CLOSE WINDOW

GT2815: gshin gyi cho ga zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། སྨིཏྐྲྀ་བི་དྷི་ནམ། བློད་སྐད་དུ། གཤིན་གྱི་ཆོ་ག་ཞེས་བྱ་བ། བཅོམ་ལྡན་འདས་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ།། རིམ་པ་གཉིས་ནི་ལྡན་པ་ཡིས།། བདག་གི་སྙིང་ཁའི་འོད་ཟེར་གྱིས།། ་རིགས་དྲུག་དུག་སྦྱོར་ཚ་འདས་ཀྱི།། རྣམ་ཤེས་ཨའི་རྣམ་པ་དགུག། ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། ལས་ཀྱི་དབང་གིས་འཁོར་བར་ཡུན་རིངས་འཁྱམས།། འཁྱལ་པའི་དབང་གིས་མི་དགེ་སྣ་ཚོགས་སྤྱད།། ་སྡུག་བསྣོ་ལ་མངོམ་དུ་བྷྲིང་ཁྱོད་སྱཱངྒ་རོ་རྗེ། དྲང་དང་མོས་པའི་སེམས་ཀྱིས་འདིར་ཤིག་ལ། དཀོན་མྱཆོག་གསུམ་དང་བླ་མ་སྤྱི་བྱོས་མཆོད།། འཁོར་འདས་གཉིས་མེད་དོན་ལ་མཉམ་པར་ཞོ་ག། མ་མཆོག་འདི ་ལྔ་བུ་ཁྱོད་འཇུག་པར་མཛོད།། ཨོཾ་ཧྲིཿཥྚི་ཝི་ཀྲི་ཏཱ་ནུ་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། ཆེ་གྲེ་མོ་ཨ་ཀཱཪྴ་ཡ་ཛཿགཙོ་བོ་རྒྱལ་བ་འགྲོ་བའི་མྱ་གོན།། འགྲོ་བ་སྐྱོབ་པའི་དོན་བརྩོན་པ།། སྟོབས་ཆེན་འཇིགས་པ་ཀུནྨ་སེལ་ལ།། དི་རིང ་ཉིད་ན་སྔོ་སྐྱབས་སུ་མཆི།། དེའི་ཐུགས་སུ་ཆུད་པའི་ཆོས།། འཁོར་བའི་འཇིགས་པ་སེལ་བ་དང་།། བྱང་ཆུབ་སེམས་དཔའི་ཚོགས་ལ་ཡང་།། དེ་བཞིན་ཡང་དག་སྐྱབས་སུ་མཆི།། སྔོན་ཆད་ཁྱེད་ཀྱི་བཀའ་ལས་འདས།། ་ད་ནི་འཇིགས་པ་ཆེར་མཐོང་ནས།། ཁྱེད་ལ་སྐྱབས་སུ་མཆི་ལགས་ཀྱི།། འཇིགས་པ་མྱུར་དུ་བསལ་དུ་གསོལ།། ཉོན་ཅིག་བགེགས་ཆེན་ཁྱོད་ཉོན་ཅིག། ཆེ་གཽ་ཞེས་བྱའི་ཚེ་འདས་འདི།། དཀོན་མཆོག་གསུམ་ལ ་སྐྱབས་སོང་བས།། ད་ལྷ་ཉིད་དུ་བཏང་བར་གྱིས།། ཁྲོ་བྲོ་འབར་བྱའི་བཀྲའ་བྱུང་གིས།། གལ་ཏེ་དཀའ་ལས་འདས་ན་ནི།། རྡོ་རྗེ་དབྱུག་པ་འབར་བྱ་ཡིས།། མགོ་བོ་ཚལ་པ་བརྒྱར་འགས་སོ།། ཨོཾ་ཧྲིཿཥྚི ་ཝི་ཀྲྀ་ཏཱ་ནཱ་ནཱ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཆེ་གེ་དང་ཆེ་བ~ཾ་ངོ་ཤ་ཡ~ཾ་ཕཊ། ཚེ་འདས་འདི་ལྔ་གནོད་པའི་བགེགས།། ཝཱ་ཀུ་གནོད་སྦྱིན་དྲི་ཟླ་དང་།། ནམ་མཁའ་ལྡིང་དྲུང་ཤ་ཟའི་ཚོགས།། འབྱུང་པོ་མང་པོ་ཐམས་ཅད་དག། མཆོད་སྦྱིན ་གཏོར་མ་འདི་བཞེས་ལ།། གནས་འདར་མེ་གནས་མྱུར་དུ་དེང་།། རྒྱལྔ་བའི་བཀའ་ལ་གང་འདའ་བ།། གསང་ཅིང་མནན་པའི་ལས་མཐར་བྱེད།། ཨོཾ་ཧྲཱིཿཥྚི་ལླི་ཀྲི་ཏཱ་ནཱ་ནཱ་ཧཱུཾ་ཧཱུཾ་ཕུཊ་ཕཊ། ཆེ་གེ་མོ་ཙཱི་ཊ་ཡ་ཕཊ། འཇིག ་རྟེན་འདས་དང་མ་འདས་མཁའ་འགྲོའི་ཚོགས།། ལུས་ཀྱི་གླུ་ཤིན་རྗེའི་འཁོར་དང་བཅས།། ཕྱོགས་སྐྱོང་རྒྱལ་ཆེན་སྡེ་བརྒྱད་བྲན་གཡོག་བཅས།། མ་མཾ་གྱིང་ཆེན་ཕེཾ་ཉཾའི་ཚོགས་རྣམས་ཉོན།། ཆེ་གེ་ཞེས་བྱའི ་གནོད་བྱེད་ཆེན་པོ་འདི།། སེམས་ཅན་ཡོངས་ལ་འཚེ་བྱེད་འི་དེ་ཡིན་གྱི།། སངས་རྒྱུས་བསྟན་པ་གཤིག་བྱེད་འདི་ཡིན་གྱི།། དཀོན་མཆོག་དབུ་འཕང་དམོད་བྱེད་འདི་ཡིན་གྱི།། བླ་མ་རྣམས་ཀྱི་སྐུ་དགྲ་འདི་ཡིན་གྱི།། ་རྣལ་འབྱོར་སྒྲུབ་པའི་བར་ཆད་འདིས་བྱས་ཀྱི།། འདི་འདྲ་ནམ་ཡང་བཞག་པར་མ་གསུངས་པས།། ང་ལྟ་ཉིད་དུ་གསད་ཅིང་སྒྲོལ་བར་བསྐུལ།། འདི་ལ་མགོན་དང་བསྲུང་སྐྱོབ་མ་མཛད་པར།། བདག་གིས་མ་ཉེས ་བྱཛྲ་དང་དབང་པོ་མཛོད།། བཀའ་ཉན་དམ་ཅན་སྲུང་མ་འཁོར་དང་བཅུས།། སྤྱན་དྲང་གདན་དབུལ་སྟོན་གྱི་དམ་ཚིག་བསྒྲག། གཏོར་མ་མཆོད་བསྟོད་དྲུག་པོའི་ལྷས་ལ་བསྐུལ།། ལྕགས་ཕྱེ་དུག་ཁྲག་མདར་ཕུར ་རྡོ་རལཱ་དཔལ།། རྡོ་རྗེ་ལྔ་སོགས་ཐུན་བྲབ་མཚོན་གྱིས་བསྐྲུན།། ཨོཾ་ཧྲཱིཿཥྚྲྀ་ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། ཆེ་གེ་མཱ་ར་ཡཻ་ཕཊ། དདུང་དཔུང་མ་ལུ་སྟྭཾ་འཇོམས་པའི་དཀྱིལ་འཁོར་ནས།། ཡཱ་མན་ཏཱ་ཀ་ཡབ་ཡུམ་བཀའ ་བྱུང་གཱི། ལྔས་ཀྱི་གཤིན་རྗེ་འཁོར་དང་བཅས་པ་ཡིས།། ། བདུག་པའི་དགྲ་བགེགས་མན་ནོ་ཅིང་བཟུང་བར་བགྱིས།། ཕྱོགས་བཞི་ཕྲིན་ལས་བཞིའི་དཀྱིལ་འཁོར་ནས།། བཅོམ་ལྡན་ཁྲོ་བོ་བཞིའི་བཀའ་བྱུང་གི། ་ལས་ཀྱི་གཤིན་རྗེ་འཁོར་དང་བཅས་པ་ཡིས།། གདུག་པའི་དགྲ་བགེགས་མནན་ཅིང་བཟུང་བར་གྱིས།། སྒོ་བཞི་བདུད་བཞི་དག་པའི་དཀྱིལ་འཁོར་ནས།། ལུས་བྱེད་སྒོ་བ་བཞིའི་བཀའུ་བྱུང་གི། ལས་ཀྱི་གཤིན་རྗེ ་འཁོར་དང་བཅས་པ་ཡིས།། གདུག་པའི་དགྲ་བགེགས་མནན་ཅིང་བཟུང་བར་གྱིས།། མཚམས་བཞི་འབྱུང་བ་བཞིའི་དཀྱིལ་འཁོར་ནས།། ཚད་མེད་ལྷ་མོ་བཞིའི་བཀྲའ་བྱུང་གི། ལས་ཀྱི་གཤིན་རྗེ་འཁོར་དང་བཅས ་པ་ཡིས།། གདུག་པའི་དགྲ་བགེགས་མནན་ཅིང་བཟུང་བར་གྱིས།། ལོག་འདྲེན་དགྲ་བགེགས་འདུལ་བའི་དཀྱིལ་འཁོར་ནས།། ལས་བྱེད་མེ་ལྟར་འབར་བའི་བཀའ་བྱུང་གི། ལས་ཀྱི་གཤིན་རྗེ་འཁོར་དང་བཅས་པ་ཡིས།། ་གདུག་པའི་དགྲ་བགེགས་མནན་ཅིང་བཟུང་བར་གྱིས།། ཨོཾ་ཧྲི། ཥྚྲྀ་ཝ~ཾ་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་ཆེ་གེ་སྙམ་པ་ཡ་ལཾ། བགེགས་སྦྱང་སྡིག་པ་ཞི་བའི་དོན།། སྦྱང་བྲག་ཁྲུས་དང་སྟ་གོན་ནོ།། ་ཡོངས་རྫོགས་པའི་དབང་བྱིན་ལ།། རྡོ་རྗེ་ཅན་དེ་མཆོད་དང་བྱ་སྟོང་།། སྣང་བ་དེ་བཞིན་པཤེགས་པ་ལྔ།། སྟོང་པ་འོད་གསལ་ཆེན་པོའི་ངདྨ།། ཟུང་འཇུག་བདེ་བ་ཆེན་པོའི་སྐུ།། རང་བཞིན་གྲནས་སུ ་གཤེགས་པར་མཛོད།། ཨོཾ་སརྦ་ཏཱ་ཐཱ་ག་ཏ་ས་པཱ་རི་ཝ་རེ་ཨོ་ཨཱཿཧཱུཾ་བཛྲ་མུཾ། སྭ་དང་ཆུ་དང་མེ་དང་རླུང་།། འབྱུང་བ་བཞི་ལས་གྱུར་པ་ཡི།། རྣམ་སྨིན་ལས་གྲུབ་ཕུང་པོ་འདི།། ནམ་མཁའི་དབྱིངས ་སུ་ཐིམ་གྱུར་ཅིག། ཨོཾ་ཨཱཿཧཱུཾ་ཛྙཱ་ན་ཙཀྲ་ཛྭ་ལཱ་ཛཱ་ལ་རཾ་ཧོ།། ཐལ་བ་བསྡུས་ལ་མཆོད་རྟེན་བསྒྲུབ།། དབེན་པའི་གནས་སུ་མཆོད་པ་བྱ།། ཡང་ན་ཡེ་ཤེས་འཁོར་ལོ་དང་།། བཅས་པ་བརྟག་ཏུ་འབད་པས་མཆོད།། ་རུས་བུ་ལྷ་བམ་བདུད་རྩིར་བྱ།། སྡིག་པ་ཞི་བའི་ཆོ་གས་སྦྱང་།། ཐལ་པོ་བསྡུས་ལ་ཆོས་སྐུར་བྱ།། ངན་སོང་འཇིགས་བྲལ་མཐོ་རིས་ཐོབ།། གང་དེ་སངས་རྒྱས་ཉིད་འགྱུར་གསུང་།། གཤིན་པོ་རྗེས་སུ་བཟུང་བའི ་ཆོ་ག་འཇམ་པའི་དབྱངས་ཀྱིས་རྗེས་སུ་བཟུང་བའི་པཎྜི་ཏ། གྲུབ་ཐོབ་ཆེན་པོ་ཌོཾ་བྷེ་ཧེ་རུ་ཀ་བས་མཛད་པ། རྫོགས་སྷོ།། །། རྒྱ་གར་གྱི་པཎྜི་ཏ་དྲི་ཀཱ་མངག་ལ་དང་། ལོ་ཙྪ་བ་ཟླ་བ་འོད་ཟེར་གྱིས་རྒྱང་རོ་རྒྱང་པོའི་རྩག་ལག ་ཁང་དུ་བསྒྱུར་བའོ།། ། ཐ་མ་རྡོ་རྗེ་བཟང་བའི་ཕྱག་དཔེ་ལ་བཤུས།། གཞན་གཅིག་ཡོད་པ་འདིའི་འགྲེལ་པ་ཡིན་པར་གདའ།། དགེ་ཞིང་བཀྲ་ཤེས་པར་གྱུར་ཅིག། ་