| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། བཛྲེ་བྷཻ་རུ་བ་སཱ་དྷཱ་ནྟྲ་མ། བོད་སྐད་དུ། རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་ཞེས་བྷཱ་བ། འཇམ་དཔལ་རྡོ་རྗེ་ལ་ཕྱག་འཚལ་ལོ།། རབ་ཏུ་ཁྲོས་ཤིང་གདུག་པ་འདུལ།། མ་ལུས ་ལོག་པའི་བདུད་འདུལ་བ།། ཞལ་དང་ཕྱག་དྲུག་མཚོན་ཆེ་འཛིན།། མ་ཧེ་ཞལ་ལ་ཕྱག་འཚལ་ཏེ།། དེའི་སྒྲུབ་པའི་རིམ་པ་ཞིག། བདག་གིས་དྲན་ནས་བརྩམ་པར་བྱ།། དང་པོར་ཡིད་དང་མཐུན་པའི་གནས་སུ ་བདག་ཉིད་ཁྲུས་བྱས་ཏེ་སྟན་བདེ་བ་ལ་འདུག་ནས། ཨོཾ་བཛྲ་བྷེ་ར་བཱ་ཛྭ་ལ་ཛྭ་ལ་ཧཱུཾ། ཞེས་བྱས་ལུས་བསྲུངས་ནས། བླ་མ་དཀོན་མཆོག་ལ་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས་སྡིག་པ་བཤག་པ་ལ ་སོགས་པ་བྱའོ།། ཨོཾ་ཨ་བྷ་བྷཱ་སྭ་བྷུ་བ་བི་བུདྡྷ་བཛྲ་ཙཀྲ་ཨ་ཨ་ཨཾ་ཨ། ཞེས་བྱ་བས་སྟོང་པ་ཉིད་བསྒོམ་མོ།། དེ་ནས་བདག་ཉིད་ཡི་གེ་ཨར་གནས་པ་ལས་དེའི་འོད་ཟེར་གྱིས་ཚངསུ་པ་དང་བརྒྱ་བྱིན་གྱི་སྟེང་དུ ་ཨ་ཞུ་བ་ལས་ཨུཏྤལ་ལ་འཁོར་ལོས་མཚན་པ་དེ་ཞུ་བ་ལས་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ཞེས་བྱ་བ་སྐུ་མདོག་མཐིང་ནག་གཡས་ན་རྡོ་རྗེ་གཡོན་ན་ཨུཏྤལ་འཛིན་པ། གཞོན་ནུའི་ཆ་ལྕགས་ལ་རྒྱན ་གྱིས་བརྒྱན་པ་བསམ་མོ།། དེའི་ཐུགས་ཀ་ན་ཉི་མ་ལ་ཧཱུཾ་གནས་པ་ཅན་དུ་བསམས་ཏེ། ཧཱུཾ་ཞེས་བྱ་བའི་སྒྲ་རྒྱུན་མོ་འཆད་པར་བྱུང་བས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་མཆོད། ཚུར་ཧཱུཾ་ལ་ཐིམ་པས། ཞེ ་སྡང་གི་སྐུར་གྱུར་པ་ནི། ཞལ་དྲུག་ཕྱག་རྣམ་པ་དྲུག་དང་ལྡན་པ། སྟོབས་ཆེ་བ་མ་ཧེའི་ཞལ་ཅན།། སྐུ་མདོག་མཐིང་ནག། མྱི་མགོ་བརྒྱའི་དོ་ཤལ་ཅན།། ན་ས་བརྐྱང་སྦྲམ་དུ་བཞུགས་བྱ། ་ཕྱག་དྲུག་གཡས་གཡོན་གྱི་དང་པོ་ཀེང་རུས་ཀྱི་དབྱུག་པ་དང་རྡོ་རྗེ་བསྣམས་པ། གཡས་གྲཝཡོན་གྱི་བར་པ་ན། མངའ་གཞུ་དང་རལ་གྲི། ཐཱ་མ་ན་སྣ་ཚོགས་རྡོ་རྗེ་དང་མདུང་བསྣམས་པའོ།། དེ་ལསྣ་ཚད་མེད་པཱ་བཞིའི ་བོ་འཕྲོ་བ་ཅནོ།། ཞབས་བཞི་བརྐྱང་སྐུམ་དུ་བཞུགས་པ་བསྒོམ།། དེའི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུཾ་བསམ་པ་ལ། སྤྱན་དྲང་བ་ལ་སོགས་པ་རྫོགས་པ་དང་གྲསང་སྔགས་བཟླས་པ་ནི། ཨོཾ་དྷཱིཿཛྫ། ཝི་ཀྵཾ་ཏཱ་ན ་ནཛྫ་ཏྲཱཾ། ཞེས་པ་འམ། ཨོཾ་དྲུ་བ་ཧཱུ~ཾ། ཞེསྡེ་པ་བཟླས་པར་བྱའོ།། དེ་ནས་མཚན་གྱི་སྐྱོ་ནས་བསྟོང་ངོ་།། གཏོར་མྱི་བཏང་ནས་གཤེགས་སུ་གསོལ་ཏེ། ལྡང་བར་བྱའོ།། བདག་གིས་དྲུག་པ་འདུ་བྱས ་ཧྲཱིསཽ་། ཐ་མེ་བྱུང་རྒྱབ་ཐོབ་པ་ནོན།། རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་སློབ་དཔོན་ཨེ་ཤི་ཀ་ཤྲཱིས་མཛད་པ་རྫོགས་སོ།། བཎྜིཏྟཱརྨཱ ་ཆོས་ཀྱི་བཟང་པོས་འསྒྱུར་བའོ། པ་། མང་ལེ། ་