| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཤྲཱི་བཛྲ་བེ་ར་བ་ན་མ་ས་དྷ་ན་ནོ་པཱི་ཀ། བོད་སྐད་དུ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྒྲུབ་པའི་ཐབས་ཞེས་བྱ་བ། དཔལ་རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ་ལོ།། ཤིན་ཏུ ་དྲུག་ཆེན་རང་བཞིན་གཟུགས།། དཔའ་བོ་ངོ་མཚར་སྤྱོད་ཡུལ་ཅན།། གདུ་པཱ་དཀའ་འདུལ་བའི་དོན་གྱི་ཕྱིར།། རྡོ་རྗེ་འཇིགས་བྱེད་ཕྱག་བྱས་ནས།། བསྒྲུབ་པའི་ཐབས་ནཱི་ཡང་དག་པ།། བདག་གིས་གསྔལ་བར ་བརྗོད་པར་བྱ།། རྒྱུད་རྣམས་ལ་ནི་རྣམ་འཁྲུལ་པ། གོ་རིམས་པ་བཞིན་འདིར་འཇུག་བྱ།། རྗེས་ལ་སོགས་པའི་མཚན་ཉིད་ཀྱིས།། ཐོག་མྱུར་བླ་མ་མཉེས་བྱས་སྟེ།། རྡོ་རྗེ་འཇིགས་བྱེད་ལས་གསུངས་པའི།། ་ཐམས་ཅད་སློབ་མཱ་དེ་ལ་སྦྱིན།། སྙིང་རྗེས་དུས་རྣམས་ཐམས་ཅད་དུ།། ལུས་ཅན་ཀུནྡ་ལི་དམིགས་པར་བྱ།། ནང་པར་སྔར་ལངས་སྔགས་པ་ཡིས།། རྗེས་སུ་མཐུན་པར་བསྒོམ་པ་སྟེ།། དུར་ཁྲོད་དམ་ནི་ཆུ་འགྲམ ་འམ། ཤིང་གཅིག་མཚན་མ་གཅིག་པ་འམ།། བཞི་མདོ་འམ་ནི་རི་ཁྲོད་དམ།། རི་རྩེ་ཁྲང་པ་སྐྱོང་པ་འམ།། མ་མེའི་གནས་སམ་ཁང་རྩེག་གམ།། རྒ་བའི་གནས་སམ་ལྷ་ཁང་དང་།། འཐབ་མོའི་གནས ་སམ་གྲོང་རྡལ་ལམ།། དགོན་པ་གྲོང་མཐའ་ཡིད་འོང་དུ།། ཐང་ཁ་ལ་སོགས་ལུས་དམིགས་ཏེ།། བདུད་རྩི་ལ་སོགས་པ་ཡིས་མཆོད།། ཞི་བ་ལ་སོགས་བྱེ་བྲག་གིས།། འཇམ་པའི་སྟན་ལས་སོགས་བཏིང ་སྟེ།། འཇིགས་བྱེད་འབྱུང་པོ་ལ་སོགས་ལ།། ཤ་དང་གཏོར་མ་ཐམས་ཅད་སྦྱིན།། ཞང་སྐྱོང་ལ་སོགས་ཀུས་ཏུ་འགྲོ།། ལྷ་རྣམས་དང་པོར་བཟོད་པ་བྱ།། རྣཾ་གཱི་རྣམ་པ་འབར་བྱའི་འོད།། ་སྙིང་ཁའི་ཉི་ཟླ་འདི་དབུས་གནས་ལྔས།། འོད་གཟེར་འཕྱང་བ་བྱུང་ནས་ནི།། འཇིགས་བྱེད་ལ་སོགས་སྤྱན་དྲངས་ཏེ།། ཝཾ་མོའི་ཕྱག་ན་ཐོགས་པ་ཡི།། སྣ་ཚོགས་མཆོད་པ་རྣམ་བྱུང་ནས།། བཅོམ་ལྡན་འཁོར་ལོར ་བཅས་པ་ལྔ།། ཕུལ་བས་ཡང་ནི་མཉེས་པར་བྱ།། ཇི་ཙམ་སྲིད་པར་སྡིག་པ་རྣམས།། རྒྱ་ཆེན་བཤགས་པ་བྱས་ནས་ནི།། འདིར་ནི་ཕྱིན་ཅང་སྡོམ་པར་བརྗོད།། རྗེས་སུ་ཡི་རང་བསོད་ནམས་ཀུན།། འགྲོ་བ་ཀུན་ལ ་བསྔོ་བར་བགྱིའི།། དཀོན་མཆོག་གསུམ་པོ་བརྗོད་པར་བྱ།། བྱང་ཆུབ་སྙིང་པོར་བརྟུན་བར་དུ།། སེམས་ཅན་ཐམས་ཅད་བསྒྲལ་བར་བགྱི།། བྱང་ཆུབ་སེམས་ནི་ཡང་དག་བསྐྱེད།། ཚངས་པའི་ལམ་ལ་གནས་པར ་བྱ། མཆོད་པ་རྣམ་བདུན་བྱས་ནས་ནི།། མངའ་བདག་ནམ་མཁར་བཞུགས་སུ་གསོལ།། མངོན་གྱུར་ལྷ་དང་ཆོས་ཐམས་ཅད་།། བདག་མེད་པར་བསྒོམ་བསམ་པར་བྱ།། ཐོག་མཱར་ཙ་ནི་ཚངས་པའི་གནས་པ་རྩ་བར ་གསང་སྔགས་བརྗོད་བྱས་ཏེ།། དེ་རྗེས་བདག་མེད་དྲན་པར་བྱ།། ཨོཾ་སརྦ་དྷརྨཱ་སྭ་བྷ་བ་ཤུད་དྷ་སྭ་བྷཱ་བ་ཤུད་དྷོ་ཧཾ། ཨོཾ་ཤཱུ་ནྱ་ཏཱ་ཉྫ་ན་བཛྲ་སྭ་བྷཱ་བ་ཨང་མ་ཀོ་ཧཾ།། ཞེས་བྱ་བ་འདིས་ནི་ཆོས་རྣམས་ཀུན།། བདག་ཉིད་སྟོང ་པབར་རྣམ་པར་བསམ།། སེམས་ཅན་བསྒྲལ་བའི་ཆེད་དུ་ནི།། སྔོན་གྱི་སྨོན་ལམ་དྲན་པར་བྱ།། སྟོང་པར་ཡང་གི་རྣམ་པཱ་ལས།། བྱུང་བའི་རླུང་གི་དཀྱིལ་འཁོར་བསམ།། དུ་བ་མདོག་ཅན་རྡོ་རྗེའི་བདག། དེ་དཀྱིལ ་ཨ་ལ་སུ་ཟླ་བའོ།། དེའི་རྒྱབ་ཏུ་དྷི་ཡིག་ལས།། འཇམ་དཔལ་གཞོན་ནུའི་གཟུགས་བསམ་ལ།། དེ་སྙིང་ཨ་ལཱས་ཉི་དཀྱིལ་འཁོར།། བདས་དང་འདྲེས་གྱུར་ཉི་མ་ལ།། དེ་ལས་འོད་གཟེར་རྣམ་པར་བྱུང་།། @# ་དེ་ལས་འོད་གཟེར་རྩེར་བསམ་པ།། གྲངས་མེད་འཇམ་དཔལ་གཞོན་ནུའི་གཟུགས།། གཡས་ན་རྡོ་རྗེ་རལ་གྲི་འཛིན།། གཡོན་པ་སྡིགས་འཇུ་ཀྱ་བས་དེ་བཞིན་ཏེ།། སྤྲོས་ནས་བཀླགས་རྣམས ་ཡང་དག་པར།། བརྟུལ་ནས་སླར་ལོག་རྣམ་པར་བཞུགས།། ཡང་ནི་འོད་གཟེར་སྤྲོ་བྱས་པས།། ཕྱོགས་བཅུར་རྣམ་པར་གཟུགས་པའི།། བདྱཱར་གཱ་ཤེགས་བྱང་ཆུབ་སེམས་དཔའ་དང་།། རིག་པའི་ལྷ་མ་མངོན ་ཚོགས་དང་།། ཁྲོ་བོ་རྣམས་ནི་བསྐུལ་བྱས་ནས་ནི།། སླར་ཡང་ཉི་མར་རྣམ་པར་ཞུགས།། དེ་ལ་བདེར་གཤེགས་སོགས་འཇམ་དཔལ།། འདིར་ནི་གཅིག་གྱུར་ཙ་མཱར་བྲས་མ།། འབར་བའི་འོད་གསལ་ཆེར ་ཚི་ག།། དཔག་ཚད་བརྒྱ་ཕྲག་སྟོང་གི་ཚོང་།། ནམ་མཁར་ཐམས་ཅད་ཁྱབ་པའོ།། འདིར་ནི་གཞལ་ཡས་ཁང་བསམ་པ།། གྲུ་བཞི་པ་ལ་སྒོ་བཞི་པ།། རྟ་བབས་བཞི་ཡིས་རྣམ་པར་བརྒྱན།། དྲིལ་བུ་འཕན་དང ་བ་དན་སྔོགས།། མེ་ཏོག་ཆུ་འཕྱང་རྣམ་པར་བརྒྱན།། སྒོ་ཁྱུད་ཀྱི་ནི་མཚམས་རྣམས་སུ།། རྡོ་རྗེ་རིན་ཆེན་སྩོགས་ཀྱིས་སྤྲས།། རིམ་གཉིས་འཁོར་ལོ་ཡང་དག་བསམ།། གདུན་ནི་བཞི་བཅུ ་དགུ་རྣམས།། པདྨ་དང་ནི་རླུང་བརྩེགས་པ།། དེ་སྟེང་ཉི་མའི་དཀྱིལ་འཁོར་ནི།། ཐམས་ཅད་ཤིན་ཏུ་དྲག་པའི།། འབར་བའི་འོད་གཟིར་གསལ་བ་ཅན།། དེ་རྣམས་གོ་རིམ་ས་ཇི་ཝཱ་བར།། གདན་ནཱི་བཞི་བཅུ་རྩ་དགུའི ་མཚན་མ་སྟེར།། དབུས་སུ་རོ་ནི་རྣམ་པར་བསམ།། ཤར་དང་ལྷོ་དང་ནུབ་བྱང་དུ།། འགོ་ལག་སྒྱུ་མ་རྐང་པ་རྣམས།། ཤྭར་དང་ལྷོ་དང་ནུབ་དང་ནི།། བྱང་དུ་གོ་རིམས་ཇི་བཞིན་ནོ།། མེ་ལྔ་སོགས་པའི་མཚམས ་བཞི་རུ།། དེ་བཞིན་ཐོད་སྒྱུམ་ལྗང་ལོ་ཅན།། དུར་ཁྲོད་རས་དང་སྐྱེས་བུ་ནི།། གསལ་ཤིང་གིས་ཕེཾག་གཞག་པར་བྱ།། དེའི་ཡང་ནི་ཕྱི་རོལ་ཏུ།། ཕྱག་རྒྱ་ཤར་སྩོགས་སྣམ་བུ་བཞིན།། གྲི་གུག་དང་ནི་རྩེ་གཅིག་དང ་གཏུན་ཤིང་ཆུ་གྲི་དེ་བཞིན་ནོ།། རྡོ་རྗེ་རྩེ་གཅིག་ལྕགས་ཀྱུ་དང་།། མ་ཧེ་གླང་བརྒྱད་ཤར་དུའོ།། སྭ་རེ་མངའ་དང་དབྱིག་པ་དང་།། ཁ་ཏྲཾ་འཁོར་ལོ་ནགས་དེ་བཞིན།། ཕགི་དང་བོང་བུ་ལྷོ་སྣམ་ལ།། ཇི་ལྟར་གོ་རིམས ་བཞིན་དུའོ།། རྡོ་རྗེ་ཅང་ཏེ་ཕུབ་ཟླུམ་དང་།། གཙུ་དང་དྲིལ་བུ་རླུང་རས་དང་།། རྔ་མོ་དང་ནཾ་གྱི་བྲི་སྟེ།། ནུབ་ཀྱི་སྣམ་བུར་དེ་བཞིན་ནོ།། སྡིགས་འཛུབ་པ་དན་གསུམ་པ་དང་།། གླང་ཆེན་པགས་པ་ཐོ་བ་དང་།། འདི ་ལྟར་མདུང་དང་མེ་ཐབ་དང་།། ལུག་དང་ཅེ་སྤྱད་རྣམ་པ་བརྒྱད།། བྱུང་དུ་རྟག་ཏུ་བསམ་པར་བྱ།། སྒོ་དང་མཚམས་སུ་བརྗོད་བྱ་བ།། ཤཱར་སྒོར་བྱ་རྒོད་གཞག་བྱ་སྟེ།། ལྷོ་རཱུ་འུག་པ་དེ་བཞིན་ནོ།། བྱ་རོག་དྲུག་ཏུ་སེང་གེ ་ནི།། བྱང་དུ་རྣམ་པར་བསམ་པར་བྱ།། མེའི་མཚམས་སུ་ཁྭ་གཞག་སྟེ།། བྱ་ཆེན་དེ་བཞིན་བདེན་བྲལ་དུ།། རླུང་གི་ཕྱོགས་སུ་རི་སྐྱེགས་ཏེ།། དབང་ལྡན་དུ་ནི་དེ་བཞིན་གཞད།། ཐམས་ཅད་ཅིག་ཏུ་གྱུར་པ་ལས ་དྲཱ་བྷཱུའི་གཟུགས་སྣ་རྣམ་པར་བསམ།། ཟླ་དཀྱིལ་དྷིའི་ཡི་གེ་ལུས།། སྔ་ས་བཞིན་དུ་འཛུམ་དཔལ་གཟུགས།། གཏི་མུག་ཕྲ་མ་འདོད་ཆགས་དང་།། པྲེ་དོག་ཤར་སྔགས་གླིང་རྣམས་སུ།། མཱི་ལ་སོགས ་པོའི་མཚམས་བཞི་ནི།། རིམ་པ་བཞིན་དུ་བསམ་བྱ་སྟེ།། རྡོ་རྗེ་སེམས་མ་དེ་བཞིན་འདིར།། རྡོ་རྗེ་རིན་ཆེན་མ་བསྒོམ་བྱ།། ཡང་འདིར་རྡོ་རྗེ་ཆོས་མ་དང་།། རྡོ་རྗེ་ལས་མ་བསམ་པར་བྱ།། རྡོར་རྣོན་རྡོ་རྗེ་རལ་གྲི་དང་། ་བྱམས་པ་འཛུམ་དཔལ་གང་དེ་བཞིན།། ཡེ་ཤེས་ལུས་དང་ངག་དབང་ཕྱུག། ཟླ་འོད་ཡེ་ཤེས་རྒྱ་མཚོའོ།། བརྒྱད་པོ་ཤར་དུ་དགོད་པར་བྱ།། ལྷོ་རུ་དེ་བཞིན་བརྗོད་བྱ་བ།། གཟུགས་རྡོར་རྡོ་རྗེ་གནོད་སྦྱིན་དང་།། རྡོ་རྗེ ་ཁུ་ཚུར་རྡོ་རྗེ་ཆོས།། རྡོ་རྗེ་སྲུང་དང་རྡོ་རྡོར་རྗེ།། རྡོ་རྗེ་རྒྱུ་དང་འོད་དྲ་ཅན།། ནུབ་དུ་དེ་བཞིན་རྣམ་བརྒྱད་དོ།། རྡོ་རྗེ་གསུང་དང་རྡོ་རྗེ་སེམས།། རྡོ་རྗེ་རྒྱལ་པོ་རྡོ་རྗེ་ཆགས།། རྡོ་རྗེ་ལེགས་པ་རྡོར་རིན་ཆེན།། ཉི་འོད་རྡོ་རྗེ་ཉི་མ ་ཡང་ནི་བྱང་དུ་བརྗོད་བྱ་བ།། རྡོ་རྗེ་རྟོག་དང་རྡོ་རྗེ་བཞད་།། སྤོས་ཀྱི་གླང་པོ་ཡེ་ཤེས་ཏོག། ཐབས་ཀུནྡ་སྐྱེ་ཞེས་བྱ་དང་།། དེ་བཞིན་རྒྱ་མཚོ་བློ་གྲོས་དང་།། བློ་གྲོས་མི་བཟང་སྒོམ་བྱ་སྟེ། ་བདུད་རྩིའི་འོད་ཟེར་དང་བརྒྱད་དོ།། ཤར་ལ་སོགས་པའི་སྒོ་རྣམས་སུ།། རྡོ་རྗེ་ལྕགས་ཀྱུ་རྡོ་རྗེ་ཞུགས།། རྡོ་རྗེ་ལྕགས་སྒྲོག་རྡོ་རྗེ་དྲིལཱ།། གོ་རིམས་བཞིན་དུ་བསྒོམ་པར་བྱ།། མེ་ལ་སོགས་པའི་མཚམས་སུ་ཡང། ་གནོད་མཛེས་རྡོ་རྗེ་གཙུག་ཏྲོར་དང་།། རྡོ་རྗེ་ཧཱུཾ་མཱཛྲད་དེ་བཞིན་འདིར།། གཞན་གྱིས་མྱེ་ཐུབ་རྡོ་རྗེའོ།། ཤརརྱ་གྱི་ཎཱ་ནཱི་ནག་པོ་སྟེ།། དྭེ་བཞིན་ལྷོ་ནཱི་སེར་པོའོ།། རཱུ་བྱཱ་ཀྱི་ཕྱོགསྟ་ནི་དམྱར་པོ་ཡིན།། བྱང་དུ་ལྗང་ཀུ་གྲོ་རིམས ་བཞིན།། དེ་རྣམས་ས་བན་ཡི་གེ་ནི།། ཨཱཾ་ཨཱཾ་ཛཱི་ཁཾ་སཻ་རཾ་བཽ་ཀཾ་བཾ་ཁཾ་མོ་དྷྭཾ་བཱཾ་ཙཾ་དྷྭཾ་བཾ་ཡཽ་མྲྀ་དྷཾ་རྀ་ཏཱི་ཧོ་ཛཱཾ། བྷྲྀ་བཽ་ནཾ་ག~ཾ་པཱཾ་རཾ་སུཾ་བཾ་ཀཱཾ་ཧཾ་གཾ་དྷྭཾ་སཾ་སཱཾ་ཨཽ་ཨཱཾ། ཨཽ་བྷྲྀ་སཽ་གྷཾ་སུཾ་ཨུཾ་ཧཱུཾ་ཨཽཿཞེས་པའོ།། ཡང་ན་ཨའི་ཡི་གེ ་ལ་སོགས་པ། ཧའི་བར་དུ་དགོད་པར་བྱ།། འདི་ལྟར་ཐམས་ཅང་གྱུར་པ་ལས།། སྔར་བཤང་ལྷ་རྣམས་བསམ་པར་བྱ།། སླར་ཡང་དེ་རྣམས་ཐམས་ཅད་ཀྱི།། ཨ་ཡིག་ལས་ནི་ཉི་དཀྱིལ་འཁོར།། འདིར་བསམ ་ཉི་མའི་དཀྱིལ་འཁོར་ལས།། འོད་ཟེར་རྣམ་པར་འཕྲོ་བ་ཡིས།། ཕྱོགས་བཅུར་རྣམ་པར་བཞུགས་པའི།། དེ་བཞིན་གཤེགས་སོགས་ཡང་དག་བསྐུལ། མཐའ་ཡས་མཐར་ཐུག་སྤྱན་དྲངམྦྷ་ནས།། ་ཡང་ནི་ཉི་མ་དེར་རག་ཏུ་ཞུགས།། རྣམ་པར་བསྒོམ་པ་བྱས་ནས་ནི།། རྣམ་རྟོག་ཐམས་ཅད་ནུབ་འགྱུར་ཏེ།། དེ་ཡིས་རང་བཞིན་དག་ཞེས་པའི།། འོད་གསལ་བའི་ཏིང་འཛིན་ནོ།། དེ་ཡང་དང་པོར་འཇམ ་དཔལ་དང་། དེ་བཞིན་གཤེགས་པ་ལ་སོགས་པ།། གཙོ་བོ་དཀྱིལ་འཁོར་ཐམས་ཅད་ཀྱང་།། འདིར་ནི་གཅིག་ཏུ་གྱུར་པ་ལྔས།། ཉི་མའི་དཀྱིལ་འཁོར་བསམ་བྱ་སྟེ།། འབར་བའི་འོད་ཟེར་རྣམ་པའོ།། དེ ་རྣམས་དབུས་སུ་རྩ་སོགས་ཀྱི།། ས་བོན་ཡི་གེ་བསམ་པར་བྱ།། ཐམས་ཅང་ཉི་མའི་དཀྱིལ་དུ་ནི།། གཙོ་བོ་ལ་ནཱི་ཧཱུ~ཾ་ཡི་ག་སྦྱིན།། ཨོཾ་ཧྲིཿསྟི། ཝི་ཀྲི་ཏ་ན་ན། གཏི་མུག་སྩོགས་པའི་སྙིང་པོའི་དཀྱིལ་ལ ་དུ་ཡཀྐེ་ཡནྡི་ནེ་རཱ་མ་ཡ། དེ་རྣམས་ཤར་དུ་བསམ་པར་བྱ།། ། ཧཱུཾ་ཡིག་གསུམ་དང་ཕཊ་ཡིག་ནི།། མེ་ལ་སོགས་པའི་མཚམས་བཞིར་རོ།། ཐམས་ཅད་འོད་ཟེར་ལྔའི་བདག། དབུས་སོགས་ཤར་དུ་དཀར་པོ ་སྟེ། སེར་པོ་དམར་པོ་ལྗང་གུའི་མདོག། ལྷོ་དང་ནུབ་དང་བྱང་དུའོ།། དེ་དག་ཀུན་ལས་འོད་ཟེར་ནི།། རྣམ་པར་འཕྲོ་བ་བསམ་བྱས་ཏེ།། སྔར་བཤང་དེ་བཞིན་གགས་སོགས་ཀུན།། སླར་བྱོན་ནས་ནི་རབ་ཏུ ་ཞུགས།། དེའི་དབུས་ཀྱི་ཡི་གེ་ལས།། རྡོ་རྗེ་ཆེན་པོ་ནག་པོ་དྲག། དེ་ནི་འོད་ཟེར་ལྡན་བསམས་ཏེ།། རྡོ་རྗེ་ཕྲ་མོའི་རྣམ་པ་ལས།། སངས་རྒྱས་བྱང་སེམས་ཁྲོ་བོ་དང་།། རིག་པའི་ལྷ་མོ་མཁའ་དཀྱིལ་དུ།། ་མ་རཱ་རྫས་ངོ་མེ་ཡ།། ལྷོའི་ཕྱོགསུ་དེ་བཞིར་གཞག། ཡ་མེ་དེ་རུ་ནེ་ཡོ་ད་ཡ།། ནུང་ཀྱི་སྣམ་བུར་སྦྱིན་པར་བྱ། ཡང་ཡོ་མ་རཱ་ཡ་ཀྲྀ་ཡ། བྱང་དྲི་ལྔ་ལ་དགོང་པར་བྱ།། ཨ་སློབ་ན་ར།། ཤར་ལ་སོགས་པ་བསམ་པར་བྱ།། ་ཏིལ་གྱི་གང་བུ་ཇི་ལྟ་བར།། རྟག་ཏུ་གནས་པར་བསམ་ཞེས་བྱ།། སངས་རྒྱས་ལ་སོགས་དེ་རྣམས་ཀྱིས།། སེམས་ཅན་སྨིན་ཕྱིར་དུལ་བྱས་ཏེ།། བྱང་ཆུབ་ལ་ནི་རྟག་བཀོད་ནས།། དེ་བཞིན་སླར། ་སྣང་འདུས་ནས་ནི།། རྡོ་རྗེའི་གཟུགས་སུ་ཞུགས་པར་བསམ།། སྔར་བཤད་འོག་སོགས་མཚན་མ་ནཱི།། ཡང་འདིར་དཀྱིལ་འཁོར་རྣམས་ཀྱིའོ།། ཇི་ལྟར་ཁ་དོག་བྱེ་བྲག་གི། འོད་ཟེར་རང་བཞིན་རྣམ་བསམ་བྱ།། རང་རང ་རིགས་ཀྱི་ལྷ་རྣམས་ནི།། ནམ་མཁའི་མཐིལ་དུ་གྲངས་མེད་རྣམས།། ཏིལ་གྱི་གང་བཞིན་དུ་ཉ་མའོ།། གདན་ལ་ཀུན་ཏུ་བཞུགས་པར་གྱུར།། དེ་རྣམས་འགྲོ་དོན་མཛད་ནས་ཀྱང་།། སླར་ཡང་རང་གི་མཚན་མར་ཞུགས།། ་ཡང་ནི་ཉི་མའི་དཀྱིལ་འཁོར་ལས།། ཐམས་ཅད་འོག་ཏུ་རང་གནས་ཞུགས།། རང་གི་མཚན་མ་གཅིག་གྱུར་པས།། གཙོ་བོ་དང་ནི་དཀྱིལ་འཁོར་རྣམས།། སླད་ཅིག་གིས་ནི་ཡོངས་སུ་རྫོགསྨ།། ཧཥྚཾ་བརྗོད་པའི་རང་བཞིན ་ཅན།། དེ་ཕྱིར་གཙོ་བོ་འདིར་བརྗོད་པ།། བསྒྲུབ་པ་པོས་ནི་བསྒོམ་བྱ་སྟེ།། རྡོ་རྗེ་གཟུགས་ནི་དེ་ཉིད་ལས།། ཞལ་སྐུ་རྟག་ཏུ་དྲུག་པ་ཡི།། མ་ཧེའི་གཟུགས་ནི་དེ་ཉིད་ལ།། འོད་ཟེར་བསྐལ་པའི་མེ་དང་མཉམ།། ཐུམས ་ཅད་དྲག་པོའི་བདག་ཉིད་གཟུགས།། དཔལ་ཚོན་རྡོ་རྗེ་འཇིགས་བྱེད་སྟེ།། འཇིག་རྟེན་གསུམ་པོ་ཟ་བའི་སྟོབས།། མི་བཟང་འཇིགས་པའི་རྣམ་པ་ལ།། ལྕེ་དང་དཔྲལ་བ་གཟི་བརྗིད་ཆེ།། མི་བཟང་མཐར་ཕྱིན་འཇིགས་པར ་བྱེད།། ཁྲོ་གཉེར་སྨིན་མ་སྤྱན་དགྲ་ངེས།། འཇིག་པའི་སྐལ་བའི་དུས་ལྟ་བུའི།། དྲག་པོའི་སྒྲ་ནི་རྟག་ཏུ་སྒྲོགས།། མི་ཁྲག་ཞག་དང་ཁྲག་དང་ནི།། ཚིལ་དང་རྐང་ནི་གསོལ་བར་མཛད།། འཇིག་རྟེན་འཇིག་རྟེན ་འདས་ལ་སོགས།། ལྷ་རྣམས་སྡིགས་པར་བྱེད་པའི་གཙོ།། བརྒྱ་བྱིན་ཚངས་དབང་ཁྱབ་འཇུག་དང་།། གཞོན་ནུ་ལོག་འདྲེན་ལ་སོགས་རྣམས།། ཐམས་ཅད་ཀྱང་ནི་ཟ་བྱེད་ཅིང་།། ཐོད་པའི་ནི་དབུ་རྒྱན་ཅན།། འཇིགས ་པ་ཆེན་པོར་མཛད་པའི་ལྷ།། ཕེད་ཀྱི་རྣམ་པའི་སྒྲ་སོགས་སྒྲོགས།། ཤིན་ཏུ་མ་རུངས་གཟུགས་ཅན་ལ།། ཐོད་པའི་རྒྱན་ཀྱིས་ཀླུབས་པའོ།། ཞབས་ནི་བཅུ་དྲུག་གཅེར་བུ་སྟེ།། དམར་སེར་གྱེན་དུ་རྗེས་པ་ཅན།། གཱཡོན ་བརྐྱང་བའི་ཞབས་ཐམས་ཅད།། བསྐྱོད་བསྐྱོད་ལྟ་བུའི་རང་བཞིན་ཅནྡ།། འཇིགས་པ་ཆེན་པོར་བྱེད་པའི་སྒྲ།། ཐམས་ཅད་གྱེན་དུ་འབར་བའོ།། ཕྱག་ནི་སུམ་ཅུ་རྩ་བཞི་ལས།། ཕྱག་གཉིས་གླང་ཆེན་ཀོ་རློན་འཛིན།། ་ཕྱག་གཡས་ང་དཔོར་གྲི་གུག་འཛིན།། གཉིས་པ་ཡིས་ནི་རྩེ་གཅིག་དང་།། གསུམ་པས་དེ་བཞིན་གཏུན་ཤིང་སྟེ།། བཞི་པ་ལྔ་པ་དྲུག་པ་ན།། ཆུ་གྲི་རྩི་གཅིག་སྟི་རྱའོ།། བདུན་པ་མདུན་དང་བརྒྱད་པ་མདར། ་གུ་པ་ལྕགས་ཀྱུ་ལ་བཅུ་ལྕགས་སྒྲོག། བཅུ་གཅིག་པ་ན་ཁ་ཏྲཾ་ཁ།། དེ་བཞིན་བཅུ་གཉིས་འཁོར་ལོའོ།། བཅུ་གསུམ་པ་ན་རྡོ་རྗེ་སྟེ།། བཅུ་བཞི་པོ་ན་ཐོ་བའོ།། བཅོ་ལྔ་པ་ན་རལ་ཧྲི་སྲ།། དེ་བཞིན་བཅུ་དྲུག་ཅང་ཏེའུ།། ་གཡོན་གྱི་དྲང་པོར་ཐོད་པ་སྟེ།། དེ་བཞིན་གཉིས་པར་འགོ་བོ་དང་།། གསུམ་པར་ཕུབ་དང་བཞི་རྐང་པ།། ལྔ་པ་ན་ནི་ཞགས་པའོ།། དྲུག་པར་གཞུ་དང་བདུན་རྒྱུ་མ།། བརྒྱད་པར་བྲིབ་བུ། ལག་པ ་བཅུ་པར་དུར་ཁྲོད་རས་མཱའོ།། གསལ་ཤིང་གིས་ཕུག་བཅུ་གཅིག་པ།། བཅུ་གཉིས་པ་རུ་མེ་ཐབ་སྟེ།། ལྕང་ལོ་ཅན་ནི་བཅུ་གསུམ་པར།། བཅུ་བཞི་པ་ནི་སྡིགས་འཛུབ་སྟེ།། བ་ངན་གསུམ་པ་བཅོ་ལྔ་སྟེ།། བཅུ་དྲུག་པ་ནཱ་རླུང ་རས་སྟེ།། རིམ་པས་བཞིན་དུ་བསམས་པུར་བྱ།། དེ་བཞིན་གཡས་ཀྱི་ཞབས་ཀྱི་མི།། གཉིས་པ་ཡིས་ནི་མ་ཧེ་ཤ།། གསུམ་པ་ཡིས་ནི་ཁྱུ་མཆོག་སྟེ།། བཞི་པས་དེ་བཞིན་བོང་བུའོ།། ལྔ་པས་རྔ་མོ་དྲུག་པ་ཡིས།། ཁྱི་དང ་བདུན་པ་ཡིས་ནི་ལུག། བརྒྱད་པ་ཡིས་ནི་ཅེ་སྤྱང་སྟེ།། གཡས་པའི་ཞབས་ཀྱི་གདན་རྣམས་སོ།། གཡོན་ཞབས་དང་པོས་བྱ་རྒོད་སྟེ།། གཉིས་པ་ཡིས་ནི་འུག་པའོ།། གསུམ་པ་རཱ་ཁ་དོག་བཞི་པ་རུ།། སེང་གེ་དང་སྟེ་ལྔ ་ཕྱར་ཁྲ།། བྱ་ཆེན་པོ་ནི་དྲུག་པར་རོ།། བདུན་པར་སྔགས་པ་དེ་བཞིན་ནོ།། བརྒྱུད་པ་རུ་ནི་བྱ་གཞད་སྟེ།། ཇི་ལྟར་གདན་རྣམས་རིམ་བཞིན་ནོ།། དཔལ་ཆེན་རྡོ་རྗེ་འཇིགས་བྱེད་ཀྱི།། དང་པོ་མ་ཧེའི་གདོང་པ་ནི།། ནག ་པོ་ཁྲོས་པའི་གཡས་པ་ཡི།། དེའི་རྭ་གཡས་ཞལ་གསུམ་ནི།། དང་པོའི་ཞལ་ནི་སྔོན་པོ་སྟེ།། གཡས་པ་དམར་པོ་གཡོན་པ་དཀར།། གཡོན་པའི་རྭའི་ཞལ་གསུམ་ནི།། དཀར་པོ་དུད་ཀ་ནག་པོ་སྟེ།། ཐམས་ཅད་འདི ་ནིཟློས་པ་ཡི།། འཇིགས་པའི་ཞལ་ནི་བསམ་པར་བྱ།། རྱ་གཉིས་བར་དུ་དབུས་ཀྱི་ཞལ།། བརྒྱུད་པ་ཅུང་ཟད་དམར་བ་སྟེ།། དེ་བཞིན་ཤིན་ཏུ་འཇིགས་པ་ཡི།། ཞལ་ནས་ཁྲག་འཛག་བསྒོམ་པར་བྱ།། དེ་སྟེང་ཀུན་ཏུ་བཟང ་པོའི་ཞལ།། མཐར་རུ་ཅུང་ཟད་སེར་བ་ཡི། ཅུང་ཟད་ཁྲོ་བོའི་རྣམ་པ་ལ།། གཞོན་ནུའི་རྒྱན་གྱིས་བརྒྱན་པ་དང་།། དགུ་པ་དུས་རྣམས་ཐམས་ཅད་དུ།། སྤྱི་བོར་ཟུར་ཕུད་ལྔ་པའོ།། ཞལ་རྣམས་ཀུན་ལ་སྤྱན་གསུམ་ནཱི། ་འདི་ལྟར་བདག་ཉིད་བསྒོམ་པར་བྱ།། དཀྱིལ་འཁོར་དེ་རྣམས་ཐམས་ཅད་ཀྱི།། མིང་དང་གཟུགས་ནི་བརྗོད་པར་བྱ།། ཤར་དུ་རྡོ་རྗེ་འགྲོ་བའི་མིང་།། ལྷོར་ནི་རྡོ་རྗེ་ལག་པ་སྟེ།། ནུབ་ཏུ་རྡོ་རྗེ་སྒྱུ་མ་དང་།། རྡོ་རྗེ་རྐང་པ་དེ་བཞིན ་བྱང་། མེར་ནི་རྡོར་ཐོད་བདེན་བྲལ་དུ།། རྡོ་རྗེ་ཐོད་པ་ལྕང་ལོ་ཅན།། རླུང་དུ་རྡོ་རྗེ་དུར་ཁྲོད་རས།། གསལ་ཤཱིང་ལ་བསྐྱོན་དབང་ལྡན་དུའོ།། དེའི་ཕྱི་རོལ་ཤར་སྣམ་སོགས།། རིམ་པ་ཇི་ལྟར་བསྒོམ་པར་བྱ།། རྡོ་རྗེ་གྲི་གུག ་དང་རྡོ་རྗེ།། རྩེ་གཅིག་རྡོ་རྗེ་གཏུན་ཤིང་དང་།། རྡོ་རྗེ་ཆུ་རི་རྡོ་རྗེ་ཀ་ན་ཡ།། དེ་བཞིན་རྡོ་རྗེ་ལྕགས་ཀྱུ་དང་།། རྡོ་རྗེ་མ་ཧེ་རྡོ་རྗེ་བ་གླང་བརྒྱད་།། ལྷོར་ནི་རྡོ་རྗེ་སྡེ་བ་དང་།། རྡོ་རྗེ་མདའ་དང་རྡོར་དབྱུག་ཏོ།། དེ་བཞིན་རྡོ་རྗེ་ཁ་ཏྲྀ་ཀཱ། རྡོ ་རྗེ་འཁོར་ལོ་རྡོ་རྗེ་ཞགས།། དེ་བཞིན་རྡོ་རྗེ་ཕག་པ་དང་།། རྡོ་རྗེ་བོང་བུ་དང་བརྒྱད་དོ།། རྒྱབ་ཏུ་རྡོ་རྗེ་རྡོ་རྗེ་ཅང་ཏེ་དང་།། རྡོ་རྗེ་ཕུབ་དང་རྡོ་རྗེ་གཞུ།། དེ་བཞིན་རྡོ་རྗེ་དྲིལ་བུ་དང་།། རྡོ་རྗེ་རླུང་རིས་ཤེས་པར་བྱ།། དེ་བཞིན་རྡོ་རྗེ་རྔ་མ ་དང་།། རྡོ་རྗེ་ཁྱི་དང་རྣམ་བརྒྱད་དོ།། བྱང་དུ་རྡོ་རྗེ་སྡིགས་འཛུབ་དང་།། རྡོ་རྗེ་བ་དན་གསུམ་པ་དང་།། རྡོ་རྗེ་གྲང་པགས་རྡོ་རྗེ་ཐོ།། རྡོར་མདུང་རྡོ་རྗེ་མེ་ཐབ་དང་།། དེ་བཞིན་རྡོ་རྗེ་ལུག་དང་ནི།། རྡོ་རྗེ་ཅེ་སྤྱང་དང་བརྟན། ་དོ།། གནས་བཞི་རུ་ནི་རྣམ་བསྒོམ་པ།། ཤར་སྒོར་བྱ་རྒོད་རོ་ལངས་དང་།། ལྷོ་རུ་འུག་པ་རོ་ལངས་དང་།། ནུག་ཏུ་བྱ་རོག་རོ་ལངས་དང་།། བྱང་དུ་སེང་གེ་རོ་ལངས་སོ།། མེ་རུ་འང་ཁྲའི་རོ་ལངས།། བྱ་ཆེན་རོ་ལངས་བདྲིན་བྲལ་རུ།། ་རླུང་དུ་སྔགས་ཆེན་རོ་ལངས་དང་།། རོ་ལངས་གཞང་གཞུང་ནི་དབང་ལྡནྟ་པུའོ།། མིང་ཀུན་གྱི་ཟློག་མར་རྡོ་རྗེའོ།། སྔར་བཤད་ཁ་དོག་རང་བཞིན་དེ།། ཡང་ན་གཅིག་གི་ཁ་དོག་གོ།། ཞལ་ཅིག་པ་ལ་ཕྱག་གཉིས་པ།། ་གི་མཚན་མ་ཕྱག་ན་བསྣམས།། གཡས་བརྐྱང་ཞབས་ཀྱི་གནས་པ་ཡིས།། ཐམས་ཅད་རོའི་གདན་ལྔ་བཞུགས།། སྤྱན་གསུམ་དྲག་པོ་ཆེན་པོ་སྟེ།། དབུ་སྐྲ་དམར་སེར་འབར་བ་ལ།། ཐོད་པའི་རྒྱན་གྱིས་བརྒྱན་པ ་དང་།། ཞལ་ཀུན་བཅོམ་ལྡན་འདས་ལ་ལྷ།། གཏུམ་ཆེན་སྒྲ་ནི་སྒྲོགས་པ་དང་།། ཕོད་ཀྱི་རྣམ་པའི་སྒྲ་སྒྲོགས་པའོ།། བཅོམ་ལྡན་འདས་སོགས་ཐམས་ཅད་ནི།། གཅེར་བུ་སྒྲ་མཚན་མ་གྱེན་འགྲེང་བའོ།། ལྷ་རྣམས ་དེ་དག་ཐམས་ཅད་ལ།། རང་གི་ས་བོན་སྙིང་ཀར་དགོད།། དེ་ལས་སྤྲུལ་པའི་འོད་ཟེར་གྱིས།། ཡེ་ཤེས་འཁོར་ལོ་སྤྱན་དྲངས་ཏེ།། ཛཿཧཱུཾ་བ~ཾ་ཧོས་དགུག་པ་དང་།། གཞུག་དང་དབང་དང་མཉེས་པར་བྱ།། གཅིག་ཏུ ་བྱས་ཏེ་སྔགས་པསྡུ་ཡང་།། དབང་བསྒྱུར་བ་ནི་བསྒོམ་པར་བྱ།། བདག་ལ་དངོས་པོ་ཐམས་ཅད་ཀྱི།། མཆོད་པ་རྣམ་པ་སྣ་ཚོགས་བྱ།། མིའི་ཤ་སོགས་ཐམས་ཅད་དང་། ཁྲག་གིས་ཀྱང་ནི་མཆོད་པ་བྱ།། དེ་ལྟར་དཀྱིལ ་འཁོཪྵ་གས་པ་ནི།། སྙིང་རྗེས་ཁྲོས་པའི་ཏིང?་འཛིན་ནོ།། དྲུག་པོ་ལས་སོགས་ལས་བྱ་ཕྱིར།། སྔགས་ཀྱི་བཟླས་པ་དྲན་པར་བྱ་སྟེ།། བྷསྟན་ལཱ་གུནོད་པ་བྱེད་པ་དང་།། སྡང་བའི་སེམས་ཅན་བརྙེག་པར་བྱ།། ཨོཾ ་ཧཱིཿཥྚི་ཝཾ་ཀྲི་ཏཱ་ན་ནུ་ཧཱུཾ་ཕཊ། ཞེས་པ་ཉེ་བའི་སྙིང་པོའོ།། ཨུཾ་ཡ་མཱན་ཏ་ཀ་ཧཱུཾ་ཕཊ། ཞེས་པ་ནཽ་སྙིང་པོའི་སྔགས་སོ།། ཨཽ་ཡཱ་མ་རཱཾ་ཙ་ཛྙེ་ས་དོ་མཻ་ཡཾ་ཡཽ་མྱཾ་དཾ་རུ་ཎཱ་ཡོ་ནཱི་རཱ་ཡཀྐེ་ཡ་ཡེ་ཀླེ་ཡཙྪ་ནཱི་རཱ་མཱ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ། ་སྭཱ་ཧཱ། ཞེས་པ་ནི་རྩ་བའི་སྔགས་སོ།། འདི་ལྟར་ཇི་ལྟར་འདོད་པར་ཡང་།། སྔགས་ཀྱི་བཟླས་པ་དེ་བྱ་སྟེ།། འབར་བའི་ཡི་གེ་བསྒོམ་བྱས་ན།། དངོས་གྲུབ་མྱོར་དུ་ཐོབ་པར་འགྱུར།། འཁོར་ནི་དེ་རྣམས་ཐམས་ཅད ་ཀྱི།། སྙིང་ཀར་ཉི་མ་རྣམས་ལ་བསམ།། དཀྱིལ་འཁོར་པ་ནི་ཐམས་ཅད་ཀྱང་།། མ་ཧེའི་ཞལ་གྱི་ཐུགས་ཀར་དགོད།། སྙིང་པོ་ལ་སོགས་བརྩམ་བྱ་བ།། གསང་སྔགས་གསུམ་རྣམས་བཟླས་པ་བྱ།། ཡང་ན་སོ་སོར ་བཟླསབྱ་སྟེ།། བསྒྲུབ་པོ་ཇི་ལྟར་འདོད་པས་པོ།། གང་རྣམས་སྙིང་པོ་ལ་སོགས།། དེ་རྣམས་ལྷ་གཞན་སྙིང་ཀར་དགོད།། བཟའ་བ་ཀུན་དང་ཤའི་ཕུང་།། མེ་ཧིའི་ལ་དབུལ་བར་བྱ།། གཏོར་མ་འབྱུང་པོ་ཐམས ་ཙདྲཱཧཱ།། གསང་སྔགས་གས་པ་སྦྱི་པྱུ་གྷྲ། སྱཱཏྨཱ་ནྱཱནཱ། སྱཱ་བྡྷ། ལ་རཱས། ཪྻཱས། ཏྭཱ་པྲཪྴ་ཤྩཏྟི་ཀྵ་ནཱ། ཀཱ་ཀྲྀཎདཾགྷཱ་ཡ། སྣརུབས་ཙྪི་སནྠ། བྷྱ་ཊ་སད་ཏཱ་ར་དག་པ། ་ཨིནྡྲ་ཏྭཱ་ཡ། ཧྲཱིཿཡ་མཱ་ཡ། བྷཱཾ་བ་རུ་ཎཱ་ཡ། ཝེ་ཀཱ་བེ་རཱུ་ཡ། ཏཱཾ་ཨཻ་ཤོ་ནཱ་ཡ། ན་ཨ་གཱི་ནཱ་ཡི། ནཱ་དྱཱ་ཏཱ་ཡ?