| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཤྲཱི་རཀྟ་ཡ་མཱ་རི་སཱ་དྷ་ན་མ། བོད་སྐད་དུ། དཔལ་གཤིན་རྗེའི་གཤེད་དམར་པོའི་སྒྲུབ་ཐབས་ཞེས་བྱ་བ། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།། གང་གིས་དང་པོར་བདུད་བཞི་བཅོམ་ནས།། སྣ་ཚོགས་སྤྲུལ ་པས་འགྲོ་བའི་དོན་དུ།། མཁའ་ལ་སྦྱིནྡ་བྲལ་ཉི་ཤུར་ཇི་བཞིན།། ཕྲིན་ལས་གཡེལ་བ་མེད་དེས་སྐྱོངས་ཤིག། སྡུག་བསྔལ་སྣ་ཚོགས་འདམ་གྱིས་གོས་པའི།། འཁོར་བའི་རྒྱ་མཚོའི་ཕ་མཐར་འཕེན་བྱེད།། བསྐྱེད་ཚོགས་ཟུང ་འཇུག་གྲུ་འདིར་འཇུག་ལ། བརྩེ་བའི་སེམས་ཀྱིས་འབད་པར་བྱེད་དོ།། དེ་ཉིད་ཉམས་སུ་ལེན་པོར་འདོད་པའི།། རྣལ་འབྱོར་གང་དེས་དབེན་པའི་གནས་སུ།། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བྱས་ནས། ཀུན་རྫོབ་ཆོས་ཀྱི ་སྤྱོང་པའི་ངང་ལས།། བསྲུང་བའི་འཁོར་ལོ་ཆོས་འབྱུང་དབུས་སུ།། བཞི་བཅས་དྲུག་བཅུའི་འདབ་ལྡན་ཆུ་སྐྱེས།། སྟེང་དུ་འབྱུང་བཞི་འདུས་པའི་རྡོ་རྗེ་རྒྱ་གྲམ་ལྟེ་བ་ལ་གནས་ཧཱུཾ་ལས།། བྱུང་བ་རྣམ་པར་ཐར་པའི་ཁང་པ།། ་སྟེང་འོག་ཕྱོགས་སུ་མཉམ་པའི་གྲུ་བཞི། སྒོ་བཞི་སྒོ་ཁྱུད་སྒོ་འགྲམ་ལོགས་ལྡན།། བཅུ་དྲུག་ཀ་བའི་སྟོང་ན་མཛེས་པའི།། རྟ་བབས་སྣམ་བུའི་བང་རིམ་རྣམས་ལ།། མི་འམ་ཅི་སོགས་བུ་མོ་སྒེག་ཅིང་།། མཛེས་པའི་རྒྱན ་ལྡན་རྣམས་ཀྱིས་གླུ་ལེན།། རླུང་གིས་བསྐྱོད་པའི་ཉི་ཟླ་དང་བཅས།། རིན་ཆེནྡ་ཕྲེང་ལྡན་ཏུ་གང་རྣམས་དང་།། བླ་རཱིས་བ་དན་གླང་སེང་ཀ་རྒྱུན།། གདུགས་དང་རྒྱལ་མཚུན་རཱི་དྭགས་དང་ལྡན།། འཁོར་ལོ་སོགས་ཀྱིས་ལོགས ་ལ་མཛེས་ཤིང་།། འཁོར་ལོའི་རྩེ་ནས་རིན་ཆེན་སྣ་ཚོགས།། ཕ་གུ་སོགས་ཀྱིས་ཁོར་ཡུག་བརྒྱན་པ།། འདོད་པའི་སྣམ་བུ་ལྕེ་མེར་བཅས་ཤིང་།། ཀ་བ་བརྒྱད་ལྡན་རྡོ་རྗེའི་རྡོ་རྗེའི་གདུང་བཞིས།། བཏེག་པའི་ཐོག་ལ་ཉི་ཟླ ་རྡོ་རྗེས།། ཀུན་ནས་མཛེས་པའི་འོག་གི་གཞི་དེར།། སྣ་ཚོགས་པང་ཉི་མ་ཧཱའི་གདན་ལ།། ཧཱུཾ་ལས་བྱུང་བའི་བཅོམ་ལྡན་འདས་ནི་རཱ་གའི་མདངས་ལྡན་ཞལ་གཅིག་ཕྱག་གཉིས། གཡས་པའི་ཕྱག་ན་དབྱུག ་པ་མེ་མགོ། རྡོ་རྗེ་བསྣམས་ལ་ཨོཾ་སོགས་ཡི་གེས།། རིམ་པར་མཚན་པ་མཁས་ལ་འཕྱར་ཞིང་།། གཡོན་པ་བདུད་རྩིས་གང་བའི་ཐོད་བས།། རང་དང་འདྲ་བའི་ཡུམ་ལ་འཁྱུད་པ།། གཡས་བརྐྱང་ཐལ་བའི་རྒྱ་སྤངས་ཐོད་པ། ་སྐམ་པོ་ངོ་ཤལ་འཕྱིང་ཞིང་འཁྱུདང་བ།། གཡས་བསྐུམ་གཡོན་བརྐྱང་མ་ཧེའི་རྭ་དང་།། ཚང་ར་བ་བརྫིས་ནས་བདུད་དཔུང་ཟིལ་གནོན།། ཞལ་གདངས་མཆེ་གཙིགས་ཁྲག་གི་ཐིགས་པ་འཛག་ཅིང་སྤྱན་གསུམ་དམར་པོ ་འཁྲུག་པ།། སྐྲ་དང་སྨ་ར་སྨིན་མ་གྱེན་བརྫེས།། གར་དགུའི་ཉམས་ལྡན་ཀུན་དམར་པོ།། དར་དང་སྟག་སོགས་གོས་ཀྱི་གཡོགས་པ།། ཡེ་ཤེས་མེ་དཔུང་འབར་བའི་དབུས་ན།། སངས་རྒྱས་ཀུན་དང་གཉིས་མིང་བཞུགས་པ། ་དེ་ཡི་ཐུགས་ཀའི་ཧཱུཾ་གི་འཕྲོ་འདུས།། ཡེ་ཤེས་སྤྱན་དྲངས་དགུག་གཞུག་བྱས་ལ།། སངས་རྒྱས་རྣམས་ཀྱིས་བདག་ལ་དབང་བསྐུར།། ལྷག་པའི་ཆུ་ལ་མི་བསྐྱོད་རྡོ་རྗེ།། རང་ལུས་ལས་བྱུང་ལྷ་མ་རྣམས་ཀྱིས།། མཆོད་བསྟོད།། ་བདུད་རྩིས་ཚིམ་པར་བྱས་ནས།། ཧཱུཾ་ལས་བྱུང་བའི་སྤྲོ་བསྤུའི་བཟླས་པས།། སེམས་ཅན་དོན་ཀུན་རྫོགས་པར་བྱས་ལ།། སླར་ཡང་ཐམས་ཅད་སྤྱིལ་བསྡུས་ཏེ།། ཕྲ་མོའི་རྣལ་འབྱོར་རྣམ་བཞིས་རྒྱས་གངང་།། ཆུ་ལས་ཉ ་ལྗང་ཇི་བཞིན་ཚུལ་དུ།། ཟུང་འཇུག་སྐུར་ལངས་ཐུན་མཚམས་བྱ་བ།། མ་ལུས་བྱེད་པ་སངས་རྒྱས་ལམ་ཡིན།། དགེ་བ་འདི་དང་དགེ་བ་གཞན་མ་ལུས་པ།། གཅིག་ཏུ་བསྡུས་ནས་ཟུང་དུ་འཇུག་པའི་སྐུ།། གཤིན་རྗེའི་གཤེད་དཔལ ་གོ་འཕང་ཐོབ་གྱུར་ནས།། འགྲོ་ཀུན་རྣམས་མཁྱེན་ས་ལྔ་འགོད་པར་ཤོག། བཅོམ་ལྡན་འདས་གཤིན་རྗེའི་གཤེད་དམར་པོའི་སྒྲུབ་ཐབས་ལས་ཀྱི་སྙིང་པོ་ཞེས་བྱ་བ་མཁས་ཤིང་གྲུབ་པ་བརྙེས་པའི་རྣལ་འབྱོར་པ་ཆེན་པོ ་བུདྡྷ་ཛྙཱ་ན་བཱ་དས། ཨུ་ག་ཡ་ན་འབར་བའི་ཕུག་ཏུ་ཌཱ་ཀཱི་ཤཱ་རི་བཛྲ་ཝཱ་རཱ་ཧཱི་ཉིད་ལ་དངོས་གྲུབ་ཐོབ་ནས་ལྷག་པའི་བསམ་པ་རྣམ་པར་དག་པས་ཡི་གེར་བྱས་པ་རྫོགས་སོ།། ། ཡུལ་དབུས ་ཀྱི་པཎྜི་ཏ་ཨཱ་ནནྟ་བྷ་དྲ་དང་བོད་ཀྱི་ལོ་ཙ་བ་སེ་ཚ་བསོད་ནམས་རྒྱལ་མཚན་གྱིས་གྲོང་ཁྱེར་ཆེན་པོ་ཏི་ར་ཧ་ཏེའི་ལྷོ་ཕྱོགས་རང་བྱུང་གི་མཆོད་རྟེན་རྣམ་པར་དག་པའི་དྲུང་དུ་ཡུལ་དབུས་ཀྱི་དཔེ་དང་མཐུན་པར་བསྒྱུར་ཞིང ་བཅོས་ཏེ་གཏན་ལ་ཕབ་པའོ།། ། སླར་ཡང་གྲུབ་ཐོབ་ཀཪྵ་ཤྲཱིའི་ཞལ་ནས་གནས་བརྟན་ཉི་མ་རྒྱལ་མཚན་གྱིས་ཤྲཱི་ནཱ་ལནྡྲའི་བཙུག་ལག་ཁང་དུ་བསྒྱུར་བའོ།། ། འདིའི་རྒྱུད་པ་ནི ་གཤིན་རྗེ་གཤེད་རྡོ་རྗེ་རྣལ་འབྱོར་མ། སངས་རྒྱས་ཡེ་ཤེས་ཞབས།། སློབ་དཔོན་དཔལ་འཛིན། ལི་ལ་བཛྲ། ལོ་ཙ་བ་བསོད་ནམས་རྒྱལ་མཚན། ཀུན་དགའ་རྡོ་རྗེ་ན་དགའ་གྲགས། ལྷ་ལུང་བ་ཕྱག་ན། སྟག་པ ་རྡོ་བཟང་། ཆོས་ཀྱི་བཟང་པོ།། སྒོ་ཕུ་བ་བློ་ལྡན་བྱེང་ཟེར་གདུལ་བ་འཛིན་པ་ཚུལ་ཁྲིམས་གཞོན་ནུ། སེ་སྟོན་ཨ་མོ་གྷ་ཤྲཱི་པཱ་དྲ། བྱ་བྲལ་གྱི་བཙུན་པ་ཨཱརྱ་དེ་བ། རིན་ཆེན་རྒྱལ་མཚན། ངེས་བདག་ལྔའོ།། ་ཉེ་རྒྱུད་སེམས་དཔའ་གསུམ་དང་འདྲའོ།། །། རྒྱ་གྲཝར་སྐད་དུ། ཏྲཻ་ཀཱ་ཡ་ཝཱ་ཀྩིཏྟཱ་དྷེ་ཥྚོ་དེ་ཤཱ་ནཱ་མ། བོད་སྐད་དུ། ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་པའི་མན་ངག་ཅེས་བྱ་བ་དང་སེམས་དཔའ་གསུམ་གྱི་ཏིང་འཛིན ་