| Wylie | e-texts produced with BDRC’s OCR application |
དེ་བ་ས་རྣས་པའི་དཀྱིལ་འཁོར་གྱི་ཆོ་ག་དྲན་པ་གསལ་ལ་ཞེས་བྱ་བ་ནག་ཐོས་མཛད་པ་བཏི་ཏ་དེ་ཉིད་དང་མོ་བ་དར་མ་གྲགས་ཀྱི་འགྱུར། རྒྱ་གར་སྐད་དུ། ཤྲཱི་ཡ་མ་ཨཱ་ཡུ་ཀཱ་ལ་མཎྜ་ལ་བོ་དྷི། བོད་སྐད་དུ། དཔལ་གཤིན ་རྗེ་ཚེ་བདག་ནག་པོའི་དཀྱིལ་འཁོར་གྱི་ཆོ་ག། བཅོམ་ལྡན་འདས་གསུང་གི་དབང་ཕྱུག་ལ་ཕྱག་འཚལ་ལོ།། གང་གི་དྲིན་གྱིས་མུན་པ་གཏན་བཅོམ་ཞིང་།། གསང་བའི་འོད་ཀྱིས་བྱེདེ་བ་སྐྱེད་བྱེད་པ།། ཐུགས་རྗེའི་བདག ་ཉིད་འཇམ་རྒྱལ་རྡོ་རྗེ་ལ།། ལུས་ངག་ཡིད་གསུམ་དང་བས་ཕྱག་འཚལ་ནས།། གསང་སྔགས་ལམ་གྱི་སྒྲོན་མ་འདི་ཉིད་ལ།། མོས་དང་དང་བ་གང་ཞིག་ཡོད་པ་ཡི།། རྣལ་འབྱོར་བརྩོན་པ་རྣམས་ལ་ཕན་བྱའི་ཕྱིར།། ་དཀྱིལ་འཁོར་ཆོ་ག་འདི་ཉིད་པྲ་ཤྱད་པར་བྱ།། བླ་མ་མཁས་ཤིང་རྟོགས་ལྡན་དམ་ཚིག་ལྡན་པ་དང་།། བརྩི་དང་བསམ་གཏན་བྱིན་རླབས་ཞུགས་པ་དང་།། དམན་སྤངས་དད་པས་འགྲོ་བ་ཡང་དག་འདྲེན་པ་སྟེ།། ་འདི་ནི་བླ་མའི་འོས་ཏེ་འགྲོ་བའི་དོན་བྱེད་པའོ།། བླ་མྦྷ་ལ་གུས་རྟོག་མེད་སྙིང་རྗེ་ཅན།། རྟག་ཏུ་ཆོས་འདོད་དད་པ་བརྟན་འགྱུར་ཞིང་།། བཟོད་ལྡན་གཏོང་ལ་སྤྲོ་བའི་གང་ཟག་ནི།། འདི་ནི་རྗེས་སུ་བཟུང་འོས་སློབ་མའི་འོས།། ་ཆུ་ཀླུང་ངུར་ཁྲོད་ལ་སོགས་དབེན་གནས་སོ།། རྫས་དང་ཡོ་བྱད་ཚོགས་པས་བསྙེན་པ་བརྩམ།། མཎྜལ་བྱི་ངོར་བྱས་པས་མེ་ཏོག་དཀྲམ་བྱས་ལ།། མཆོད་པ་ལྔ་དང་གཏོར་མ་ཆགས་གསུམ་བཤམ།། བླ་བྲེ་ལ་སོགས ་རྒྱུན་རྣམས་དགྲམ་པར་བྱ།། བདེ་བའི་སྟན་ལ་འདུག་པས་རྣལ་འབྱོར་བྱ།། བྱང་ཆུབ་སེམས་བསྐྱེད་ཚད་མེད་བཞི་པོ་བསྒོམ།། ཡན་ལག་བདུན་པོ་ཡོངས་སུ་རྫོགས་པར་བྱ།། འགྲོ་དོན་གསོལ་གདབ་སྨོན་ལམ ་རྫོགས་པར་བྱ།། དེ་རྗེས་སྟོང་པའི་རྣལ་འབྱོར་རྗེས་སུ་དྲན་པར་བྱ།། ཨོཾ་ཤུ་ནྱ་ཏཱ་ཛྙཱ་ར་པ་ཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ་ཧཾ། སྟོང་པའི་ངང་ལས་འབྱུང་བ་རིམ་བརྩེགས་བསྒོམ།། ཡཾ་རཾ་བཾ་ལཾ། རླུང་མེ་ཆུ་དང་གསེར་གྱི་ས་གཏི ་སྟེང་།། བྲུཾ་ལས་གཞལ་ཡས་ཁང་ཆེན་རྣམ་པར་བསམ།། གྲུ་བཞི་སྒོ་བཞི་རྟ་བབས་པནི་དང་ལྡན།། ཁྱམས་སྟོང་ཁྱམས་སྨང་སྟེང་འོག་པར་དང་བཅས།། ཀ་བ་བརྒྱང་དང་ཐོང་ཆེན་ཟུམ་སྐོར་གདུང་།། དྲ་བ་དྲ་ཕྱང ་ཡབ་ཆུན་འཆང་བརྒྱན།། འདོད་ཡོན་ལྷ་མོ་རྣམས་དང་བཅས་པའི་དབུས།། དུར་ཁྲོད་བརྐྱང་ལྡན་ཐོད་པའི་གཞལ་ཡས་ཁང་།། དབུས་སུ་འཁོར་ལོ་རྩིབས་བརྒྱད་རྒྱས་པའི་ལྟེ་བ་ལ།། ཕྱོགས་བཞི་གནག་ལ་མཚམས ་བཞི་དམར།། པདྨ་ཉི་ཟླའི་སྟེང་དུ་རུ་ཏྲ་ཡབ་ཡུམ་སྟན།། ཡ་དང་མ་ལས་རབ་བརྗོད་ཡབ་སུམ་གཉིས།། གཉིས་སྦེད་ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱ།། སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ།། གཡས་དཀར་གཡོན ་དམར་དབུས་མཐིང་ཁྲོ་བོའི་ཞལ།། སྤྱན་དགུ་སྡང་མིག་གྱེན་དུ་ཟློག་པས་འཇིགས།། མཆེ་བ་དཀར་པོ་ཟླ་ཚེས་སྲིད་པ་སྒྲོལ།། དབུ་སྒ་ཁཾ་པ་གྱེན་བརྗེས་སྨ་ར་སེར།། སྦྲུལ་དང་ཐོད་པ་ས་རྣོན་དབུ་རྒྱན་ཅན།། ཞིང་དང་གླང ་ཆེན་ཀོ་རྣོན་སྡུག་ཤམ་གསོལ།། གཡས་པ་འཁོར་ལོ་རལ་གྲི་རྡོ་རྗེ་བསྣམས།། གཡོན་པ་ཐོང་དབྱུག་བརྟུན་ཤིང་སྡིག་མཛུབ་ཅན།། མི་མགོ་ལྔ་བཅུའི་དོ་ཤལ་ཕྲེང་བས་མཛེས།། ཡུམ་ནི་ཁྲོ་མོ་ཞལ་གཅིག་ཕྱག ་གཉིས་མ།། གཡས་པ་སྙིང་སྟོབ་གཡོན་པ་ཐོང་ཁྲག་འདྲེན།། འཇིགས་པའི་ཆ་བྱང་ཆགས་པའི་སྤྱན་གྱིས་བལྟ།། ཐུགས་ཀར་ཧཱུཾ་ལས་གསང་བདག་རྡོ་རྗེ་འཆང་།། ལྗང་ནག་གཅེར་བུ་རྡོ་རྗེ་སྡིགས་མཛུབ་ཅན།། ཁྲོས་པས ་ཀླུ་ཟ་པདྨའི་གདན་ལ་བཞུགས།། སྤྱི་གཙུག་ཁྲོམ་ལས་བྱ་ཁྱུང་ག་རུ་ཌ། སེར་པོ་གནམ་ལྕགས་མཆུ་སྡེར་ཀླུ་སྦྲུལ་ཟ།། ལྟོ་བར་རུས་སྦལ་སེར་པོ་རྔམ་པའི་ཞལ།། སྡེར་མོ་གནམ་ལྕགས་ཁ་གདངས་སྤྱན་རྩ་དམར།། ཤར་ཕྱོག ་ཡ་མ་ར་ཛ་སྨུག་ནག་གཟུགས།། ཞིང་དང་སྟག་ཤམ་སྦྲུལ་གྱི་ཆུན་འཆང་བརྒྱན།། འཁོར་ལོ་རྩིབས་ལ་ཞིང་གེ་གདན་ཅན་བསྒོམ།། ལྷོ་རུ་མྱོས་བྱེད་འབར་བ་སེར་ནག་འཇིགས་པའི་གཟུགས།། ནུབ་ཏུ་གཤིན་རྗེ་དམར་པོ ་དམར་ནག་འཇིགས་པའི་གཟུགས།། བྱང་དུ་རལ་པ་ཆེར་དགུ་ལྗང་ནག་འཇིགས་པའི་གཟུགས།། གཡས་ན་འཁོར་ལོ་གཡོན་ན་དབྱུག་ཐོ་བསྣམས།། རྒྱན་དང་ན་བཟའ་ཆ་ལུགས་འདྲ་བ་བསྒོམ།། མཚམས་བཞིར་ཡབ་ཡུམ ་བཞི་བསྒོམ་པ་ཡབ་དང་འདྲ།། སྐད་ཅིག་ཆུ་ལ་སྣ་ཉ་ལྡང་ཚུལ་དུ་བསྐྱེད།། བདག་ཉིད་དམ་ཚིག་སེམས་དཔའ་གསལ་བ་དང་།། གྲུབ་པའི་གནས་ལས་ཡེ་ཤེས་སེམས་དཔའ་ནི།། རང་དང་འདྲ་བ་དུར་ཁྲོད་བརྒྱད་དང ་བཅས།། ཛ་སྒྲུབ་ཧོཿསྤྱན་དྲང་གཉིས་མོད་བསྟིམ།། བསྟོད་པ་རྣམས་ཀྱིས་བསྟོད་ཅིང་མཆོད་པ་དབུལ།། སྐུ་གསུང་ཐུགས་སུ་བྱིན་བརླབ་དབང་བསྐུར་བླང་།། འཕྲོ་འདུ་བསྙེན་འཛིན་བྱ་ཞིང་བསྙེན་པ་དང་།། གཙོ་བོ་ལ་ནི ་འབུམ་མཱཾ་རྟགས་སྦྱར་བྱ།། འཁོར་ལཱ་ཁྲི་སྟེ་གྲངས་ཀྱི་བསྙེན་པ་ཡིན།། མཚན་མ་བཟང་པོ་མཐོང་ན་སྒྲུབ་པ་བརྣམ།། དུས་ཚོད་ཚེས་གྲངས་གཟའ་སྐར་བཟང་པོ་ལ།། ས་ཆོ་ག་སྟ་གོན་གང་རུང་རྒྱས ་བསྡུས་བྱ།། ཚོགས་སོགས་སྒྲིབ་པ་སྦྱང་ཕྱིར་ཞི་བའི་སྦྱིན་སྲེག་བྱ།། མཎྜལ་བྱི་དོར་བྱས་ལ་མཆོད་པ་བཤམ།། སྨོན་དང་འཇུག་པའི་སེམས་བསྐྱེད་ལ་སོགས་བྱ།། སྔོན་དུ་འགྲོ་བའི་ཆོ་ག་རྫོགས་པ་དང་།། དཀྱིལ་འཁོ ་འདྲི་བའི་ལས་ལ་མཁས་པ་ཡི།། རྡུལ་ཚོན་དཀྱིལ་འཁོར་གཞུང་དང་མཐུན་པར་བྲི།། བསྐྱེད་དང་སྤྱན་དང་མཆོད་བསྟོད་རྫོགས་པར་བྱ།། སྔོན་དུ་བདག་ཉིད་འཇུག་པའི་ཆོ་ག་ཡང་།། འོག་ནས་འབྱུང་བཞིན་དབང་བསྐུར ་བླང་བར་བྱ།། སློབ་མ་འཇུག་པའི་རིམ་པ་བསྟན་པ་ནི།། ཡོལ་བའི་མཐའ་ནས་ཡོན་དབུལ་གསོལ་གསུམ་གདབ།། སངས་རྒྱས་ཀུན་གྱི་རང་བཞིན་སྐུ།། བླ་མའི་སྐུ་ལ་སྐྱབས་སུ་མཆི།། སངས་རྒྱས་ཀུན་གྱི་རང་བཞིན ་གསུང་།། བླ་མའི་གསུང་ལ་སྐྱབས་སུ་མཆི།། སངས་རྒྱས་ཀུན་གྱི་རང་བཞིན་ཐུགས།། བླ་མའི་ཐུགས་ལ་སྐྱབས་སུ་མཆི།། སངས་རྒྱས་གྲོང་ཁྱེར་ཉམས་དགའ་བར།། འཇམ་དཔལ་རྡོ་རྗེ་འཁོར་ལོ་ཡིས།། སྙིང་པོའི ་ལ་འཁོར་འདི་རུ་ནི།། མགོན་པོ་བདག་ནི་འཇུག་པར་མཛོད་།། ཞེས་བརྗོད་ཕྱག་འཚལ་མེ་ཏོག་གཏོར།། དགའ་ཆེན་ཁྱོད་བདག་སྟོན་པ་བས།། སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ།། མགོན་པོ་ཆེན་པོ་ཚུལ་བསྟན་པ།། ་དམ་ཚིག་དེ་ཉིད་བདག་ལ་སྩོལ།། སངས་རྒྱས་ཆོས་དང་དགེ་འདུན་ཏེ།། སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ།། ཐར་པ་ཆེན་པོའི་གྲོང་མཆོག་ཏུ།། མགོན་པོ་བདག་ནི་འཇུག་པར་འཚལ།། དེ་ནས་བླ་མས་སྣང་བ་སྦྱིན།། ་བུ་ཚུར་ཐེག་པ་ཆེན་པོ་ལ།། ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ།། གསང་སྔགས་སྤྱོད་པའི་ཆོ་ག་འདི།། ཁྱོད་ལྔ་ཡང་དག་བཤད་པར་བྱ།། རྫོགས་པའི་སངས་རྒྱས་གང་འདས་དང་།། དེ་བཞིན་གང་དག་མ་བྱོན་དང་།། ད་ལྟར ་བྱུང་བ་རྫོགས་སངས་རྒྱས།། འགྲོ་ལ་ཕན་ཕྱིར་བཞུགས་པ་རྣམས།། དེ་དག་ཀུན་གྱིས་གསང་སྔགས་ཀྱི།། ཆོ་ག་བཟང་པོ་འདི་མཁྱེན་པ།། དཔའ་བོས་བྱང་ཆུབ་ཤིང་དྲུང་དུ།། ཐམས་ཅད་མཁྱེན་པའི་མཚན་ཉིད་མཉེས ་གསང་སྡིགས་སྦྱོར་བ་མཉམ་མེད་དེས།། སྐྱོབ་པ་དཔལ་ལྡན་འཇམ་རྒྱལ་གྱིས།། བདུད་སྡེ་ཤིན་ཏུ་མྲྀ་བཟང་པ།། དཔུང་ཆེན་ངག་ཀྱང་དེ་ཡིས་བཅོམ།། དེ་བྲས་ཀུན་མཁྱེན་ཐོབ་བྱའི་ཕྱིར།། བུ་ཡིས་བློ་གྲོས་འདི་གྱིས ་ཤིག། སངས་རྒྱས་ཆོས་དང་དགེ་འདུན་ལ།། རྟག་ཏུ་ཁྱོད་ཀྱིས་སྐྱབས་ཚོལ་ཅིག། འཇམ་རྒྱལ་རྡོ་རྗེ་ལ་སོགས་ཏེ།། འཁོར་ལོ་བཞུགས་པའི་བདག་ཉིད་ཅན།། ཀུན་ལ་རྟག་ཏུ་སྐྱབས་སོང་ཞིག། དེ་ནས་སློབ ་མས་འདི་སྐད་བརྗོད།། དཔལ་ལྡན་ཁྲག་འཐུང་དཔའ་བོ་དང་།། འཇམ་རྒྱལ་རྣམ་སྣང་ལ་སོགས་ཏེ།། བྱང་ཆུབ་སེམས་དཔའ་དཔག་མེད་པ།། ཐམས་ཅད་བདག་ལ་དགོངས་སུ་གསོལ།། བདག་ནི་དུས་འདི་ནས་བཟུང ་ནས།། ཚངས་སྤྱོད་གཉིས་མེད་སར་གནས་པར།། བདག་གིས་སྡོམ་པ་ལེགས་པར་བཟུང་།། གཙོ་བོ་བདག་ལ་སྡོམ་པ་སྩོལ།། ཐུབ་པ་ཉི་མ་མ་ལུས་པའི།། སངས་རྒྱས་རྣམས་ནི་བདག་ལ་དགོངས།། བདག ་མིང་འདི་ཞེས་བགྱི་བ་ནི།། སློབ་དཔོན་སྤང་དུ་གནས་པ་ལ།། སངས་རྒྱས་རོལ་པ་ལས་གྱུར་པའི།། མི་ལྡོག་པའི་འཁོར་ལོ་སྦྱོར།། ཐར་པའི་རང་བཞིན་གྲོང་མཆོག་ཏུ།། སློབ་དཔོན་བདག་ནི་འཇུག་པར་མཛོད།། དེ་ནས་བླ་མས ་འདི་སྐད་བརྗོད།། རྟོག་པ་རྣམས་ནི་ལེགས་པར་བསྡུས་ནས་ཀྱང་།། ཤིན་ཏུ་བསམ་པ་བཟང་པོ་ལྡན་པས་ཉོན།། བརྗེད་ངས་བློ་ལ་རྡོ་རྗེ་སེམས་དཔའ་སོགས་ཀྱི།། བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མ་རློབ།། སངས ་རྒྱས་ཆོས་དང་དགེ་འདུན་ཏེ།། བླ་ན་མེད་པའི་དཀོན་མཆོག་གསུམ།། དཀོན་མཆོག་གསས་ལ་སྐྱེབས་སུ་སོང་།། འདི་ནི་སངས་རྒྱས་རིགས་དག་པའི།། སྡོམ་པ་དམ་ཚིག་ཡིན་པར་གསུངས།། རྡོ་རྗེ་རིགས་མཆོག་ཆེན་པོ ་ཡི།། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་།། བློ་མཆོག་ཁྱོད་ཀྱི་བཟུང་བར་གྱིས།། བྱང་ཆུབ་སེམས་གང་དེ་རྡོ་རྗེ།། རྡོ་རྗེ་དྲིལ་དུ་ཞེས་བཤད་དོ།། སློབ་དཔོན་དག་ཀྱང་གཟུང་བརླ་གྱིས།། རིན་ཆེན་རིགས་མཆོག་ཆེན་པོ་ཡི།། དམ ་ཚིག་ཡིད་དུ་འོང་བ་ལོ།། ཟང་ཟིང་མི་འཇིགས་ཆོས་དང་བྱམས།། སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན།། བྱང་ཆུབ་ཆེན་པོ་ལས་བྱུང་བའི།། པདྨའི་རིགས་མཆོག་དག་པ་ཡི།། ཕྱི་དང་གསང་བའི་ཐེག་པ་གསུམ།། དམ་ཆོས ་ནས། ཚངས་སྤྱོད་གཉིས་མིང་སྔར་གནས་པར།། བདག་གིས་སྡོམ་པ་ལེགས་པར་བཟུང་།། གཙྪ་བོ་བདག་ལ་སྡོམ་པ་སྩོལ།། ཐུབ་པ་ཉྫི་མཱ་མཾ་ཆོས་ཁྱོད་ཀྱིས་བཟུང་བར་གྱིས།། ལུས་ཀྱི་རིགས་མཆོག་ཆེན་པོ་ལ། ་སྡོམ་པ་ཐམས་ཅད་ལྡན་པར་ནི།། ཡང་ངག་ཉིད་དུ་བཟུང་བར་གྱིས།། མཆོད་པའི་ལས་ཀྱང་ཅི་ནུས་གྱིས།། རྩུ་བའི་ལྟུང་བ་བཅུ་བཞི་ནི།། ཕས་ཕྲེཾ་པར་ནི་རབ་ཏུ་བཤད།། ཁ་ན་མ་ཐོ་སྦོམ་པོར་འགྱུར།། ཁྱོད ་ཀྱིས་སྲོགས་ཆགས་བསང་མི་བྱ།། མ་བྱིན་པར་ཡང་མི་བླང་ངོ་།། འདོད་པ་ལོག་པར་མི་སྤྱོད་ཅིང་།། བརྫུན་དུ་སྨྲ་བར་མི་བྱའོ།། ཕུང་ཁྲོལ་ཀུན་གྱིས་རྩར་གྱུར་པའི།། ཆང་ནི་རྣམ་པར་སྤང་བར་བྱ།། སེམས་འདུལ ་ཕྱིར་ནི་རྟོགས་པ་ཡི།། བྱ་བ་མ་ཡིན་ཐམས་ཅད་སྤངས།། དམ་ཚིག་རྣམས་ནི་ཉེར་བསྟེན་ཅིང་།། རྣལ་འབྱོར་དཔའ་བོ་བསྙེན་བཀུར་བྱ།། ལུས་ཀྱི་ལས་ནི་རྣམ་པ་གསུམ།། ངག་གི་རྣམ་པ་བཞི་དག་དང་།། ཡིད ་ཀྱི་རྣམ་པ་གསུམ་དག་ནི།། ཅི་ནུས་པར་ནི་རྗེས་སུ་སྐྱོངས།། ཐེག་པ་དམན་ལ་འདོད་མི་བྱ།། འགྲོ་བའི་དོན་ལ་རྒྱ་བ་ཕྱོགས་མྱིན།། འཁོར་བ་དག་ཀྱང་མི་སྤང་ཞིང་།། རྟག་ཏུ་མྱ་དྲན་འདསཱ་མི་ཕྱོགས།། ལྷ་དང་། ་ལྷ་མིན་གསང་བ་ལ།། ཁྱོད་ཀྱིས་བརྙས་པ་མི་བྱ་ཞིང་།། ཕྱག་རྒྱ་གཞོན་པ་མཚོན་ཆ་དང་།། མཚན་མ་འགོམ་པར་མི་བྱའོ།། འདི་དག་དམ་ཚིག་ཡིན་པར་གསུངས།། ཁྱོད་ཀྱིས་ཀྱང་ནི་སྲུང་བར་གྱིས།། ་དེ་ནས་སློབ་མས་འདི་སྐད་བརྗོད།། མགོན་པོ་བདག་ལ་དགོངས་སུ་གསོལ།། མ་ལུས་བཞུགས་པའི་སྤངས་རྒྱས་རྣམས།། དུས་ལའཉིད་ནས་སངས་རྒྱས་ངར།། བླ་མེད་བདག་ལ་དགོངས་སུ་གསོལ།། ། ་ཇི་ལྟར་དུས་གསུམ་མགོན་པོ་རྣམས།། བྱང་ཆུབ་ཏུ་ནི་ངེས་མཛད་པའི།། བྱང་ཆུབ་སེམས་ནི་བླ་ན་མེད།། དམ་པ་བདག་གིས་བསྐྱེད་པར་བགྱི།། སངས་རྒྱས་འཇམ་དབྱངས་སྡོམ་པ་ལ།། ཚུལ་ཁྲིམས་ཀྱིས་ནི་བླང་བ ་དང་སདགེ་བའི་ཆོས་ནི་སྡུད་པ་དང་།། སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ།། བདག་གིས་བརྟན་པོར་བཟུང་བར་བགྱི།། སངས་རྒྱས་ཆོས་དང་དགེ་འདུན་ཏེ།། བླ་ན་མེད་པའི་དཀོན་མཆོག་གསུམ།། དེང་ནས་བརྩམས། ་ཏེ་གཟུང་བར་བགྱི།། ནམཱ་དུ་ཡང་ནི་མི་སྤང་ངོ་།། རྡོ་རྗེ་རིགས་མཆོག་ཆེན་པོ་ལ།། རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་།། ཡང་དག་ཉིད་དུ་བཟུང་བར་བགྱི།། སློབ་དཔོན་དག་ཀྱང་གཟུང་བར་བགྱི།། རིན་ཆེན་རིགས་མཆོག ་ཆེན་པོ་ཡི།། དམ་ཚིག་ཡིད་དུ་མྱོང་བ་ལ།། ཉིན་རེ་བཞིན་ནི་དུས་དྲུག་ཏུ།། སྦྱིན་པ་རྣམ་བཞི་རབ་ཏུ་སྦྱིན།། བྱང་ཆུབ་ཆེན་པོ་ལས་བྱུང་བའི།། པདྨའི་རིགས་མཆོག་དག་པཱ་ལ།། ཕྱི་དང་གསང་བའི་ཐིག་པ་གསུམ།། ་དམ་པའི་ཆོས་ནི་བཟུང་བར་བགྱི།། ལས་ཀྱི་རིགས་མཆོག་ཆེན་པོ་ཡིས།། སྡོམ་པ་ཐམས་ཅད་ལྡན་པར་ནི།། ཡང་དག་ཉིད་དུ་བཟུང་བར་བགྱི།། མཆོད་པའི་ལས་ཀྱང་ཅི་ནུས་བགྱི།། བྱང་ཆུབ་སེམས་ནི་བླ་མེད་པའི། ་དམ་པ་བདག་གིས་བསྒྱུང་བགྱིད་ནས།། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར།། བདག་གིས་སྡོམ་པ་མ་ལུས་བཟུང་།། མཱ་བསྒྲལ་བ་རྣམས་བདག་གིས་བསྒྲལ།། མ་གྲོལ་བ་ནི་གྲོལ་བར་བགྱི།། དབུགས་མ་ཕྱིན་པ་དབུགས ་དབྱུང་ཞིང་།། སེམས་ཅན་མྱ་ངན་འདས་ལ་དགོད།། དེ་ལྟར་ལན་གསུམ་ཁས་བླངས་པའི།། བྱང་ཆུབ་སེམས་དཔའི་སློབ་མ་ལ།། མེ་ཏོག་ལ་སོགས་མཆོད་པ་བྱ།། ཨོཾ་སརྦྦ་ཏཐཱ་ག་ཏ་ཡཱ་ཐ་སུ་ཁཾ་སྭ་རྱཱ་ཏ་སྟྭ~ཾ། ཞེས་པ ་རྡོ་རྗེ་གནས་གསུམ་གཏུག། འདི་ནི་ཕྱི་འཇུག་ཆོ་ག་སྟེ།། ནང་འཇག་རིམ་པ་བསྟན་པ་ནི།། ལས་ཀྱི་བུམ་པས་ཁྲུས་བྱས་ཏེ།། གདོང་གཡོགས་བཅིངས་ལ་སྦྲུལ་ལྡན་དྲི།། ཡོལ་བའི་ནང་དུ་དྲང་བར་བྱའོ།། རིགས་ཀྱི་བུ་ཁྱོད ་སུ་ཞིག་ཡིནྡ།། བདག་ནི་སྐལ་པ་བཟང་པོའོ།། ཛཿཞེས་པས་ནི་ཤར་སྒྲོ་ནས།། ལྷ་སྣུམྲ་སྟེང་དུ་ཕྱིན་པར་བསམ།། ཧོ། ཡིས་བྱང་དུ་བཾ་གྱིས་ནུབ།། ཧཱུཾ་གིས་ལྷོ་སྒྲོ་ནས་ཞུགས་ནས།། ལྷ་སྣམ་སྟེང་དུ་ཕྱིན་པར་བསམ།། ་ལྷ་ཡི་དམ་ཚིག་བསྒྲགས་པ་ནི།། དེང་ཁྱོད་ལྷ་རྣམས་ཐམས་ཅད་དང་།། སློབ་དཔོན་གྱིས་ནི་བྱིན་བརླབས་ཀྱིས།། དཔལ་འཇམ་པའི་རྡོ་རྗེ་དང་རིགས་ཀྱི་ཁྲོ་བོ་རྣམས་ཀྱི་རིགས་སུ་ཞུགས་ཀྱིས།། ངས་ཁྱོད་ལ་ཡེ་ཤེས་གང ་གིས་དཔལ་འཇམ་པའི་རྡོ་རྗེ་དང་།། རིགས་ཀྱི་ཁྲོ་བོ་རྣམས་ཀྱི་དངོས་གྲུབ་ཀྱང་འགྲུབ་པར་འགྱུར་ན།། དངོས་གྲུབ་གཞན་སྨོས་ཀྱང་ལྟ་ཅི་དགོས།། དེ་ལྟ་བུའི་ཡེ་ཤེས་བསྐྱེད་པར་བྱ་ཡིས།། གསང་བའི་དཀྱིལ་འཁོར ་ཅིག་ཤྲེ་\ུ0f7f། མ་མཐོང་བ་རྣམས་དང་།། དད་པ་དང་མི་ལྡན་པ་རྣམས་ལ་སྨྲ་བར་ཨེ་བྱེད་ཅིག། ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ།། ཞེས་བརྗེད་ལ་སློབ་མའི་སྙིང་གར་རྡོ་རྗེ་བཞག། འཇམ་རྒྱལ་རྡོ་རྗེ་དྲེང་ཁྱོད་ཀྱེ།། སྙིང་ལ ་ཡང་དྲུག་ཞུགས་པ་ནི།། གལ་ཏེ་ཚུལ་འདི་སྨྲས་ནཱ་ནི།། དེ་མ་ཐེག་ཏུ་དྲལ་ནས་གཤེགས།། དེ་ནས་མནའ་ཆུ་བླུད་པ་ནི།། ཐོད་པའི་ནང་དུ་དྷི་ཆུ་ལ།། བདུད་རྩི་བཏང་པ་ཡི་གེ་གསུམ།། བཟླས་པའི་ཚིག་འདི་བརྗོད་པར་བྱ།། འདི་ནི ་ཁྱོད་ཀྱི་དམྱལ་བའི་ཆུ།། དམ་ཚིག་གསུངས་ན་དངོས་གྲུབ་ནི།། རྡོ་རྗེ་བདུད་རྩི་ཆུ་འདིས་འགྲུབ།། ཨོཾ་པཉྩ་ཨ་མྲྀ་ཏི་ག་ཐཱ།། ཞེས་བརྗོད་པས་ནི་བླུད་པར་བྱ།། དེ་ནས་དམ་ཚིག་བསྒྲག་པ་ནི།། དང་ཕན་ཆད་ཁྱེད་ཀྱིས་འཇམ་པའི་རྡོ་རྗེ ་ང་ཡིན་གྱི།། ངས་འདི་གྱིས་ཤིག་ཅེས་བསྒོ་བ་གང་ཡིན་པ་དེ་བྱཱ་དགོས་སོ།། ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག། བྱས་ན་ཁྱོད་མི་བདེ་བ་མེ་སྤངས་པར་ཚེའི་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ།། ཞེས་བརྗོད་དོ།། ་དེ་ནས་ཡེ་ཤེས་དབབ་པར་བྱ་སྟེ།། མུཎྜལ་ལྔ་སློབ་མ་བླང་བར་བྱ་སྟེ།། རྐང་པ་གཉིས་བརྐྱང་ལ་གཞུའི་དབྱིབས་སུ།། ལག་པ་བརྐྱང་ལ་ཐུལ་མོ་སྦྱར་བར་བྱ་སྟེ།། སཾ་ལས་རླུང་གི་དཀྱིལ་འཁོར་རྐང་འོག་ཏུ།། གསང་བར་མི ་དཀྱིལ་འཁོར་གྲུ་གསུམ་བསམ།། ལྟེ་བར་ཡི་གེ་ཛྙེ་ནི་རང་འདར་བསམ།། ཡཾ་ལས་རླུང་བྱུང་མེའི་དཀྱིལ་འཁོར་བསྐྱེད་པས།། ལྟེ་བར་ཛཱ་སྤྲོས་འོད་ཀྱིས་ལུས་གང་བསམ།། དབུགས་ཀྱང་ཅུང་ཞིག་ནང་དུ་འཐོན་པར་བྱ།། ་ཤེས་པ་གཞན་དུ་མ་ཡེངས་རིག་པ་ནང་དུ་གཟིར།། སྤོས་ཀྱི་དུང་པ་སྣ་སྒོར་བདུག་པར་བྱ།། རྔ་བརྡུང་དྲིལ་བུ་བསིལ་ཞིང་སྔགས་འདི་བཟླས།། ཨོཾ་ར་ར་ཙ་ལ་ཡཱ་ཨ་བེ་ཤ་ཡ་ཨ་ཨཱ་ཛ~ཾ། ཡེ་ཤེས་དབབ་པར་གྱུར་པ་ལྱ།། དེ་ལ ་ཏིཥྛ་བཛྲཱི་བརྗོད།། དེ་ནས་སྣང་བ་བསྟན་པ་ནི།། ཀྱེ་ཧེ་དུ་ཀུ་མུ་གུ་རྡོ་རྗེ།། རང་གི་དངོས་པོ་ཇི་ལྟར་སྣང་།། ཞེས་བརྗོད་ལྷས་པས་དཀར་སར་སྤྱོས།། སྣང་བས་ཞི་རྒྱས་ལ་སོགས་འགྲུབ།། དེ་ནས་མེ་ཏོག་དོར་བ་ནི།། མེ་ཏོག་ཐོག་ན ་ཤརསྭཱ་ནས།། པྲ་ཏིཙྪ་བཛྲཱིའོ།། ཞེས་པས་དལྟ་དུ་འཐོར་དུ་གཞུག། གང་ལ་བབ་པྲ་ལྱཱ་རུ་གཟུང་།། རིགས་དང་མཐུན་པའི་གསང་མཚན་གདགས།། ཨོཾ་པྲཱ་དི་གྷཾ་ནཱ་ས་མྱི་མཾ་སྭཱ་ཧཱ་ཧཱུཾ་བ་ལ།། ཞེས་པས་སློབ་མའི་མགོ་ལ་བཅིང ་དེ་ནས་གདོང་གཡོགས་དགྲོལ་པ་ནི།། མིག་གཉིས་ཨོཾ་ལས་འོད་ཟེར་བསམ།། རྡོ་རྗེ་རྩེ་མོས་མིག་ལ་གདུག། འཛུམ་རྒྱལ་རྡོ་རྗེ་དེང་ཁྱོད་ཀྱིས།། མིག་འབྱེད་པར་ནི་བརྩོན་པ་མཛད།། རྡོ་རྗེ་མིག་ནི་བླ་ན་མེད།། དེ་རང་ཉིད ་འབྱེད་པར་ཤོག། ཨོཾ་བཛྲ་མཻ་ཏྲ་ཨ་པ་ཧ་ར་པ་ཊཱ་ལཾ་ཧཱུཾ། ཞེས་པས་གདོང་གཡོགས་དགྲོལ་བར་བྱ།། དེ་ནས་དཀྱིལ་འཁོར་བསྟན་པ་ནི།། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས།། ད་ནི་དད་པ་རབ་ཏུ་བསྐྱེད།། རྩོད་ནི་འཇམ ་རྒྱལ་རིགས་སུ་སྐྱེས།། སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས།། འགྲོ་བ་ཕུན་སུམ་ཚོགས་པ་ཀུན།། དངོས་གྲུབ་ཀུན་ཁྱོད་མངོན་སུམ་འགྱུར།། དམ་ཚིག་ཐམས་ཅད་བསྐང་བ་དང་།། གསང་སྔགས་ལ་ཡང་བརྩོན་པ། ་གྱིས།། དེ་ནས་ལྷ་རྣམས་ངོ་ཡང་བསྟན།། འདི་ནི་འཇུག་པའི་ཡན་ལག་གོ།། དེ་ནས་ཚོགས་བཏེག་ཡོན་ཕུལ་ནས། ཕྱག་བརྩལ་ཐལ་མོ་སྦྱར་བས་འདུག། དེ་ལ་བུམ་པའི་དབང་བསྐུར་བ།། བུམ་པ་ཐོགས ་ལ་སྤྱི་བོ་ར་བཞག། བུམ་པ་ཡུམ་གྱི་རང་བཞིན་ལས།། སྙིང་པོ་རིགས་སྔགས་ཉིད་དུ་བསམྦ།། ཇི་ལྟར་ལྷམས་པ་ཙམ་གྱིས་ནི།། དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར།། ལྷ་ཡི་ཆུ་ནི་དགྲ་པ་ཡིས།། དེ་བཞིན་བདག་གིས ་ཁྲུསྟེ་གསོལ་ལོ།། ཨོཾ་སཱརྦ་ཏ་ཐཱ་ག་ཏ་ཨ་བྷི་ཤིཉྫ་བཾ།། ཞེས་པ་དང་། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པཱའི།། གསང་བ་གསུམ་གྱི་གནས་ལས་བྱུང་།། དབང་བསྐུར་བ་ནི་རྡོ་རྗེ་ཆེ།། ཕྱིར་མི་ལྡོག་པའི་དབང་བསྐུར་རོ།། ་ཨོཾ་སརྦ་ཏཱ་ཐཱ་ག་ཏ་ཨ་བྷི་ཤིཉྩ་ས་མ་ཡ་ཤྲཱི་ཧཱུཾ། རྣམ་ཤེས་ཕུང་པོ་རྣམ་དག་པཱའི།། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས།། ཞེ་སྡང་རྣམ་དག་མི་བསྐྱོད་པ།། དཔལ་ལྡན་ཆུ་ཡིས་དབང་བསྐུར་རོ།། ཞེས་པས་ཆུ་སྦྱིན་ནོ།། དེ་ནས ་ཅོད་པན་གྱི་དབང་བསྐུར་སྦྱིན་པ།། ཅོད་པནི་རིགས་ལྷའི་རང་བཞིན་ལས།། རཱིན་ཆེན་རིགསུ་བདག་ཉིད་དུ་བསམ།། སངས་རྒྱས་ཀུན་གྱི་རྒྱལ་སྲིད་ཆེ།། དབུ་རྒྱན་རིན་ཆེན་དམ་པ་སྟེ།། རིན་ཆེན་རྣམས་ཀྱི་མཆོག་གྱུར་པ།། ་རྫོགས་སངས་རྒྱས་ཀྱི་དབང་བསྐུར་རོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་མུ་གུ་ཏ་ཨ་བྷི་ཤིཉྩ་མཾ། ཚོར་བའི་ཕུང་པོ་རྣམ་དག་པ་ཡི།། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས།། ང་རྒྱལ་རིན་ཆེན་འབྱུང་ལྡན་གྱི།། ཅོད་པན་གྱི་ནི་དབང ་བསྐུར་རོ།། ཞེས་པས་ཅོད་པན་སྦྱིན།། དེ་ནས་དྲིལ་བུའི་དབང་སྦྱིན་པཱ།། དྲིལ་བུ་གསུང་གི་རླུང་བཞིན་ལས།། གསུང་མཆོག་རིགས་བདག་ཉིད་དུ་བསམ།། འཇམ་དབྱངས་རྡོ་རྗེ་དྲིལ་བུའི་དབང་།། དི་རིང་ཁྱོད་ལ་དབང ་བསྐོར་བར་བྱ།། འཇམ་རྒྱལ་རྡོ་རྗེ་རབ་བསྒྲུབ་ཕྱིར།། དྲིལ་བུ་འདི་ནི་ཁྱེད་ཀྱིས་ལོང་། ཨོཾ་སརྦ་ཏ་ཐཱ་ག་ཏྱ་ཨ་ཏི་པ་ཏི་སྟྭཾ་ཨ་བི་ཤིཉྩ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ། འདུ་ཤེས་ཕུང་པོ་རྣམ་དག་པའི།། སོ་སོར་རྟོག་པའི ་ཡེ་ཤེས་ཀྱིས།། འདོད་ཆགས་སྣང་བ་མཐའ་ཡས་ཀྱི།། དྲིལ་བུ་ཡིས་ནི་དབང་བསྐུར་རོ།། ཞེས་པས་དྲིལ་བུ་གསིལ་དུ་གཞུག། དེ་ནས་རྡོ་རྗེའི་དབ་སྦྱིན་པ་ནི།། རྡོ་རྗེ་ལས་ཀྱི་རང་བཞིན་ལས།། ཁོང་སེང་རིགས ་བདག་ཉིད་དུ་བསམ།། འཇམ་དབྱངས་རྡོ་རྗེ་ལས་ཀྱི་དབང་།། ད་རཱིང་ཁྱོད་ལ་བསྒྱུར་བར་བྱ།། འཇམ་རྒྱལ་རྡོ་རྗེ་ལས་བསྒྲུབ་ཕྱིར།། རྡོ་རྗེ་འདི་ནི་ཁྱོད་ཀྱིསཽ་ལྡོང་།། ཨོཾ་སརྦ་ཏ་ཐཱ་གྲ་ཏ་བཛྲ་ཀརྨ་ཨ་བྷི་ཤིཉྩ་མྦྷི་ཏི་བཛྲ ་གནྡྷ་ས་མ་ཡ་སྟྭཾ། འདུ་བྱེད་ཕུང་པོ་རྣམ་དག་པའི།། བྱེ་བ་གྲུབ་པའི་ཡེ་ཤེས་ཀྱིས།། ཕྲག་དོག་དོན་ཡོད་གྲུབ་པ་ཡི།། རྡོ་རྗེ་ཡིས་ནི་དབང་བསྐུར་རོ།། ཞེས་པས་རྡོ་རྗེ་རྒྱ་གྲེ་སྙིང་གར་གཞག། དེ་ནས་མིང་གི་དབང ་བ་སྐུར་བ།། སློབ་མའི་སྤྱི་བོར་ཨོཾ་ལས་ནི།། འཁོར་ལོ་དེ་ལས་རྣམ་སྣང་བསྐྱེད།། སངས་རྒྱས་ཀུན་གྱི་མིང་གི་དབང་།། ད་རིང་ཁྱོད་ལ་བསྐུར་བར་བྱ།། སངས་རྒྱས་ཀུན་དུ་རབ་བསྒྲུབ་ཕྱིར།། རྡོ་རྗེ་མིང་འདི་ཁྱོད ་ཀྱིསཱ་ལོང་།། ཨོཾ་སརྦ་ཏ་ཐཱ་ག་ཏ་ན་མཱ་བྷི་ཤུདྡྷ་དྷརྨ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཤཱིཉྩ་མཾ།། ཀྱེ་རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བས་མིང་དབང་སྦྱིན།། སྤྱི་བོར་རྡོ་རྗེ་དྲིལ་བུ་བཟུང་ལ།། གཟུགས་ཀྱི་ཕུང་པོ་རྣམ་དག་པའི།། ཆོས ་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས།། གཏི་མུག་རྣམ་པར་སྣང་མཛད་ཀྱིས།། དཔལ་ལྡན་མིང་གི་དབང་བསྐུར་རོ།། རྡོ་རྗེ་དྲིལ་བུ་བརྟུལ་ཞུགས་དབང་།། ལག་ཏུ་རྡོ་རྗེ་དྲིལ་བུ་ག་ཏཱ་དཱ།། འདི་ནི་སངས་རྒྱས་ཐམས་ཅད་ཀྱི།། ཕྱག་ན ་རྡོ་རྗེའི་ལག་ན་གནས།། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་།། ཕྱག་ན་རྡོ་རྗེ་བརྟུལ་ཞུགས་བརྟན།། ཨོཾ་སརྦ་ཏ་ཐཱ་ག་ཏ་སིད་དྷྱ་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ་དྷཱ་ར་ཡ་མི་བཛྲ་སྭཱ་ཧཱ་ཧི་ཧི་ཧི་ཧི་ཧཱུཾ། འགྱིང་བའི་ཚུལ་དུ་འདུག་ནས་ནི།། ་རྡོ་རྗེ་གསོར་ལ་དྲིལ་བུ་གསིལ།། དེ་ན་ཕྱག་མཚན་དབང་བསྐུར་བ།། འཁོར་ལོ་ལོག་ལཱ་གཅོད་པར་བྱེད།། དབྱུག་ཐོས་གཟུང་འཛིན་རབ་སྤངས་པའོ།། ཕྱག་མཚན་གྱིས་ནི་དབང་བསྐུར་རོ།། རྒྱན་ཆའི་དབང་ཡང་བསྐུར ་བར་བྱ།། མགུལ་རྒྱན་གདུབ་བུ་སྐ་རགས་དང་།། དོ་ཤྲལ་དང་ནི་སྣ་བདུན་ཏེ།། རྒྱན་ཆ་ཡིས་ནི་དབང་བསྐུར་རོ།། སྐུའི་ན་བཟས་དབང་བསྐུར་བ།། གླང་ཚོན་ཞིང་དང་སྟག་ལྤགས་གོས།། ན་བཟའ་ཡིས་ནི་དབང་བསྐུར ་རོ།། སྐུ་གསུང་ཐུགས་ཀྱིས་དབང་བསྐུར་བ།། རྡོ་རྗེ་དྲིལ་བུ་ལག་ཏུ་གཏད།། ཐོག་མཐའ་མེད་པའི་སེམས་དཔའ་ནི།། རྡོ་རྗེ་སེམས་དཔའ་དགའ་བ་ཆེ།། ཀུན་ཏུ་བཟང་པོ་ཀུན་བདག་ཉིད།། རྡོ་རྗེ་སྙེམས་ཚུལ་བདག ་པོའི་བདག། ཅེས་པས་རྡོ་རྗེ་གཡས་སུ་སྦྱིན།། འདི་ལྷ་ཐམས་ཅད་ཀྱི་བདག་པོ་ཀུན་ཏུ་བཟང་པོ་ཡིན་པར་གྱིས་ཤིག་ཅེས་བརྗོད་དོ།། སྲིད་པ་ངོ་བོ་ཉིད་ཀྱིས་ངག། ངོ་བོ་ཉིད་ཀྱིས་འགྲལ་སྲིད་བྱས།། རང་བཞིན་དག་པའི ་སེམས་དཔའ་ནི།། སྲིད་པ་མཆོག་ཏུ་གྲུབ་པར་བྱེད།། ཅེས་པས་དྲིལ་བུ་འཁྲོལ་དུ་གཞུག། སྲིད་པའི་བདེ་བ་ཤིན་དུ་ཆུང་།། སྡུག་བསྔལ་ཆེན་པོ་དག་བྱའི་ཕྱིར།། ཤིན་ཏུ་བདེ་བ་དམ་པའི་ཐབས།། དམ་པའི་འདི་ནི ་རྟག་ཏུ་བསྐྱེད།། འདོད་པའི་ལོངས་སྤྱོད་ཐམས་ཅད་ལ།། ཅི་འདོད་པར་ནི་བརྟེན་བཞིན་དུ།། རང་དང་ལྷ་ཡི་སྦྱོར་བ་ཡིས།། བདག་དང་གཞན་ལ་མཆོད་པར་གྱིས།། ཞེས་བརྗོད་པས་ནི་ཕྱག་རྒྱ་ཆེ།། སྐུ་རྭ་རྒྱུན་དུ་བསྒོམ ་དུ་གཞུག། མི་གཉིས་ལ་ནི་རྡོ་རྗེ་དཀྲོར།། ནས་འབྲས་ཙམ་པ་བསམ་བྱས་ལ།། གསེར་ལས་བྱས་པའི་ཐུར་མ་ཡིས།། སྤྱན་འབྱེད་ཚུལ་དུ་དབྱེ་བར་བྱེད།། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས།། འཇིག་རྟེན་ལིང ་ཐོགས་བསྔལ་བ་ལྟར།། བུ་ཁྱོད་ཀྱིས་ནི་མི་ཤེས་པའི།། རབ་རྙིབ་རྒྱལ་བ་རྣམས་ཀྱིས་བསལཱ།། ཨོཾ་བཛྲ་ནཻ་ཏྲ་ཨ་པཾ་ཧ་ར་པ་ཏཱ་ལཾ་ཧྲི།། ཞེས་པས་མིག་འབྱེད་ཚུལ་དུ་བྱའོ།། སྐུའི་དབང་མངའ་དང་གཞུ་ཡིན ་ཏེ། ཧོ་ཡིག་སཾ་ལྷག་མཐོང་མདའ་དྲུག་དང་།། ཞི་གནས་རང་བཞིན་གཞུ་བྱིན་ལ།། ཕྱོགས་བཞི་སྟེང་དང་འོག་ཏུ་འཕང་།། ཁྱོད་ཀྱིས་ཞི་གནས་ལྷག་མཐོང་གིས།། ཕྱོགས་རྣམས་ཐམས་ཅད་དབང་དུ་གྱིས། ་གསུང་གི་དབང་ཕྱུག་དྲིལ་བུ་ནི།། ཆོས་རྣམས་ན་མཁའི་མཚན་ཉིད་དེ།། ནམ་མཁའ་ལ་ཡང་མཚན་ཉིད་མེད།། ནམ་མཁའ་སེམས་དང་མཉམ་སྦྱོར་བའི།། ཀུན་མཆོག་མཉམ་པ་ཉིད་དུ་གསལ།། ཐུགས་ཀྱི ་དབང་མེ་ལོང་བརྟན་པ་ཡིན་ཏེ།། ཧཱུཾ་ཞེས་མེ་ལོང་རབ་བསྟན་ལ།། རྡོ་རྗེ་སེམས་དཔའ་མེ་ལོང་བཞིན།། ཆོས་རྣམས་གཟུགས་བརྟན་ལྟ་བུ་སྟེ།། དག་ཅིང་གསལ་ལ་རྙོག་པ་མེད།། གཟང་དུ་མེད་ཅིང་བརྗོད་དུ་མེད།། རྒྱུ་དང ་ལས་ལས་ཀུན་ཏུ་བྱུང་།། ངོ་བོ་ཉིད་མེད་གནས་མེད་པར།། དེ་ལྟར་ཆོས་ཉིད་ཤེས་ནས་ནི།། སེམས་ཅན་དོན་ལ་མཉམ་མེད་བྱོས།། འོན་ཀྱང་སངས་རྒྱས་སྐྱེས་སུ་སྐྱེ།། སངས་རྒྱས་ཀུན་གྷཾ་བརྫུན་ནི།། བུ་ཁྱོད་ཀྱི་ནཱི་སྙིང་ལ ་ཞུགས།། ཞེས་པའོ།། ཀྱེ་བུ་ཁྱོད་ཀྱི་གང་ལྷག་པའི་ལྷའི་བདག་པོ་བྱང་ཆུབ་ཀྱི་སེམས་ནི་འདི་ཡིན་པར་ཤེས་པར་གྱིས་ཤིག་ཅེས་བརྗོད་དོ།། བསྒོམ་པའི་རྗེས་སུ་གནང་བ་ནི།། དུས་པ་ནས་ནི་བཟུང་ནས་ནི།། འཁོར ་བའི་ཉེས་པས་མྱུ་གོས་པར།། འཇམ་པའི་རྡོ་རྗེ་འཁོར་བཅས་རྣམས།། བསྒོམ་པ་དག་ལྔ་བརྩོན་པར་གྱིས།། ཞེས་པའོ།། སྔགས་ཀྱི་རྗེས་གནང་སྦྱིན་པ་ནི།། བཅོམ་ལྡན་འདི་ལ་སུ་མ་ལགས་གྱིས།། འདི་ལ་འགྲོ ་བར་མཛད་དུ་གསོལ།། ལྷག་པའི་བསམ་པ་བསྟན་པོས་བཟུང་།། ནམ་ཡང་བཏང་བར་མ་བྱེད་ཅིག། ལན་གསུམ་བརྗོད་ལ་གནང་བ་སྦྱིན།། སློབ་མའི་ལག་ཏུ་ཕྲེང་བ་གཅད།། སངས་རྒྱས་ཀུན་གྱིས་མེ་ཕྱེད་པའི།། གསང་རྫན ་ཐ་ན་མེད་པ་སྟེ།། སྙིང་པོ་ཡིད་བགྷྣཱན་ནོར་བུ་སྐྱེས།། སྐྱོབ་པ་སྔགས་ཀྱིས་དབང་བསྒྱུར་རོ།། སློབ་སྣས་ཚིག་ཏུ་འདི་བརྗོད་ཐུང་།། བཅོམ་ལྡན་བྱདག་གིས་བཟུང་ལགས་ཀྱིས།། བདག་ལ་མགོ་བར་མཛད་དུ་གསོལ།། ལྷག་པའི་བས ་པ་བརྟན་པོ་ཡིས།། ནམ་དུ་ཡང་ནི་མྱི་བཏང་ངོ་།། ཞེས་པ་ཡིས་ནི་སྔགས་བཟླས་སོ།། གཪྵ་གྱི་རྗེས་སུ་གནང་བ་ནི།། དེ་ནས་བརྩམས་ཏེ་རྫོགས་སངས་རྒྱས།། རྗེ་བཙུན་ལྷ་དང་དཔའ་བོ་ལ།། ཤེས་རབ་ཐབས་ཀྱིས་བསྙེམས ་རྐྱེན་གྱི།། གར་མཆོད་བདེ་བས་མཆོད་དགའ་བགྱི།། ཞེས་བྱས་གྷར་བྱེད་ཚུལ་དུ་བྷ། ཀྭའི་རྗེས་སུ་གནང་བ་ནི།། ལུས་ཅན་ཀུན་ལ་དམ་ཆོས་ཀྱི།། ཁྱོད་ཀྱིས་གླུ་ནི་ཐུང་བར་བྱ།། དེ་ནས་རྣལ་འབྱོར་མ་དེ་དང་།། མྱུར་དུ་བདེ་བ ་སྐྱོང་བར་འགྱུར།། ཞེས་པས་ཆོས་དོན་གྷུ་ཡང་བྱུང་།། མཆོད་པའི་རྗེས་སུ་གནང་བ་ནི།། སངྱས་རྒྱས་སྐུལ་དྲི་མ་མི་མངའ་ཡང་།། ལྷའི་ཆུ་རྒྱུན་དག་པ་ཡིས།། རྒྱལ་བ་རྣམས་ལྔ་སྐུ་ཁྲུས་གསོལ།། སྒྱུ་གསྟེང་ཐུགས་ལ་སྐྱོན ་རྒྱོབ་འདི་གསོལ་བས།། ནུམ་རྟོག་ཉོན་མོངས་རྗེ་ས་དག་གྱུར་ཅིག། བླུག་དང་བཅཝསྡུ་པཉྩི་མ་ཏོག་ཕྲེང་།། སངས་རྒྱས་ཀུན་སོགས་འཇས་དེ་བྱེ་ས་ལ།། ནམ་སྣང་འབྲུ་ལྕི་བཱ་སི་འགྱུར་ཏེ།། ཕྲེང་པོ་དེའི་བརྒྱན་ཡིན་ནོ།། ་རྫོགས་སངས་རྒྱས་ལ་སྤོས་ཕུལ་བས།། བརྟུལ་ཤུགས་བཟང་པོས་ལེགས་ཚིམ་གྱིས།། ལུས་ཅན་བདེ་གཤེགསལུགས་སུ།། ཡེ་ཤེས་ཀྱིས་ནི་ཚིམ་གྱུར་ཅིག། ཆོས་ཀྱི་མར་མེ་ལེགས་པར་བས།། @ ་གར་དབང་བདག་ཉིད་དེ།། སེམས་ཅན་མ་རིགས་ལྡོངས་པ་ལ།། ཡེ་ཤེས་སྒྲོལ་མས་སྣང་གྱུར་ཅིག། ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་དང་།། རྣམ་གྲོལ་ཡེ་ཤེས་མཐོང་བ་ཡི།། དྲི་མེད་རྒྱལ་བ་རྣམས་ཀྱི་ཇི།། ། ་ལུས་ཅན་བྱང་ཆུབ་ཐོབ་གྱུར་ཅིག། ཞལ་ཟས་རོ་མཆོག་འོང་ཕུལ་བས།། རོ་དྲུག་སྲེད་པ་དག་གྱུར་ཏེ།། བསམ་གཏན་ཏིང་འཛིན་ཟས་མཆོག་ལྡན།། གཉིས་སུ་མེད་པའོ་རྟོགས་ཤློག། རོལ་མོ་གླུ་གར་སྒྲ་སྙན་ཚངས་པའི་དབྱངས། ་ཁྭ་བྱུག་གཞོན་ནུའི་སྦྲད་འདྲ་འདི་ཕུལ་བས།། བདེ་གཤེགས་སྐུའི་མཉེས་དང་ལྡན་གྱུར་ཅིག། ལྷའི་ན་བ་ནམ་དག་ཐོབ་གྱུར་ཅིག། ཞེས་པའོ།། དངོས་གྲུབ་རྗེས་སུ་གནང་བ་ནི།། ཞི་རྒྱས་དབང་དྲུག་བཞི་པོ་དང་།། བསྐྲད་དང་པོ་ཅང་དུང ་ལ་སོགས།། ལས་དེ་རྣམས་ནི་གྲུབ་པར་གྱིས།། སྤྱོད་པའི་རྗེས་སུ་གནང་བ་ནི།། དང་པོ་ལས་ཀྱི་སྤྱོད་པ་དང་།། ཉོན་མོངས་གསུང་བ་རཱི་སྤྱོད་པ་དང་།། ཀུན་ཏུ་བཟང་པོའི་སྤྱོད་པ་དང་།། གོ་རིམ་བཞིན་དུ་སློབ་པར་གྱིས།། རྡོ་རྗེ ་སློབ་དཔོན་རྗེས་གནང་ནི།། སེམས་ཅན་སྡུག་བསྔལ་གསལ་བྱའི་ཕྱིར།། འཇིག་རྟེན་ཀུན་ལ་ཐམ་སྟོ་ཅང་དུ།། བྱ་བའི་རྒྱུད་དང་སྤྱོད་པའི་རྒྱུད།། རྣལ་འབྱོར་རྒྱུད་དང་གསང་བ་ཡི།། ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས།། ཁྱོད ་ནི་ཐེ་ཚོམ་ངོགས་མེད་པར།། ཡིད་གཉིས་མེད་པའི་སེམས་ཀྱིས་ནི།། ཆོས་ཀྱི་དུང་ནི་བླ་མེད་པ།། དྲི་མེད་ཀུན་ཏུ་གང་བར་གྱིས།། དུང་ཟུང་གིདུགས་དང་པོ་ཏེ་སྦྱིན།། དེ་ནས་ལུང་བསྟན་སྦྱིན་པ་ནི།། རང་ཉིད་འཇམ་པ་ལ་ཏེ ་འཛིན་གྱིས།། གྲཝཡོན་པ་ཁུ་ཚུར་བཅད་བྱས་ཏེ།། ཆོས་གོས་འཛིན་པའི་ཚུལ་དུ་བྱ།། གཡས་པ་སྐྱབས་སྦྱིན་ཕྱག་རྒྱ་བཅས།། ཨོཾ་ང་ཡིས་འདི་ལྟར་ལུང་བསྟན་ཏེ།། འཇམ་པའི་རྡོ་རྗེ་དེ་བཞིན་གཤེགས།། དངོས་པོ་མཆོག་ཏུ་སྒྲུབ ་པའི་ཕྱིར།། སྐྲོད་པའི་ངན་འགྲོ་གནས་ནས་བཏོན།། སེ་ཆེ་གེ་མོ་མྱུ་གུ་རྡོ་རྗེ།། གནས་ཆེ་གེ་མོ་ཞེས་བྱ་བ། བང་བ་ཅན་གྱི་ཞི་ཁམས་སུ།། རྡོ་རྗེ་འཆང་ཆེན་པོར་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ།། སཱིང་དྷོདྡྷ ་རྡུལ་སྒོ།། འདི་ལྟར་ཁྲུང་བསྟན་དུས་དག་ཏཱ།། སྔགས་པ་བདེ་གཤེགས་ཀུན་ལྡན་ཅིག། བླ་ན་མེད་པའོ་བྱང་ཆུབ་ཏུ།། མགྲོན་གཅིག་ཏུ་ནི་ཝང་བསྙེན་མཛད།། དེ་ལྟར་ལུང་བསྟན་གྱུར་བུ་འདི།། སྔག་སྡེ་དང་ཕྱུག་རྒྱུའི་མཐུ་ཡིན་པ་སྟེ། ་སྔགས་དང་ཕྱག་རྒྱའི་ནུས་པ་ལ།། ཡིད་ཆེས་པ་ནི་དང་པཱུར་གྷིས།། ལུང་བསྟུན་ཐོབ་ནས་སེམས་བདོག། དེ་ནི་གཟེངས་བསྟོད་ཡོད་པར་འདོད།། དབུགས་དབྱུང་བའི་ཆོ་ག་ནི།། མཆོག་གསང་དཀྱིལ་འཁོར་དམ་བྷཱུ་འདིར།། མཐོང ་བ་དང་ནི་ཞུགས་པ་ཡིས།། སྡིགྷྲ་པ་ཀུན་ལས་དེས་གྲོལ་བའི།། ཁྱེད་རྣམས་འདིར་ནི་ལེགས་པར་གནས།། ཕྱིན་ཆད་འཆི་བ་ཡོད་སྦྱིན་ཏེ།། མི་ཚུགས་པ་དང་མི་སོང་པ།། ཅེས་ཀྱང་མི་འཇིགས་དགའ་བར་གྱིས།། དམ་ཚིག་སྡོམ་པ ་གྲུབ་པ་པོ་གྱིས།། རྟག་ཏུ་ཁྱོད་ཀྱིས་བསྲུང་བར་བྱ།། སངས་རྒྱས་ཀུན་གྱིས་མཐུན་པར་གསུངས།། དམ་པ་རྟོག་པའི་བཀའ་ཡིན་ནོ།། བྱ་བ་རྡུང་ལས་རྣམ་པ་རྒྱལ།། གྲོང་ཁྱེར་མཆོག་ཏུ་རག་ཏུ་ཞུགས།། ཁྱོད་རྣམས་ཀྱི་ནི ་སངས་རྒྱས་ཀྱི།། དེ་རིང་ཐོབ་པར་ཐེ་ཚོམ་མེད།། དེ་ནས་སློབ་མཆོ་ག་རྫོགས་པ་དེས།། རྒྱལ་བ་རྣམས་ཀྱི་སྲས་སུ་འཛིན་པ་ཡིན།། མཆོད་པའི་བྱེ་བྲག་རྣམས་ཀྱང་དེ་ལ་བྱ།། སློབ་མས་བླ་མ་དམ་པའི་དྲིན་དྲན་ཕྱིར།། ། ་ཚོགས་དང་གཏོར་མ་མཆོད་པའི་བྱེ་བྲག་དང་།། འདོད་པའི་ལོངས་སྤྱོད་རྣམས་ནི་དེ་ལ་མཆོད།། རྟ་དང་གླང་པོ་ཡུལ་ཞིང་བུད་མེད་ཀྱང་།། བླ་མ་དམ་པ་དེ་ལ་མཆོད་ཕྱིར་དབུལ།། དེ་བཞིན་དབུལ་བའི་དབང་བསྐུར་ཆོ་ག་རྒྱས་གྱུར་པས།། ་གསང་བའི་དབང་བསྐུར་འདོད་པས་གསོལ་བ་གདབ།། ཚོགས་ཀྱི་མཆོད་པ་བཏེགས་ལ་བསྟོད་ནམས་བསག། ཕྱག་བསྔལ་མཱཎྜལ་ཕུལ་ལ་གསོལ་བ་གདབ།། སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས།། སྤྱན་སྔར་སློབ་དཔོན ་དགོངས་སུ་གསོལ།། ཁྱོད་ཞབས་པདྨ་སྤངས་ནས་ནི།། བདག་ལ་གཞན་ནས་སྐྱབས་མ་མཆིས།། ངག་གི་དྲི་མ་སྦྱོང་མཛད་པའོ།། དབང་བསྐུར་མཆོག་ནི་བདག་ལྔ་གསོལ།། ཇི་ལྟར་འཕགས་པའི་སངས་རྒྱས་ཀྱིས།། བྱང་ཆུབ་སྲས་ལ ་དབང་བསྐུར་བ།། དེ་བཞིན་གཤེགས་པའི་དབང་བསྐུར་ནི།། སེམས་ཀྱི་རྒྱུན་གྱིས་དབང་བསྐུར་རོ།། དེ་ནས་དབང་བསྐུར་སྦྱིན་པ་ནི།། མཚན་ལྡན་ཐོད་པའི་བདུད་རྩི་ལ།། སྲིན་ལག་གཡོན་པས་བླངས་ནས་ནི།། སློབ་མའི་ལྕེ་ལ ་གཞག་པར་བྱ།། ཡེ་ཤེས་དབང་པའི་དུས་ཀྱི་ཉམས།། དེ་ཉིད་དུ་ནི་དྲན་པར་བྱ།། ཉམས་དང་བདུད་རྩི་རོ་མྱོང་བས།། བདེ་བ་སྐྱེས་པ་གང་ཡིན་པ།། གསང་བའི་དབང་ནི་ཐོབ་པ་ཡིས།། དེ་ཡི་དམ་ཚིག་དཔོག་པ་ནི།། ཤ་ཆེན་བྱང་སེམས ་སྨོས་པའི་ཆུ།། རཀྟ་དྲི་ཆེན་རྡོ་རྗེའི་ཆུ།། འདི་དྲུག་ཁྱོད་ཀྱི་དམ་ཚིག་སྐྱེ།། སྦྲུལ་ལྡན་ཁྱོད་ཀྱིས་རྟག་ཏུ་སྐྱོངས།། མཆོད་དང་གཏོར་མ་བཏང་བ་དང་།། ཡོན་ཕུལ་ཞབས་བྱད་སྤྱི་བོས་བླང་།། འདི་ནི་གསང་བའི་དབང་བསྐུར་བའི།། ཤེས ་རབ་ཡེ་ཤེས་དབང་བསྐུར་བ།། མཆོད་དང་གཏོར་མ་ཚོགས་མཆོད་སྔོགས།། གཞུང་བཞིན་བཏེག་ལ་ཡོན་ཕུལ་ནས།། གསུམ་པ་ཞུ་བའི་གསོལ་བ་གདབ།། ཨོཾ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི།། སྤྱན་སྔར་སློབ་དཔོན ་དགོངས་སུ་གསོལ།། དཔལ་ལྡན་ཆོས་ཀྱི་རྡོ་རྡུ་ལ།། གསང་བའི་དེ་ཉིད་བསྟན་པ་ལྟར།། ཡིད་ཀྱི་དྲི་མ་སྦྱོང་མཛད་པའི།། དབང་བསྐུར་མཆོག་ནི་བདག་ལ་རྩོལ།། འདི་ནི་སངས་རྒྱས་ཐམས་ཅད་ཀྱི།། རིག་པའི་བརྟུལ་ཞུགས ་བླ་ན་མེད།། པདེ་ཆེན་རྒྱལ་པོ་རང་ཉིད་ནི།། འདི་ཉིད་དུ་ནི་རྟག་ཏུ་གནས།། དེ་ནས་དབང་བསྐུར་སྦྱིན་པ་ནི།། གཡོན་པའི་སྲིན་མཐེབ་གཉིས་པོ་ཡིས།། བདུད་རྩི་བླངས་ལ་སྤྱི་བོ་དང་།། སྙིང་གོ་ལྟེ་བ་གསུམ་ལ་རེག། ལྟེ་བར་ཧཱུཾ་ལྷ་དམིགས ་པ་གཏད།། མགྲིན་པའི་རྩ་གཉིས་སྲིན་མཐེབ་ཀྱིས།། དལ་གྱིས་མནན་ལ་བདེ་བ་དང་།། བླ་མས་བདེ་སྟོང་ཉམས་དྲན་པས།། སློབ་མའི་རྒྱུད་ལྔ་གསོལ་བར་བསམ།། བདེ་སྟོང་ཉམས་དེ་སྐྱེས་པ་ན།། མཆོད་པ་ཕུལ་ལ་དམ་ཚིག་དབོག ་སློབ་དཔོན་དང་ནི་རིག་མ་ལ།། ཕུང་པོ་ལྔ་ལ་མཉེས་བྱེད་པ།། དུས་དང་གནས་སྐབས་ཐམས་ཅད་དུ།། ཁྱོད་ཀྱིས་སྲོག་བཞིན་བསྲུང་བར་གྱིས།། དེ་ནས་ཕྱག་བྱས་ཡོན་ཕུལ་ལ།། བདེ་བའི་སེམས་ཀྱིས་གནས་པར་བྱ།། དེ་ནས ་བཞི་པའི་དབང་བསྐུར་བ།། སྔོན་དུ་སློབ་མས་བླ་མ་ལ།། མཎྜལ་མཆོད་དང་ཡོན་ཕུལ་ལ།། བཞི་པ་བསྐུར་བར་གསོལ་བ་གདབ།། \ུ0f7fོཾ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི།། སྤྱན་སྔར་སློབ་དཔོན་དགོངས་སུ་ག་སོལ།། ། ་དྲི་མ་རྣམ་གསུམ་སྦྱོང་མཛད་པའི།། དབང་བསྒྱུར་མཆོག་ནི་བདག་ལ་སྩོལ།། དེ་ནས་མཎྜལ་མེ་ཏོག་བཀྲམ་པ་ལ།། འཛག་སྟེ་རྐང་པའི་ལོང་བུ་བཤིབས།། མེ་ཏོག་ཐོགས་ཏེ་ཐལ་མོ་སྦྱར།། དྲང་པོ་བརྐྱང་ལ་ལུས་པོ་སྒྲིམ།། སྣ་རྩེར ་འཁོར་ལོ་འཁོར་པོ་ལ།། རིག་པ་གཏད་དེ་བདེ་བ་བཟུང་།། འདར་དང་གཡོ་དང་སྒྲ་དང་རྒོད།། ཤེས་པ་བདེ་རྟོག་མེད་མས།། ཡེ་ཤེས་རྣལ་དུ་ཕེབས་པ་ན།། མེ་ལོང་བསྟན་ལ་དོན་བསྟན་བྱ།། ཀྱེ་ཧཱུཾ་རུ་ཀཱ་མྱུ་གུ་ཆེ་གེ་མོ།། ཆོས་ཐམས ་ཅད་ནི་ངོ་བོ་ཉིད་ཀྱིས་མ་སྐྱེས་པ་སྟེ།། རྐྱེན་ལས་སྐྱེས་པའོ།། དེ་ཡང་དཔེར་ན་མེ་ལོང་གི་རྐྱེན་གྱི་གཟུགས་སུ་སྣང་བ་བཞིན་དུ།། སྔོན་གྱི་སྐྱོན་ལཱམ་དང་གདུལ་བྱ་ལས་དག་པའི་དབང་གིས་ཆོས་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ ་ལས་ཡུལ་རྣམ་འཕྲུལ་དུ་ཤར་བ་སྟེ།། དོན་ཆོས་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བའོ།། ཀྵེ་ཆེ་གེ་མོ་ཁྱེད་ལི་ཉམ་སྣ་གང་བ་དེ་ང་ལྟ་སྨྲོས་ཤིག། དེའི་ཚེ་ཤེས་པ་གསལ་བ་ལས། མི་རྟོགས་པ་སྐྱེ་བ་གང་ཡིན་པ།། ངེས ་གཟུང་མེད་པའི་ཉམས་ཤར་བ།། འདི་ལྟར་བྱུང་ཞེས་བརྗོད་དུ་མེད།། བཞི་པ་ཕྱག་རྒྱ་ཆེན་པོའི་ཉམས།། དེ་ལ་དམ་ཚིག་བསྟན་པ་ནི།། རང་བས་བླ་མ་མཉམ་པར་བྱ།། རྒྱུད་ལ་ཤར་བའི་ཕྱག་རྒྱ་ཆེ།། ནམ་ཡང་བརྗེད་པར ་མི་བྱའོ།། དམན་ལ་མོས་པའི་གང་ཟག་དང་།། ནམ་ཡང་མི་འགྲོགས་དབེན་པ་བསྟེན།། དབང་བཞི་ཐོབ་པར་མ་གྱུར་པའི།། གང་ཟག་རྣམས་ལ་དེའི་དོན།། ཚིགས་ཏུ་བརྗོད་པར་བྱའོ།། དེ་ནས་བླ་མའི་ཞབས་ལ་འདུད།། ཕྱག་དང ་མཆོད་དང་གཏོར་མ་དང་།། ཚོགས་དང་ཡོན་དབུལ་བསྐུར་ཏི་བྱ།། འདི་ནི་བཞི་པའི་ཆོ་གའོ།། གང་ཞིག་ལུས་ངག་དག་པ་ཡི།། བདེ་བ་འདོད་པས་ཟབ་མོའི་དོན།། བླ་མོའི་ཞབས་པོད་བརྟེན་པས་བླང་།། གཞན་ཡང་ཕྱག་རྒྱ་ལྔ་བརྟེན ་པའི།། དབང་བཞི་འདོད་པའི་གང་ཟག་གིས།། མུན་ངག་ལས་བྱུང་ཆོ་ག་ཡིས།། དབེན་པའི་གནས་སུ་ཡང་དག་བཙལ།། བསོད་ནམས་འདོད་དང་ཐར་པ་རབ་བརྩོན་པའི།། གང་ཟག་དམ་པ་རྣམས་ཀྱི་དོན་བྱའི་ཕྱིར།། དཀྱིལ་འཁོར ་ཆོ་གླུ་རྒྱས་དང་བདུད་པ་ལྔས།། དགེ་བ་གང་ཡིན་སེམས་ཅན་དོན་དུ་བསྔོ།། དཔྲལ་གཤིན་རྗེ་ཚེ་བདག་ནག་པོའི་དཀྱིལ་འཁོར་གྱི་ཆོ་ག། དྲན་པ་གསལ་བ་ཞེས་བྱ་བ།། དཔལ་ནག་པོ་ཞབས་ཀྱིས་མཛད་པ་རྫོགསོ།། ་པཎྜི་ཏ་ཆེན་པོ་ནག་པོའི་ཞབས་དེ་ཉིད་དང་།། ལོ་ཙ་བ་གཉེན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། དགེའོ།། ་