CLOSE WINDOW

GT2841: 'phags pa don yod zhags pa'i sgrub thabs
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཨཱརྱ་ཨ་མོ་གྷ་པཱ་ཤ་སཱ་དྷཱ་ནཾ། བོད་སྐད་དུ། འཕགས་པ་དོན་ཡོད་ཞགས་པའི་སྒྲུབ་ཐབས། འཕགས་པ་དོན་ཡོད་ཞུགས་པ་ལ་ཕྱག་འཚལ་ལོ།། དང་པོར་ཡིད་དང་མཐུན་པའི ་གནསུ། སྟན་བདེ་བ་ལ་འདུག་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བློ་སྐྱེད་ལ། རང་གི་སྙིང་གར་པཾ་ལས་པདྨ། དེའི་སྟེང་དུ་ཨོཾ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཡི་གེ་ཧྲིཾ་དཀར་པོ། དེའི་འོད་ཀྱིས་ལྷའི་འཁོར་ལོ་དང་། བླ ་མ་སྤྱན་དྲངས་ཏེ། མདུན་དུ་བཞུགསུ་གསོལ་ལ། མཆོད་ཏེ་སྡིག་པ་བཤགས་པ་ལ་སོགས་པ་དང་། བྱམས་པ་ལ་སོགས་པ་སྒོམ་པར་བྱའོ།། དེ་ནས་སྭ་བྷཱ་ཝའི་སྔགས་ཀྱིས་སྟོང་པ་ཉིད་དུ་བསྒོམ་པར་བྱའོ།། དེ་ནས་ན་མཁའ ་དབུསུཾ་བསྲུང་བའི་འཁོར་ལོ་བསྒོམ་སྟེ། དེའི་ནང་དུ་གཞལ་ཡིས་ཁང་གི་དབུསུ་པཾ་ཡོངསུ་གྱུར་པ་ལས་པདྨ་ཨ་ཡོངསུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཧྲིཿདཀར་པོ་ཡོངསུ་གྱུར་པ་ལས་སྤྱན་རས་གཟིགས་དབང ་ཕྱུག་ཞལ་གཅིག་པ་ཕྱག་གཉིས་པ། གཡོན་པ་དང་གཡས་པ་ན་པདྨ་མཆོག་སྦྱིནོ།། མདོག་ནི་གསེར་གྱི་མིདོག་ལྟ་བུའོ།། ཤར་ཕྱོགསུ་པཾ་དམར་པོ་ལས་པདྨའི་སྟེང་དུ་ཟླ་བ་ལ། ཧཿཡོངསུ་གྱུར་པ་ལས་དོན་ཡོད་ཞགས་པ ་དམར་པོ་ཞལ་གཅིག་ཕྱོག་བཞི་པ། གཡས་ཀྱི་དང་པོ་ན་ཞགས་པ་གཉིས་པ་ན་རྡོ་རྗེ། གཡོན་གྱི་དང་པོ་ན་ལྕགས་ཀྱུ་གཉིས་པ་ན་བགྲོང་འཕྲེང་ངོ་།། ལྷོ་ཕྱོགསུ་པཾ་དམར་པོ་ལས་པདྨའི་སྟེང་དུ་ཉི་མ་ལ་ཧཱུཾ་ཡོངསུ་གྱུར་པ་ལས ་མགྲིན་ཞལ་གཅིག་ཕྱག་བཞི་པ། གཡས་ན་དབྱུག་པ་དང་སྡིགས་མཛུབ་བསྣམས་པ། གཡོན་ན་འཁོར་ལོ་དང་པདྨ་འཆང་བའོ།། ནུབ་ཕྱོགསུ་པཾ་ནག་པོ་ལས་པདྨའི་སྟེང་དུ་ཉི་མ་ལས་ཕ་ནག་པོ་ཡོངསུ་གྱུར་པ ་ལས་རལ་གཅིག་མ། ནག་པོ་སྟག་གི་བགོས་པའི་ཤམ་ཐབས་ཅན། ཁྲོ་མྱོའི་ཞལ་མཆེ་བ་བརྩིགས་པའི་གདོང་ཅན། ཕྱག་བརྒྱུད་པ། གཡས་ན་རལ་གྲི་དང་། ཞགས་པ་དང་། པདྨ་དང་། མདའ་བསྣམས་པའོ།། གཡོན་པ་ན་འ ་ལོ་དང་། དབྱུག་པ་དང་། རྩེ་གསུམ་པ་དང་། གཞུ་བསྣམས་པའོ།། བྱང་ཕྱོགསུ་པཾ་དཀར་པོ་ཡོངསུ་གྱུར་པ་ལས་པདྨའི་སྟེང་དུ་ཟློ་བ་ལ་ཊ་སྐྱ་བོ་ལས་ཁྲོ་གཉེར་ཅན་ཞལ་གཅིག་པ། ཕྱག་བཞི་པ་གཡིས་ཀྱི་ཕྱག་ན་དབྱུག་པོ་དང་། ་པདྨ་བསྣམས་པའོ།། གཡོན་པ་ན་ཕྲེང་བ་དང་སྤྱི་བླུགས་བསྣམས་པའོ།། མདོག་སྐྱ་བའོ།། རྟེན་དང་ས་བོན་དང་མཚན་མ་དང་། ཕྱག་དང་ཞལ་ལོ་སོགས་པ་ལྷ་ལྔའི་བདག་ཉིད་ཀྱིས་བཅོམ་ལྡན་འདས་སྐད་ཅིག་གིས་བལྟ་བར་བྱའོ།། ། ་དེ་ནིས་སྙིང་གའི་ས་བོན་གྱི་འོད་ཀྱིས་ཡེ་ཤེས་ཀྱི་འཁོར་ལོ་བཀུག་ཅིང་གཞུག་པ་ལ་སོགས་པ་དང་། དེ་ནས་ས་བོན་གྱི་འོད་ཀྱིས་འཁོར་ལོ་བཀུག་སྟེ། དབང་བསྐུར་ཅིང་རིགས་ཀྱི་བདགེ་བོས་དབུ་བརྒྱན་པར་བྱའོ།། ཕྱིས་ནི་སྤྲོ་བ ་དང་བསྡུ་བ་བྱས་ཏེ། རོ་གཅིག་ཏུ་གྱུར་པས་བཅོམ་ལྡན་འདས་དོན་དམ་པར་བསྒོམ་པར་བྱའོ།། དེ་ལྟར་མི་ནུས་ན་དེའི་རྗེས་ལ་ངག་གིས་བཟླས་པའི་སྔགས་ནི། ན་མེ་ས་མནྟ་བྷུ་དྷཱ་ནཱཾ། སརྦ་ཏཱ་ཐཱ་ག་ཏཱ་ཨ་ཝ་ལོ་ཀི་ཏེ། ཀྲོ་རུ་ཎམ ་མུར་ཏྭཱ་ཡེ། ཧཱུཾ་ཛྫཿསྭཱཏྨ། དབུས་ཀྱི་བཅོམ་ལྡན་འདས་ཀྱི་སྙིང་པོའོ།། ཨཱཾ་དྷཱིཿཏྲཻ་ལོ་ཀྱ་བི་ཛ་ཡ་ཨ་མོ་གྷཱ་བཱ་ཤྭཱ་ཨ་པྲ་ཏཱི་ཧ་ཌ་ཧྲཱིཿདྷུཿཧཱུཾ་ཕཊྚ་སྭཱ་ཧཱ། དེ་བཞིན་དུ་དོན་ཡོད་ཞགས་པའི་སྙིང་པོའོ།། ན་མཿས་མནྟ་བུདྡྷཱ་ནཱཾ་ཧཾ་ཁྱཱ་ད་བྷུན་ཛྙཱ་སྱཱ་དྲཱ་ཡྱ་སྱཱཏྨ། ་རྟམགྲིན་གྱི་སྟོང་པོའོ།། ཨོཾ་ཨཾ་ཀ་ཛ་ཊི་མ་ཧཱ་རོ་ར་ཎི་ཏྲ་ས་ཡ་ས་མ་ས་མ་བྱཱ་ས་མ་ན་དྡྷ་ཧཱུཾ་ཕཊ་ཕཊ་སྭཱཧཱུ~ཾ། རལ་གཅིག་མའི་སྙིང་པའོ།། ནེ་མ་སཱ་མནྟ་བུདྡྷཱནྟུ། སརྦ་བྷཱ་ཝ་ས། ཎ་ར་ཎི་ཧཱུཾ་ཕཊ་པཱ་ཏ་ཡ་སྭཱ་ཧཱུཾ། ཁྲོ་གཉིར་ཅན་གྱི་སྙིང་པོ་ཞེས ་བྱའོ།། དེ་ནས་སྟིའི་སྐུལ་དམིགས་ལ་བཟླས་པ་བྱའོ།། ཡེ་ཤེས་ཀྱི་འཁོར་ལོ་གཤེག་སུཾ་གསོལ་ཏེ། ཇི་ལྟ་བདེ་བར་གནས།། མཁས་པ་གཉིས་མྱེད་ཀྱི་རྣལ་འབྱོར་གྱིས་ལས་ཐམས་ཅད་བྱས་ན་མྱུར་དུ་དངོས་གྲུབ་འགྲུབ་པར་འ ་བསྒྲུབ་ཐངས་ཡང་དག་བསྡུས་པ་ལས།། བདག་གིས་བསོད་ནམས་གླང་ཐོབ་པ།། དེ་ཡིས་སེམས་ཅན་ཐམས་ཅད་ཀུན།། དོན་ཡོད་ཞུགས་པ་ཐོབ་པོར་ཤློག། དོན་ཡོད་ཞུགས་པའི་སྒྲུབ་པའི་ཐིབས།། དོན་ཡིད་ཞགས་པའི་མདོ ་པས་བསྡུས་པ། སློབ་དཔོ་ནི་ལྷན་ཅིག་སྐྱེས་པའི་རོམ་པས་མཛད་པ་རྫོགས།། རྒྱ་གིར་གྱི་མཁན་པོ་དོན་ཡོད་རྡོ་རྗེ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་བའི་མི་བསྒྱུར་ཅིང་ཞུས་གཏན ་ཕབ་པའོ།། ་