CLOSE WINDOW

GT2837: dpal thugs rje chen po'i dbang bskur ba'i man ngag rab tu byed pa zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཀ་རུ་ཎི་ཀ་ཨཱ་བྷི་ཥེ་ཀ་པྲ་ཀ་ར་ཎ་ཨུ་པ་དེ་ཤཱ་ནཱ་མ། བོད་སྐད་དུ། དཔལ་ཐུགས་རྗེ་ཆེན་པོའི་དབང་བསྐུར་བའི་མན་ངག་རབ་ཏུ་བྱེད་པ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་པདྨའི་སྣང ་བ་ཆེན་པོ་རབ་ཏུ་རྒྱས་པ་ལ་ཕྱག་འཚལ་ལོ།། དང་པོར་རེ་ཤིག་རྣལ་འབྱོར་གྱི་དབང་ཕྱུག་གང་ཞིག། པདྨ་རབ་ཏུ་ཟབ་པའི་དཀྱིལ་འཁོར་རམ། པདྨ་རྒྱལ་པོ་གང་ཡང་རུང་བའི་དབང་དང་གནོང་བ་ཐོབ་པས། རྩ་བའི་སྔགས་ལ་བསྙེན ་པ་འབུམ་ཕྲུག་གསུམ་སྐྱོང་ནསྟེ། སློབ་མ་རྗེསུ་བཟུང་བར་འདོད་ན། གནས་དབེན་ཞིང་ཉམས་དགའ་བའི་སར། སློབ་མ་ནཱི་དད་པ་དང་སྙིང་རྗེ་དང་ཤེས་རབ་ཆེ་བ། འཁོར་བ་ལ་སྐྱོན་དུ་མི་ལྟ་ཞིང་མང་དུ་ཐོས་པ། བླ་མ་ལ་གུས་ཤིང་ཐེག ་ཆེན་པོའི་ཆོས་ལ་ཐེ་ཚོམ་མེད་པ། ཁྱད་པར་དུ་ངེས་པའི་དོན་དང་། སྤྱན་རས་གཟིགས་ལ་མོས་ཤིང་དབང་པོ་རྣོ་བའི་གང་ཟག་དེས། བླ་མ་ལ་གསོལ་བ་བདེབས་པ་ནི། སངས་རྒྱས་སྣང་བ་མཐའ་ཡས་ཀྱི།། པད་མའི་རིགས་ཀྱི ་དམ་ཚིག་དང་།། པདྨའི་དཀྱིལ་འཁོར་ཚོན་པོ་རུ།། པདྨའི་དབང་བསྐུར་ཞུ་བོར་བགྱི།། དེ་ནས་བླ་མས་གནང་བ་སྦྱིན་པ་ནི།། བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་འདིར།། མི་མཁས་པ་ནི་འཆིང་བར་འགྱུར།། མཁས་པ་རྣམས་ནི་གྲོལ ་བར་འགྱུར།། སེམས་ཅན་དང་ཅན་སྨིན་པར་བྱེད།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་།། སྲིད་པའི་འདམ་ལས་འདི་ཡིས་བརྒལ།། པདྨའི་རིགས་ཀྱི་དཀྱིལ་འཁོར་འདིར།། ང་ཡིས་འབོད་ཀྱི་ཡིད་གཉིས་སྤོངས།། ཞེས་བརྗོད ་ཅིང་སློབ་མ་བཟུང་བར་བྱའོ།། དེ་ནས་སློབ་དཔོན་གྱི་དཀྱིལ་འཁོར་བྲི་བ་ནི།། པདྨ་འི་ཟླ་རབ་ཏུ་ཟབ་པ་དང་།། པདྨ་རྒྱལ་པོ་གང་གི་བྱེད་ཀྱང་རུང་སྟེ། དེ་ལ་དྲུང་པོར་ས་བརྟག་པ་དང་། ས་བསླང་བ་དང་། སྣ ་སྦྱང་བར་བྱ་བ་ནི། ལྟོ་འཕྱེ་ལཱ~ཾ་དཱ་ནས་བརྐོས་ཏེ།། ས་བསླངས་ནས། གནས་ཁང་དང་འཚེམུ་པར་སི་སྟེགས་གྲུ་བཞི་པ་བྱསསཽ་ཡི་ལྷ་མོ་ལ་གཏོར་མ་ཕུལེ་ཏཱཾ། ས་བྱིན་གྱིས་བརླག།། དེ་ནས་པའི་རྣམ་ལྔ་དང་། དྲྀ ་བཟངས་ཀྱི་ཆུས་བྱུག་ལ། ཐིག་གི་ཆོ་ག་ལག་ལེན་བཞིན་དུ་གདབ་བོ།། ཚོན་གྱིས་བྲི་བྷ་ནི། ཚེན་ཁ་དོག་ལྷ་ཡེ་ཤེས་ལྔར་བྱིན་གྱིས་བརླབས་ལ། པདྨ་ཟབ་པའི་དཀྱིལ་འཁོར་ལ་དབུས་ཀྱི་ལྟེ་བ་དང་ཕྱོགས་བཞིར་པདྨ་འདབ ་ནིདམར་པོ་ལ། མཚམས་ཀྱི་འདབ་མ་དང་གོང་རས་མཛེས་ཚོན། མུ་ཁྱུད་ལ་པདྨའི་ཕྲེང་བ་བྲིའོ།། པདྨ་རྒྱལ་པོའི་དཀྱིལ་འཁོར་ནི།། ལྟེ་བ་དམར་པོ་ལ་ཟེའུ་འབྲུ་དང་གོང་རས་ཅི་མཛེས། འདབ་བརྒྱད་ཀྱི་ཕྱོགས་བཞི ་དམར་པོ་མཚམས་བཞི་དང་མུ་ཁྱུད་རྣམས་མཛེས་ཆེན་དུ་བྱའོ།། དེའི་རྒྱོབ་ཏུ་པདྨ་བད་བ་བརྒྱད་ཕྱོགས་བཞི་ཕྱོགས་ཚོན་ལ། མཚམས་མཛེས་ཚོན་དུ་བྱའོ།། དེའི་ཕྱི་རོལ་ཡང་པདྨ་འདབ་མ་བཅུ་དམར་པོ་འོམ་སེར་པོར ་བྱ་བའམ། ལྷ་སྣམ་དམར་པོ་འམ། ཡང་ན་འཁྱམས་ཕྱིན་ཆད་སྤྱི་དང་འདྲ་བར་བྲིས་ལ། རྒྱན་བཀྲམ་པོ་ནི། བླ་རེས་དང་། ཡོལ་བ་བྲེ། རྟེན་དགྲམ་སྟེ། མཆོད་པ་ལྔ་དང་གཏོར་མ་ལྔ་ལ་སོགས་པས ་མཐའ་མ་ལེགས་པར་བསྐོར་ལ། གཞན་ཡང་དགོས་པ་རྣམས་གཞུང་བཞིན་བཤམ་མོ།། བུམ་པ་གཙང་མ་ལ་བགེགས་བསྐྲད་པ་ནི། གུ་གུལ་གྱིས་བདུག་ཅིང་ཁྲོ་བོའི་སྔགས་བཟླས་ཏེ། ནང་དུ་བཅུང་ཆུ་གཙང་མ་དང་། སྨན ་དང་། དྲི་ལྔ་དང་། འབྲུ་ལྔ་དང་། སྙིང་པོ་ལྔ་དང་། རཏྣ་ལཱ། འོ་མ་ལ་སོགས་པ་བླུག་ལ། དར་རམ་རས་ཀྱི་མགུལ་ཆིངས་དང་གཟུངས་ཐག་བཏགས་ཏེ། འབྲས་བུ་ཅན་གྱི་ཤིང་ལོ་རློན་པས་བརྒྱན་པའི་བུམ་པ་གཉིས་ལ་རྣམ་རྒྱལ ་གྱི་བུམ་པ་དང་། ལས་ཐམས་ཅད་པའི་བུམ་པ་དང་། དབང་གི་བུམ་པ་ལ་སོགས་ཅི་འབྱོར་བཤམས། ནང་དུ་ལྷ་བསྐྱེད་ལ། མཆོད་པ་ཕུལ་ནས། དབང་གི་བསྙེན་པ་བྱའོ།། རྣམ་རྒྱལ་གྱི་བུམ་པ་དཀྱིལ་འཁོར་གྱི་དབུས་སུ ་བཞགོ། ལས་བུམ་གང་བདེར་དགོད། དེ་ནས་རང་བསྟན་བདེ་བ་ལ་འདུག་ནས། བྲིས་པའི་དཀྱིལ་འཁོར་དང་། བུམ་པའི་ནང་དུ་དཀྱིལ་འཁོར་རྒྱས་པ་བསྒོམས། ལས་བུམ་ནང་དུ་རྟ་མགྲིན་བསྒོམ་པ་ནི། ཧྲཱིཿལས་རྟ་མགྲིན ་དམར་པོ་ཞལ་གསུམ་ཕྱག་དྲུག་པ། ཞལ་དབུས་དམར་བ། གཡས་དཀར། གཡོན་སྷོ། དབུ་སྐྲ་དམར་སེར་གྱེན་དུ་འབར་བ། རྟ་མགོ་ལྗང་ཞུར་རྡོག་མ་དམྱུར་བ། རྟ་སྐད་སྒྲོགས་པ། ཕྱག་གཡས་ཁ་ཊྭཱཾ་གཱ་རྩེ་གསུམ ་བསྣམས་པ། གཡོན་ནོ་རྔེའུ་ཆུང་ཁྲོལ་བ། བར་མ་གཉིས་ཀྱིས་ལྷ་སྲིན་སྡེ་བརྒྱད་ཀྱི་ཙིཏྟཾའི་ཕྲེང་བ་བསྣམས་པ། གཡས་འོག་མས་ཞིང་དབྱུག། གཡོན་གྱི་འོག་མས་ཐོད་པ་ལྷུང་ལོ་ཅན་ལྷོ་མ་སྲིན་སྡེ་བརྒྱད་ཀྱི་ཁྲག་གིས ་བཀང་བ་ཞལ་དུ་གསོལ་བ། ཞབས་གཡས་བསྐུམ། གཡོན་བརྐྱང་བས་བཞུགས་པ། སྐུ་སྨད་སྟག་ལྤགས་ཀྱི་ཤམ་ཐབས་བྱས་ལ། སྐུ་སྟོང་ཞིང་ལྤགས་ཀྱི་གཡང་གཞི་མནབས་པ། སྦྲུལ་རིགས་བཞི ་དབུ་དང་ཡན་ལག་བརྒྱན་པ། མེ་དཔུང་གི་དབུས་སུ་བཞུགས་པར་བསམ། སྔགས་ནི། ཨོཾ་ཧྲཱིཿཧ་ཡ་གྲཱྀ་བ་པདྨེ་ཏ་ཀྲྀ་ཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱྀ་བ་ཧུ་ལུ་ཧུ་ལུ་སརྦ་པཱ་པཾ་ཤུདྡྷེ་ཤུདྡྷེ་ཤུདྡྷེ་ཡེ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བརྗོད་པས་ཁྲོ་བོའི་སྐུ ་གསུང་ཐུགས་ཀྱི་བདུད་རྩིའི་ཆུས་གང་བར་བསམ། དེ་ནས་སློབ་མ་རྣམས་ལ་ལས་བུམ་གྱི་ཕྱིར་ཁྲུས་བྱ་སྟེ། ནང་དུ་བཏང་ལ་མཎྜལ་ཕུལ་ནས་གླལ་ལ་རིམ་པར་བཞག་གི། དེ་ནས་གདོང་གཡོགས་བཅིངས་ལ། ལག་ཏུ་མ ་ཏོག་བཟུང་ལ་གསོལ་བ་གདབ་བོ།། དེ་ནས་བདག་ཉིད་དང་དཀྱིལ་འཁོར་དང་བུམ་པ་གསུམ་ཀ་མི་དམིགས་པའི་ངང་ལས། བསོད་ནམས་ཀྱི་སྤྲིན་ཁ་དོག་ལྔ་ལྔ་ལས་འོག་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ། ་དེ་ཡི་སྟེང་དུ་རྣམ་པར་ཤེས་པ་ཡི་གེ་ཧྲཱིཿདཀར་པོ་ཐིག་ལེ་གཉིས་དང་བཅས་པར་བསྒོམ། དེ་ལས་ཡིག་འབྲུ་ཁ་དོག་སྣ་ཚོགས་པ་སྤྲིན་གྱི་ཐོག་ཏུ་འཕྲོས་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་འོད་ཟེར་ལས ་གྲུབ་པའི་གཞལ་ཡས་ཁང་ཆེན་པོ།། ཤར་ཤེལ་དཀར་པོ། ལྷོ་བཻ་ཌཱུརྱ། ནུབ་པདྨ་རཱ་ག། བྱང་ཨིནྡྲ་ནཱི་ལ་ལས་གྲུབ་པ་གྲུ་བཞི་པ། སྒོ་བཞི་པ། ཀ་བ་དང་རྟ་བབས་བཞིས་མཛེས་པ། རིན་པོ་ཆེའི་ཕ་གུ་དང་། དྲ་བ་དྲ་ཕྱེད་ཀྱིས ་བརྒྱན་པ། རི་དྭགས་གདུགས། ཆོས་འཁོར་དང་བཅས་པ་མཐོ་བ། འདོད་ཡོན་གྱི་སྣམ་བུ་དམར་པོ་ལ། མཆོད་པའི་ལྷ་མོས་བསྐོར་བའི་ནང་དུ། པདྨ་རིམ་གཉིས་པའི་གདན་གྱི་དབུས་སུ་ཡི་གེ་ཧྲཱིཿལས་པདྨ་ཉི་མ་ཟླ་བའི་གདན་གྱི ་དབུས་སུ། རང་ཉིད་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་བ། ཞལ་བཅུ་གཅིག་པ། རྩ་བའི་ཞལ་དཀར་པོ། གཡས་ལྟུང་བ། གཡོན་དམར་བ། དེའི་སྟེང་ལ་དབུས་ལྗང་ཁུ། གཡས་དམར། གཡོན་དཀར། དེའི་སྟེང་མ་དབུས་དམར ་བ། གཡས་དཀར་བ། གཡོན་ལྗང་ཁུ། ཞལ་དེ་རྣམས་ནི། ཀུན་ནས་ཞི་བ་བཞད་པ་འཛུམ་པ། སྤྱན་གསུམ་གསུམ་ཞི་བས་གཟིགས་པ། དེའི་སྟེང་དུ་ཁྲི་བའི་ཞལ་ནག་པོ། མཆེ་བ་གཙིགས་པ། སྤྱན་གསུམ་པ། དབུ་སྐྱེ ་དམར་སེར་མེ་ལྟར་བབར་བའོ།། ཞལ་དགུ་པོ་ནི། དབུ་སྐྲ་ནག་པོ་ལ་རིན་པོ་ཆེས་བརྒྱན་པའོ།། ཞལ་ནུག་པོའི་སྟེང་ན་འོད་དཔག་མེད་ཀྱི་ཞལ་དམར་པོ་མགྲིན་པ་ཡན་ཆད་བྱུང་བ། སྤྱན་གསུམ་པ། གཙུག་ཏོར་དང་བཅས་པའི།། ་ཕྱག་བརྒྱད་ཀྱི་དང་པོ་གཉིས་ཀྱིས་ཡུམ་ལ་འཁྱུད་པ་ཐལ་མོ་སྦྱར་བའོ།། གཡས་འོག་མས་མུ་ཏིག་གི་ཕྲེང་བ། གཡོན་འོག་མ་པདྨ་དམར་པོ། གཡས་གསུམ་པས་མཆོག་སྦྱིན། གཡོན་གསུམ་པས་སྤྱི་བླུགས། གཡས ་བཞི་པས་ཆོས་ཀྱི་འཁོར་ལོ།། གཡས་གཡོན་བཞི་པས་པདྨའི་མདའ་གཞུའོ།། སྐུ་དང་ཡན་ལག་ཐམས་ཅད་ལ་རིན་པོ་ཆེས་བརྒྱན་པའོ།། ཡུམ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ། ཞལ་གཅིག་ཕྱག་གཉིས་མ། སྤྱན ་གསུམ་པ། གཡས་ཀྱི་ཟངས་གྲི་བསྣམས་པ། གཡོན་ཐོད་ཁྲག་ཡབ་ལ་འཁྱུད་པ། སྐྲ་གྲོལ་བ་རུས་པའི་རྒྱུན་གྱིས་བརྒྱན་པ། ཞབས་གཡོན་ཡབ་དང་སྦྱར་ནས་བརྐྱང་བ། གཡས་ཀྱིས་ཡབ་ཀྱི ་དར་ཤམ་གྲོལ་བ་ལ་འཁྱུད་པའོ།། ཡབ་ཀྱི་ཕྱག་དགུ་པ་རྒྱ་དགུ་བཅུ་རྩ་གཉིས། མཆོག་སྦྱིན་པའི་ཕྱག་མཐིལ་ལ་མཛེས་པར་གཟིགས་པའི་སྤྱན་སྟོང་མངའ་བ། སྐུའི་ཕྱག་སྟོང་དང་སྤྱན་སྟོང་ལོས་འོད་ཟེར་ཁ་དོག་སྣ་ལྔས ་འཇིག་རྟེན་གྱི་ཁམས་མ་ལུས་པར་ཁྱབ་པར་བསམ་མོ།། མདུན་གྱི་པདྨ་ལ་རྡོ་རྗེ་ཕག་མོ་དོམར་མོ་ཞལ་གཉིས་མའི་སྤྱི་བོར་ཕག་ཞལ། གཡོས་གྲི་གུག། གཡོན་ཐོད་པ། མཚན་ཁུང་ན་ཁ་ཊྭཱཾ་ག་བསྣམས་པ། རུས་པའི ་རྒྱན་གྱིས་བརྒྱན་པའོ།། ག་ཡ་སུ་ཡུམ་ཆེན་མོ་སེར་མོ་ཞལ་གཅིག་ཕྱག་བཞི་མ། གཡས་ཐུགས་གར་རྡོ་རྗེ་འཛིན་པོ། གཡོན་པ་ཨུཏྤལ་གྱི་སྟེང་ན་པི་ཏེ་བསྣམས་པ། འོག་མ་གཉིས་མཉམཾ་བཞག་མཛད་པའོ།། རྒྱབ ་ཕྱོགསུ་སྒྲོལ་མ་ལྗང་ཁུ། ཞལ་གཅིག་ཕྱག་བཞི་མ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱོར་བ། གཡས་སྐྱབས་སྦྱིན། གཡོན་འོག་མས་ཨུཏྤ་ལ་འཛིན་པའོ།། གཡོན་ཕྱོགསུ་ཡུམ་ཡི་གེ་དྲུག་མ་དཀར་མོ་ཞལ ་གཅིག་ཕྱག་བཞིའི་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱོར་བ། གཡས་འོག་མས་མུ་ཏིག་གི་ཕྲེང་བ་འཛིན་པ། གཡོན་འོག་མོས་པདྨ་བསྣམས་པའོ།། མཚམས་བཞིར་བུམ་པ་བདུད་རྩིས་བཀང་བའི་སྟེང་དུ་ཀ་པཱ་ལ་རེ་རེ ་གནས་པར་བསམ་མོ།། ལྷ་མོ་བཞི་པོ་དར་གྱི་ཤམ་ཐངས་ཅན་རིན་པོ་ཆེའི་རྒྱུན་དང་བཅས་པའོ།། དེའི་ཕྱིའི་པདྨའི་གདན་ལ། ཤར་ཕྱོགསུ་མི་བསྐྱོད་པ་སྒྱུ་མདོག་སྔོན་པོ། ཞལ་གཅིག་ཕྱག་བཞི་པ། དང་པོ་གཉིས་ཀྱིས། ་ཡུམ་མཱ་མ་ཀཱི་ལ་འཁྱུད་པས་ཐལ་མོ་སྦྱར་བ།། གཡས་འོག་མས་རྡོ་རྗེ། གཡོན་འོག་མས་པདྨ་འཛིན་པོ། ཞོ་ས་གཡས་བརྐྱང་བ་མཱཾ་མ་ཀཱིས་འཁྱུད་པའོ།། ལྷོ་ཕྱོགསུ་རིན་ཆེན་འབྱུང་ལྡན་ཞལ་གཅིག་སྔོན་མ་གྲི་གུག་དང་ཐ~ཾ ་ཕྱག་བཞི་པ་སེར་པོ། དང་པོ་གཉིས་ཀྱི་ཡུམ་སངས་རྒྱས་སྤྱན་མའི་རྒྱབ་ཏུ་ཐལ་མོ་སྦྱོར་པ། གི་ཡས་འོག་མས་རིན་པོ་ཆེ་འཛི་ནོ་ན་མ་གྲི་ཕུག་དང་ཐཾ་པ་འཛིན་པའོ།། རྒྱ་བོ་ཕྱོགསུ་རྣམ་པར་སྣང་མཛད། དཀར་པོ་ཞལ་གཅིག ་ཕྱོག་བཞི་པ། དང་པོ་གཉིས་ཀྱིས་ཡུམ་གོས་སྨྱེ་རྨི་ཀླག་དྷ་ཛིན་པས་ཡས་ལ་འབྱུང་བ་དཀར་མོ་ལ་འཁྱུད་པས་ཐལ་གཡན་སག་མེས་པ། མོ་སྦྱོར་བ། གཡས་འོག་མས་འཁོར་ལོ་བསྣམས་པའོ།། བྱང་ཕྱོགསུ་དོན་ཡོད་གྲུབ་པ་ལྗང ་ཁུ། ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་ཀྱིས་ཡུམ་དམ་ཚིག་གི་སྒྲོལ་མ་ལ་འཁྱུད་པས་ཐུལ་མོ་སྦྱོར་བ། གཡས་འོག་མས་རལ་གྲི་བསྣམས་པའོ།། ཞབ་གསན་པོ་གམས་ས་གཡས་བརྐྱང་གོ་ཡོན་བསྐུམ་པ། ་ཤམ་དང་རིན་པོ་ཆེས་བརྒྱན་པའོ།། ཡུམ་གཉིས་ནི་དྲུང་དག་ལྟང་ས་སུ་ས་ད་བསྐྱེམསཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་གཡོས་སུ་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། རུས་པའི་རྒྱན་ཅན་སྐུ་མདོག་ཡབ་དང ་མཐུན་པ་ཞབས་གཉིས་ཀྱིས་ཡབ་ཀྱི་དར་ཤམ་ཅུང་ཟད་གྲོལ་བ་ལ་འཁྱུད་བར་བསྒོམས། ཡབ་ཀྱི་གཡོན་གྱི་གཉིས་པ་ནི་པདྨ་འཛིན་པའོ།། མཚམས་བཞིར་ནི། མཁའ་འགྲོ་མ་བཞི་ཞལ ་གཅིག་ཕྱག་ང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱོར་བ། གཡས་གྲི་ཁུག། གཡོན་ཐེད་ཁྲིག་བསྣམས་པ། སྐུ་མདོག་ནི་དཀར་མོ་དང་། སེར་མོ་དང་། དམར་མོ་དང་། ལྗང་ཁུའོ།། ཞབས་གཡས་བརྐྱང་བ། ་གཡོན་པོ། བའོ།། དེའི་ཕྱིའི་རྒྱབ་པད་འདབ་བཅུའི་གདན་ལ། ཕྱོགས་བཅུའི་པད་མ་རིགས་ཀྱི་སངས་རྒྱས་བརྩུ་བ་ནི། གསེར་གྱི་མདོག་ཅན། ཆོས་གོས་དམྱུར་སེར་གསོལ་བ། ཕྱག་ན་པདྨ་འདབ་མ་སྤོང ་དང་ལྡན་བསྣམས་པོ། དབུ་རེག་ཞབས་དྷཱིན་ཅན་ནོ།། གྲ་བོ་ནི་ལ། བྱང་ཤར་དུ་འཇམ་དཔལ་དམར་སེ་རཱ། གཡས་རལ་གྲི། གྷ་ཡོན་ཨུཏྤ་ལའི་སྟེང་དུ་པོ་ཏི་བསམས་པའོ།། ར་ལྷོར་ཕྱག་ན་རྡོ་རྗེ་ལྷྭ ་ཁྲེ། གས་ས་རྡོ་རྗེ། གཡོན་ཨུཏྤ་ལའོ།། ལྷོ་ནུབ་ཏུ་བྱམས་པ་དམར་སྐྱེར། ནིང་གཱ་ཡས་ཀཱ་ཤི་དྱཱ། གཡོན་ཨུཏྤ་ལའི་སྐྱེང་ན་བུམ་པའོ།། ནརྀ་བྱུང་དུ་སྒྲིབ་པ་རྣམ་པར་སེལ་བ་སཽར་སྠཱ།། ག་ཡོ ་ནོར་བུ། གཡོན་གྱིས་ཨུཏྤལའོ།། ཞབས་གཉིས་བཞེངས་པ། རིན་པོ་ཆེ་དང་དར་གྱིས་བརྒྱན་པའོ།། ཤར་སྒོར་འདོད་པའི་རྒྱལ་པོ་དཀར་པོ།། ཞལ་གཙོག་པོ། གཡས་འཁོར་ལོ།། གཡོན་སྡིགས ་འཇུབ་མཛད་པའོ།། ལྷོ་སྒོར་གཤིན་རྗེ་བཤེད་སེར་ནག། ཞལ་གཅིག་པ། ཕྱག་གཡས་བེ་ཅོན། གཡོན་སྡིགས་འཛུབ། ནུབ་སྒོར་རྟ་མགྲིན་དམར་པོ། རྟ་མགོ་ལྗང་གུ། ཕྱག་གཡས་པདྨའི་དབྱུག་པ་གཡོན་སྡིགས ་འཛུབ་མཛད་པའོ།། བྱང་སྒོར་བདུད་རྩི་འཁྱིལ་པ་ལྗང་ནག། ཞལ་གཅིག་པ། ཕྱག་གཡས་རལ་གྲི། གཡོན་སྡིགས་འཛུབ་མཛད་པ། དབུ་སྐྲ་དམར་སེར་འབར་བ། སྦྲུལ་རིགས་བཞིས་བརྒྱན་པ། སྐུ་སྨད་སྟག་གི་ཤམ ་ཐབས་ཅན། ཞབས་གཡས་བརྐྱང་གཡོན་བསྐུམ་གྱིས་བཞུགས་པའོ།། ཕྱི་རོལ་དུ་ལྷ་མོ་མེ་ཏོག་མ་དཀར་མོ། བདུག་སྤོས་མ་སེར་མོ། མེར་མེ་མ་དམར་མེ། དྲི་ཚབ་མ་ལྗང་གུ། ཞལ་ཟས་མ་དཀར་མོ།། སིལ ་སྙན་མ་ཟླ་བའི་མདོག་ཅན་མ་རྣམས་ཀྱིས་གཙོ་བོ་ལ་མཆོད་པར་བསམ་མོ།། སྒོ་ཁང་དུ་ཚད་མེད་པའི་ལྷ་མོ་བཞི་བསྒོ་མོ།། བྱ་ཆད་མེད་པ་ལྷ་མ་གར་མ་དདུས་གྱིམ་མང་སྩ་ཏ་མ་མ་མ་འ་མིགས་ཀྱི་ཀྱི་མ་མང་ག་འི་ལྷ་མ་དམར་མེ་མས་ཀྱི ་སྙོམས་ཀྱི་ལྷ་མོ་ཀུན་མ་གདུའི་ཆ་མོ་ལྟ་དེའི་ཕྱི་རོལ་ཏུ་རྒྱལ་པོ་ཆེན་པོ་བཞི་ནི། བྱང་ཕྱོགསུ་རྣམ་ཐོས་སྲས་སེར་པོ། གཡས་མེ་ཏོག་ཨུ་དུམ་ཝ་ར་གཙོ་བོ་ལ་འབུལ་བ། གཡོན་ནེའུ་ལེའི་རྒྱལ་བ་འཛིན་པའོ།། ཤར་ཕྱོགས ་སུ་ཡུལ་འཁོར་བསྲུང་དཀར་པོ། གཡོས་མེ་ཏོག་གཡོན་པ་ཝཾ་འཛིན་པའོ།། ལྷོ་ཕྱོགསུ་འཕགས་སྐྱེས་པོ་སྔོན་པོ། གཡས་མེ་ཏིག་གཡོན་རལ་གྲི་འཛིན་པ། ནུབ་ཕྱོགསུ་སྤྱན་མ་གཾ་བཟང་དམར་པོ། གཡས ་མེ་ཏོག་གཡོན་སྦྲུལ་ཞག་འཛིན་པའོ།། དེའི་ཕྱི་རོལ་ཏུ་ཡེ་ཤེས་ལྔའི་འོད་ཁ་དོག་ལྔ་རྡོ་རྗེའི་གུར་དུ་བསམ་མོ།། འོད་ཀྱི་ནང་དུ་ཡི་གེ་དྲུག་པའི་གསུང་གི་སྒྲ་རང་བཞིན་གྱིས་གྲག་པར་བསམ་མོ།། དེ་ནས་ཐུ ་ཀྭའི་ཧྲཱིཿལྷས་འོད་ཁ་དོག་ལྔ་འཕྲོས་ནས། འོག་མིན་གྱི་གནས་ནས་ཡེ་ཤེས་སེམས་དཔའ་རང་བསྒོམ་པ་དང་འདྲ་བ་གཅིག་སྤྱན་དྲངས་ལ་མདུན་གྱི་ན་མཁར་གཞུགས་པ་ལ། དཔལ་ལྡན་སངས་རྒྱས་སྐུ་འཆང་བ།། ་ཞེས་པའི་ཚིགསུ་བཅད་པ་བརྗོད་ཅིང་ཡེ་ཤེས་པ་དགུག་གཞུག་བྱ་སྟེ། སྐུ་གསུང་ཐུགས་བྱིན་གྱིས་བུ་རླབས་པར་བྱའོ།། དེ་ནོས་ལྷ་ཐམས་ཅད་གསལ་བཏབ་ལ་སྙེན་པ་བྱ་བ་ནི། ཐུགས་ཀའི་ཧྲཱིཿལ། ཨོཾ་ཨཱཿཧཱུཾ་ཧྲཱིཿ ་ཨོཾ་མ་ཎི་པདྨེ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་བཱ་ར་ཧི། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡཽ། བཛྲ་ཝརྞ་ནཱི་ཡེ། བཛྲི་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཕཊ། ཧཱུ~ཾ་རི་ནི་ས་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་བསྐོར་བཾ་ལ་དམིགས་ནས་བཟླས་པ་བྱ་བ་དང་། འོད་ཟེར ་གྷི་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་ཕུལ་ཏེ། དེ་རྣམས་ཀྱི་བྱིན་རླབས་རང་གི་ཐུགས་ཀའི་ཧྲཱིཿལ་བསྡུའོ།། བུམ་པའི་ནང་དུ་དེ་བཞིན་གཤེགས་པ་རྣམས་བསམས་ལ། དེ་དོག་ཞུ་བས་བདུད ་བརྩིའི་ཆུར་བསམ་ཞིང་བསྙེན་པ་བྱའོ།། པདྨ་ཟབ་པ་བྱེད་ན་ནི། སྒྲུབ་ཐོབས་ལས་བྱུང་བ་བཞིན་དུ། བསྒོམ་ཞིང་བཟླས་པར་བྱའོ།། ཆོ་ག་གཞན་དག་རྣམས་ནི་འདྲ་བས་ཐུན་མོང་དུ་ཤེས་པར་བྱའོ།། དེ་ནས་སློབ་མ་ལ ་སྐྱབསུ་འགྲོ་བ་ཐུན་མོང་པ་བྱིན་ལ། སེམས་བསྐྱེད་པ་ནི་སྒྲོལ་མའི་རྒྱུད་ནས་གསུངས་པ། དཀོན་མཆོག་གསུམ་ལ་སྦྱངསུ་མཆི།། སྡིག་པ་མི་དགེ་སོ་སོར་བཤགས།། འགྲོ་བའི་དགེ་ལ་རྗེས་ཡི་རང་།། སངས་རྒྱས ་བྱང་ཆུབ་ཡིད་ཀྱིས་བཟུང་།། སེམས་ཅན་རྣམས་ལ་ཕན་སླད་དུ།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ།། དེ་ལྟར་སྐྱབསུ་འགྲོ་བ་དང་སེམས་བསྐྱེད་ལ། ཡང་དམ་ཚིག་དང་སྡོམ་པ་སྦྱིན་པ་ནི། སངས་རྒྱས་ཆོས་དང་དགེ ་འདུན་ལ།། རྟག་ཏུ་བདག་ནི་སྐྱབསུ་མཆི།། སངས་རྒྱས་པདྨ་རྣམས་རྒྱས་དང་།། གསང་སྔགས་རྒྱལ་བ་མཁའ་འགྲོ་མོ།། བདག་ནི་རྟག་ཏུ་སྐྱབསུ་མཚ།། བྱང་ཆུབ་སེམས་དཔའི་བདག་ཉིད་ཆེ།། ཁྱད་པར་དུ་ཡང་སློབ ་དཔོན་ལ།། རྟག་པར་བདག་ནི་སྐྱེ་བསུ་མཆི།། མགྲོན་པོ་སྤྱན་རས་གཟིགས་དབང་པོ།། རྣལ་འབྱོར་མ་སྣང་མཛད་ཚོགས།། ཐམས་ཅད་བདོག་ལ་དགོངསུ་གསོལ།། བདག་ནི་དུས་འདི་ནས་བཟུང་སྟེ། ཇི་སྲིད་གཉིས་མེད ་ལ་གནས་པར།། དེ་ཡི་ཚངས་སྤྱོད་གཉིས་མེད་པ།། ཉི་ཤུ་རྩ་གཉིས་ལེགས་པར་བསྲུང་།། ཞེས་ཁས་བླང་ངོ་།། དེ་ནས་ཟབ་པ་དང་རྒྱ་ཆེ་བའི་ཆོས་བཤད་དེ་ངོས་ཤེས་བསྐྱེད་པ་ནི། རྣམ་སྣང་མངོན་པང་ནས་གསུངས་ཏེ།། འཇིག ་རྟེན་དུ་ནི་ཀུན་མཁྱེན་ཉིད།། ཨུ་དུམ་ཝ་རའི་མེ་ཏོག་བཞིན།། བརྒྱ་ལམ་ན་ནི་རེ་འགའ་ཞི་། འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་།། གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ།། དེ་བས་ཀྱང་ནི་དཀོན་པ་སྟེ།། གང་གི་སེམས ་ཅན་མཉམ་མེད་དོན།། མྱ་ངན་མི་འདྲའ་བྱེད་པར་ནུས།། བསྐལ་པ་བྱེ་བ་དུ་མ་རུ།། སྔོན་ཆད་སྡིག་པ་བགྱིས་པ་གང་།། དེ་ཀུན་དཀྱིལ་འཁོར་འདི་འདྲ་བ།། མཐོང་བས་བྱུང་བར་འགྱུར་བ་ན།། གྲགས་པ། ་མཐའ་ཡས་སྔགས་སྤྱོད་པའི།། ཚུལ་ལ་གནས་ན་སྨོས་ཅི་དགོས།། སྒྲིབ་པའི་གསང་སྔགས་བཟླས་ནས་ནི།། གོ་འཕངས་བླ་ན་མེད་པར་འགྲོ། གང་དག་སྤྱོད་པ་མཆོག་འདི་ལ།། བློ་གྲོས་ཤིན་ཏུ་མི་གཡོ་བ།། དེ་དག་གིས ་ནི་ངན་འགྲོའི་རྒྱུ།། རྫུ་འོཕྲུལ་ཀུན་འབྱུང་རབ་ཏུ་བཅད།། བདག་ཉིད་ཚོན་པོ་ཁྱེད་རྣམས་ཀྱིས།། རྙེད་པ་མཉམ་མེད་དེ་རིང་རྙེད།། གང་ཕྱིར་རྒྱལ་བ་སྲས་བཙོས་པ།། བདག་ཉིད་ཆེན་པོ་ཀུན་གྱིས་ནི།། བསྟན་པ་འདི་ལ་ཁྱེད ་རྣམས་ཀུན།། ཡོངསུ་བཟུང་ལ་སྐྱེ་བཞིན་པར།། དེ་ཕྱིར་ཁྱེད་རྣམས་ཐེག་ཚོན་ལ།། དབང་བསྐུར་བ་རུ་སྐྱེ་བར་འགྱུར།། ཐེག་པ་ཆེན་པོ་ཚོར་འབྱུང་བའི།། ལམ་མཆོག་འདི་ནི་དཔལ་དང་ལྡན།། ཁྱེད་རྣམས་ལམ་འོདར ་བགྲོ་བ་ན།། དེ་བཞིན་གཤེགས་པ་རྣམསུ་འགྱུར།། ཞེས་གསུངས་པ་ལ། དེ་ཡང་འཇིག་རྟེན་འདིར་སངས་རྒྱས་འབྱུང་བ་ཤིན་ཏུ་དཀོན་ཏེ། དཔེར་ན་མེ་ཏོག་ཨུ་དུམ་ཝ་ར་དང་བུདྲའོ།། མེ་ཏོག་དེ་གང་དུ་སྐྱེ་ན། མཚོ ་མ་དྲོས་པའི་བྱང་ཕྱོགས་ན་རི་རྩེ་ལྔ་བཅེས་པ་ཡོད། དེའི་ཕྱི་རོལ་ན་ཨུ་དུམ་ཝ་རའི་ཚལ་ཡོད་པ་དེ་ནི་ནམ་ཞིག་སངས་རྒྱས་དགའ་ལྡན་དུ་བྱོན་ཏེ། ཡུམ་གྱི་ལྷུམ་སུ་ཞུགས་པའི་ཚེ། ཚལ་ངོ་ཁ་འབུས་པར་འགྱུརརོ།། ་བསམ་གཏན་པའི་ཚེ་ཁ་བྱེ་བར་འགྱུར་རོ།། དཀའ་བ་སྤྱོད་པའི་ཚེ་རྙིང་ལ།། སངས་རྒྱས་པའི་ཚེ་རབ་ཏུ་རྒྱས་པར་འགྱུརརོ།། ནམ་ཚེའི་འདུ་བྱེད་འདོར་བའི་ཚེ་སྙིང་པར་འགྱུར་རོ།། ཚད་ནི་ཤིང་རྟའི་འཕང་ལོ་ཙམ་མོ།། ཁ་དོགས ་ནི་སངས་རྒྱས་དེ་རྒྱལ་རི་གོསུ་འབྱོན་ན་ནི་དཀར་པོ་རབ་ཏུ་འབྱུང་།། བྲམ་ཟེའི་རིགས་ཀྱི་ནང་དུ་དཀར་པོར་འབྱུང་བར་འགྱུར་ཅེས་གསུངསོ།། གཏན་ལ་དབབ་པའི་མདོ་ལས། འབྱུང་བ་ཀུན་དགའ་བོ་འདི་ལྟ་སྟེ། ཨུ་དུམ ་རིའི་མེ་ཏོག་ནི། སངས་རྒྱས་སྐྱེ་བོ་དང་དུས་གཅིག་ཏུ་འབྱུང་སྟེ། ཁ་དོག་དང་ལྡན་ཞིང་གསལ་བ། འོད་བཟང་བ། དྲི་ནཱི་དཔག་ཚད་གཅིག་འཁོར་ཡུག་ཏུ་ཁྱབ་པར་བྱེད་དོ།། མེ་ཏོག་དེའི་ཡོན་ཏན་ནོ།། མིག་གི་རབ ་རིབ་མེད་པར་བྱེད། དྲན་པ་གསོལ་བར་བྱེད། ནད་རབ་ཏུ་ཞི་བར་བྱེད། དྲི་ངན་པ་ཐམས་ཅད་རབ་ཏུ་སེལ་བར་བྱེད་པ། དྲི་ཞིམ་པོ་འབྱིན་པས་སེམས་ཅན་ཐམས་ཅད་ཀྱི་ཁམས་དངས་ཤིང་ལུས་ཡང་བར་འགྱུར་བར་བྱེད་དོ།། ་འཇིག་རྟེན་དུ་གསེར་གྱི་འཁོར་ལོ་བསྒྱུར་བ་འབྱུང་ཡང་། མེ་ཏོག་དེ་མི་འབྱུང་ངོ་ཞེས་གསུངསོ།། དེ་བས་ཀྱང་གསང་སྔགས་འབྱུང་བ་དཀོན་ཏེ། བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་སྟོང་འབྱོན་ཏེ། སངས་རྒྱས་ཤཱཀྱ ་ཐུབ་པ་དང་། ཕྱག་ན་རྡོ་རྗེ་སངས་རྒྱས་པའི་ཚེ་མ་ཡིན་པར་གསང་སྔགས་མི་འབྱུང་ཞེས་གསུང་སོ།། ཨུ་དུམ་ཝ་རིའི་མེ་ཏོག་པས། སངས་རྒྱས་སྟོང་འབྱོན་པ་དང་། གསང་སྔགས་འབྱུང་བར་དཀོན་ཞེས་མདོ་སྡེ ་དང་རྒྱུད་སྡེ་གཉིས་ཀ་ནས་གསུངས་ཏེ། དེ་ཡང་དེ་ལྟར་སངས་རྒྱས་འཁོར་བ་འཇིག། གསེར་ཐུབ། འོད་སྲུང་འབྱོན་པས་ཀྱང་རྒྱུ་མཚན་ཉིད་ཀྱི་ཐེག་པ་མིན་པ་གསང་སྔགས་མ་གསུངས། ཤཱུཀྱ ་ཐུབ་པ་འདི་ཉིད་ཀྱི་བསྟན་པ་ལཾ། རི་བོ་པོ་ཏ་ལའི་ཤར་ཕྱོགསུ་སྤྱན་རས་གཟིགས་ཀྱི། ཨོཾན་པདྨ་འབྱུང་གནས་ལ་དབང་བསྐུར། དེས་ཟ་ཧོར་གཙུག་ལག་འཛིན་གྱི་ཕོ་བྲང་དུ། ཛ་ལན་དྷ་ར་ལ་དབང་བསྐུར། ཀེ། དེས་ཚེའི ་དངོས་གྲུབ་ཐོབ་ནས་ལོ་ཉིས་སྟོང་ཉི་ཤུ་རྩ་ལྔ་ནས་བྲམ་ཟེ་མེ་ཏྲོ་པ་ལ་དབང་བསྐུར། དེས་རྒྱ་གོར་གྱི་རྒྱལ་རིགས་བཛྲ་པཱུ་ཎཱི་ལ་རྡོ་རྗེ་གདན་གྱི་ཤར་ཕྱོགསུ་དབང་བསྐུརརོ།། དེས་བལ་ཡུལ་རིན་ཆེན་ཚུལ་གྱི་གཙུག་ལག ་ཁང་དུ་བལ་པོ་ཡེ་རངས་པ་ལ་དབང་བསྐུར། དེས་བྲལ་ཡུལ་ཡམ་བུར་རས་པ་བཛྲ་ཀི་རྀ་ཏི་ལ་དབང་བསྐུར། དེས་ལོ་རོ་ཚེ་ཀོང་གི་དགོན་པར་མགོས་སྟོན་དབང་ཕྱུག་རྡོ་རྗེ་ལ་དབང་བསྐུར། དེས་ཡར་ལུངས་སོགས ་ཀཱར་གྲུ་གུ་ར་སྭ་ལ་དབང་བསྐུར། དེས་ཀརྨེ་རས་པ་པུཎྱེ་བཛྲ་ལ་དབང་བསྐུར། དེས་པོ་མ་རག་སྣུར་དྷརྨ་བླ་མ་ལ་དབང་བསྐུར། དེས་ཤར་ཕྱོགས་སྦུང་རིའི་དགོན་པར། བླ་མ་མཉན་རས་པ་ལ་དབང་བསྐུར། དེས་རིན ་པོ་ཆེ་རང་བྱུང་རྡོ་རྗེ་ལ་དབང་བསྐུར། ཁེ་ཞེས་བརྗོད། དེ་ནས་སློབ་མའི་མགོར་རྡོ་རྗེ་བཟུང་ལ། ཁྱོད་ཀྱི་པདྨ་རྒྱལ་པོ་དང་། པདྨ་ཟབ་པའི་དཀྱིལ་འཁོར་ཆེན་པོ་འདི། སྣོད་མིན་པ་ལ་བསྟན་ན། དམ་ཚིག་ཉམས ་བུར་འགྱུར་དུའི་ཕྱིར། སྔོན་དཀྱིལ་འཁོར་མ་མཐོང་བ་དང་། འདི་ལ་མ་དད་པའི་སྣོད་ལ། འདི་ལྟ་བུ་འདི་ཁྱོད་ཀྱི་ཡང་སུ་རུང་རུང་ལ་སྨྲ་ཞིང་བརྗོད་པར་མི་བྱའོ།། དེ་ནས་ཀ་བྷཱ་ལཱའི་ནང་གི་བདུད་རྩིའི་ཆུ་བྱིན་ལ། འདི་ནི་རྡོ ་རྗེའི་བདུད་རྩིའི་ཆུ། མ་གསང་སྲེག་པར་བྱེད་པའི་དུག། བསྲུངས་ན་དངོས་གྲུབ་ཐོབ་པ་ནི།། བདུད་རྩི་ལྔ་ཡི་ཆུས་གྲུབ་པོ།། ཨོཾ་པཉྩ་ཨི་མྲྀ་ཏཱ་ཨུ་ད་ཀ་ཐ་ཐཾ། དེ་ནས་སློབ་མྲའི་སྙིང་གར་རྡོ་རྗེ་བཞག་སྟྭ~ཾ། སྤྱན་རས་གཟིགས ་དཔུང་རྡོ་རྗེ་ཕག་མི་དང་།། ཁྱོད་ཀྱི་སྙིང་ལོ་ཡང་དག་ཞུགས་པར་འགྱུར།། གལ་ཏེ་ཚུལ་འདི་གཞན་ལ་སྒྲ་མི་བྱ།། སྨྲས་ན་དེ་མ་ཐག་ཏུ་དྲལ་ཏེ་གཤེགས།། ཡང་སྤྱི་བོར་རྡོ་རྗེ་བཞག་ལ། དེ་རིང་ཁྱོད་དཔའ་བོ་དང་རྣལ ་འབྱོར་མ་རྣམས་ཀྱི་རིགསུ་ཞུགས་ཀྱི། ངས་ཁྱོད་ལ་སངས་རྒྱས་པདྨ་རྣམ་རྒྱས་སྤྱན་རས་གཟིགས་ཀྱི་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང་། སྤྱནྡ་རས་གཟི ་དང་། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་ལྟ་ཅི་ཞིག་སྨོས།། ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་པོ་རྣམས་ཀྱི་མདུན་དུ་བརྗོད་པར་མི་བྱ་སྟེ། དམ་ཚིག་ཉམས ་པར་གྱུར་ཏ་རེ། ཡང་རྡོ་རྗེ་སྤྱི་བོར་བཞག་ལ། དེང་ཕྱིན་ཆད་ཁྱོད་ཀྱི་སྤྱན་རས་གཟིགས་པ་ཡིན་གྱིས། གང་ངས་པདྨའི་རྒྱལ་པོ་སྤྱན་རས་གཟིགས་ཀྱི་དཀྱིལ་འཁོར་ཆེན་པོ་བསྒོམས་ཤིག་ཅེས་བགོ་བ་དེ་ཁྱོད ་ཀྱིས་བྱའོ།། ཁྱོད་ཀྱིས་ང་ལ་བརྙས་པར་མི་བྱ་སྟེ། ཁྱོད་མི་བདེ་བ་མ་སྤངས་པར་འཆི་བའི་དུས་བྱས་ནས། དམྱལ་བར་ལྷུང་བར་འགྱུར་ཏ་རེ། ཞེས་བརྗོད་དོ།། ཡེ་ཤེས་གཞུག་པ་ནི། བདག་ཉིད་ཀྱི་དཀྱིལ ་འཁོར་གསལ་བར་བསྒོམས་ནས། སློབ་མ་རྣམས་སྤྱན་རས་གཟིགསུ་གསལ་བར་བསྐྱེད་ལ། འོག་མིན་གྱི་གནས་གཙང་མའི་གཞལོ་ཡས་ནས། སངས་རྒྱས་པདྨའི་རྒྱལ་པོ་དང་། སྤྱན་རས་ཀྱིས་གཟིགས་ཀྱི་དཀྱིལ་འཁོར ་གྱི་ལྷ་ཚེགས་ཐམས་ཅད་སྤྱན་དྲངས་ལ། བདག་ཉིད་དང་སློབ་མ་རྣམས་ལ་གཞུག་གོ།། སྤོས་ལ་སོགས་པའི་མཆོད་པའི་བྱེ་བྲག་རྣམས་ཀྱང་དབུལ། ངག་ཏུ། དཔལ་ལྡན་སངས་རྒྱས་སྐྱེ་འཆང་བ།། རྡོ་རྗེ་མི་ཕྱེད་གསུམ་གྱི་སྐུ།། བདག ་ལ་བྱིན་གྱིས་བརླབ་ཏུ་གསོལ།། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་ཀུན།། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས།། སྐུ་ཡི་བྱིན་གྱིས་བརླབ་ཏུ་གསོལ།། ཨོཾ། དཔལ་ལྡན་སངས་རྒྱས་གསུང་འཆང་བ།། ཞེས་ཚིག་བསྒྱུར་ལ་ཤྭ ་པར་བྱའོ།། ཨཱཿཞེས་པ་དང་། དཔལ་ལྡན་སངས་རྒྱས་ཐུགས་འཆང་བ།། ཧཱུཾཿཞེས་པ་དང་། ཨོཾ་ཨཱཿཧཱུཾ་ཧྲཱིཿ། ཨོཾ་མ་ཎི་པདྨེ་དྷྭཾ། ཨོཾ་བཛྲཱི་བཱ་རཱ་ཧི། སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྞནྡྲི་ཡཾ། བཛྲེ་བཻ་རོ་ཙ་ནཱི་ཡེ། ཧ་རི་ནི་ས། ཨཱ་བེ ་ཤ་ཡོ་ཨཱ་བེ་ཤ་ཡ། སརྦ་ཏ་ཐཱ་ག་ཏ་ཨེ་བྷི་ཥིཉྩ་ཧཱ་ཨཱཿཞེས་བརྗོད་ཅིང་ཡེ་ཤེས་པ་གཞུག་གོ། ཡེ་ཤེས་པ་ཞུགས་པའི་རྟགས་སེམས་བདེ་གསལ་མི་རྟོག་པའི་རྟགས་ལ་སོགས་པའིབྱུང་བ་དང་། ལྷ་ལ་དབང་བསྐུར ་བར་གསོལ་བ་གདབ་པ་ནི། སངས་རྒྱས་པདྨ་རྣམ་རྒྱས་དཀྱིལ་འཁོར་དུ།། འོད་དཔག་མེད་པའི་རྒྱལ་སྲས་སྤྱན་རས་གཟིགས།། པདྨའི་རིགས་ཀྱི་མཆོག་གྱུར་ཆེན་པོ་ཡི།། སྐལ་ལྡན་རྣམས་ལ་དབང་བཞི་བསྐུར་དུ་གསོལ། ཅེས་མཎྜལ ་དབུལ་ལ་གསོལ་བ་གདབ་བོ།། དེ་ནས་བུམ་དབང་བསྐུར་བ་ནི། བདག་དཀྱིལ་འཁོར་གཙོ་བོར་གསལ་བའི་ཐུགས་ཀ་ནས། རྡོ་རྗེ་རྣལ་འབྱོར་མ་དང་། མཁའ་འགྲོ་མ་བཞི་དང་ལྷ་སྤྲོས་ཏེ། བུམ་པ་ཐོགས་ནས། སློབ་མའི་སྤྱི་བོར་དབང ་བསྐུར་བར་བསམ་ཞིང་། བཀྲ་ཤིས་བརྗོད་པ་དང་། ཡིད་ལ་སྤྱན་རས་གཟིགས་ཀྱི་དཀྱིལ་འཁོར་དུ་བུམ་པོའི་ཆུས་དབང་བསྐུར་བར་བས་ཞིང་། དངོསུ་རྣམ་རྒྱལ་བུམ་པ་སློབ་མའི་སྤྱི་བོར་བཟུང་ནས། ཇི་ལྟར་སངས་རྒྱས་པདྨ་རྣམ་རྒྱས ་ཀྱིའོད་དཔག་མེད་པའི་རྒྱལ་སྲས་སྤྱན་རས་གཟིགས།། ཆོས་ཀྱི་རྒྱལ་སྲིད་ཆེན་པོར་དབང་བསྐུར་ལྟར།། དེ་བཞིན་བདག་གིས་ཁྱོད་ལ་དབང་བསྐུར་རོ།། ཅི་ལྟར་བལྟམས་པོ་ཙམ་གྱིས་ནི།། དེ་བཞིན་གཤེགས་ལྕི་ཁྲུས ་གསོལ་ལྷུརརྱ།། ལྷ་ཡི་ཆུ་ནི་དགེ་པ་ཡི་སྱ།། སྠཱནྡ་རས་གཟིགས་དབང་དབང་ཐོབ་བོ།། ཨོཾ་ཨཱ~ཾཿདྷཱུ་དྷཱི། ཨོཾ་མ་ཎཱི་པདྨེ་ནཱཾ། ཨོཾ་བཛྲ་བཱ་རཱ་ཧཱི། ཨོཾ་སརྦཾ་བུདྡྷ་ཌྷ་ཀིནྟི་ཡེ། བཛྲ་ཝརྡྷ་ནཱི་ཡེ་བཛྲཱི་བཻ་རོ་ཙ་ནཱི་ཡེ། ཏ་རི་ནི་ས། ཨོཾ་སཻརྦ་ཏ་ཐཱ ་ག་ཏ་ཨ་བྷི་ཥིཉྩ་མ། ཞེས་བརྗོད་དེ། སློབ་མ་མགོན་པོ་པདྨའི་སྣང་བ་རབ་ཏུ་རྒྱས་པའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་ཏེ། བསྐྱེད་རིམས་རྒྱས་པར་བསྒོམ་པ་ལ་དབང་ཟེར་དགོས་སོ།། བུམ་ཆུ་ཡར་འཁྱིལ་པ་ལས ་སྤྱི་བོར་འོད་དཔག་མེད་པས་དབུ་བརྒྱན་པར་བསྒོམས། དེས་ལུས་དག་པ་ཡེ་ཤེས་ལྔའི་ངོ་བོ།། མགོན་པོ་སྤྱན་རས་གཟིགས་ཀྱི་སྐུའི་དཀྱིལ་འཁོར་དུ་དབང་ཐོད་པ་ཡིན་ནོ།། སློབ་མ་ལ་མཆོད་པ་རྣམ ་ང་ལྔ་དབུལ་ལོ།། དེ་ནས་གོསང་བའི་དབང་ནི། ཀ་པཱ་ལ་བདུད་རྩིས་བཀང་བ་ལག་དུ་བཟུང་ལ། དེའི་དབུས་སུ་སངས་རྒྱས་པདྨ་རྣམ་རྒྱས་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བདུད་རྩི་བབ་པར་བསམས་ལ། དེའི་འོད་ཟེར་ཡི་གེ་དྲུག ་པའི་སྒྲ་དང་བཅས་པ་ཕྱོགས་བཅུར་སྤྲོས་པས། ཕྱོགས་བཅུའི་དེ་བ་དང་། བདག་གིས་གསང་བའི་དབང་བསྐུར་བར་བསམ་ཞིང་། འོད་དཔག་མེད་པ་སྤྱན་རས་གཟིགས་དབང་གསུང་གི་མཛོད།། ཡི་གེ་དྲུག་པ་ཕྱོགས་བཅུར ་ས་འཁོར་བསྐོར་བིའི་གསུང་།། རྒྱལ་བའི་གསུང་དབྱངས་ཡན་ལག་དྲུག་ཅུའི་དབང་ཐོབ་པས།། བརྒྱད་ཁྲི་བཞི་སྟོང་གསང་བའི་ཆོས་ཀྱི་དབང་བསྐུརོ།། སྔགས་གོང་མ་དང་། སརྦ་ཏ་ཐཱ་ག་ཏ་ཨ་བྷཱི་ཥིཉྩ་ཧཱུཾ། ཞེས་བརྗེད ་དེས་ངག་སྒྲིབ་པ་དག་ནས། སྐྱེ་བ་མེད་པའི་སྐུ་གསུང་ཆོས་ཀྱི་འཁོར་ལོ་བསྐོར་བ་ག་པཱའི་དབང་བསྐུར་བ་ཐོབ་པ་ཡིན་ནོ།། དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། མེ་ལྡོང་གཡའ་དག་པ་ལ། རྡོ་རྗེ་ཕག། མེའོ་གཟུན ་རྙན་འཆར་དུ་བཅུག་ལ། དེ་ལ་སྤྲིན་རས་གཟིགས་ཀྱི་ཡུམ་མར་མེ་ལས་མར་མེ་ཆད་པ་བཞིན་དུ་ཆད་ནས་དེ་དང་གཉིསུ་མེད་པར་བཞུགས་ནས། ཐུགས་ཀ་ནས་འོད་ཟེར་གྱི་ཕྲེང་བ་ཁ་དོག་སྣ་ལྔ་འཕྲོས། ཕྱོགས་བཅུ ་དེ་བཞིན་གཤེགས་པ་རྣམས་ཀྱི་ཡུམ་རྣཾས་བསྐུལ་ནས། དེ་དག་རྣལ་འབྱོར་མཱ་ལ་ཐིམ། དེ་མཐོང་པ་ཙམ་གྱིས་ཟག་མེད་ཀྱི་བདེ་བ་སྟེར་ནུས་པའི་ལྷ་མོ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ། བདག་དང་དཀྱིལ་འཁོར་གྱི ་ལྷ་ཚོགས་དེ་ཡང་། མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ། མེ་ལོང་ནང་གི་ལྷ་མོ་ལག་པ་གཡོན་པས་གཏང་ལ། དུས་གསུམ་བྱང་ཆུབ་སེམས་དཔའ་རྣམས།། ཤེས་རབ་རྡོ་རྗེ་རྣལ་འབྱོར་མ། བདེ་ཆེན་ཉིད་དུ། ་རྣམ་སྦྱར་བས།། ཉོན་མོངས་ཤེས་བྱའི་སྒྲིབ་པ་སྤངས། ཤེས་རཱ་བ་ན་མཁའ་ལྟ་བུ་ཡི། རྣལ་འབྱོར་མ་དང་འབྲལ་མ་བྱ།། གོང་གི་སྔགས་དང་། ཙིཏྟཾ་པྲཛྙཱ་སརྦ་ཏ་ཐཱ་ག་ཏཱ་ན་ཨ་བྷཱ་ཥིཉྩ་མཾ་དེས་ཤེས་རབ་ཡེ ་ཤེས་ཀྱི་དབང་ཐོབ་པ་ཡིན་ནོ།། ད་ནི་ཆོག་དབང་རིན་པོ་ཆེ་བསྐུར་བ་ནི།། བཞི་པའི་མི་དམིགས་པའི་ཡེ་ཤེས་ཀྱིས།། འགྲོ་བ་དྲུག་གི་སྣང་བའི་ཡུལ་མེད་དོ།། སྣང་མེད་ཡེ་ཤེས་ན་མཁའ་དང་མཉམ་པས།། ་ཆོས་ཀྱི་སྐུ་ལས་ལོངས་སྤྱོད་རྫོགས་སུ་དང་།། སྤྲུལ་པའི་སྐུ་ནི་ཡི་ཤེས་དཔག་མེད་ཆེ།། མཁའ་དང་མཉམ་པ་བདག་མེད་དོན་མཛད་དོ།། ཞེས་བརྗོད་དོ།། རྗེས་ལ་སློབ་མ་ལྟར་གྱུར་པ་ལ་མཆོད་པ་ལྔ་འབུལ ་བཀྲ་ཤིས་ཀྱི་ཚིག་རྣམས་བརྗོད་དོ།། དེ་ནི་ཚིག་དབང་ངོ་།། དེ་ནས་ཚོགས་ཀྱི་འཁོར་ལོའི་ཆོ་ག་བཞིན་དུ་བསྐོར་བར་བྱའོ།། གཏེར་མ་རྣམས་རྒྱས་པར་བསྔོས་ལ་བཏང་བ་དང་། ལྷག་མའི་གཏོར་མ་དང་། རྗེས ་ཀྱི་ཆོ་ག་རྣམས་བྱས་ལ། སློབ་དཔོན་ལ་མྱེ་ཏོག་དབུལ་བ་དང་། དགེ་བའི་རྩ་བ་བསྔོས་ཏེ། དཀྱིལ་འཁོར་མི་དམིགས་པར་བྱའོ།། སྦྱིན་སྲེག་བྱ་བར་འདོད་ན། རླུང་གི་སྦྱིན་སྲེག་རྩ་གསུམ་འདུས ་མདོར། མ་ལས་ཐོབ་པའི་ཉི་མ་བྱང་ཆུབ་ཀྱི་སེམས་ཀྱི་མེ་འབྱུང་བ་བཞིའི་རླུང་གི་སྣ་སྦར་ནས། བཟུང་འཛིན་གྱི་རྟོག་པ་སྐྱེ་བ་མེད་པར་བསྲེག་པའི་དབུ་མ་ནོས་སྙིང་གིར་ཕྱིན་པས། ཕ་ལས་ཐོབ་པའི་ཟླ་བ་བྱང་ཆུབ་ཀྱི་སེམས་དང་། ་སྙིང་གར་འཛོམ་པས་ལུས་སེམས་མི་དམིགས་པའི་བདེ་གསལ་ཆེན་པོ་ན། སྦྱིན་སྲེག་རྣམས་ཀྱི་མཆོག་གོ།། ཞེས་སྤྱན་རས་གཟིགས་ཀྱི་རྒྱུད་ནས་གསུངསོ།། ཕྱིའི་སྦྱིན་སྲེག་ནི་ས་ཁྲུ་གང་ལ་འཛུབ་གངོ་མར་བྲུས། ཁ་ཁྱེར ་འཛུབ་གང་ཕྱིར་བསྐྱེད། དབུས་སུ་པདྨ་དམར་པོ་འདབ་མ་བརྒྱུད་པ་དམར་པོ་བྱཾ། མུ་ཁྱུད་པདྨའི་ཕྲེང་བས་བསྐོར། དེའི་ནང་དུ་ཙན་དན་གྱིས་ཟླ་གམ་དུ་རྩིགས། དབང་གི་བསྲེག་རྗེས་དང་དགང་བླུགས་དང་གཽཏོར་མ་དོང་། ་དེ་རྣམས་གཡོས་གོ་ཡོན་དང་མདུན་དུ་བཞག་ལ། རྒྱན་དང་གིས་དང་ལྟ་སྤྲང་མོ་རྣམས་ལས་དང་མཐུན་པར་བྱས་ཏེ། མེ་ལྷ་བསྐྱེད་ལ་མཆོད་པ་དང་སྲེག་རྗེས་དབུལ། བསྟོད་པ་བྱའོ།། དེ་ནས་མེ་ལྕེ་མེར་གྱུར་པའི་དབུས ་སུནིསྤྱན་རས་གཟིགས་ཀྱི་དཀྱིལ་འཁོར་རྒྱས་བསྡུས་གོང་རུང་བསྐྱེད། བསྲེག་རྗེས་རྣམས་བྱིན་གྱིས་བརླབས་ཏེ། དབུལ་པོ་ནི་རྒྱལ་པོའི་རིམ་པ་ཅན་ནམ། རྒྱལ་པོའི་རིམ་པོ་དང་། བྲམ་ཟེའི་རིམ་པ་མེད་དེ། གང ་ཀྱིས་དབུལ་ལོ།། གསོལ་བ་གདབ་པ་དང་། སྔགས་ཀྱི་འོད་ཟེར་ནི་ཞི་བ་དང་། དབང་རྒྱས་དང་། དྲུག་པོ་རྣམས་གང་བྱེད་ཀྱང་། རྩ་བའི་སྔགས་ཀྱི་བཤམ་དུ་ལས་བཞིའི་སྔགས་བཏགས་པས་དངོས་གྲུབ་བསྒྲུབ་བྱའོ།། ་སྦྱིན་སྲེག་གི་རིམ་པའོ།། སྤྱན་རསྭཱ་གཟིགས་ཀྱི་རྒྱུད་བད་མྱ་རྩུབ་བྱཱ་དང་། པདྨ་མ་རྒྱལ་པོའི་དཀྱིལ་འཁོར་དུ་དབང་བསྒྱུར་བའི་རབ་ཏུ་བྱེད་པ་འདི། དཔལཾ་ཛ་ལན་དྷ་ར་བེས་མཛད་པའོ།། མངའ་པོ་དག་མོ་ཏྲི་པའི ་ཕྱོག་དཔེ་ལས། རྒྱ་གར་ཕྱོག་ནའི་ཞལ་སྔ་ནས་དང་བོད་ཀྱི་ལོ་ཙྪ་བ་པྲཛྙཱ་ཀཱིར་ཏིས་པོསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའི་རྫོག་སོ།། ་