| Wylie | e-texts produced with BDRC’s OCR application |
རྣལ་འབྱོར་པ་པྲཛྙཱ་ཤྲཱི་ཛྙཱ་ན་ཀཽརྟིའི་རང་འགྱུར་རོ་ནི་རུ་བ་རི་ཡུན་པ། གསུང་བཅད་པ། བླ་མ་བྱ། སྣོད་ཡུལ་བཱ་རིན་བཟང་། བླ་མ་ནམ?་མཁའ་དཔལ། ཨཱརྱ་དཻ་བཱ། བླ་མ་རིན་ཆེན་དཔལ་ལོ།། @#།། བཅོམ་ལྡན ་འདས་ཞོ་སྡང་གཤིན་རྗེ་གཤྲེང་ལ་ཕྱག་འཚལ་ལོ།། རང་གཞན་བར་ཆད་ཞི་བ་དང་།། དངོས་གྲུབ་མཐར་ཕྱིན་བྱ་བའི་ཕྱིར། ལས་ཀྱི་གཤིན་རྗེ་འཁོར་བཅས་ཀྱི།། མཆོད་པའི་ཆོ་ག་འདི་ལྟར་བྱ།། རྣལ་འབྱོར་ལྡན ་པས་མདུན་སྐྱེད་མཆོད།། རི་རབ་བ་རིམ་བཞི་པ་ཡི།། རྩེ་ལ་ཆོས་ཀྱི་རྒྱལ་པོ་ནི།། ནག་པོ་ཞལ་གཅིག་ཕྱག་གཉིས་པ།། པདྨ་ཉིན་བྱེད་མ་ཧེའི་སྟེང་།། གཡས་བསྐུམ་གཡོན་བརྐྱང་རོལ་པས་བཞུགས།། རྡོ་རྗེ་ཐོད ་དབྱུགས་སྦྲུལ་ཞགས་འཛིན།། ངར་དང་སྟགས་ལྤགས་ནམ་བཟའ་གསོལ།། སྦྲུལ་དང་རུས་པའི་རྒྱན་གྱིས་བརྒྱན།། ཞལ་གདངས་མཚོ་གཙིགས་ཁྲོ་གཉེར་བསྡུས།། སྤྱན་གསུམ་དྲག་པའི་མེ་སྟག་འཕྲོ།། སྐྲ་སེར་སྒྲ་ར་གྱེན ་དུ་འཛིངས།། རྔམ་གཙིགས་གཏུམ་པོ་མི་སྡུག་པ། མཆུན་ཁུང་གཡོན་ན་ཙ་མུན་ཏྲི། རྣམ་དག་རྩེ་གསུམ་འཛིན་པ་བསྐྱེད།། དེའི་ཕྱི་རིམ་སྟེགས་བུ་ལ།། ཡ་མ་རཱ་ཛཱ་མྱོས་བྱེད་འབར།། མ་རུ་ཙེ་དང་རལ་དགུ་ལྡན།། ་དེད་དཔོན་མངགས་པ་ཕོ་ཉའི་ཚུལ།། འཁོར་དབྱུག་པདྨ་རལ་གྲི་བསྣམས།། ཐམས་ཅད་རྡོ་རྗེས་མཚན་པ་འཛིན།། གཡས་སྱ་ཡ་མ་དུ་ཏཱི་དང་།། ཀཱ་ལ་པ་ཤ་ད་ཎ་ཌི་ནག། ཡ་མ་དོཥྚི་ལྕགས་ཀྱུ་དང་། ཞགས་པ་བ ་ཙནྡ་མཆེ་བ་བསྣམས།། འཁོར་ལོས་མཚན་པ་ཕྱག་ན་བསྣམས།། གཡོན་དུ་ཀཱ་ལ་ར་ཏྲཱི་དང་། གསོད་མ་ནག་སོ་ཆུན་མོ་དང་།། ནཾ་གྲུ་ཤ་ཀ་ལྀ་ལ་སོགས།། མེ་ལོ་ནྱང་རྒྱལ་གྷ་གླུ་དང་། ཁྲམ་ཤིང་པདྨས་མཚན་པ ་འཛིན།། གཡོནྨ་ན་ཤོང་དྷེ་དཀར་ནག་གོ།། སྔོ་དཀར་དམར་བའི་ཁ་དོག་ཅན།། ཆ་ལུགས་གཙོ་བོ་བཞིན་དུ་བསྐྱེད།། དེའི་ཕྱི་རོལ་སྟེགས་བུ་ལ།། ཕྱོགས་བཞིར་རྒྱལ་པོ་ཆེན་པོ་བཞི།། གཡས་གཡོན་གཇིའ་བརྒྱུད་ཀླུ་ཆེན ་བརྒྱད།། དེའི་ཕྱི་རིམ་སྟེགས་བུ་ལ།། ཕྱོགས་སྐྱོང་བཅུ་དང་སྡེ་བརྒྱང་དང་།། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་རྣམས།། རང་རང་གཟུགས་སམ་གཙོ་བོ་བཞིན།། འབྱུང་པོ་ཀུན་གྱིས་བསྐོར་བ་བསྐྱེད།། གནས་གསུམ་བྱིན་བརླགས ་དབྱིངས་ནས་དགུག། དབང་བསྐུར་རྡོ་རྗེ་སེམས་དཔའི་རྒྱ།། ཚོགས་དང་གཏོར་མའི་མཆོད་པ་དང་།། གུར་དང་ཕོང་དང་ངར་བླུང་དང་།། ནམ་མཁའ་བ་དན་མངའ་དང་འཕང་།། སྲོག་ཆགས་སྣ་ཚོགས་ངུར་བ་དང་།། རིན་ཆེན ་ལྔ་དང་འབྲས་བུ་དང་།། གླིང་དང་གླིང་ཕྲན་ལ་སོགས་པས།། མཆོད་དང་བསྟོད་པ་ལས་བཅོལ་བྱ།། འཇིག་རྟེན་རང་གི་འདོད་པ་དང་།། མདུན་པའི་ལུས་ཀུན་བཀའ་བཞིན་སྒྲུབ།། གངས་རིའི་ཁྲོད་ན་རྒྱལ་པོའི་བུ།། སྦྱིན་བདག ་ཆེན་པོའི་བཞེད་པ་བཞིན།། བོད་ཀྱི་ལྤགས་དང་མཐུན་པ་འདི།། འགྲོ་ལ་ཕན་པའི་ཆེད་དུ་བསྒྲུབས།། བླ་མའི་ལུང་དང་མི་འགལ་ཞིང་།། གདུལ་བྱའི་བློ་དང་མཐུན་པ་ཡི།། མན་ངག་ལྷ་ཡིས་རྗེས་གནང་ནས།། བྷྱཱམ་གཽ་ལ་ལས ་བརྗོད་པ་ཡིན།། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏེ་དྷར་པཉྩ་རྒྱས་མཛད་པ་རྫོགས་སོ།། ། པཎྜི་ང་དེ་ཉིད། ལོ་ཙ་ཞེ་སྡང་རྡོ་རྗེས་དག་པར་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ཨཱརྱ་ཤྲཱི་ཡ་མ་ཨ ་