་བྱས་ནས།། འཇམ་པའི་སྟན་ལ་ཡང་དག་གནས། ་སྙིང་ཟླ་རྒྱུས་འོད་གསལ་བའོ།། སྟེང་དུ་རང་གི་ས་བོན་བསམ།། སྙིང་གའི་ཟླ་འོད་ཀྱིས་ས་བོན།། ཡོངས་བསྐུལ་དེ་ཡི་འོད་ཟེར་གྱིས།། ཁར་ས་པ་ཎ་མགོན་དཔལ་ལྡན།། བླ་མ་སངས་རྒྱས་དེ་སྨྲས་ཚོགས། ་མདུན་གྱི་ན་མཁར་སྤྱན་དྲངས་ལ།། ས་བེན་དེ་དག་ལས་བྱུང་བའི།། སྣ་ཚོགས་མཆོད་པའི་སྤྲིན་གྱིས་མཆོད།། དེ་ནས་མངོན་པར་ཕྱག་བྱས་ནས། སྡིག་པ་བཤགས་པ་ལ་སྟེགས་བྱེ།། ཐོག ་མེད་འཁོར་བར་གང་ཞིག་རྣལ་འབྱོར་ཚེ།། བདག་གིས་མི་དགེ་བགྱིས་དང་བགྱིད་སྩལ་བའི།། གཞན་གྱིས་བགྱིས་ལ་རྗེས་སུ་ཡི་རང་བ།། ཐམས་ཅད་བཅོམ་ལྡན་རྣམས་ཀྱི་སྤྱན་སྔོར་བཤ ་རྫོགས་སངས་རྒྱས་དང་རྒྱལ་སྲས་འཕགས་རྣམས་དང་།། གཞན་དག་གིས་ཀྱང་དགེ་བ་གང་བགྱིས་ལ།། རྗེ་སུ་ཡི་རང་དེ་དག་མ་ལུས་པ།། རྫོགས་པའི་བྱང་ཆུབ་ཏུ་ནི་ཡོངསུ་བསྔོ།། སྙིང་རྗེ་དམ་པ་ལས ་འཁྲུངས་པའི།། སངས་རྒྱས་རྣམས་ལ་སྐྱབསུ་མཆི།། ཆོས་ཀུན་རོ་གཅིག་རིང་བཞིན་ཅན།། གོས་པ་མེད་པའི་གོས་དག་དང་།། རབ་དགའ་ལ་སོགས་པར་བཞུགས་པའི།། བྱང་སེམས་རྣམས་ལའང་དེ་བཞིནོ།། སངས་རྒྱས་མྱ་ངན་འདའ ་བཞིད་གྱུར་པ་རྣམས།། གཞན་ལ་ཕན་ཕྱིར་ཡུན་དུ་བཞུགས་པར་གསོལ།། སྒྲིབ་པ་ཐམས་ཅད་དཔྱིས་འབྱིན་གྱུར་པ་ཡི།། རྒྱུར་གྱུར་བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་།། བདེ་གཤེགས་རྣམ་དག་ལམ་གྱི་དགོངས་པོ་རྣམས།། ་རྟག་པར་ཡང་དག་ཀུན་ནས་བསྟེན་པར་བོགྷྲི།། དེ་ནི་ས་རྒྱུ་དང་མི་རྒྱུའི་འགྲོ་བ་འདི་དག་ཀུན།། གཅིག་དང་དུ་མ་རྣམ་བྲལ་སྟོང་པོ་ཉིད་དུ་རྣམ་བསམ་བྱ།། ཨོཾ་དྷོཤཱུནྱ་ཏཱ་ཛྙཱ་ན་བཛྲེ་སྭ་བྷཱ་ཝ་ཨཏྨ་ཀོ&། ཞེས་བྱ་བས་སྟོང་པ་ཉིད་ལྷག་པ ་གནས་པར་བྱའོ།། ཆོས་འདི་དག་ཐམས་ཅད་ནི་རང་བཞིན་གྱིས་ཡོངསུ་དག་པའོ།། ཞེས་ལྷག་པར་གནས་པ་དེ་ལྟར་བདག་ཉིད་ལའང་ཀུན་ཏུ་བལྟ་སྔོ་ནས། ཨོཾ་སྟ~ཾ་བྷཱ་ཝཾ་ཤུདྡྷཿསརྦྦཾ་དྷཱརྨཱཿསཾ་བྷཱ་ཝ་ཤུདྡྷོ&ཧ~ཾ། ཞེས་བརྗོད་པར་བྱའོ།། དེ ་ནས་སྦོམ་པོ་པོས་སྔོན་གྱི་སྨོན་ལམ་གྱིས་ཡང་དག་པར་བསྐུལ་བའི་རྣམ་པར་ཤེས་པ་ཙམ་གྱི་བཾ་ཡིག་ཡོངསུ་གྱུར་པ་ལས་ཁ་དོག་སྣ་ཚོགས་པའི་པདྨར། ཨཾ་ཡིག་ལས་སྐྱེས་པོའི་དྲི་མ་མེད་པའི་ཟླ་བའི་དཀྱིལ་འཁོར་ཡོངསུ ་བ་དེའི་སྟེང་དུ་དྷཱིཿཡིག་འཕྲོས་པའི་འོད་ཟེར་གྱིས་ན་མཁའི་ཁྱོན་ཡང་དག་པར་གསལ་བ་བསམ་པར་བྱ་ཞིང་། དེ་ཡོངསུ་གྱུར་པ་ལས་པདྨའི་སྙིང་པོར་རང་གི་ས་བོན་འོད་ཟེར་གྱི་ཕྲེང་བས་བརྒྱན་པ་བལྟ་བར་བྱའོ།། དེ་ནས་འདི ་དག་ཡོངསུ་གྱུར་པ་ལས་བདག་ཉིད་བཅོམ་ལྡན་འདས་བས་མོ་པར་བྱ་སྟེ། ཟླ་བའི་དཀྱིལ་འཁོར་གྱི་འོད་སྦྱོར་དཀར་བའི་སྐུ་ཙིནཱ། རལ་པ་བཅིངས་པ་ལས་དབུ་རྒྱུན་དང་། སྤྱི་གཙུག་ཏུ་འོད་དཔག་མེད་བཀོད་པ། སྣ་ཚོགས་པདྨ་དང ་ཟླ་བྱ་ལ་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ། སྐུ་ལེ་མཆོག་གི་བརྒྱན་དང་ལྡན་ཞིང་ཞལ་འཛུམ་པ། བརྒྱུད་གཉིས་ལེན་པའི་ལང་ཚྭ་ཅན།། ཕྱག་གཡས་མཆོག་སྦྱིན་དང་། གཡོན་པ་སྡོང་བུ་དང་བཅས་པའི་པདྨ་འཛིན་པ། དེའི་འོག་ཏུ ་མདོག་ལྷག་པར་རྙོག་པའི་ཡི་དགས་གདོང་པ་གྱེན་དུ་ཕྱོགས་ཤིང་ཁ་གེདངས་པ། གྲེ་ག་ཁབ་ཀྱི་མོག་ཅན་བསུས་པ་ཆེ་བ། ཤིན་ཏུ་རིང་པོ་རྣམས། ཕྱག་ནས་བདུད་རྩིའི་རྒྱུན་སིམ་པར་འབབ་པར་མཐོང་བས་ཚིམ་པར་མཛད་པ། ་སྙིང་རྗེས་བརླན་པའི་དཔལ་དང་ལྡན་ཞིང་གྲུ་འཛིན་གྱི་རོ་བོའི་སྤོ་ལ་བཞུགས་པ། ལྷག་པར་ཞི་བས་རྣམ་པར་གཟིགས་པ་ཅན། སྒྲོགས་པའི་ཉམས་དང་ལྡན་པ། སྣ་ཚོགས་པའི་མཚན་རྣམས་ཀྱིས་བརྒྱན་པའོ།། དེའི་མདུན་དུ ་སྦྲེལ་མེ་དང་། གཡས་ལོགསུ་གཞོན་ནུ་ནོར་བཟངས་པོ།། དེ་ལ་སྒྲོལ་མ་ལྗང་གུ་ཕྱག་གཡོན་པས་སྡོང་བུ་དང་བཅས་པའི་ཨུཏྤལ་འཛིན་ཅིང་། གཡས་པསེ་ཁ་འབྱེད་པའི་ཚུལ་ཅན། སྣ་ཚོགས་པའི་རྒྱན་དང་ལྡན་པ། ལང་ཚོ་གཞིན ་ཞིང་ནུ་འབུར་རྒྱས་པའོ།། གཞོན་ནུ་ནོར་བཟང་གསེར་གྱི་མདོག་ཅན། ཐལ་མོ་སྦྱར་བ། གཞོན་ནུའི་གཟུགས་འཆང་ཞིང་མཆན་ཁུང་གཡོན་དུ་གླེགས་བམ་བཅུག་པ། རྒྱན་ཐམས ་ཅད་དང་ལྡན་པའོ།། རྒྱབ་ཏུ་ཁྲོ་གཉེར་ཅན་དང་། གཡོན་དུ་རྟ་མགྲིན་ཏེ། དེ་ལ་ཁྲོ་གཉེར་ཅན་སེར་མོ། ཕྱག་བཞི་མ། རལ་པའི་ཆ་ཤས་རྫོགས་པ། གཡོན་པས་དབྱུག་གུ་གསུམ་པ་དང་སྤྱི་བླུགས། ་གཡས་པས་ཕྱག་འཚལ་བའི་ཚུལ་དང་། བགྲང་ཕྲེང་འཛིན་པོ། སྤྱན་གསུམ་དང་ལྡན་པའོ།། རྟ་མགྲི་ན་མདོག་དམར་པོ་ཐུང་ཞིང་བསུས་པ་འཕྱང་བ། སྐྲ་དམར་སེར་གྱེན་དུ་འབར་བ། སྦྲུལ་གྱི ་མཆོད་ཕྱིར་ཐོགས་དང་ལྡན་པ། བཞིན་གྱི་དཀྱིལ་འཁོར་ལ་སྨ་ར་དམར་སེར་གྱིས་སྤྲོས་པ། སྤྱན་གསུམ་དམར་ཞིང་ཟླུམ་པ། ཁྲོ་གཉེར་དོང་སྨིན་མ་འཁྱོགས་པ། སྟག་གི་པགས་པའི་ཤམ་ཐབས ་འཆང་པོ། གཡོན་པས་དབྱུག་པའི་མཚོན་ཆ་དང་། གཡས་པས་ཕྱག་འཚལ་བའི་ཚུལ་ཙོན་ཏེ། འདི་དག་ཐམས་ཅད་རང་གི་གཙོ་བོ་ལ་ཇི་ལྟར་མཛེས་པའི་མིག་གིས་བལྟ་ཞིང་འདུག་པ། རྣམ ་པར་བསམ་པར་བྱའོ།། དེ་ནས་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དྷཱི་ཡིག་བསམས་ལ། དེ་ལས་རྣམ་པ་སྣ་ཚོགས་པའི་འོད་ཟེར་འཕྲོས་པས། ཁམས་གསུམ་པོ་ཡོངསུ་གང ་ཞིང་སེམས་ཅན་ཐམས་ཅད་འཇིག་རྟེན་དབང་ཕྱུག་གི་གོ་འཕྱང་ལ་རབ་ཏུ་བཀོད་ནས། སླར་ཡང་འོད་ཟེར་དེ། ས་བོན་གྱི་ཡི་གེ་དེ་ལ་གཞུག་པར་བྱའོ།། ཕྱེ་ནས་འོད་ཟེར་ང་ཉིད་ཀྱིས་ཡེ་ཤེས་སེམས་དཔའ ་སྤྱན་དྲངས་ཏེ། དམ་ཚིག་སེམས་དཔའ་དང་ཆུ་དང་འོ་མ་འདྲེས་པ་ལྟར་གཅིག་ཏུ་གྱུར་པའི་སྐུར་བསམ་པར་བྱའོ།། དེ་ནས་ལུས་དགེ་ཡིད་གསུམ་རྣམ་པར་དག་པར་བྱ་སྟེ། རིམ་པ་ཇི་ལྟར་བར་སྤྱི ་དཽར་ཨ~ཾ་ཡོགྣ་དཀར་པོ་དང་མགྲིནྡྲ་པཱར་ཨཱི། ཡིག་དམར་པོ་དང་ཐུགས་ཀར་ཧཱུཾ་ཡིག་སྔོན་པོ་རྣམས་བསམས་ལ་འདི་རྣམས་ལས་མཐའ་ཡས་པའི་འོད་ཟེར་གྱི་དྲ་བ་རྟག་ཏུ་འཕྲོས་པསོ།། ་སེམས་ཅན་གྱི་ཕུང་པོ་ཐམས་ཅད་ཀྱི་སྡིག་པའི་ཚོགས་གཞོམ་པར་བྱའོ།། ཞེས་ནུས་པ་ཇི་ལྟ་བས་གསལ་བར་བསྒོམ་པར་བྱའོ།། རྣལ་འབྱོར་བརྩོན་ལྡན་སྒོམ་པ་པོས་སྒྲིབ་པ་རབ ་སྤོངས་ཤེས་རབ་དང་སྐལ་བཟང་ནད་མེད་ཕུན་སུམ་ཚོགས། མངོན་དུ་བྱེད་པ་འཐོབ་པར་འགྱུར།། བསྒོམ་པས་དུབོ་ན་སེམས་རྩེ་གཅིག་པས་བཟླས་པ་བྱ་སྟེ། དེ་ལ ་སྔགས་ནི་འདིའོ།། ཨོཾ་ཛྫཿསྭཱཧཱ། འོད་རྣམས་སྦྱིན་ཀའི་རྒྱུ་སྐར་དྲི་མ་མེད་པའི་ཕྲེང་བ་ལྟོ་བུའི་ཁ་དོག་དང་འོད་ཀྱི་སྣང་བ་ཅན་ལས་འོད་ཟེར་དུ་མ་འཕྲོ་བས་བཟླས་པར་བྱའོ།། དུབ་པ ་གྱུར་ན་བསོད་ནམས་ཡོངས་སུ་བསྔོ་ཞིང་། ལངས་ལ་ཇི་ལྟར་བདེ་བར་ལྷའི་ང་རྒྱལ་གྱིས་གནས་པར་བྱའོ།། དཔལ་ལྡན་འཇིག་རྟེན་དབང་ཕྱུག་གི། ཡིད་འོང ་བསྒྲུབ་ཐབས་བགྱིས་པ་ཡིས།། བདག་གིས་བསོད་ནམས་གང་ཐོབ་དེས།། འགྲོ་ཀུན་དེ་ཡི་གོ་འཕང་གྱུར།། དཔལ་འཇིག་རྟེན་མགོན་པོ་ཁ་སཪྵ་ཎའི་སྒྲུབ་ཐབས་ཤེས་བྱ་བ་གྲུབ་ཆེན་པད་མ་འབྱུང ་གནས་ཞབས་ཀྱིས་མཛད་པ་རྫོགས་སོ།། ། རྒྱ་གར་ཤར་ཕྱོགས་ཀྱི་པཎ་ཌི་ཏ་ཆེན་པོ་ཤྲཱི་བ་ན་ར་ཏ་ནའི་ཞལོ་སྔ་ནས་དང་། ཆོས་འཁོར ་ལོ་ཙྪ་བས་བསྒྱུར་བ་ལས། སླད་ཀྱི་བཙུན་པ་རྒྱ་མཚོས་དག་པར་བཅོས་ཤིང་གཏན་ལ་ཕབ་པའོ།། ་