། དྷྭཾ་བྷྱོཿསྱ་ཙིདྱ་ཏཱ་ནི། ས་ཕཊ་སརྦ་བྷཱུ་ཏི་བྷྱཿ། རྩ་བའི་སྔགས་ཀྱིས་བྱིན་གྱིས་བརླབ།། ཞེས་པ་ཐམས ་ཙང་རྫོགས་པ་དང་།། སྒོམ་པ་ལེ་ནི་སེམས་བརྟན་པའོ།། སྒྲིབ་པ་ཐམས་ཅད་ཟད་ཞེས་པའི།། ཏིང་ངེ་འཛིན་ནི་གྲུབ་པའོ།། འདི་ལྟར་དུས་གསུམ་དག་དུ་བསྒྲུབ། ཡང་ནཱ་རྒྱན་ནི་ཆད་པར་བསྒོམ།། ལས་རྣམས་ཐམས་ཅད ་གང་བྱེད་ཀྱང་།། བདག་ཉིད་མ་ཧེའི་ནི་ཞལ།། ཏིང་འཛིན་གསུམ་ལ་སེམས་གཅིག་པས།། དྲག་པོ་འབར་བའི་གཟུགས་ཅན་ནི། སེམས་ཅན་རྗེས་གཟུང་ཆར་གཅད་པ།། ཡིད་ལ་བྱ་སྟེ་འབད་པར་བྱ།། བདག་ཉིད་བྱང་ཆུབ་ལ ་བརྩོན་པ།། དེ་ལྟར་སེམས་ཅན་ལ་འབྱུང་བྱ།། དཔའ་ཆེན་དུས་ཀྱི་རང་བཞིན་ནི།། དོན་དམ་རྣམ་པར་དག་པ།། ཞལ་བརྒྱད་ཐུན་ཚད་རྣམ་པ་བརྒྱད།། དགུ་པས་ཐམས་ཅད་ཁྱབ་པའོ།། རྭ་གཉིས་ཟླ་བ་ཕྱེད་པ་སྟེ།། ཕྱག་ནི་ཚེས ་སུ་ཤེས་པར་བྱ།། བཅུ་དྲུག་བདོན་ནི་ཟླ་བའི་ཆ།། ཡང་ནི་ཞལ་དགུ་གཟར་ཤེས་བྱ།། ཕྱག་ནི་མཚམས་དང་རྒྱུ་སྐར་རོ།། ཞབས་ནི་འཕོ་བ་བཅུ་གཉིས་དང་།། དེ་བཞིན་དུ་ནི་དུས་བཞིའོ།། མཚོན་ཆ་སྟོང་པ་བཅུ་དྲུག་དང་།། ་ནི་བང་ནི་བཅུ་དྲུག་གོ།། གླང་ཆེན་བགས་པས་དྭགེགས་རྐྱེན་དང་།། འཁོར་བའི་འཇིགས་པ་འབྲལ་པའོ།། དྲུག་པོའི་གཟུགས་ཀྱིས་སྣང་བ་ཆེན་པོ་འཇོམས་མཛད་པས། གཙོ་བ་དྲུག་པོའི་ནི་གྷནགས། བྱམས་པ་ཆེན་པོས་ཁུ་དོག ་གཞན།། ཐོད་པས་བརྒྱན་པ་ཟང་བ་མེད། དཀྱིལ་འཁོར་ལྷ་རྣམས་ཐམས་ཅད་ནི།། རང་བཞིན་སྐྱེས་པའི་དུས་ཅན་ནོ།། སྔགས་རྣམས་སྐུ་གསུམ་དག་པའོ།། ལྷ་རྣམས་ནང་གི་མིང་རྣམས་ཀྱི།། ཨཱ~ཾ་ནི་དང་པོ་ཧཱུཾ་ཕཊ་མཐའ།། དེ་རྣམ ་ད་པ་བཏུང་བའི་སྣོང་།། དཀྱིལ་འཁོར་བྱང་ཆུབ་ཕྱོགས་རྣམས་སྟེ།། བདན་ནི་རསི་དང་མཚམས།། ཁྱ་དོག་དགུ་པ་དེ་བཞིན་གཤེགས།། ཐམས་ཅད་མངོན་དུ་ཤེས་པར་བྱ།། ཞེས་པ་བསྡུས་པའི་དག་པ་སྷོ།། རྒྱས་པ་འཇམ ་དཔལ་རྒྱུད་དུའོ།། བདག་གིས་བསྒྲུབ་ཐབས་པ་རྣམས་པའི།། བསོད་ནམས་དག་ནྟི་ཐོབ་པ་དག། བསོད་ནམས་དེས་ནི་འཇིག་རྟེན་གྱི།། སྡུག་བསྔལ་ལྔས་ནི་མངོན་གྲོལ་ཤློག། རྡོ་རྗེ་འཇིགས་བྱེད་རྟོག་པ་ནི།། སུམ་བརྒྱབ་པ ་འཇམ་དཔལ་གྱི།། རྒྱུད་ལས་ཅུང་ཟིང་དྲངས་ནས་ནི།། དཔལ་ལྡན་བསྒྲུབ་ཐབས་འདི་བཏུས་པསྟེ། ཅུང་ཟད་ལྷག་པ་ཆང་པ་གང་།། མཁསྡེ་པ་རྣམས་ཀྱིས་བདག་བཟོད་མཛོད།། བདག་གིས་སྔོན་དུ་ཐོས་པ་གང་།། དེ་ཕྱིར་འདི་ནི ་བྱས་པ་ཙམ།། ངབ་ལྀ་རྡོ་རྗེ་འཇིགས་བྱེད་ཀྱི་བསྒྲུབ་པའི་ཐབས་སློབ་དཔོན་ཆེན་པོ་ཨ་རཱྀ་ལ་ལ་ལི་ཏ་བཛྲས་མཛད་པ་རྫོག་སོ།། ། པཎྜི་ཏ་ཨ་དཱ་ཡེ་བཛྲ་དང་། གྲོག་སྱ་ཤེས་རབ་བརྩིགས་ཀྱིས་བསྒྱུར་ཅིང་གཏན་ལ་ཕོབ་གསུཾཿ ་