| Wylie | e-texts produced with BDRC’s OCR application |
ཙྪ། རྒྱ་གོར་སྐད་དྷ། སཱརྦ་པྲེ་ཏ་བཛྲ་པཱ་ཤ་ཧ། ཡི་དགས་ཐམས་ཅད་རྡོ་རྗེས་བཅིངས་པ། དཔལ་གཤིན་རྗེ་གཱཤོདཱ་ལ་ཕྱག་འཚལ་ལོ།། གཤིན་རྗེའི་སློབ་དཔོན་མི་མཆོག་གིས།། བསྐོནཱ་པཱ་ལས་སྔགས་བསྟན་པ ་ནི། སྦྱོར་བ་རྫོགས་པ་འབུམ་འཚོ་གཅིག། མར་ངོའི་ཚེས་བདུན་ནས་བརྩམས་ཏེ། དགུ་ཡི་བར་དུ་བཟླས་པ་བྱ།། གཤིན་རྗེ་ཉིད་ཀྱང་འཆིང་འགྱུར་ན།། དེ་ལས་གཞན་པ་སྨོས་ཅི་དགོས།། མཐེབ་སོར་ཉི་ཤུའི་ཚད་ཅན་ནང་།། ་རྒྱར་བཅས་གྲུ་གསུམ་སོར་བཅུ་ཟབས།། སོར་གསུམ་ཁ་ཁྱེར་ཕྱིར་བསྐྱེད་པའི།། སོར་གསུམ་རྒྱ་དང་དཔྱངས་སུ་མཉམ།། དུར་ཁྲོད་སོལ་བས་ནང་བྱུགས་ཏེ།། ཁྲག་གིས་སོར་གསུམ་གཉིས་ཀྱང་བྱུག། ལྕགས་ཕྱེ་ཐལ ་ཚོན་སོར་རོའི་ཚད།། རབས་ཆུང་ནག་པོའི་ཐོད་པ་ལ། ནུང་ཁྲག་དུག་གིས་བྱུགས་ནས་ཀྱང་།། ཚངས་པའི་བུ་གར་དཀར་ཁུང་གང་དེ།། གསུང་ཁུང་ཆེན་པོ་གཅིག་བཏོང་ནས།། ཆོས་འབྱུང་ཁཱ་སྟོ་རཱ་ལྗང་གྷཱ་ལ།། མུ་ཁྱུད ་རྡོ་རྗེ་ར་བས་བསྐོར།། སྐུའི་ཡིག་འབྲུ་དྲུག་བཀོད་ལ།། ལྟེ་བར་བྷསྒྲུབ་བྱ་མིང་དང་བཅས།། ཟློག་ཏུ་མནན་པའི་རྒྱབ་སྟེགས་སུ།། དུར་ཁྲོད་རོའི་རས་དག་ལ།། གསེར་གྱི་ས་གཞི་དང་ལྡན་པའི།། རི་རབ་ལྕོག་བརྒྱད་བཀོད ་བ་བྲི།། དེ་སྟེངས་སྣ་ཚོགས་རྡོ་རྗེས་མཚན།། ཧཱུཾ་དང་ལམ་དང་ཧཱུཾ་ཡིག་བྲྀ།། རེ་མིག་ཐག་པ་བཞིས་བསྟོད་ལ།། ཚ་བ་རྣམས་དང་ལྕགས་ཕྱེ་སྒོས།། འབྲུ་གསུམ་བཟླས་པ་དག་ལ་གདབ།། ཨོཾ་ལས་ཆོས་འབྱུང་དཀྱིལ་ཉིད་དུ།། ་སྤྲུལ་པའི་ཁྲོ་བོས་བཀྲུག་ལྔ་གཟུགས།། ས་དང་རི་རབ་རྡོ་རྗེ་དང་། བདག་ཉིད་གཤིན་རྗེ་གཤེད་ཀྱིས་མནན།། སྐྲག་ཅིང་གཟིར་ཅིང་འབར་བར་བཱལྐ།། ཨོཾ་ཀཱ་ལ་རཱུ་བ་ཧཱུཾ། ཨོཾ་ཧྲིཿཥྚི་བི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ ་སྱཱ་ཧཱ། ཨོཾ་ནཱི་མ་ར་ནཱི་མཱ་ར།། སྙིང་ཌཱི་ཤྲཱི་ཌི་ཤྲི། ཡ་མ་ཁྲག་ཚུལ་བ་བཾ། སི་རི་སི་རི་རིལ་དཾ་དུཾ་དུ། ནག་པོ་ཏི་པ་ར་ན་ཤག་ནཱཾ། སྙིད་ལ་ཐོད་པ་པྲ་ཤ་ག་ནཾ། བཛྲ་ཀཱི་ལྀ་ཀཱི་ལཱ་ཡ། དེ་ནས་དུར་ཁྲོད་བསིམ་པཱ་ལ།། དྲི་སོགས་དུག ་གིས་བྱུགས་ནས་ཀྱང་།། རྒྱ་གྲམ་རྡོ་རྗེ་བྲིས་པ་ལཱ།། དབུས་སུ་ནརི་དང་རྩེ་མོར་ཛཿ།། བགྲོད་པས་ཁ་དག་མནན་པར་བྱ།། ཐལ་ཆེན་དུག་གི་རྒྱ་ཡང་བྱ།། ཧཱུཾ་ལུས་ངག་སེམས་ལ་སྐྱེས་པའི།། བགེགས་ཀྱི་ཚོགས་རྣམས་ཀུན་ཉོན ་ཅིག། ང་ནི་དཔལ་ལྡན་རྡོ་རྗེ་འཆང་།། མནན་པའི་འཁོར་ལོ་རབ་སྦྱོར་བ།། རྡོ་རྗེའི་ལུས་ནི་འབར་བ་ཡིས།། གནས་གསུམ་ལས་སྐྱེས་གནོན་པར་བྱེད།། གལ་ཏེ་ཁ་གཅིག་བདག་ལས་འདའ།། འཇིག་པར་འགྱུར ་གྱི་གཞན་དུ་མིན།། འཁོར་ལོ་རིན་ཆེན་པདྨ་དང་།། གཞན་དུ་ཡང་ནི་དེ་བཞིན་བརྗོད།། རྡོ་རྗེ་གོམ་པའི་སྟབས་ལྡན་པསྟེ།། ཤིན་ཏུ་མནན་པའི་ཚིག་འདྲི་བརྗོད།། སེམས་ཅན་ལས་ངན་སྡིག་ཅན་ཁྱོད།། གཏད་དོ། ་གཤིན་རྗེའི་ལག་ཏུ་གཏད།། བཅིང་ངོ་རྒྱ་མཚོའི་གཏིང་དུ་བཅིང་།། མནན་ནོ་རི་རབ་ལྗིད་ཀྱིས་མནན།། སྦྱང་ངོ་འབྱུང་བ་བཞི་ལ་སྦྱང་།། སྦ་ཡོ་ཀླུ་རྒྱལ་སྙིང་ལེ་སྦ།། འདི་ལས་འདའ་བར་མི་བྱེད་ཅིག། གལ་ཏེ་བྱང ་ཆུབ་སེམས་སྐྱེས་ཏེ། ཤཱཀྱ་ཐུབ་པའི་བསྟན་པ་ལ།། དང་པུས་མགོན་པོ་མཆོད་སྙིང་ན།། ང་ཡིས་ཁྱོད་ལ་བདེན་པ་བསྟན།། མནན་པའི་རྡོ་རྗེ་སྦྱོར་ཆེན་པོ།། རྣལ་འབྱོར་བར་ཆད་སེལ་བྱེད་པ།། སྟོབས་ཆེན་གཞན་གྱིས་མི ་ཐུབ་ཉིད།། མགོན་པོ་དེ་ལ་ཕྱག་འཚལ་བསྟོད།། གཤིན་རྗེའི་གཤེང་ནག་པོའི་རྒྱུད་བཞི་བརྒྱ་ལྔ་བཅུ་པ་ནས་བྱུང་བ།། སློབ་དཔོན་ནག་པོ་ཞབས་ཀྱིས་མཛད་པ་རྫོགསོ།། ་