CLOSE WINDOW

GT2810: lus ngag yid gsum byin gyis brlab pa'i man ngag ces bya ba
Wyliee-texts produced with BDRC’s OCR application

རྡོ་བཟང་། ཆོས་ཀྱི་བཟང་པོ།། སྒོ་ཕུ་བ་བློ་ལྡན་བྱེང་ཟེར་གདུལ་བ་འཛིན་པ་ཚུལ་ཁྲིམས་གཞོན་ནུ། སེ་སྟོན་ཨ་མོ་གྷ་ཤྲཱི་པཱ་དྲ། བྱ་བྲལ་གྱི་བཙུན་པ་ཨཱརྱ་དེ་བ། རིན་ཆེན་རྒྱལ་མཚན། ངེས་བདག་ལྔའོ།། ་ཉེ་རྒྱུད་སེམས་དཔའ་གསུམ་དང་འདྲའོ།། །། རྒྱ་གྲཝར་སྐད་དུ། ཏྲཻ་ཀཱ་ཡ་ཝཱ་ཀྩིཏྟཱ་དྷེ་ཥྚོ་དེ་ཤཱ་ནཱ་མ། བོད་སྐད་དུ། ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་པའི་མན་ངག་ཅེས་བྱ་བ་དང་སེམས་དཔའ་གསུམ་གྱི་ཏིང་འཛིན ་ལ་མཉམ་བར་གཞག་པ། བཅོམ་ལྡན་འདས་གཤིན་རྗེ་གཤྲིང་ལ་ཕྱག་འཚེ་ལཾ་ལྀ།། སློབ་དཔོན་དམ་ཚིག་སྡོམ་ལྡན་པས།། ལེགས་ལྡན་མདུན་དུ་མཎྜལ་ལ། ལྷག་པའི་ལྷ་བསམ་ཕྱི་ནང་གི། མཆོད་སྟོང་གསོལ ་གདབ་རྒྱས་རྗེས་སུ།། བདག་མདུན་ཐ་དད་མེད་པཪྵ་བྱ།། སྤྱི་བོ་མགྲིན་པ་སྙིང་ག་དང་།། ནུ་མཱའི་བར་དུ་ཡི་གེ་བཞི།། དེ་ལས་འོད་འཕྲོས་ཕྱོགས་བཅུ་ཡི།། དུས་སུམ་སངས་རྒྱས་ཐམས་ཅད་ཀྱི།། སྐུ་གསུང་ཐུགས་དང་ཡེ ་ཤེས་བསྡུ།། ཡོན་ཕུལ་གསོལ་གདབ་བྱས་པ་ཡིས།། སློབ་མ་རྗེས་སུ་བཟུང་བར་བྱ།། ཡི་གེ་བཞི་ལས་བདུད་རྩིའི་རྒྱུན།། སློབ་མའི་གནས་བཞིར་རིམ་གྱིས་གདབ།། དེ་ཡི་མཐུ་དང་ནུས་པ་ཡིས།། སྣང་གསལ་བདེ་དང་རོ ་གཅིག་པ།། རིམ་བཞིན་ཉམས་སུ་མྱོང་བ་ཡིས།། ལུས་ངག་ཡིད་གསུམ་བག་ཆགས་བཅས།། མ་ལུས་སྤངས་ནས་རྡོ་རྗེ་བཞིའོ།། དངོས་གྲུབ་གཡོ་མེད་ཐོབ་པ་དང་།། བདེ་ཆེན་འདི་ནི་བདེ་བ་ཆེ།། འདི་ལས་གཞན་པའི་བདེ་བ ་གང་།། གཞན་དུ་ཡོད་པ་ཡིན་ཞེས།། རྡོ་རྗེའི་སྒྲ་ཡིས་རྣམ་པར་བསྒྲག། དེ་རྗེས་ཕྱག་རྒྱས་མཎྜལ་དབུལ།། ཕྲ་མོའི་རྣལ་འབྱོར་རྣམ་བཞི་ཡིས།། གཉིས་སུ་འཛིན་པའི་འཁྲིལ་ཤིང་ཡད།། ནམ་མཁའ་ལྟ་བུར་མཐའ ་སྤངས།། འདི་ལྟར་འབད་པའི་དགེ་བ་ཡིས།། ཐམས་ཅད་ཕྱག་རྒྱ་ཆེན་པོར་ཤོག། སློབ་མ་རྗེས་སུ་བཟུང་བ་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་པའི་མན་ངག་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པ་རྫོགས ་སོ།། ། ཡུལ་དབུས་ཀྱི་པཎྜི་ཏ་ཨ་ནནྡ་བྷུ་དྲ་དང་། བོད་ཀྱི་ལོ་ཙ་བསེ་ཚེ་བསོད་ནམས་རྒྱལ་མཚན་གྱིས་གྲོང་ཁྱེར་ཆེན་པོ་ཏི་ར་ཧ་ཏེའི་ལྷོ་ཕྱོགས་རང་བྱུང་གི་མཆོད་རྟེན་རྣམ་པར་དག་པའི་དྲུང་དུ་ཡུལ་དབུས ་གྱི་དཔེ་དང་མཐུན་པར་བསྒྱུར་ཞིང་བཅོས་ཏེ་གཏན་ལ་ཕབ་པའོ།། ། སླར་སྣང་གྲུབ་ཐོབས་ཀུ། ཤྲཱིའི་ཞལ་སྔ་ནས་མཉན་ཏེ། ཐར་པཱ་ལོ་ཙ་བྷ་གནས་བརྟན་ཉི་མ་རྒྱལ་མཚན་གྱིས་ཤྲཱི་ནཱ་ལནྡྷ ་གཙུག་ལག་ཁང་ཆེན་པོར་དག་པར་བསྒྱུར་བའོ།། ། རྒྱུ་གར་སྐད་དུ། ཏྲཾ་སཏྭ་ས་མཱ་དྷི་ས་ཏི་ནཱ་མ། བོད་སྐད་དུ། སེམས་དཔའ་གསུམ་གྷི་ཏི་ཏིང་ངེ་འཛིན་ལ་མཉམ་པར་གཞག་པ་ཞེས་བྱ་བ། བཅོམ ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། བསྐྱེད་པའི་རིམ་པ་ལེགས་གནས་ནས།། རྫོགས་པའི་རིམ་པ་འདོད་རྣམས་ཀྱིས།། རིམ་གཉིས་རྣམ་པར་གནས་ནས་ནི།། སྤྲོས་པ་མེད་པའི་རང་བཞིན་ལ། ་