| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཨཱརྱ་ཥ་ཊ་ཀྵ་ར་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་ཡི་གེ་དྲུག་པའི་སྒྲུབ་ཐབས། འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ།། དང་པོ་རེ་ཞིག་སྔགས་པས་གདོང་བཀྲུས་ནས་སྟན་བདེ ་བ་ལ་འདུག་སྟེ། སངས་རྒྱས་ལ་སོགས་པ་བསམས་ལ་སྐྱབསུ་འགྲོ་བ་ལ་སོགས་པ་བྱའོ།། བདག་ནི་དཀོན་མཚིག་གསུམ་ལ་སྐྱབསུ་སོང་བ་ཡིན་ནོ།། ཞེས་མོས་པར་བྱས་ལ། སེམས་ཅན་ཇི་སྙེད་བསྡུ་བས་ཡང་དགེ་བར ་བསྡུས་པ་སྒྲོ་ང་ལས་སྐྱེས་པའམ། མང་ལྔ་ལས་སྐྱེས་པའམ། དྲོད་བཤེར་ལས་སྐྱེས་པའམ། བརྫུས་ཏེ་སྐྱེས་པའམ། གཟུགས་ཅན་ནམ། གཟུགས་ཅན་མ་ཡིན་པོའམ། འདུ་ཤེས་ཅན་ནམ། འདུ་ཤེས་མེད་པའམ། ་འདུ་ཤེས་ཡོད་མིན་མེདོ་མིན་ཏེ། ཇི་སྲིད་དུ་སེམས་ཅན་རྣམས་ཀྱི་ཁམསུ་རྟོགས་པ་དེ་དོག་ཐམས་ཅད། བདག་གིས་ཕུང་པོ་ལྷག་མ་མེད་པའི་དབྱིང་སུ་དགོད་པར་བྱའོ།། ཞེས་བསམས་ལ། དེ་ནས་ཨོཾ་སྭ་བྷཱ་བ་ཤུདྡྷ་སརྦ ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ&ཧཾ། དེ་ལྟར་སྟོང་པ་ཉིད་དུ་བསྡུས་ཙམ་གྱིས་བསྒོམས་ལ། དེའི་འོག་ཏུ་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཡཾ་གེ་ཧྲཱིཿལས་འོད་ཟེར་བརྒྱ་སྟོང་དུ་མ་བསྒོམས་ཏེ། ཡང་དེ་ཉིད་ཀྱིས ་ཐོག་མ་མེད་པ་ནས་བསགས་པའི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་མ་ལུས་པ་ཐམས་ཅད་རྣམ་པར་དག་པར་བྱས་ནས་བདག་ཉིད་ཀྱི་སྙིང་གར་ཞུགས་པ་ལས། བདག་ཉིད་འཇིག་རྟེན་དབང་ཕྱུག་གི་སྐུ་རྒྱུན ་ཐམས་ཅད་ཀྱིས་བརྒྱན་པ། སྐུ་མདོག་དཀར་པོ་ཞལ་གཅིག་ཕྱུག་བཞི་པ། གཡས་ན་ཕྲེང་བ། གཡོན་པཱ་ན་པདྨ་བསྣམས་བྱ། ཕྱག་དང་པོ་གཉིས་ཀྱིས་ཀར་ཐལ་མོ་སྦྱར་བའོ།། གྲཝ་ཡ་སུ ་ནོར་བུ་འཛིན་པ་སྐུ་མདོག་ཕྱག་མཚན་ལ་སོགས་པ་དེ་དང་འདྲ། གཡོན་དུ་འབྲུ་དྲུག་མ་རིག་སྔགས་ཆེན་མོ་ཕྱག་བཞི་མ་སྟོན་ཀྭའི་སྤྲིན་ལྟ་བུའོ།། ཨོཾ་མ་ཧཱ་སུཾ་ཁ་བཛྲ་སཏྭ་ཨ་ལ་ལ་ཧོཿཿཿཿཿཞེས་བྱ ་པས་བྱིན་གྱིས་བརླབས་པའི་སྔགས་ཀྱི་རྒྱལ་པོ་འདི་བརྗོད་པར་བྱའོ།། དེ་ལྟར་བསྒོམས་ནས་དེའི་འོག་ཏུ་འཇིག་རྟེན་དབང་ཕྱུག་གི་ཐུགས་ཀའི་ཟླ་བའི་དཀྱིལ་འཁོར་ལས་ཕྲེང་བ་འདྲ་བ་སྐོར། ཞལ་ནས་ཕྱུང་ཞིང་ལྕི ་པབར་ཞུགས་ཏེ་འཁོར་ལོའི་ཚུལ་གྱིས་སངས་རྒྱས་ཐམས་ཅད་ཀྱི་ཐབས་ཡིད་བཞིན་གྱི་ནོར་བུ་ལྟ་བུར་རྟོགས་པ་སྔགས་ཀྱི་རྒྱལ་པོ་འདི་མཚན་མ་མེད་པའི་ཚུལ་གྱིས་ཟླ་བར་བྱའོ།། དེ་ནས་ལུས་གཡོ་བ་དང་བཅས་པར ་གྱུར་པ་ལ་སོགས་པར་འགྱུར་བའི་རྣལ་འབྱོར་པ་དད་པ་དང་། སྙིང་རྗེ་དང་། བླ་མཱ་ལ་གུས་པ་དང་ལྡན་པས་ནི་རིང་པོར་མི་ཐོགས་པར་འགྱུརརོ།། ཨོཾ་མ་ཎི་པདྨེ་ཧཱུཾ་ཞེས་དེ་ལྟར་བཟླསོ།། དེ་ནས་ལྡང་བའི་དུས་སུ་ཡང ་སྔགས་བརྗོད་པར་བྱའོ།། ཡི་གེ་བརྒྱ་པ་བརྗོད་པར་བྱའོ།། དེ་ལྟར་བཟླས་ནས་ཅི་བདེར་གནས་པར་བྱའོ།། ཡི་གེ་དྲུག་པའི་སྒྲུབ་ཐབས་སློབ་ན་ནདཔོན་ཆེན་པོ་དཔལ་མར་མེ་མཛད་ཀྱིས་མཛད་པ ་རྫོགས་སོ།། ། ཇོ་བྱེ་རྗེ་ལྷ་གཅིག་གིས་དཔལ་གྱི་ཡེར་པར་མཛད། ན་། རྒྱ་གར་སྐད་དུ། ཨཱརྱ་མུ་ཨ་མོ་གྷ་པ་ཤ་སཱ་དྷནྟ། བོད་སྐད་དུ། འཕགས་པ་དོན་ཡོད ་