| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཤྲཱི་བཛྲ་བྷཻ་ར་བ་ཏན་ཏྲ་པྲ་ཏཱི་ཨ་ལཾ་ཀཱ་ར་ཨུ་པ་དྷེ་ཤ་ན་མ། བོད་སྐད་དུ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་ཀྱི་འགྲེལ་པ་མན་ངག་དང་ལྡན་པའི་རྒྱན་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། སྟག་ཟིལ་ལྟ་བུའི་སྐུ་འཆང་ཞིང་།། ཉི་མ་འབུམ་དང་འདྲ་བའི་འོད།། སྣ་ཚོགས་མཚན་ཐོགས་སེམས་ཅན་མནན།། ཞལ་དགུམ་ཧེའི་གདོང་ལ་འདུད།། རྟོག་པའི་ཚིག་དོན་མན་ངག་ལཱ།། ་རྒྱུད་ཆེན་དམ་པའི་རྒྱན་གསལ་བ།། དམན་པ་རྣམས་ལ་ཕན་པའི་ཕྱིར།། དམ་པའི་དྲིན་གྱིས་བཤད་པར་བྱ།། དེ་ནས་བྱ་བ་ལ་སོགས་པ་ལ།། འདིར་འདི་སྐད་ཅེས་བྱ་བ་ལ་སོགས་པའི་གླེང་གཞི་ཅིའི་ཕྱིར་མ་གསུངས་ཞེ་ན། མི ་གནས་པའི་མྱ་ངན་ལས་འདས་པའི་ཕྱིར་དེ་རྒྱུ་མ་ཏུ་གནས་པའོ།། ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ན་ནི། དེ་ལྟར་ན་མ་འོངས་པའི་དུས་ན་འདི་སྐད་བདག་གིས་ཐོས་ཞེས་བྱ་བ་ལ་སོགས་པའི་གླེང་གཞི་རིགས་ཏེ། དེ་བས ་ན་གཞན་དུ་བསྲུང་པའོ།། ཞེས་བྱ་བ་ནི། སྟོན་པས་སེམས་ཅན་རྣམས་གཞུག་པའི་དོན་དུ་འདི་སྐད་ཅེས་བྱ་བ་ལ་སོགས་བསྡུས་ནས་བསྟན་པ་ཡིན་ཏེ། དེ་ཡང་གཞུང་ལས། སྡུད་པ་པོ་དེ་ཆོས་ཀྱང་ང་།། འཁོར་གྱི་ཚོགས་ལྡན ་ཉན་པའང་།། ཞེས་གསུངས་པའི་ཕྱིར་རོ་ཞེས་པ་ལ་འདོད་དོ།། འདི་ནི་གཞན་ལས་དྲངས་པ་དང་། ལེའུ་གཞན་གྱིས་རྗེས་སུ་བསྟན་པས། འདིར་གླེང་གཞི་ནི། འཇིགས་བྱེད་ཀྱི་འཁོར་ལོའི་རྒྱུད་འབུམ་པར་གསུལ ་པ་ལ་ལྟོས་ལ། འདི་ནཱི་བར་མེད་པ་དང་། དེའི་ཕྱི་མ་ཡིན་པས་མ་སྨོས་སོ།། དེ་བས་ན་རྒྱུད་འབུམ་པར་ནི་བརྗོད་བྱ་མང་ལ།། འདིར་ནི་ཆོ་ག་ཞིབ་མོ་ཕྱེ་བས་ཕྱི་མའོ།། དེ་སྐད་དུ་ཡང་། མང་པོར་གྱུར ་པའི་དོན་རྣམས་ལས།། བྱེ་བྲག་ཕྱེད་ཚིག་ཕྱི་མ་ཡིན།། ཞེས་གསུངས་པའི་ཕྱིར་རོ།། ཞེས་འདོད་པ་ཡིན་ནོ།། དེ་ལྟར་རྒྱུད་མ་ཡིན་པའི་རྟོག་པ་བསལ་ནས། ཆོས་ཀྱི་རྗེས་སུ་འབྲང་བ་རྟོག་པ་སྔོན་དུ་གཏོང་བ་རྣམས་དགོས ་པ་ལ་སོགས་པ་མ་མཐོང་ན་འཇུག་པར་མི་འགྱུར་བས། དེ་བས་ན། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་རེ་ཤིག་བརྗོད་པ་ལ་སོགས་པ་བསྟན་ཏེ། བརྗོད་པར་བྱེད་པ་ནི་རྒྱུད་དོ།། རྒྱུད་ཀྱི་དོན་ནི་བརྗོད་པར་བྱའོ།། དེ་ཐབས ་དང་དེ་ལས་བྱུང་བའི་ཚུལ་ནི་འབྲེལ་པའོ།། དགོས་པ་ནི་ལྷའི་རྣལ་འབྱོར་མངོན་དུ་གྱུར་པའོ།། གཞན་གྱི་དོན་ཕུན་སུམ་ཚོགས་པར་སྤྱོད་པ་ནི་དགོས་པའི་ཡང་དགོས་པའོ།། དེ་ལྟར་དགོས་པ་ལ་སོགས་པ་ཡོད་པར ་བསྟན་པས་ན། དེ་ནས་ཞེས་བྱ་བ་ནི་ཚིག་གི་ཕྲད་དེ། རིམ་པ་དང་རྒྱུའི་དོན་ཏོ།། དེ་བས་ན་སྔ་མ་ལ་ལྟོས་པས་བཀྲ་ཤིས་པ་འམ་དབང་དུ་བྱེད་པའི་དོན་ཏོ།། རྡོ་རྗེ་འཇིགས་བྱེད་ནི་དྲག་པོ་ཆེན་པོའི་གཟུགས་འཛིན་པས་འཇིགས ་པའོ།། ཚངས་པ་དང་ཁྱབ་འཇུག་ལ་སོགས་པའི་ལྷ་རྣམས་དང་། མཱ་ཧཱ་དེ་བྱཱ་ལ་སོགས་པ་དྲག་པོ་འཇིགས་པར་བྱེད་པས་འཇིགས་བྱེད་དེ་མ་ཧེའི་ཞལ་ལོ།། དེའི་ཚིག་གི་རྒྱུད་ལས། ལས་སྣ་ཚོགས་སྒྲུབ་པ་ལ་སོགས་པ ་བཤང་ཞེས་པའི་དོན་ཏོ།། དེ་གང་ཞེ་ན། གང་ཡིད་དུ་འོང་བའི་གནས་སླའོ།། ཅི་བསྒྲུབ་ན་དཔུང་ལ་སོགས་པའི་ལས་སྣ་ཚོགས་འགྲུབ་པར་བྱ་ཞེས་ལུས་མདོར་བསྟན་ནས?། དེ་ནས་ཞེས་བྱ་བ་ནི་རིམ་གྱི་དོན་ཏོ།། བཤད་པར་བྱ ་ཞེས་པ་ནི་ཡན་ལག་གི་དོན་དེ་ནས་བཤད་པའོ།། དུར་ཁྲོད་ནི་ཕྱིའི་དུར་ཁྲོད་དོ་ཤི་བའི་ཚལ་ལོ།། ཆུ་འགྲམ་ནི་ཆུ་བོ་ཆེན་པོའི་འོ།། མཚན་མ་གཅིག་པ་ནི་མ་ཧཱུཾ་ང་བའི་ལྡིང་གའོ།། ཤིང་གཅིག་ནི་ཨ་སྨ་ལ་སོགས་པའི ་ཤིང་ནགས་ཆེན་པོའོ།། མ་མོ་ནི་མ་མོ་བདུན་གྱི་ཁྱིམ་མོ།། སྟོང་པ་ནི་ཁང་སྟོང་ངོ་།། ལྷ་ནི་ལྷའི་ཁྱང་པ་སྟེ་མ་ཧཱ་དེ་བ་ལ་སྩོགས་པ་ཡང་བསྡུའོ།། མང་པོ་ཕུང་པ་ནི་གཡུལ་འགྱེད་པའི་གནས་སོ།། ནགས་ཚུལ་ནི ་དགྲོད་པར་དཀའ་བའི་ཤིང་གི་ཁྲོད་ངོ་།། གྲོང་ཁྱེར་ནི་གྲོང་ཁྱེར་ཆེན་པོ་སྟེ་མང་པོ་འདུས་པའི་གནས་ཕྱོགས་གཅིག་གོ། གྲོང་ནི་རྒྱལ་པོའི་བྲོ་བྲང་ངོ་།། སྩོགས་ཀྱིས་བས་མཐའ་ལ་སོགས་པ་བསྡུའོ།། རྡོ་རྗེ་འཇིགས ་བྱེད་ཀྱི་རྒྱུད་ཀྱི་དཀྱིལ་འཁོར་དུ་ལེགས་པར་དབང་ཐོབ་པ་སྟེ། བླ་མ་མཚན་ཉིད་དང་ལྡན་པ་མཉེས་པས་བུམ་པའི་དབང་ལ་སོགས་པ་གསུམ་གྱིས་དྲི་མ་གསུམ་དག་པར་བྱས་པས་དཔུང་ཐོབ་པ་སྟེ། དེ་ལྟ་བུའི་གང་ཟག ་ཤེས་རབ་དང་ཐབས་སུ་ལྡན་པས་ན་རྣལ་འབྱོར་པ་སྟེ། ཐབས་དང་ཤེས་རབ་སྙོམས་འཇུག་པ།། རྣལ་འབྱོར་ཞེས་ནི་བཤད་པ་ཡིན། ཞེས་གསུངས་པའོ།། པས་ཞེས་པ་བྱེད་པའི་ཚིག་གིས་ནི་འདི་ལྟར་སྟོན་ཏེ། ངུར ་ཞུངས་ཕྱོགས་པ་གནས་པ་ཀྱང་གྀ་མནམ་ཥྩ་དང་རྫུན་པ་ན་ལ་ཋཱ་ཙྪ་བ་དུག་། སྐྱེབ་བྱུང་ཆུ་མས་ངན་ཅགཛད།། དེའི་འད་ཀྱིས་མྦྷ་དང་བཅས་པའི་བཅོམ་ལྡན་འདས་བསྐུས་ཏེ། ་འཚལ་བ་ནས་བཏང་སྙོམས་ཀྱི་བསྒོམ་པའི་བར་དུ་བྱས་ལ། སྟོང་པ་ཉིད་ཀྱི་ངང་ལས་ཞལ་བཞི་པའི་སྔགས་ཀྱིས་རྡོ་རྗེ་ར་བ་ལ་སོགས་པ་བསམས་ལ། ར་བྱའི་ནང་དུ་ནམ་མཁའི་དབུས་སུ་འབྱུང་བའི་དཀྱིལ་འཁོར་རི་རབ་དང་བཅས ་པའོ།། དེའི་སྟེང་དུ་སྐུ་རྒྱུད་དང་བཅས་པ་ཡོངས་སུ་གྱུར་པ་ལས་གྲུ་བཞི་ལ་སོགས་པའི་ཡོན་ཏན་དང་ལྡན་པ། དུར་ཁྲོད་བརྒྱད་དང་བཅས་པ་བསམས་ལྔ། དེའི་དབུས་སུ་ཆུ་སྐྱེས་ལ་རི་བོང་ཅན་བསམས་ལ། དེའི་དབུས་སུ་རལ་གྲི་སཱ ་བོན་ལས་བྱུང་བ་བསམས་ལ། དེ་ཡང་ལྡན་པ་གྱུར་པ་ལས་འཇམ་དཔལ་དམར་སེར་རལ་གྲི་དང་ཨུད་པལ་དང་ལྡན་པ་རྣམ་པ་ལྷས་བསྐྱེད་ལ། དེའི་སྙིང་ཁར་ལྟ་པའི་ལྔ་པ་ལས་བྱུང་བ་ལས་རྣོན་པོའི་འོད་ཀྱིས་སྲས་དང་བཅས་པའི ་རྒྱལ་བ་བཀུག་སྟེ། རྣོན་པོ་ལ་ཐིམ་པས་དེ་བཞི་དང་བཅས་པ་གྱུར་པ་ལས་འབར་བ་དང་བཅས་པའི་གོང་བུའོ།། དེ་ལས་ཧཱུཾ་དེ་སྤྲོ་བ་དང་བསྡུ་བའི་སྦྱོར་བས་ཁྲོ་བོའི་རྡོ་རྗེ་ནག་པོ་བསྣམ། དེའི་འོད་ཀྱིས་བདེ་གཤེགས་སྲས་བཅས ་ཉི་མ་ལ་གནས་པ་བསམས་ལ། དེས་སེམས་ཅན་སྦྱངས་ནས་སླར་རྡོ་རྗེ་ལ་ཞུགས་པས་རྡོ་རྗེ་ཆེན་པོར་རོ།། དེ་ལས་མ་ཧེའི་གདོང་ཅན་སྐལ་པོ་བཞི་པའི་མཚན་ཉིད་བསྐྱེད་ལ། སྙིང་ཁར་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས ་པའི་ཡེ་ཤེས་སེམས་དཔའ་ཉི་མའི་སྟེང་ན་ཧཱུཾ་དུ་བཅས་པ་བསམས་ལ། དེའི་འོད་དང་། ཨོཾ་ཨེ་ཧྱ་ཧི་བྷ་ག་བན་ཡ་མན་ཏ་ཀ། ཨ་གཙྪ་ཡཱ་ཨ་གཙྪ་ལ། ཨོཾ་ས་མན་ཛ་ཧཱུཾ་ཞེས་པ་དང་། རྡོ་རྗེ་བསྡུ་བའི་ཕྱག་རྒྱ་ས་དྲངསྭ་པ། མདུན་ན ་བཞུགས་པ་ལྔ་མཆོད་ཡོན་སྔོན་དུ་འགྲོ་བའི་མཆོད་པས་མཆོད་ལ། དགུག་པ་ལ་སོགས་པ་བྱས་པས་བསྲེས་ལ། དེ་ནས་གཤིན་རྗེ་གཤེད་པོའི་ང་རྒྱལ་བྱས་ལ། མིག་ལ་སོགས་པའི་སྐྱེ་མཆེད་དྲུག་དུ་སིའི་སྙིང་པོ་ལ་སོགས ་པ་དྲུག་མིང་གི་ཡི་གེ་དང་པོས་བསྐྱེད་ལ། གནས་གསུམ་དུ་ཡི་གེ་གསུམ་བསམས་ལ། དེ་ནས་རང་གི་ས་བོན་གྱི་འོད་ཀྱིས་སངས་རྒྱས་སྤྱན་དྲངས་ཏེ་མཆོད་པས། བདུད་རྩི་ལྔའི་བུམ་པས་སྤྱི་བོར་བླུགས་པས་དབང་བསྐུར་བས། ་རྩ་བར་སྣང་མཛད་ཕྱག་རྒྱ་བསམ།། ཨོཾ་སརྦ་ཏཱ་ཐཱ་ག་ཏ་ཨ་བི་ཥེ་ཀ་ཏ་སྭ་བྷཱ་བ་ཨཱད་མ་ཀྵོ་ཧཱུཾ། དེ་ནས་དཀྱིལ་འཁོར་གཉིས་ཀྱི་སྟེང་དུ་ཨ་ལསྭཱ་པདྨའི་ནང་དུ་མར་མེ་ལྔ་བསམས་ལཱ། ཡི་གྲཝ་གསུམ་གོ་རིམས་མ་ཡིམ་པས་དག ་པ་དང་རྟོགས་པ་དང་འབར་བར་བྱས་ལ། ལྕེ་རྡོ་རྗེ་དང་ལྡན་པས་ལུས་ཀྱི་དཀྱིལ་འཁོར་ཚིམ་པར་བྱས་ལ། ལྷའི་འཁོར་ལོ་ལ་སྒྲ་བརྙན་གྱི་ཚུལ་དུ་བསྟོད་པ་བྱས་ལ། དེ་ནས་སྙིང་ཁར་ཉི་མ་ལ་རྩ་བ་འམ་ཉེ་བའི་སྙིང་པོ་བསམ ་ལ། དུས་བཞིར་བསམ་གཏན་ཐུན་འཚམས་དང་བཅས་པའི་བསྙེན་པ་མཐར་ཕྱིན་པའི་རྣལ་འབྱོར་པས་སོ།། དེ་ལྟར་བྱེད་པའི་ཚིག་གིས་བསྙེན་པ་བྱ་བ་བསྟན་ནས། དབང་དང་ཞེས་བྱ་བ་ལ་སོགས་པས་གཞན་དང་བདག་གི ་དོན་དུ་ལས་བསྒྲུབ་པ་བསྟན་ཏེ། ལས་དེ་དབང་གི་ཕྱིར་བྱེད་པ་ནི་དབང་ངོ་།། དགུག་པ་ཞེས་བྱ་བ་ནི། རྐང་པ་དགུག་པ་དང་། ལུས་དགུག་པའོ།། དེ་ཡང་ས་དང་ན་མཁའ་ལ་དགུག་པའོ།། གསད་པ ་ནི་དཀོན་མཆོག་གསུམ་ལ་སྩོགས་པ་ལ་གནོད་པ་བྱིང་བ་ལ་སྟེ། བླ་མ་སློང་སྩོགས་དམ་ཚིག་མེད།། ཐེག་པ་ཆེན་པོ་སྨོད་པ་དང་།། སྔགས་ཀྱི་རྒྱུད་ལ་དཔྱར་བ་ལ།། གསད་པ་ལ་སོགས་ལས་བྱའོ།། ཞེས་གསུངས་པའོ།། ་རང་གི་གནས་ལས་དབྱུང་བ་ནི་བསྐྲད་པའོ།། དབྱེ་བ་ནི་མཛའ་བོ་དག་ཕན་ཚུན་ཞེ་སྡང་བའོ།། རལ་གྲི་ནི་རལ་གྲི་ལ་སོགས་པའི་རིག་པ་འཛིན་པའོ།། མིག་སྨན་ནི་འཇིག་རྟེན་མཐོང་བའི་ཐབས་སོ།། རི་ལུ་ནི་ལྕགས་གསུམ ་དང་བཅས་པ་སྟེ་མི་སྣང་བ་བསྒྲུབ་པའོ།། བདུད་རྩི་ནི་བཅུད་ཀྱི་ལེན་ཏེ་རྒས་པ་ལ་སོགས་པ་མེད་ཅིང་གནས་པའོ།། འབྱུང་པོ་ནི་སེམས་ཅན་གྱི་ཚོགས་ཏེ་རྐང་གཉིས་ལ་སོགས་པ་སྡེ་དེ་དྲག་དབང་དུ་བྱེད་པའོ།། ས་འོག་ནཱི་ས་འོག ་ཏུ་འཇུག་པའོ།། རོ་ནི་རོ་ལྡངས་བསྒྲུབ་པའོ།། མཁའ་འགྲོ་ནི་མཁའ་འགྲོ་མའི་ཚོགས་སོ།། འདྲེ་ནི་ཡི་དགས་ཕྲ་མོའོ།། གནོད་སྦྱིན་ནཱི་གང་ཟག་པ་བཟང་པོ་ལ་སོགས་པའོ།། གནོད་སྦྱིན་མོ་ནི་རྫུ་འཕྲུལ་དང་ལྡན་པའི་ཡི་དགས་སོ།། ་སྩོཕྱོགས་ཀྱིས་བསྡུས་པ་དྲི་ཟ་དང་ལྷོ་མ་ཡིན་དང་མི་འམ་ཅི་ལ་སོགས་པའོ།། ཀླུ་རྣམས་ནི་རིགས་ཀྱི་ཁྱད་པར་གྱི་ཀླུའོ།། སྩོགས་ཀྱིས་སྲིན་པོ་འཇིགས་པ་ལ་སོགས་བསྡུའོ།། བསྒྲུབ་པར་བྱེད་ཅེས་བྱ་བ་ནི་བསྙེན་པ་མཐར་ཕྱིན ་པས་གསུངས་པའི་ལས་སྣ་ཚོགས་བསྒྲུབ་པར་བསྟན་པ་སྟེ། དེ་ཡང་སྔགས་པས་སྔོན་དུ་བསྙེན་པ་ནི།། བྱེ་བ་བཟླས་ནས་ལྔས་རྣམས་བརྣམ།། ཡང་ན་མཚན་མ་ཐོབ་པས་བྱ།། གཞན་དུ་བྱས་ན་སྐྱེ་བོས་དཔའ།། ཞེས་གསུང་སོ།། ་དེ་ལྟར་སྔོན་དུ་བསྙེན་པ་མཐར་ཕྱིན་པས་གསུངས་པའི་ལས་འགྲུབ་པར་བསྟན་པས། ཇི་ལྟར་བསྒྲུབ་པའི་ཐབས་བསྟན་པའི་ཕྱིར། དེའི་ཐབས་ནི་འདི་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དང་པོར་ཞེས་བྱ་བ་ནི་བསྒྲུབ་པ ་ལ་འཇུག་པའི་དང་པོར་སྔགས་པས་དུར་ཁྲོད་ལ་སོགས་པར་སོང་སྟེ། ནམ་ཕྱེད་ན་གཅེར་བུར་བྱུང་སྐེ་གྲོལ་བ་སྟེ། ཐོར་ཅོག་བཤིག་ལ། དེ་ནས་མ་ཧེ་ཞལ་གྱི་རྣལ་འབྱོར་ཇི་སྐད་གསུངས་པ་གནས་དུར་ཁྲོད་ལ་སོགས་པ་གང་ཡང་རུང ་བར་རོ།། བྲི་ཞེས་པ་ནི་རྡུལ་ཚོན་བྲི་བ་སྟེ་གསུམ་པའི་དོན་གྱིས་དང་པོའོ།། དེས་ན་རྡུལ་ཚོན་ས་དང་འབྲེལ་པའི་སའི་ཆོ་ག་ལ་སོགས་པ་རྒྱས་པར་བྱས་པ་ལ་རྡུལ་ཚོན་དགྱེ་ཞེས་པའི་ཐ་ཚིག་གོ། དེས་ནི་འདི་ལྟར་སྟོན་ཏེ། དུར་ཁྲོད་ལ ་སོགས་པ་བརྟགས་པའི་གནས་སུ་རྣལ་འབྱོར་པ་སྐྲ་བཤིག་པ་ལ་སོགས་པ་དང་ལྡན་པས། མཎྜལ་དྲི་དང་ལྡན་པ་མདུན་དུ་བཤམས་ནས། སྐད་ཅིག་གིས་མ་ཧེ་ཞལ་ཅན་དུ་བསམས་ནས། ས་བླང་བ་ལ་སོགས་པ་སའི་ཆོ་ག ་ནས་ཐིག་གི་ཆོ་ག་ཇི་ལྟ་བ་བཞིན་དུ་བྱ་ཞེས་པའོ།། དེར་གྲུ་བཞི་པ་ལ་སོགས་པའི་ཡོན་ཏན་གྱིས་བརྒྱན་པའི་ཕྱིའི་དཀྱིལ་འཁོར་གྱི་མཚན་ཉིད་དང་། ནང་གི་འཁོར་ལོའི་མཚན་ཉིད་ནི་གསལ་བར་གསུངས་པས་རྣམ་པར་མ་ཕྱེ ་གལ་ཏེ་དངོས་གྲུབ་མཆོག་འདོད་ན་ཞེས་བྱ་བ་ལ་སོགས་པས་རྡུལ་ཚོན་རྫོགས་ནས་མཆོད་པ་དང་རྣལ་འབྱོར་པའི་ཟས་བསྟན་པའི་ཕྱིར་རོ།། གལ་ཏེ་དངོས་གྲུབ་མཆོག་འདོད་ན་ཞེས་བྱ་བ་ནི་ཁྱད་པར་གྱི་དངོས ་གྲུབ་འདོད་ན་ཞེས་པའོ།། སྦྲང་ཆེན་ནི་ཞིག་མར་མེའོ།། གཏང་བར་བྱ་ཞེས་པས་མེ་ཏོག་དང་བདུག་པ་དང་དྲི་ཆབ་ཀྱང་བསྟན་ནོ།། མིའི་ཤ་ནས་བྱ་རྒོང་བའི་བར་གྱིས་དཀྱིལ་འཁོར་གྱི་བདག་པོ་སྟེ་བདག་ལས་ཐ་དད་པ་ལ ་བཤོས་སུ་དབུལ་ལོ།། ཤིན་ཏུ་མི་གཡོ་བ་སྟེ་བདག་ལྷའི་རྣལ་འབྱོར་ལས་མི་གཡོ་བ་ཡིས་ཀྱང་བཟའ་བསྟན་གཏོར་མ་བྱ་ཞིང་། སྦྱིན་བསྲེག་སྟེ་ནང་གི་སྦྱིན་བསྲེག་གི་ཆོ་གས་རྣལ་འབྱོར་པས་ཀྱང་བཟའ་ཞེས་པའི་ངོ ་ཏོ།། དཀྱིལ་འཁོར་ཐམས་ཅད་ནང་ཞེས་པ་ནི་དཀྱིལ་འཁོར་གྱི་གྲར་ཁྲག་གི་ཆུག་ཆག་གདབ་པར་བྱའོ་ཟེར། གཞན་དྲག་ནི་ཁྲག་གི་དྲི་ཆང་ནང་གཱི་ལཾ་འདོད་ངོ་།། དེ་ལྟ་བས་ན་བདག་རྡོ་རྗེ་འཇིག་སྔ་བྱེད་ཀྱི་རྣལ་འབྱོར ་དུ་གནས་པས། དཀྱིལ་འཁོར་བསྒྲུབས་ལ། ཐམས་ཅད་མ་ལུས་དབུལ་ཞེས་པ་ནི། སྦྲང་ཆེན་གྱི་མར་མེ་དང་། ཁྲག་གི་དྲི་ཆབ་དང་། ཤ་ཐམས་ཅད་ཀྱི་ལྷ་བཤོས་ལ་སྩོགས་པ་དབུལ་བར་བྱ་ཞེས་པའི་དོན་ཏོ།། གཞན ་ངག་གལ་ཏེ་དངོས་གྲུབ་མཆོག་འདོང་བྱ་བ་ལ། དཔའ་བོ་གཡུལ་དུ་ཤི་བ་འམ། འགགས་ཏེ་ཤི་བའི་ཐོབ་པར་དེའི་སྐྲ་དང་ཨརྒའི་རས་བལ་ལ་སྡོང་བུ་བྱས་ལ། དེའི་ཞག་གི་མར་མེ་བཏང་སྟེ་སྔ་མའི་ཐོད་པ་མིའི་སྒྲའི ་སྐུད་པས་བཏགས་པས་ཁ་བཅད་པས་དུར་ཁྱོད་དུ་གནས་ལ་བདག་ཉིད་རྣལ་འབྱོར་དང་ལྡན་པས་དེ་ཉིད་ཡ་བ་ཡུམ་དུ་བསམས་ཡ། དེ་ལཱ་མིའི་ཤྭ་ལ་སོགས་པས་མཆོད་ལ། དེ་ནས་སྙོམས་པར་འཇུག་པས་མཆོག ་གྲི་དངོས་གྲུབ་བསྒྲུབ་པར་བྱའོ་ཞེས་ཟེར་རོ།། དེ་ལྟར་མཆོད་པ་ལ་སོགས་པའི་རྫས་བསྟན། རྣལ་འབྱོར་པ་སློབ་མ་དང་བཅས་པས་དཀྱིལ་འཁོར་བསྒྲུབ་ཅིང་འཇུག་པར་བསྟན་པའི་ཕྱིར། དེ་ནས་རྣལ་འབྱོར་པ་ཡིས ་ནི་ཞེས་བྱ་བ་ལ་སྔོགས་པ་དག། བྱས་ཞེས་པ་སྟེ་ཕྱི་དང་ནང་གི་སྐྱོན་དག་པུའི་སློབ་མ་ཕྱི་ནང་གི་ཡོན་ཏན་དང་ལྡན་པས་བཟང་བ་སྟེ་དེ་ལྟ་བུའི་སློབ་མ་གསུམྦ་དང་ལྡན་པས་བསྒྲུབ་བོ།། གལ་ཏེ་ཞེས་བྱ་བ་ལ་ཡང་ན ་རོགས་མེད་པར་གཅིག་པུའོ།། རྣམ་པར་སྣང་མཛད་ཀྱིས་ལུས་བྱུག་བྱ་བ་ནཱི་སཱ་རུ་བཻ་རོ་ཙ་ནའི་སྒྲས་ལུས་བྱུག་པའོ།། གཅེར་བུ་བྱ་བ་ལ་སོགས་པ་བདེ་བར་འགྲོའོ།། མི་གཡོ་བར་ཞེས་བྱ་བ་ནི། བདག་ཉིད་ལྷའི་རྣལ་འབྱོར་ལས་མི ་གཡོ་བར་གནས་པས་ཞེས་བྱ་བའི་དོན་ཏོ།། རྡོ་རྗེ་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་བསྒྲུབས་ཏེ་མཆོད་ནས་འཇུག་པར་བྱའོ་ཞེས་བྱ་བའི་དོན་ཏོ།། འཇུག་པའི་སྒྲས་སློབ་མ་འཇུག ་པ་ལ་སོགས་པ་ཡང་རྒྱས་པར་ཤེས་པར་བྱའོ།། དངོས་གྲུབ་འདོད་པས་བྱ་བ་ནི་ལས་སྣ་ཚོགས་བསྒྲུབ་པར་འདོད་པས་སོ།། རོ་ཞིམ་ཆང་ནི་གཉིས་སྟེ། ར་ས་ཡ་ན་ནི་མར་མེ་ལྔའོ།། སྩོགས་ཀྱིས་ལྕགས་ཀྱུ་ལྔ་བསྡུས་ཏེ། ་དེས་མཆོད་ཅིང་སྦྱང་བར་བྱའོ།། དེ་ནས་བསྒྲུབ་བྱ་བསམས་ནས་ཞེས་བྱ་བ་ནི། གོང་ལྟར་དཀྱིལ་འཁོར་བསྒྲུབ་པ་དེ་མཆོད་ནས་སྟེ། རྡོ་རྗེ་འཇིགས་བྱེད་བྱ་བ་ནི། དེའི་དབུས་སུ་མ་ཧེའི་ཞལ་ཅན་བསམ་པར་བྱ ་ཞེས་པའོ།། དེ་སྟེཏྲབརྐྱང་བསྐུམ་གནསྭ་ཞེས་པ་ནི། ལྷོའི་སྦྱོར་དེའི་མདུན་དུའོ།། ང་རྒྱལ་ཆེན་པོ་རྩེ་གཅིག་ཞེས་པ་ནི་མ་ཧེའི་ནྡ་ལཱྀ་གྱི་ང་རྒྱལ་གྱིས་སོ།། ཤིན་ཏུ་མི་གཡོ་བ་སྟེ། ལྷའི་ཏིང་ངེ་འཛིན་ལས་མ་ཡེངས་པའོ།། བཟླས ་པ་ནི། ཨོཾ་ཧྲཱིཿཥྚྲཱིཿལ་སོགས་པའི་ཡི་གེ་བཅུ་པ་བཟླས་སོ།། དེ་ལྟར་ཟློས་པ་ལས་དངོས་གྲུབ་ཀྱི་བགེགས་བསལ་བ་བསྟན་པའི་ཕྱིར་རོ།། དེ་ལ་འཇིགས་པ་ཆེ་འབྱུང་བྱ་བ་ལ་སོགས་པས་བསྟན་ཏོ།། རྟོག་པའི་བགེགས་གསལ་བའི ་འབྲས་བུ་ནི། དེ་ལ་རྡོ་རྗེ་འཇིགས་བྱེད་དགྱེས་ཞེས་བྱ་བ་ནི། མཆོད་ཅིང་རྟོག་པ་དང་བྲལ་བྱས་བཟླས་བརྗོད་ཀྱི་བསྙེན་པ་ལ་བྱའོ།། དེ་ལ་དགྱེས་ནས་འདི་སྐད་གསུངས་བྱ་བ་ལ། བྲིས་སྐུ་ལྷ་སོགས་པས་དངོས་སུ་དངོས་གྲུབ་ཅི་འདོད་ཞེས ་གསུང་བར་འགྱུར་རོ།། དེ་ལ་རིགས་འཛིན་གྱིས་སྨྲས་པ་ཞེས་བྱ་བ་ནི་གང་འདོད་པའི་དོན་ཞུ་བའོ།། ཞུ་བའི་དོན་ནི་རལ་གྲི་ལ་སོགས་པ་ཅི་འདོད་པ་འགྲུབ་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། འདི་སྐད་དུ་སྟོན་ཏེ། བསྙེན་པ་མཿ ་ཕྱིན་པར་བྱས་པའི་སྔགས་པས། དུར་ཁྲོད་ལ་སོགས་པར་དཀྱིལ་འཁོར་ཇི་ལྟ་བ་བཞིན་བྲིས་ལ། མེ་ཏོག་དང་བདུག་པ་ལ་སོགས་པའི་མཆོད་པ་བཤམས་ལ། བདག་ཇི་ལྟར་གསུངས་པའི་ལྷའི་གནས་ལ་གནས་པས། ་དཀྱིལ་འཁོར་ལྷའི་འཁོར་ལོར་བསྒྲུབས་ལ། ཡེ་ཤེས་ཀྱི་ཀྱོ་བའི་ལས་རྫོགས་པ་ལ། མེ་ཏོག་དང་། སྤོས་དང་། སྦྲང་ཆེན་གྱི་མར་མེ་དྲང་། ཁྲག་གི་དྲི་དང་། ལྷ་བཤོས་རྣམས་མཆོད་ཡོན་སྔོན་དུ་འགྲོ་མས་མཆོད་པ་དང་། བསྟོད ་བ་བྱས་ཏེ་ཞུགསཱ་ལ། མདུན་ནཱ་སྐུ་གནས་པའི་མདུན་དུ་དྲི་ཆེན་གྱིས་ལུས་བྱུག་པ་དང་། བདུད་རྩི་ལྔ་དང་། ཤ་ལྔ་དང་ཆང་རྣམ་གཉིས་གཟའ་ཞིང་བཏུང་བ་དང་། གཅེར་བུར་བྱུང་སྟེ་སྐྲ་བཤིག་ནས་ལྷའི་ང་རྒྱལ་དུ་གནས་པས། ་ཌ་མཱ་རུ་དང་ཧེ་ཧའི་སྒྲ་སྒྲོགས་ཤིང་མ་ཡངས་པས་གསང་སྔགས་བཟླས་ཤིང་འཇིགས་པར་མི་བྱའོ།། དེ་ནས་དངོས་གྲུབ་གང་འདོད་ཞེས་གསུང་ན་གྲང་འདོད་པ་གསོལ་བ་བཏབ་ལྔ་བརྩམ་པར་བྱའོ།། ལ་ཡ་ན་རེ་རོ་ལངས་བསྒྲུབ་པའི ་དཀྱིལ་འཁོར་ཡིན་ཟེར་རོ།། གཞན་དག་ནཱི་དབང་བསྐུར་བའི་དཀྱིལ་འཁོར་དུ་འདོད་དོ།། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་སྙོམས་པར་འཇུག་པའི་ཚིག་གི་རྒྱུད་ལས་རྡུལ་ཚོན་གྱི་དཀྱིལ་འཁོར་བཤད་པ་ལ་ལི་ཏ་བཛྲ་ས་ཀལླ་སྟེ ་དང་པོའོ།། །། དེ་ལྟར་ལྷའི་གནང་བ་འམ་མཚན་མ་ཐོབ་པས་ལས་སྣ་ཚོགས་བྱ་བར་བསྟན་པའི་ཕྱིར། དེ་ནས་བཤད་པར་བྱ་ཞེས་བྱ་བར་འབྲེལ་ཏེ། ལས་རྒྱས་པ་འདིས་དངོས་གྲུབ་ཐམས་ཅད་བསྒྲུབ་ཅིང ་བསྟེར་བའི་དོན་ཏོ།། ལས་ཐམས་ཅད་ཀྱི་དང་པོ་སྦྱོར་བའི་གཙོ་བོ་ཡིན་པས་དང་པོར་བྱའོ་ཞེས་བྱ་བར་འབྲེལ་ཏེ། གསད་པ་དང་བསྐྲད་པ་ལ་སོགས་པའི་ལས་བྱའོ་ཞེས་བྱ་བའི་དོན་ཏོ།། མ་རུངས་པ་ཚར་གཅད་པའི་ཕྱིར། ་ཇི་སྲིད་གསོད་པར་འདོད་པ་ཡིས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་སྲིང་དུར་ཁྲོད་རས་ཞེས་བྱ་བ་ལ། དུར་ཁྲོད་ཀྱི་རྭས་ནི་སྐྱེས་བུའི་རོ་ཤྲན་ནོ།། དེ་མར་གྱི་ངོ་ལ་ཁྲུ་ཕྱེད་ཀྱི་ཚད་ལ་དུག་ལ་སོགས་པ་གསུངས ་པའི་རྫས་དཀར་རྩི་དང་བག་ཕྱེ་ལ་བསྒྲེས་ཏེ་རས་དེ་ལེགས་པར་བླགས་ཏེ་བརྒྱང་ངོ་།། རྡོ་རྗེ་འ་རྫོགས་བྱེད་ཆེན་པོའི་བྱ་བ་ནི་དེའི་རྒྱུད་ཀྱི་འཁོར་ལོ་བཅུ་དྲུག་པ་བྲི་ཞེས་བྱ་བར་འབྲེལ་ཏོ།། བཅུ་དྲུག་ཆ་བགྲོ་བའི་ཕྱིར། རོའི་སྲུང ་པས་དང་པོར་ཐིག་གཉིས་སོ།། ཡང་གཉིས་འཚམས་སུའོ།། ཡང་བཞི་ནི་ཕྱོགས་སུའོ།། དེ་བཞིན་དུ་ཕྱིའི་ཆ་ནི་དེ་བཞིན་དུ་བགྲོས་པས་བཅུ་དྲུག་ཏུ་འགྱུར་རོ།། དེ་ནས་ཕྱེང་ལྔས་ནང་དུ་བསྐོར་བས་ཆ་དགུའི་ལིང་ཚོའོ།། ཕྱིའི་ཕྱེད ་ལུལས་བསྐོར་བས་ཆ་བཅུ་གཉིས་པའོ།། དེ་ནས་ཕྱི་བསྐོར་བས་ཆ་བཅུ་གཉིས་པའོ།། དེ་ནས་ཕྱི་བསྐོར་བས་ཆ་བཅུ་དྲུག་པ་སྟེ། ལ་ཞེས་བྱ་བ་ནི་དེ་ལྟར་ཐིག་བཏབ་ལ་ཞེས་པའི་དོན་ཏོ།། ཅིས་བྲི་ཞེ་ན། དུག་དང་མ་དུ་ལུང་ག་དང ་ནིམ་པ་དང་རོ་བསྲེགས་པའི་སྩོལ་བ་ལ་སྟུག་ཆེ་བསྲེས་ཏེ་བྱའོ།། སྠཱ་གུནྠི་སྒྲོ་རྩ་འམ་རུང་བ་ལས་སོ།། རྣལ་འབྱོར་ལྷོར་བལྟས་པས་གཅེར་བུ་སྐྲ་གྲོལྔ་ཞེས་པ་ནི་ལུས་ལ་དྲི་ཆེན་བྱུག་པས་སོ།། མ་ཧེ་ཞལ་གྱི་རྣལ་འབྱོར་གྱིས ་ཞེས་པ་ནི། རང་ལྷའི་རྣལ་འབྱོར་ལས་མི་ཡེངས་པས་རྗེས་ལ་རེག་བཞིན་དུ་བཟླས་པས་འབུམ་དུ་བྱའི་ཞེས་པའི་དོན་ཏོ།། དེ་ནས་ཉི་མ་ཕྱེད་ན་དམ་ཚིག་གི་སྔགས་དང་ཕྱག་རྒྱར་ལྡན་པས་བྲི་བར་བསྟན་པའི་ཕྱིར། མེ་གཉིས ་བར་དུ་སྒྲུབ་བྱའི་མིང་།། ཞེས་བྱ་བཱ་ལཱ། དབུས་སུ་རླུང་གི་ས་བོན་གྱི་དབུས་སུ་ཆུང་བའི་མིང་དང་། འཚམས་ཀྱི་ལེང་ཚེ་ལ་མེ་སྟེ་ར་གཉིས་ཀྱི་བར་དུ་ཆུད་པ་དང་། ཕྱོགས་ཀྱི་བཞི་དང་བཅུ་གཉིས་པ་ལ་ཡི་གེ་བཅུ་པའི་སྔགས་ཀྱིས་བསྐོར་ཞེས། ་བ་སྟེ། ཡི་གེ་བཅུ་པ་སྒྲུབ་བྱའི་མིང་དང་བཅས་པས་སོ།། ཧཱུཾ་ཡིག་བརྒྱད་པས་མནན་ཞེས་པ་ནི་ལེང་ཚེ་བརྒྱད་ལ་ཧཱུཾ་བརྒྱད་བྲིས་ལ། རེ་རེ་བཞག་པའི་སྟོང་པ་ལ་སྔ་མ་བཞིན་བྲིའོ།། གཞན་དག་ནི་ནང་གི་བརྒྱད་པ་དང་། བཅུ་ག ་པ་ལཱ་རཾ་གྱི་དབུས་སུ་མིང་བྲིས་ལ། དེའི་མཐའ་ཡི་གེ་བཅུ་པས་བསྐོར་བར་བྱིས་ལ། བཅུ་དྲུག་པ་ལ་བརྒྱད་བསལ་མནན་ལ་ཧཱུཾ་བརྒྱད་བྲིས་ལ་སྟོང་པ་ལ་བསྐུལ་ཚིག་མིང་དང་བཅས་པ་བྲིའོ་ཞེས་ཟེར། སྟེང་དང་འོག་ནི་གཡས ་བསྐོར་གཡོན་བསྐོར་རོ།། བྱུགྶ་ཞེས་པ་ནི་སྐེ་ཚྭའི་མར་གྱིས་སོ།། འཁོར་ལོ་ཅན་དང་གཉིས་སུ་གཞུག་ཅེས་བྱ་བ། ཏིང་ངེ་འཛིན་གྱིས་དོན་བཅུག་ལ་དེ་ནས་རབས་ཆུད་ཀྱི་ཐོད་པ་ཁཱ་སྦྱར་དུ་གཞུག་སྟེ་མིའི་སྒྲའི་སྐུད་བསྡུ་བཅིང ་ཞེས་བྱ་བའི་དོན་ཏོ།། སྐྱེད་པོ་ཞེས་བྱ་བ་ལ། མི་རྐང་གི་སྒྱེད་པོ་གསུམ་གྱི་ཐོག་ཏུ་བཞག་པའོ།། གཞན་དག་ཐོད་པའི་སྙིང་པོ་བྱེད་ཞེས་ཀྱང་ཟེར། དུར་ཁྲོད་ཤིང་ནི་རོ་བསྲེགས་པའི་ཤིང་ངོ་།། མེ་པུ་ཞིང་ཞེས་བྱ་བ་ནི་བསྒོ་བའོ། ་རྐང་པ་གཡོན་པས་མནན་ཞེས་པ་ནི་བདག་ཉིད་མ་ཡེངས་པས་རོལ་པའི་སྟངས་ཀྱིས་མནན་པའོ།། ཡི་གེ་བཅུ་པའི་སྔགས་བསྐུལ་ཚིག་དང་བཅས་པ་བཟླས་ན་གསུངས་པ་ལྟར་འགྱུར་རོ།། གལ་ཏེ་འདོད་ན་འགྱུར་རོ་ཞེས་བྱ་བ ་འབྲེལ་ཏེ། གོང་གི་ཐོད་པ་ཐབ་ཁུང་འོག་སྟེ་དུར་ཁྲོད་ཀྱི་ཐབ་ཀྱི་འོག་ཏུ་བཅུག་ནས་བསྐུལ་ཚིག་དང་བཅས་པའི་སྔགས་བཟླས་ན་ཇི་སྐད་གསུངས་པ་བཞིན་དུ་འགྱུར་རོ།། འཁོར་ལོ་གོང་དང་མི་འདྲ་བའི་ཐབས ་གཞན་བསྟན་པའི་ཕྱིར་དེ་ཉིད་ལ་བཤང་ངེ་ཞེས་བྱ་བར་འབྲེལ་ཏེ། སྔར་བསྟན་པ་དེ་ཉིད་ལས་བྱ་བའི་ཁྱད་པར་བསྟན་པ། ཡི་གེ་སུམ་ཅུ་རྩ་གཉིས་ཀྱི་བསྐོར་བྱ་བ་ལ། རེ་མིག་དགུ་པ་དང་། བར་མ་སུམ་ཅུ་རྩ་གཉིས་བྲིས་ལ། ་ཡི་གེ་བཅུ་པ་སྣ་བསྣུན་ཞིང་བསྐོར་ཞེས་བྱ་བ་ནི་བཅུ་དྲུག་པ་ཐམས་ཅད་ལ་མིང་དང་དཔེལ་བའི་ཡི་གེ་བཅུ་པའོ།། སྔོན་བཤད་པའི་རྫས་ཀྱིས་བྲི་ཞེས་པ་དུག་ལ་སོགས་པས་སོ།། བྱ་རོག་གིས་ཟོས་པའི་ལྷག་མ་དང་། དྲི་ཆེན ་གྱིས་བྱུག་པའི་ཁྱད་པར་ནི་འདིའི་ཁྱད་པར་རོ།། སྔོན་གྱི་ཐབས་ཞེས་པ་ནི་ཐམས་ཅད་སྔ་མཱ་བཞིན་ནོ།། བསྐུལ་ཚིག་དང་བཅས་ཏེ་སྔགས་ཟློས་ཤིང་དུར་ཁྱོད་དུ་སྦས་ན་དེ་འཆི་བར་འགྱུར་རོ།། སོ་སོའི་བསྐུལ་ཚིག་དང་བཅས་པས ་སྔགས་བཟླས་ན་གསུངས་པ་ལྟར་འགྱུར་རོ།། གཞན་དག་ནི་འཁོར་ལྷོ་སྔ་མ་ལྟར་སྦས་ཏེ་སྦྱིན་བསྲེགས་སོ་སོར་བྱས་པས་འགྱུར་ཟེར་རོ།། གྲོལ་བའི་རྒྱུ་ནཱཾ། འཁོར་ལོ་ཕྱུང་སྟེ་འོ་མ་དང་ཙན་དན་གྱི་ཆུས་བཀྲུས་ན་གྲོལ་བར་འགྱུརརོ།། ་གསང་བའི་ཐབས་གཞན་ཡང་བཤད་པར་བྱ་སྟེ་ཞེས་པ་ལ། སྔོན་གྱི་ལས་ཏེ་ཐམས་ཅད་གཤིན་རྗེའི་སྔགས་སུམ་ཅུ་རྩ་གཉིས་པ་བཞིན་ཏེ། ཁྱད་པར་ནི་དྲི་ཆེན་བྱ་བ་ལ་སོགས་པ་སྟེ། རྫས་རྣམས་ལས་སྒྲུབ་བྱའི་གཟུགས་སོར ་བརྒྱད་པ་བྱས་ལཱ། སྙིང་ཁ་སྟེ་དེའི་སྙིང་ཁར་སྔགས་ཏེ་སུམ་ཅུ་རྩ་གཉིས་པའི་འཁོར་ལོ་གཞུག་པའོ།། ཡན་ལག་ལྔ་ལ་ཕུར་བུས་གདབ་བྱ་བ་ནི་ལྐོག་མ་དང་སྙིང་ཁ་དང་ལྟེ་བ་དང་གསང་བ་དང་སྨིན་འཚམས་ལྔར་མཆོག་གི་ཕུར་བུས ་གདབ་པའོ།། ཚིག་རྣམས་རྣོན་པོས་དགྲང་བར་བྱ་ཞེས་པ་ནི། ཚིག་ཐམས་ཅད་ཚེར་མས་དགང་བའོ།། ཐོད་པར་གཞག་པ་ནི་རབས་ཆད་ཀྱི་ཐོད་པ་ཁ་སྦྱར་གྱི་ནང་དུ་བཅུག་སྟེ་མི་ཤི་བའི་སྐྲའི་སྐུད་པས་བཀྲིའོ།། དུར་ཁྲོང་ས་ཞེས ་བྱ་བ་ལ་སོགས་པ་ནས་གནས་བདུན་གྱི་ལྷ་ཞེས་བྱ་བར་འབྲེལ་ཏེ། དེ་ལྟར་གནས་བདུན་གྱི་ས་ལས་གཤིན་རྗེའི་གཟུགས་ཇི་སྐད་གསུངས་པ་ལྟར་བྱས་ལ། སྙིང་ཁར་བཅུག་བྱ་བ་ལ། དགུག་པ་སྔོན་དུ་སོང་བའི་སྔར་གྱི་དེ་གཞུག ་པར་བྱ་བའོ།། ཧི་མ་ཕྱེད་དམ་ཞེས་པ་ནི། མར་ངོའི་བརྒྱད་དམ་བཅུ་བཞིའི་ཉི་མ་ཕྱེད་དམ་མཚན་ཕྱེད་ནའོ།། དུར་ཁྲོད་ཁུང་བུ་ནི་རོ་བསྲེགས་པའི་སར་རོ།། རིང་པོར་བྱ་བ་ནི་སཱ་དིར་རོ།། དེར་གོང་གི་གཤིན་རྗེའི་གཟུགས་དེ་གཞུག ་པའོ།། མ་ཧེའི་ཞལ་ནི་བདག་ཉིད་རྩེ་གཅིག་པའོ།། ཁྱིམ་དུ་འོངས་བྱ་བ་ནི་སྔར་གྱི་དེ་སྦས་ཏེ། རང་གི་ཁྱིམ་དུ་ཕྱིས་ལྷའི་ང་རྒྱལ་གྱིས་ཡི་གེ་བཅུ་པ་སྒྲུབ་བྱའི་མིང་བསྐུལ་ཚིག་དང་བཅས་པ་བཟླས་པའི་དོན་ཏོ།། དེའི་འབྲས་བུ ་ཞག་གསུམ་གྱིས་ངེས་པར་གསོད་པར་བྱེད་དོ།། ཙན་ངན་དང་འོ་མས་བཀྲུས་ན་སོས་པར་འགྱུར་རོ།། རེངས་པའི་ཐབས་ནི། དེ་ནས་བཤང་ཞེས་བྱ་བ་ལ་ཁོ་ན་མ་ཐོ་བ་མེད་པའི་བྱི་བའི་ལྤགས་པ་ཞེས་པ་ནི་སྲུང་པུ་བཤུས་པ་ལ། དུག་ལ ་སོགས་པ་ཞེས་བྱ་བ་ནི། དུག་དང་མ་དུ་ལུང་ཀ་དང་ནིམ་པའི་འབྲས་བུ་དང་། རོ་བསྲེགས་པའི་སོལ་བ་དྲང་བསྲེས་པས་སོ།། དེས་ནི་ཡི་གེ་བཅུ་པའི་སྔགས་མིང་དང་བསྐུལ་བར་ལྡན་པར་བྲིའོ།། སྒྲུབ ་བྱའི་རྐང་རྗེས་དང་གཅི་བའི་སས་བཀང་སྟེ། དྲིའི་སྒྲའི་སྐུད་པས་ཁ་བཅིངས་ལ། གསུངས་པའི་རྫས་ཀྱི་སྐོང་བུར་གོང་མ་བཅུག་ཅིང་དུར་ཁྱོད་མེ་ལ་བསྲོ་ཞིང་སྔགས་བཟླས་ནས། བདག་ལྷའི་རྣལ་འབྱོར་དང་ལྡན་པའི་རྐང་པས་མིནན ་ཏེ་སྔགས་བཟླས་ན་གསུང་བ་ལྷུར་འགྱུར་རོ།། དབྱེ་བོའི་འཁོར་ལོ་བསྟན་པའི་ཕྱིར། ཡང་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔོན་གྱི་ཐབས་ནི་སུམ་ཅུ་རྩ་གཉིས་པའི་འཁོར་ལོའོ།། འཁོར་ལོ་དེ་གནས་བདུན་གྱི་ས་ལས ་རྟ་དང་མ་ཧེ་བྱས་ལ། གཉིས་པའི་སྙིང་ཁྱེར་འཁོར་ལོ་བཅུག་སྟེ་ཤིང་ནིམ་པའི་དྲུང་དུ་བཞག་སྟེ། ཏིང་ངེ་འཛིན་དང་ལྡན་པས་མི་གཱཡོ་བཱར་བཟླས་ན་སྔ་མ་བཞིན་ནོ།། དེ་ནས་བསྐྲང་བར་འདོད་པས་ཞེས་པ་ལ། གྲོང་གི་འཁོར་ལོ ་ནས་བདུན་གྱི་ས་ལས་བྱས་པའི་རྔ་མོང་གི་སྣང་ཁར་བཅུག་སྟེ། སྒྲུབ་བྱ་རླུང་གི་སྟེང་དུ་གནས་པར་བསམ་ཞིང་། བདག་ཉིད་ཀྱི་ས་བོན་ལས་འོད་ཀྱིས་བསྐང་པར་བསམས་པའོ།། ཡང་གཞན་བཤད་དེ། གཏུམ་པའི ་ཉི་མ་སྟེ་མར་ངོའི་སྐར་མ་གཏུམ་པོ་ལ་ཚ་བའི་མར་ཁུས་བྱུགས་ཏེ་ནིམ་པའི་ཤིང་ཀར་གནས་ནས། ཉ་ཕྱིས་ཀྱིས་སྔ་མའི་མར་བཞར་ལ། མ་ཧཱ་དེ་བའི་རས་དང་སླང་ང་གཉིས་ཁ་སྦྱར་བར་དུ་ངུ་བ་མེད་པར་བསྲེགས་པའི ་ཐལ་བ་ཉ་ཕྱིས་བཞར་བའི་མར་དང་བསྲེས་ཏེ། མཱན་དུག་དང་ལྡན་པས་གསུངས་པ་ལྟར་བྱུགས་ན་སྡོང་པར་འགྱུར་རོ།། ཡང་བཤད་པར་བྱ་བ་ནི་བསྐྱང་བའི་ཐབས་སོ།། རླུང་གི་དཀྱིལ་འཁོར་བྱ་བཱ་ལ་སོགས་པ། སྔགས་ནི་བཅུ་པའོ།། བསྐོར ་བ་ནི་སྤེལ་བའོ།། མ་ཧེའི་ཞལ་ནི་བདག་ཉིད་ལྷའི་སྦྱོར་བ་དང་ལྡན་བྱས་བཀུག་སྟེ་འོད་ཀྱིས་བསྒྲེང་པར་བསམ་མོ།། འཛམ་གླིང་གར་འདོད་པར་རཾ།། ཡང་ལུས་ལ་ཚ་བའི་མར་བྱུགས་ཏེ་བྱ་རོག་གི་ཚང་གི་ཤིང་བླངས་ཏེ། དུར་ཁྲོད་ཀྱི་མེ་ལ ་བསྲེགས་ཏེ་ཐལ་བ་དེ་མ་ཡེངས་པའི་སྔགས་བཟླས་ཏེ་གཏོར་ནའོ།། ཡང་ཐབས་བྱ་རོག་འུག་པའི་གུང་རུ་ལ་མིང་བྲིས་ཏེ་གསུངས་པ་ལྟར་འགྱུར་རོ།། ཡང་དུག་ལ་སོགས་པ་སྟེ་སྔོན་དུ་གསུངས་པའི་སྣག་ཚྭས་དུར་ཁྲོད་ཀྱི་རས་ལ ་སྒྲུབ་བྱའི་མིང་དབུས་སུ་ཡང་སྤེལ་བ་གཞན་སྔོན་ལྟར་བྲིས་པ་དེ་ནི་ནེའུ་ལེ་དང་སྦྲུལ་གྱི་ལྤགས་པ་རས་བལ་དང་ལྡན་པར་དྲིལ་ཏེ་སྡོང་བུ་བྱས་ཏེ་མར་མེ་བཏང་ལ་སྔགས་བཟླས་པའོ།། གཞན་ཡང་མ་ཧཱ་དེ་བའི་རས་ལ་འཁོར་ལོ་སྟོན། ་ལྷོར་བྲིས་ཏེ་མཱན་དྲག་ཇི་ལྟ་བས་བྱས་ནུའོ།། ཡང་རམས་བྱ་བཱ་ནི་གཞི་དང་སྣག་ཆེའི་ཁྱད་པར་རོ།། གཞན་སྔོན་བཞིན་ནོ།། ཡང་དབང་གི་ལས་བཤད་པ། གནས་བདུན་གྱི་ས་ལ་སོགས་པ་ལ་གཟུགས་བརྟན་བྱས་པ་ལ་འཁོར་ལོ ་ཇི་ལྟ་བ་བཞིན་བྲིས་ཏེ། འཁོར་ལོ་དེ་མཆོད་ནས་གོང་གི་སྙིང་ཁར་བཅུག་ནས་སྔགས་བཟླས་པས་སོ།། ཟས་སུ་བཅུག་སྟེ་སྔགས་བྱུང་བར་བཟླས་ཏེ་ཁོང་དུ་སྦྱིན་པས་སོ།། ཡང་དུག་ལ་སོགས་པ་སྟེ་སྔོན་ལྟར་འཁོར་ལོ ་བྲིས་ཏེ་དྲི་ཆེན་དང་ཤ་ཆེན་ལས་གཟུགས་བརྙན་བྱས་པའི་སྙིང་ཁར་གོང་མ་བཅུག་ནས་བྱས་ན་དེ་ལྟར་འགྱུར་རོ།། ཡང་གྲོ་ག་ལ་སུམ་ཅུ་རྩ་གཉིས་པའི་འཁོར་ལོ་བྲིས་ཏེ། སྦལ་བ་ནག་པོའི་གསུས་པར་བཅུག་སྟེ ་མན་ངག་དང་ལྡན་པས་རྣམ་པར་སྣང་མཛད་དྲམ། རང་གི་ཐེམ་པའི་འོག་ཏུ་བཅུག་ན་གསུངས་པ་ལྟར་འགྱུར་རོ།། དེ་ནས་བཤད་པ་བྱ་བ་ལ། དུར་ཁྲོད་རས་ལ་སྔོན་གྱི་རྫས་ཀྱིས་འཁོར་ལོ་བྲིས་ལ། འཚམས་ལ་ལམ་དང་མིང་སྤེལྔ་བ ་དང་བསྐུལ་ཚིལ་དང་ལྡན་པའི་འཁོར་ལོ་བྲིས་ལ། དུར་ཁྲོད་ཀྱི་སོལ་བས་གཟུགས་བྱས་པའི་སྙིང་ཁར་བཅུག་སྟེ། ཏིང་ངེ་འཛིན་དང་ལྡན་པས་བསྐུལ་ཚིག་དང་ལྡན་པས་སྔགས་བཟླས་ན་དེ་བཞིན་དུ་འགྱུར་རོ།། ཐབས་ནི་ས ་ལཱ་བསྟན་མི་བྱ་བ་ལ་སོགས་པ་གོ་སླ་སྟེ་མ་ཕྱེའོ།། རྡོ་རྗེ་འཇིགས་བྱེད་ཀྱི་ཚིག་གི་རྒྱུད་ལས་གསད་པ་ལ་སོགས་པ་བསྒྲུབ་པའི་ཀལ་པ་སྟེ་གཉིས་པའི་བཤང་པའོ།། ་ད་ནི་བཤད་དེ་ཞེས་བྱ་བ་ལ་སོགས་པ་ལ། ལས་སྣ་ཚོགས་བསྒྲུབ་པ་ལ་སྔགས་དང་འབྲེལ་བསྭ། ང་ནི་ཞེས་བྱ་བ་གསུམ་པ་སྔགས་བཏུ་བའི་སྐབས་ལ་བབ་པས་དེ་བཤད་ཞེས་པའི་དོན་ཏོ།། སྔོན་དུ་བརྟགས་པའི་གནས་སུ་འདུག ་ནས་བྱ་བ་ལ། དུར་ཁྲོད་ལ་སོགས་པ་སྔོན་དུ་གསུངས་པའི་གན་སུ་རྣལ་འབྱོར་པས་བསྙེན་པའི་སྔགས་བཏུ་བར་བྱ་བ་དང་། སྔོན་དུ་བརྟགས་པ་སྟེ་གནས་གསུམ་པོ་ལ་དགོད་པའི་སྔགས་བཏུ་བར་བྱ་ཞེས་པའི་ཐ་ཚིག་གོ།། ་དེལ་སུམ་ཅུ་རྩ་གཉིས་པ་བསྟན་པའི་ཕྱིར། དྲུག་པའི་དང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དྲུག་པའི་དང་པོ་ནི་ཡ་སྟེ་དང་པོའོ།། ལྔ་པའི་ལྔ་པ་ནི་མཱའོ།། དྲུག་པའི་གཉིས་པ་ནི་རའོ།། དབྱངས་ཡིག་གཉིས་པ་ནི་ཨཱ་རིང་པོའོ།། ་དེ་དྲང་ལྡན་པས་རར་འགྱུར་རོ།། གཉིས་པའི་གསུམ་པ་ནི་ཛའོ།། དེ་ལ་ཡང་ཨས་བརྒྱན་པས་ཛཱའོ།། བདུན་པའི་གསུམ་པ་ནི་སའོ།། བཞི་པའི་གསུམ་པ་ངའོ།། དེ་བཅུ་གསུམ་པ་ཨོཾས་བརྒྱན་པས་དོན་འགྱུར་རོ།། ལྷ ་པའི་ལྔ་པ་ནི་ཡང་མའོ།། བཅུ་གཅིག་པ་ཨེས་བརྒྱན་པས་མེའོ།། དྲུག་པའི་དང་པོ་ལའོ།། ངེས་ཉི་མ་དང་པོའི་སྔགས་སོ།། ཡང་ནི་དྲུག་པའི་དང་པོ་ཡའོ།། ལྔ་པའི་ལྔ་པ་མ་སྟེ་དེ་ལ་བཅུ་གཅིག་པས་མེར་རོ།། བཞི་པའི ་གསུམ་པ་བ་སྟེ། བཅུ་གསུམ་པས་དྲོའོ།། དྲུག་པའི་གཉིས་པ་རཱ་ལ། དབྱངས་ཡིགཱ་ལྔ་པ་ཨུས་བརྒྱན་པས་རླུར་འགྱུར་རོ།། གསུམ་པོའི་ལྔ་པཱ་ཎའོ།། རླུང་གི་ས་བོན་ཡ་དེའི་འོག་ཏུ་བཞག་པ་ལ། བཅུ་གསུམ་པ་ཨོས་བརྒྱན ་པས་ཡའོ།། བཞི་པའི་གསུམ་པ་ནི་ངའོ།། རླུང་གི་ས་བོན་ལ་སོགས་པཱ་སྔ་མ་བཞིན་དེ་གོ་སླའོ།། ངེས་ན་ཉི་མ་གཉིས་པ་གསུམ་པ་དང་བཞི་པའི་བཟླས་པའི་སྔགས་སུ་འགྱུར་ཏེ། དེ་དག་ལ་སྔོན་དུ་རྣམ་པར་སྣང་མཛད ་དེ་ཨོཾ་བཞག་པ་ལ། དབང་ཆོ་ག་ཡན་ལག་དང་ལྡན་པའོ།། ལྔ་པའི་གཉིས་པ་ཕ་དང་། གསུམ་པའི་དང་པོ་ཊར་ལྡན་པས་ཕཊ་ཏུ་འགྱུར་ལ། དེ་གཉིས་འགྱུར་དུ་མཇུག་ཏུ་བཏགས་ཏེ་བཟླས་པར་བྱའོ།། དྲུག་པའི་དང་པོ ་ཊྚ་དྲུང་བ་ད་མ་གས་སྨྲས་དབྱས་སུ། གསུས་པཎྜི་ངན་པ་དང་ལྡན་པར་གནས་པ་ན་ང་ཟ་ནཱ་མ+Wཱར་ན།། དང་བུར་གཉིས་པ་དང་ཤཱན་བྱའི་བྱུངན་པ་ནི་ཉིད་གི་།། 8 ་དདྲན་པཱ་དང་གཉིས་པའི་གཉིས་བཱ་ནི་དེའི་བྱུང་ངུའོ།། གཉིས་པའི་བདུན་པ་དང་གསུམ་པའི་གཉིས་པ་ནི་དོའི་ཤར་དུའོ།། བཞི་པཱའི་གསུམ་པ་དང་གཉིས་པའི་ལཱ་པཱ་ནི་རིམ་པ་གཉིས་པའི་ལྷོར་རོ།། ང་ནས་བཟུ་སྟེ་གོ་རིམྦྷ་སྣ་སྦྱར། ་ནི་པའི་བཞི་པ་བརྩེག་མ་ནི་གཉིས་པ་གྱིའོ།། བཞི་པའི་ལྔ་པ་ནཱི་གསུམ་པ་ལའོ།། དང་པོའི་གསུམ་པ་དང་བཞི་པའི་དྲག་པ་ནི་བཞི་པ་ལའོ།། དང་པོའི་བཞི་པ་ནི་ལྦ་བ་ལའོ།། དྲང་པོའི་ལྔ་པ་ནི་དྷག་པཱ་ལའོ།། དང་པོའི་དྲུག ་བང་གཉིས་པའི་གསུམ་པ་ནི་བདུན་པ་ལའོ།། གཉིས་པའི་བཞི་པ་ནི་བརྐྱང་བ་ལའོ།། གཉིས་པའི་ལྔ་པནྡེ་དགུ་པཱ་ལའོ།། གཉིས་པའི་དྲུག་པ་དང་གསུམ་པའི་གསུམ་པ་ནི་བཅུ་པ་ལྔའོ།། གསམ་པའི་བཞི་པ་ནི་བཅུ་གཅིག་པ་ལྕིའོ།། ་གསུས་པ་ལྦུ་བ་ནཱི་དྷཛྫཿཙྪས་མ།། འ་འདས་པ་ས་ཤེས་བྱུ་ནི་འཕགས་པ་འངས་དཀྱིལ་སྦྱིན་པའི་རྒྱུད་དེ། རྡོ་རྗེ་འཇིགས་བྱེང་རྒྱན་པའི་རྒྱུད་ལས་ཞེས་པའི་དྲིན་ཏོ།། མ་ཧེ་ཞལ་གྱི་ལྷས་ཐམས་ཅད་ཞེས་བྱ་བ་སྟེ ་བཙནས་གྱི་ཏིང་ངེ་འཛིན་གྱིས་ལས་ཐམས་ཅད་བསྒྲུབ་པ་རྗོད་དུ་བསྙེན་པའི་སྔགས་ཏེ་སྐུའི་འོ། གཞན་དུལ་ས་ཐམས་ཅད་ཀྱི་འཁོ་མོའི་སྔགས་སུ་ཡང་གསུངས་ས། བསྡུས་པས། ཨོཾ་ཞེས་བྱ་བ་ལ་སོགས་པ་སྟེ།། ་འབྲུམ་ཕྲག་གཅིག་ཞེས་བྱ་བ་ནི་བཟླས་པའི་གྲངས་ཏེ། འདིར་འབུམ་ཕྲག་གསུམ་གྱིས་ལས་ཐམས་ཅད་བྱེད་པའོ།། འདིར་དེ་མི་འབྱུང་བར་བྱ་བའི་བར་སྔགས་དང་འཁོར་ལོའི་ཆེ་བ་བསྟན་པའོ།། ཉེ་བའི་སྙིང་པོ་བསྟན་པའི་ཕྱིར་བདུད ་པའི་བཞི་པ་ཞེས་བྱ་བ་ལ་སོགས་པ་ལ། བདུན་པའི་བཞི་པ་ནི་ཧའོ།། དབྱངས་ཡིག་བཞི་པ་ལྡན་པ་ནི་ཨིའོ།། མེའི་ས་བནར་ནི་ར་སྠེ། ཧཱའི་འོག་ཏུ་ར་ལྡན་པའོ།། ཚེག་དྲག་ནི་དྲག་པར་གཅད་པའི་ཚིག་གཉིས་སྟེ་ཧཱ ་ཞེས་བྱ་བར་འགྱུར་རོ།། བདུན་པའི་གཉིས་པྲ་ཥཱའོ།། བཞི་པ་ཨི་ལྡན་པའོ།། གསུམ་པའི་དང་པོ་ཊ་སྟེ་ཥའི་འོག་ཏུའོ།། མེའི་ས་བོན་ར་ཏེ་དེ་དེར་བཅུག་པས་ཥྚིཿཏེ་ཆེག་དྲག་དང་ལྡན་པ་སྔ་མ་བཞིན་ནོ།། དྲུག་པའི ་བཞི་པ་ནི་ཝའོ།། དབྱངས་ཡིག་གསུམ་པ་ནི་ཨིའོ།། དེས་ལྡན་པས་ཐིའོ།། དང་པོའི་དང་པོ་ནི་ཀའོ།། མེའི་ས་བོན་ནི་ར་ཏེ་འོག་ཏུ་ལྡན་པས་ཀྲིར་འགྱུར་རོ།། བཞི་པའི་དང་པོ་ནཱི་ཏའོ།། དབྱངས་ཡིགྲ་གཉིས་པ་ནི་ཨཱ ་སྟེ་ང་དང་ལྡན་པས་ཏྭ་རིང་པོར་འགྱུར་རོ།། བཞི་པའི་ལྔ་པ་ན་ནའོ།། དེ་ཁོ་ན་ཞེས་པ་སྣང་ན་སྟེ་གཉིས་སོ།། དེ་རྣམས་ལ་དང་པོ་སྟེ། གླང་དུ་རྣམ་པར་སྣང་མཛད་དེ་ཨོཾ་བཞག་གོ། ཡ་ལ་སོགས་པའི་བརྒྱད་པ་ཧའོ།། ་དྲུག་པ་ཨུ་སྟེ་དེར་བརྒྱན་པས་ཧུའོ།། སྟེང་དུ་ཐིག་ལཾས་བརྒྱན་པའོ།། ལྔ་པའི་གཉིས་པ་ཕ་དང་གསུམ་པའི་དང་པོ་ཊ་སྟེ་དེས་ཕཊ་དོ།། འདི་དེ་སྔགས་ཀྱི་རྒྱལ་པོ་ཞེས་པ་ངེས་པའོ།། མ་ཧེ་ཞལ་གྱི་བཟླས་པ་དང ་འཁོར་ལོ་གསུམ་པ་ལ་བཀོད་པས་ལས་ཐམས་ཅད་བྱེད་བའོ།། ཨོཾ་ཞེས་བྱ་བ་ལ་སོགས་པ་སྟེ། འབུམ་ཕྲག་གསུམ་སྔོན་དུ་བསྙེན་པ་བྱས་ནས། དྲིས་ལས་ཐམས་ཅད་འགྲུབ་པར་བྱེད་པའི་སྔགས ་ཞེས་བྱ་བའི་དོན་ཏོ།། སྙིང་པོ་བསྟན་པའི་ཕྱིར། བྱུག་པའི་དང་པོ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། འདི་ངོ་ཞེས་བྱ་བ་མ་ཧེ་ཞལ་ཅན་གྱི་སྙིང་པོ་བསྐྱལ་བར་བྱེད་བས་སྙིང་པོར་གསུངས་ཏེ། ཨོཾ་ཞེས་བྱ་བ་ལ་སོགས་པ་སྟེ། ་འདི་འབུམ་ཕྲག་གསུམ་བཟླས་པས་ཁམས་གསུམ་སྟེ་འཁོར་ལོ་གསུམ་པ་འམ། ཁམས་གསུམ་གནས་པའི་ལས་ཐམས་ཅད་ཅེས་བྱ་བའི་ཐ་ཚིག་གོ། ཤིན་ཏུ་མི་གཡོག་སྔགས་བཏུ་བྱ། ཞེས་བྱ་བ་ནི་སེམས་མ་འཁྲུལ་པས ་བཅུ་བའོ།། ངེས་ན་མི་གཡོ་བས་སྔགས་བཟླས་པའོ།། ངེས་མི་གཡོ་བར་ལས་འགྱུང་པར་བྱེད་པའི་སྔགས་བཏུ་བའོ།། དཔལ་རྡོ་རྗེ་འཇིགས་བྱེད་རྣལ་འབྱོར་གྱི་རྒྱུད་ལས་སྔགས་བཏུ་བབཱི་ལ་ལི་བཛྲས་ཀལ་བ་གསུམ་པའི ་བཤང་བའོ།། ། དེ་ནས་བཤད་དྷེ་བྱ་བ་ལ། སྒྲུབ་ཐབབ་ནི་འཇིགས་བྱེད་ཀྱིའོ།། སྔགས་བཏུ་བའི་སྔོན་དུ་འགྲོ་བས་ནི་དྲི་ནས་པར་མེད་པ་སྟེ་བཀྲ་ཤིས་པ་འམ་ཡང་ན་དེ་ནས་ནི་སྒྲུབ་ཐབས་སྟོན་པ་སྟེ། དེ་ནས་ཞེས་བྱ ་བ་ནི་དུར་ཁྲོང་ལ་སོགས་པ་སྔོན་དུ་གསུངས་པའི་གནས་སུ་རྣལ་འབྱོར་པ་བདེ་བའི་སྟན་ལ་འདུག་སྟེ། རང་གི་གླིང་ཁར་ཟླ་བ་ལ་རང་གི་ས་བོན་བཀོད་དེ། དེའི་སྣང་བས་བླ་མ་དང་བཅས་པ་གསལ་བ་ལ་ཕྱག་འཚལ་བ་ནས། @ ་སྙོམས་ཀྱི་བར་བསྒོམས་ནས། དེའི་རྗེས་སུ་སྟོང་པ་ཉིད་བསྒོམ་པའི་ཕྱིར། དངོས་པོ་ཐམས་ཅད་དེ་ཕུང་པོ་ལ་སོགས་པ་རང་བཞིན་མེད་པར་མོས་པ་ལ་སོགས་པ་བྱས་ལ་ལྷ་བསྐྱེད་ཅེས་བྱ་བའི་དོན་ཏོ།། དེས་ན་དང་པོར་སྭཱ་བྷ་ཝ་ཞེས ་པ་ལ། དང་པོར་ཞེས་བྱ་བ་ནི། ཨོཾ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྟེ། དེ་ནས་སྭ་བྷ་བ་ཨང་མ་ཀོ་ཧཾ། ཞེས་བྱ་བའི་སྔགས་པས་དེའི་དོན་བསྒོམ་ཞེས་པའོ།། དེ་ནས་པར་སྣང་གི་ནམ་མཁའ་སྟེ་སྟོང་པ་ཉིད་བསྒོམས་པ་དེ་ཉིད་ལ། ཡ~ཾ་ལས་བྱུང ་པ་བསམ་པར་བྱ་ཞེས་པའི་དོན་ཏོ།། དེའི་སྟེང་དུ་ཧཱུཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་དེ་ཉིད་ཀྱིས་མཚན་པ་བསམས་ལ་ཧཱུཾ་བཞི་པའི་སྔགས་བརྗོད་པས། དེའི་འོད་ཀྱིས་ར་བ་དང་བླ་རེ་བསྒོམས་ལ། དེའི་ནང་དུ་ནམ་མཁའི་དབུས ་སུ་ཡཾ་ལ་སོགས་པ་བཞི་ལས་འབྱུང་བའི་དཀྱིལ་འཁོར་རོ།། དེའི་སྟེང་དུ་རི་རབ་ཏུ་གྲུབ་པའོ།། དེའི་སྟེང་དུ་བྷྲཱུ~ཾ་ལས་བྱུང་བ་དེ་ལས་སྐུའི་རྡོ་རྗེ་ལྟེ་བ་ལ་དེ་ཉིད་ཀྱིས་དེ་གྱུར་པ་ལུས་གཞལ་ཡས་ཁང་དུར་ཁྲོད་བརྒྱད་དང་བཅས་པ ་བསམས་ལ། ཞེས་བྱ་བའི་དོན་ཏོ།། དེ་སྟེང་དབྱངས་ཡིག་དང་པོས་བསྣང་ཞེས་བྱ་བ་ལ། དེ་སྟེང་གཞལ་ཡས་ཁང་གི་དབུས་སུའོ།། དང་པོ་ནི་ཨ་ལས་བྱུང་བའི་ཟླ་བའོ།། དེའི་སྟེང་ནི་ཟླ་བའི་སྟེང་དུ་དྷིཿའོ།། དེ་ལས་བསྐྱེད་པའི ་རལ་གྲི་ལ་དེ་ཉིད་ཀྱིས་མཚན་པའོ།། དེ་ནས་འཇམ་དཔལ་གྱི་སྐུར་བསྐྱེད་པའི་དོན་ཏོ།། དེའི་སྙིང་ཁར་བྱ་བ་ནི་འཇམ་དཔལ་གྱི་སྙིང་ཁར་ཉི་མའོ།། འོད་འབར་ཞེས་པ་ནི་ཉི་མ་ལས་འོད་འཕྲོས་པས་གསུངས་པ་བསྡུས་པ ་ཐམས་ཅད་ཞུ་བ་ལས་ཉི་མའི་དཀྱིལ་འཁོར་རོ།། འོད་རྒྱང་གྲགས་དང་ལྡན་པའོ།། དེ་སྟེང་ཧཱུཾ་ལས་འོད་འཕྲོས་བྱ་བ་ལ། ཉི་མའི་སྟེང་གི་ཧཱུཾ་ལས་འཕྲོས་པས་སོ།། སྔོན་དུ་གསུངས་པའི་སངས་རྒྱས་ལ་སོགས ་བཀུག་སྟེ་བསྣམ་པས། དེ་ལས་འཇིགས་པའི་རྡོ་རྗེ་སྟེ་གདེངས་པར་རོ།། དེ་ལས་འོད་ཟེར་ཀྱི་སྟེ་འོད་སྔ་མ་དང་འདྲ་བར་འཕྲོས་ཏེ། དོན་ཏེ་བྱས་ཏེ་འདུས་པ་ལས། རྡོ་རྗེར་གྱུར་པ་ལས་བཅོམ་ལྡན་ཞལ་དགུ་ཞེས་བྱ་བ་ལ་སོགས ་པ་གསུངས་པའི་གཟུགས་སུ་གྱུར་ཞེས་པའི་དོན་ཏོ།། དེ་ལྟར་དམ་ཚིག་སེམས་དཔའ་བ་སྐྱེད་ནས་ཡེ་ཤེས་སེམས་དཔའ་བསམ་ཞིང་། རང་བཞིན་གྱི་དཀྱིལ་འཁོར་སྤྱན་དྲང་བ་ལ་སོགས་པ་བསྟན་པར་བྱ་བའི་ཕྱིར། འདི་ལྟ ་བུ་རུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟ་བུ་རུ་སྟེ། འཇམ་དཔལ་ཡེ་ཤེས་སེམས་དཔའ་ཞལ་གཅིག་ཕྱག་གཉིས་སྐུ་མདོག་སེར་པོར་རུའོ།། རང་ཉིང་སྟེ་རང་གི་སྙིང་ཁར་རོ།། རྟག་ཏུ་ཉི་མ་ལའོ།། མི་གཡོ་བ་ནི་ཧཱུཾ་གཾ ་དམིགས་པ་བསྒོམ་པའོ།། འདིས་ནི་རང་གི་སྙིང་ཁུར་འཇམ་དཔལ་དེའི་སྙིང་ཁར་ཉི་མཱ་ལ་ཧཱུཾ་བསྒོམ་པར་བསྟན་ནོ།། འདི་གང་ཞེས་བྱ་བ་ནི་ཉི་མའི་སྟེང་གི་ཧཱུཾ་གང་ཡིན་པ་ལས་འོད་འཕྲོས་པའི་དོན་ཏོ།། དེའི་འོད་ཀྱིས་རང་བཞིན ་གྱི་རྡོ་རྗེ་འཇིགས་བྱེད་ཅི་འདྲ་ཞེ་ན། དེ་རང་སྟེ་དམ་ཚིག་གི་དཀྱིལ་འཁོར་གྱི་མ་ཧེ་ཞལ་ཅི་འདྲ་བར་བསམས་པའོ།། འདི་སྐད་སྟོན་ཏེ། ཧཱུཾ་གི་འོད་དང་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་སྔགས་དང་བཅས་པས་སྤྱན་དྲངས་ཏེ། མདུན་དུ་བཞ ་བ་ལ་མཆོད་ཡོན་སྔོན་དུ་འགྲོ་བའི་མཆོད་པ་ལྔ་སྔགས་དང་བཅས་པས་ཕུལ་ལ། དེ་ནས་ཕྱག་རྒྱ་བཞིས་དགུག་པ་ལ་སོགས་པ་བྱས་ནས་གནས་པས་དེ་རང་བསམ་ཞེས་པའི་དོན་ཏོ།། འཇིགས་བྱེད་ཀྱི་གནས་འདུག་ཞེས་བྱ་བ ་ནི། ལྷའི་ང་རྒྱལ་ལྔ་གནས་པས། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དྲུག་ལ་སའི་སྙིང་པོ་དང་། ཕྱག་ན་རྡོ་རྗེ་དང་། ནཱ་མཁའི་སྙིང་པོ་དང་། སྤྱན་རས་གཟིགས་དང་། སྒྲིབ་པ་ཀུན་སེལ་དང་། ཀུན ་ཏུ་བཟང་པོ་རྣམས་མིང་གི་ཡི་གེ་ལས་གོ་རིམས་ལྟར་བསྐྱེད་དེ། ཡང་གནས་གསུམ་དུ་ཡི་གེ་གསུམ་ཡང་བཀོད་ལ། སྙིང་ཁའི་ཧཱུཾ་གི་འོད་ཟེར་གྱིས་མདུན་དུ་སངས་རྒྱས་སྤྱན་དྲངས་ཏེ། དེ་ལ་མཆོད་དེ་གསོལ་བ་བཏབ་པས། ་རིགས་ལྔས་བདུད་རྩིའི་བུམ་པ་ཐོགས་པས་དབང་བསྐུར་བར་བསམས་ལ། འོག་གི་བདུད་རྩི་ལྔའི་བཟའ་བྱ་བའི་དོན་གྱིས། ཡཾ་རཾ་ཨ་ལྱས་རླུང་དང་མེ་དང་ཐོད་པ་བསམས་ཏེ། དེའི་ནང་དུ་བདུད་རྩི་ལྔ་བསམས་ཏེ། ཧཱུཾ་གིས་དག ་བ་དང་། ཨ་ཡིས་རྟོག་པ་དང་། ཨོཾ་གྱིས་འབར་བརླ་བྱས་ནས་ལྕེ་རྡོ་རྗེའི་སྦྱོར་བས་ལུས་ཀྱི་དཀྱིལ་འཁོར་ཚིམ་པར་བྱས་ནས། འཁོར་ལོ་ལ་འདུས་པས་བསྐྱོད་པས་མཉེས་པར་བྱས་ལ་ཞེས་བྱ་བའི་བར་ནི་འཇིགས་བྱེད་ཀྱི ་གནས་འདུག་ནས་ཞེས་བྱ་བའི་སྒྲའི་དོན་ཏོ།། རང་གི་སྙིང་པོའི་སྔགས་བཟླས་སོ་བྱ་བ་ལ། ཇི་ལྟར་བཟླ་ཞེ་ན། བཟླས་པའི་དུས་སུ་རང་གི་སྙིང་ལ་སྟེ་ཡེ་ཤེས་སེམས་དཔའི་ཐུགས་ཁའི་ཉི་མ་ལ་རང་སྔགས་ཞེས་བྱ་བ ་རྩ་བའི་སྔགས་སམ་ཉེ་བའི་སྙིང་པོ་བསམས་ཏེ་དགོད་པའོ།། འབར་བ་སྟེ་འོད་དང་བཅས་པར་བཟླས་པ་འམ། སེམས་གནས་ཏེ་མ་ཡངས་པས་བཟླས་པའོ།། དེའི་ཚེ་སྔགས་པ་འཇིགས ་བྱེད་ཀྱི་རྣལ་འབྱོར་པས་འཇིགས་མེད་དེ་རྟོག་པ་དང་བྲལ་བས། དུར་ཁྲོད་ལ་སོགས་པའི་གནས་སྔོན་དུ་གསུངས་པར་རོ།། བདུད་རྩི་ལྔ་ལ་སྤྱོད་ཅིང་བསྒྲུབས་ནས་ཐེ་ཚོམ་མེད་པར་འགྲུབ་ཅེས་བྱ་བའི་ཐ་ཚིག་གོ།། གཞན ་ཡང་ཞེས་པ་ཡང་གི་སྒྲས་ཤ་ཆེན་ལྔ་སོགས་ཏེ་ཤ་ལྔ་ཡང་ངོ་།། དེ་ཟ་ཞིང་སྔགས་བཟླས་ན་ཟིན་ན་ཏེ་ཐེམ་ནི་སྡོད་ལས་ཐམས་ཅད་བསྒྲུབས་པས་འགྲུབ་ཅེས་པའི་དོན་ཏོ།། དུར་ཁྲོད་ལ་སོགས་པའི་རྟག་གནས་ཞེས་བྱ་བ ་ལ་སོགས་པས་བདུད་རྩི་བཟའ་བའི་ཐབས་བསྟན་ཏེ། ཡར་ངོའི་ཚེས་གཅིག་གི་ནུབ་མོ་བུ་མོ་སྔོ་བསངས་མ་བསྟེན་ཏེ། སྐྱ་རེངས་འཆར་ཚེ་སྦྱོར་བ་བྱས་པའི་རང་གི་ཁུ་བ་པདྨ་ལ་མ་བབས་པར་ལྕགས་ཀྱི་སྣོད་ཀྱིས་བླངས ་ཏེ། དྲོད་མ་ཡལ་བར་ཉི་མའི་སྦུ་གུས་བཏུང་བ་འམ། ཡང་ཁོང་དུ་འཐུངས་ན་ཚེ་རིང་ཞིང་རྒས་པ་མེད་པ་སྟེ་རྡོ་རྗེའི་ཚེ་དང་འདྲ་བར་འགྱུར་རོ།། ཡང་མར་ངོའི་ཚེས་གཅིག་ལི་བུད་མེད་སྔོ་བསངས་མ་མེ་ཏིག་ཅན་བཙལ ་ལ། འདོད་པའི་བསྟན་བཅོས་ཀྱིས་ཆགས་པ་བསྐྱེད་དེ་ཞག་གསུམ་ལོན་པའི་ནུབ་མོ་སྐྱ་རེངས་ཤར་བའི་ཚེ་སྦྱོར་བ་བྱས་པའི་འབྲས་བུ་གཉིས་འདྲེས་པ་དེ་དྲོད་མ་ཡལ་བར་བཏུང་བ་འམ། ཡང་ན་ཉི་མའི་སྦུ་གུས་འཐུངས ་ན་ཡོན་ཏན་སྔ་མ་བཞིན་ནོ།། ཟས་དཀར་གསུམ་དང་དངར་གསུམ་ཚོང་རིག་པར་ཟོས་ལ་ཞག་རེ་ལ་འཕོ་བ་ཕྱེད་ཀྱི་ཚད་ཀྱིས་དྲི་ཆེན་ཏོར་བ་བྱས་ལ། ཞག་གསུམ་དུ་གནས་པའི་དྲི་ཆེན་བླངས་ཏེ་གྲིབ་སྐམས་བྱས་ཏེ། བྱི་ལའི ་སྔར་ཚད་ཀྱི་ཕྱེ་མ་བའི་འོ་མ་དང་སྦྱར་ཏེ་འཐུངས་ན་དེ་བཞིན་དུ་འགྱུར་རོ།། མི་དཔའ་བོ་གཡུལ་དུ་མ་ལོག་པར་ཤི་བའི་བྱིན་པའི་ཤ་གཅད་དེ་ས་བཟང་པོའི་འདས་པར་དྲིལ་ཏེ། ཁམ་ཕོར་ཁ་སྦྱར་དུ་བཅུག་ནས། ཡང་དེ་འདས་པ ་བཟང་པོར་བྱུགས་ནས། དེའི་སྟེང་དུ་མེ་བཏང་སྟེ་བསྒོས་པས་ཁུ་བ་བྱུང་བ་དེ་བླངས་ཏེ་འཐུངས་ན་གོང་བཞིན་ནོ།། སྔར་གྱི་ཟས་ཟ་བའི་ཚྭ་སྤངས་པས་སྔ་མ་བཞིན་དུ་ཞག་གསུམ་པ་ནམ་གྱི་གུང་ལ་བླངས་པའི་དྲི་ཆུ་ཆུ་གསུམ ་པའི་སྣོད་དུ་བཅུག་སྟེ། ཞག་གསུམ་ལོན་པའི་རྩེ་མོའི་ཆ་བྱུག་པ་བྱ་ཞིང་དཱ། བར་མ་བཏུང་། ཐ་མ་དོར་ན་སྔ་མ་བཞིན་ནོ།། ཡང་ན་སྔ་མའི་བདུད་རྩི་ལྔ་འབྲས་བུ་གསུམ་གྱི་ཕྱེ་དང་སྦྱར་ཏེ་བཟའ་བ་འམ། ཡང་ན་དངོས་སུ་རི་ལུ ་རེ་རེ་ཟོས་ན་འགྲུབ་པར་ཐེ་ཚོམ་མེད་ཞེས་པའི་དོན་ཏོ།། འཇམ་དཔལ་གྱི་རྒྱུད་ལས་བསྒོམ་པའི་ཐབས་ཀྱི་ཀལ་པ་སྟེ་བཞི་པའི་བཤད་པའོ།། ། དེ་ནས་བཤད་དེ་ཞེས་པ་ཡང་། དངོས་ཀྱི་རྟགས་བལྟ་བ་དང ་དམིགས་པའི་རྟེན་བསྟན་པའི་ཕྱིར་བྲིས་སྐུ་བྲི་བའི་ཆོ་ག་བཤད་ཞེས་པའི་དོན་ཏོ།། ཉིད་གསུངས་པ་ནི་ངེས་པར་བཟུང་བའོ།། གཞི་བསྟན་པའི་ཕྱིར་དཔའ་བོ་ཞེས་བྱ་བ་ལ། དཔའ་བོའི་ཤུན་པ་སྟེ་གཡུལ་དུ་ཤི་བའོ།། དྲིལ་བ་ནི་རོལ ་གོས་སོ།། མེ་ཏོག་རས་ནི་བུ་མོའི་གྲོས་སོ།། བུ་བཙས་པ་ནི་བུད་མེད་ཀྱི་གོས་སོ།། དེ་ལས་གཞན་པའི་རས་གང་ཡང་རུང་བ་ལ། རི་མོ་མཁན་གྱི་མཚན་ཉིད་བསྟན་པའི་ཕྱིར། སངས་རྒྱས་པ་ཞེས ་པ་ནས་འདྲི་མཁན་གྱི་བར་དུ་གསུངས་ཏེ་གོ་སླ་བས་མ་ཕྱེའོ།། འདི་ལྟ་བུ་ཞེས་པ་གོང་གི་མཚན་ཉིད་དང་། དབང་དང་ལྡན་པའི་རི་མོ་མཁན་ལ། དངོས་གྲུབ་ལྷུར་ལེན་པའི་དཔའ་བློ་སྟེ་སྒྲུབ་པ་པོས་སོ།། ཡོན་ཞེས་པ་ཕབ་པ་ལ ་མི་རྩིག་པའོ།། དེའི་ཐབས་ནི་འདི་ལྟར་རོ་བྱ་བ་ལ་སོགས་པ་སྣ་འདྲི་མཁན་གྱི་བྱ་བ་སྟོན་ཏེ། གསང་བའི་གནས་ནི་དུར་ཁྲོད་ལ་སོགས་པ་དབེན་པའི་གནས་སུ་འདུག་ནས་བྷི་ཞེས་པའི་དོན་ཏོ།། ཅིའི་ཕྱིར་ཞེ་ན། སེམས་ཅན་གཞན ་ཏེ་སྐལ་པ་མེད་ཅིང་དབང་བསྐུར་བ་མེད་ཅིང་ལ་མི་བསྟན་པའི་ཕྱིར་ཞེས་པའི་དོན་ཏོ།། འདྲི་མཁན་ཞེས་བྱ་བ་ལ་སོགས་པ་ལ་དབང་དང་ལྡན་པའི་འདྲི་མཁན་དང་སྒྲུབ་པ་པོས་བལྟ་ཞེས་པའི་དོན་ཏོ།། འཇིགས་བྱེད་ཆེན་པོའི་གཟུགས ་ཞེས་བྱ་བ་ལ་སོགས་པ་བྲི་བ་བསྟན་ཏེ། གའུ་གཅིག་པར་ཚོན་བདུད་རྩི་ལྔ་དང་སྦྱར་ཏེ། མིའི་སྒྲའི་སྤྲིར་གྱིས་ཚོན་གྱི་སྐྱོན་ཤེས་པར་བྱས་ལ་ཚད་དང་ལྡན་པར་ཇི་སྐད་གསུངས་པའི་རྡོ་རྗེ་འཇིགས་བྱེད་དུར་ཁྲོད་བརྒྱད་ཀྱི་དབུས་སུ ་ཆུད་པ། དུར་ཁྲོད་བརྒྱད་ན་བསྒྲུབ་པ་པོ་ལ་སོགས་པ་གནས་པ་བྲི་ཞེས་པའི་དོན་ཏོ།། དེ་ལྟར་བྲིས་ནས་དེའི་བྱ་བ་བསྟན་པའི་ཕྱིར། འདི་ནས་བྱ་བ་ལ་སོགས་པ་གསུངས་ཏེ། དམན་པ་ལ་མི་བསྟན་པས་གསང་བའོ།། གནས ་གཅིག་ཏུ་གཟག་ཅེས་པ་ནཱཾ། དྲར་ཁྲོད་ལ་སོགས་པ་གང་ཡང་རང་ང་དབེན་པའི་ཕྱོགས་གཅིག་ཏུའོ།། དེམ་ནུས་པ་དང་། ཏིང་ངེ་འཛིན་གྱིས་བསྐྱེད་པ་ལ་རང་བཙུན་གྱིས་བཀུག་པ་བཞག་སྟེ། ཤཱཌྱནྡྲ་ལ་སོགས་པས་ར ་ཏུ་མཆོད་དེ། རུས་ཆེན་ཏེ་དེའི་ཕྲེང་བ་དང་ལྡན་པས་བཟླས་ཏེ། རབ་གནས་ཀྱི་ཆོ་ག་རྒྱས་པར་བྱ་ཞེས་པའི་དོན་ཏོ།། དེ་ལྟར་རབ་གནས་དང་ལྡན་པ་དེ་དོད་པ་དང་ལྡན་པའི་སྔགས་པས་དངོས་གྲུབ་བསྒྲུབ་པའི་ཕྱིར་གཞན་ལ་མི་བསྟན ་པར་མཆོད་པ་ལ་སོགས་པ་བྱ་བ་ནི་གསལ་ལོ།། འཇམ་དཔལ་འཇིགས་བྱེད་ཀྱི་རྒྱུད་ལས་བྲིས་སྤུ་བྲི་བའི་ཐབས་ཀྱི་ཀལ་པ་སྟེ་ལྕི་པའི་བཤད་པའོ།། ། དེ་ནས་ཞེས་བྱ་བ་ལ་སོགས ་པ་ལ། འདི་བྱའོ་ཞེས་བྱ་བར་འབྲེལ་ཏེ། སྔོན་དུ་ལྷའི་རྣལྔ་འབྱོར་ཞེས་པ་བསྙེན་པ་དང་ལྡན་པས་སོ།། ལས་ནི་སྦྱིན་བསྲེག་གི་ལས་བཤད་པ་དེའོ།། འདི་མཚན་ཕྱེད་ན་སྐྱེ། གསུང་བ་ལ་སོགས་པ་དྲུག་པོའི་ལས ་རྣམས་སོ།། གཞན་ནི་དུས་གཞན་དུ་ཡང་བྱའོ་ཞེས་བྱ་བའི་དོན་ཏོ།། གལ་ཏེ་ཞེས་པ་ནི་ལས་རྣམས་ལ་གསང་པར་འདོད་ན་སྟེ་སྦྱིན་བསྲེག་གིས་གསོད་པར་འདོད་ན་ཞེས་པ་ནི་ལྷག་མའོ།། དེར་ནི་དྲི་ཆེན་ཞེས་བྱ་བ་ལ་སོགས ་བ་ནི་བསྲེག་རྫས་ཏེ་གོ་སླའོ།། བསྲེས་ནས་ཞེས་པ་ནི་གཅིག་ཏུ་བསྲེས་ཏེ་བསྲེག་པ་འམ་ཡང་ན་སོ་སོར་བསྲེག་པའོ།། གང་དུ་ཞེ་ན་དུར་ཁྲོད་མེ་སྟེ་ཐབ་མོ་བཅའ་ཞེས་པའི་དོན་ཏོ།། ཤིན་ཏུ་མི་གཡོ་ཞེས་པ་ནི་ལྷ ་xxx ་སྦྱིན་བསྲེག་བྱས་ལ། བརྒྱ་རྩ་བརྒྱད་ཞེས་པ་སྔགས་ལ་བསྒྲུབ་བྱའི་མིང་བསྐུལ་ཚིག་དང་བཅས་པས་བརྒྱ་རྩ་བརྒྱད་བསྲེགས་ན་གསྟོང་པ་སྟེ། ཞག་གསེམ་ཞེས་པ་ནི་ལ་སུཾ་སཱུ་རླུ་ན་ཏེ་ཐལ་ཆེས་པའི་ཚི་ག་གློ། ་ཡང་ན་ཞེས་པ་ནི་ཕྱོགས་གཞན་སྟོན་པའི་ཚིག་གི་ཕྲད་དོ།། ཐབ་ཁུང་བཅའ་བའི་ཕྱོགས་སོ།། དབེན་པའི་གནས་ནི་ཐབ་བྱ་བའི་གནས་སོ།། མེ་ཐབས་སོར་ཉི་ཤུ་པའི་ཐབ་ཟབས་སུ་སོར་བཅུ་པ་བྱས་ལྔ་ཞེས ་པའི་དོན་ཏོ།། སྔོན་དུ་གསུངས་པའི་རྫས་ཞེས་པ་ནི་བསྲེག་རྫས་ཏེ་དྲི་ཆེན་ལ་སོགས་པའོ།། གྲོང་གི་རྣལ་འབྱོར་གྱིས་བྱ་བ་ནི་མ་ཧེའི་ཞལ་གྱི་རྣལ་འབྱོར་ཀྱིས་སོ།། གཏུམ་པའི་མེ་ནི་མི་རྡོལ་པ་འམ་སྨེ་ཤ་ཅན་གྱི་ཁྱིམ་གྱི ་མེ་ལའོ།། བསྲེག་པ་ནི་གོང་མའི་རྫས་སོ།། འདི་སྐད་སྟོན་ཏེ། བསྙེན་པ་མཐར་ཕྱིན་པས་གསོད་པར་འདོད་ན། དབེན་པའི་གནས་སུ་ཐབ་ཁུང་དུ།། གྲུ་གསུམ་སོར་མོ་ཉི་ཤུ་ལ།། ཟབས་སུ་དེའི་ཕྱུང་བརྐོས་ལ།། སོར ་གསུམ་དོར་ཏེ་དེ་བཞིན་བརྩིག། དུར་ཁྲོད་སོལ་བ་སྩོགས་ཀྱིས་བྱུག། དབུས་སུ་རྡོ་རྗེ་གདེངས་པོས་མཚན།། རྡོ་རྗེ་རྩེ་གསུམ་ཁ་ཁྱེར་ལ།། བྲིས་ཏེ་ཐབ་ཁུང་བཤམས་ནས་ནི།། ཀོ་པི་ང་ར་ལ་སོགས་པའི།། གནག ་བ་ཚོར་མ་ཅན་གྱི་ཤིང་།། བྲང་ཤིང་དུ་ནི་བསྲེག་པའོ།། མེ་ཏོག་ནག་པོའི་མཆོད་རྫ་སཱ་དང་།། དཱི་ང་བའི་བདྲུག་པ་དང་།། སྦྲང་ཆེན་མར་མེ་དེ་བཞིན་ཏེ།། ཤ་སུ་ཚོགས་པའི་ལྷ་བཤོས་དང་།། ཁྲག་དང་དྲག་གི་དྲི་ཆུབ་བསག། ་བསྲེག་རྫས་དྲི་ཆེནྡ་དྲི་ཆུ་དང་།། བོང་བུ་རྔ་མོ་རྟུག་པ་དང་།། ཚ་བའི་མར་དང་སྒྲུབ་བྱའི་སྐྲ།། སེན་མོ་རྐང་རྗེས་དག་དང་ནི།། མི་རུས་ཡཾ་ཤིང་ངག་དང་ནི།། ཚེར་མ་ནྡན་གྱི་ཤིང་ལས་ནི།། སོར་མོ་བཅུའི་ཚང་བྱའོ།། དེ་ནས ་ལྷའི་རྣལ་འབྱོར་ནི།། དགང་བཟར་ལ་སོགས་ལྡན་པ་ཡིས།། སྐད་གཅིག་ལྷའི་ཏིང་འཛིན་རྣམས།། ཆོ་ག་ཚང་བས་ལྷར་བསྐྱེད་ལ།། ཨོཾ་དང་ཧཱུཾ་ཕཊ་གཉིས་ལྡན་པས།། བྱསང་གཏོར་བྱིན་བརླབས་རྫས་རྣམས ་དགྲོད་།། མཆོད་རྫས་གཡས་ལ་བསྲེག་རྫས་གཡོན།། དགང་གཟར་བླུགས་གཟར་མར་ལྡན་དང་།། རྡོ་རྗེ་དྲིལ་བུ་མདུན་དུའོ།། དེ་ནས་རྫས་རྣམས་བྱིན་བརླབ་པ།། དང་པོ་ཨོཾ་ལྡན་སྔགས་དག་གིས།། མཆོད ་པ་བྱིན་བརླབས་ཕྱག་རྒྱས་སོ།། དེ་ནས་བུད་ཤིང་སྔགས་དང་ནི།། བཙས་པའི་ཆུ་ཡིས་མེ་བསང་སྟེ།། རྡོལ་པ་ལ་སོགས་ཁྱིམ་གྱི་སྟེ།། བླངས་ཏེ་ཐབ་ཁུང་བཅུག་པ་ལ།། ཛྭ་ལ་ཛཱ་ལས་མི་སྦྱར་ཏེ།། ཏཱི ་འཛིན་མར་དང་ལྡན་པས་སོ།། དེ་ནི་རང་གི་ཡི་གེ་ལས།། ཐབ་བསྐྱེད་ཉི་མའི་དཀྱིལ་སྟེང་དུ།། ར་ལས་མེ་དཀྱིལ་གྲུ་གསུམ་པ།། ཡི་གེ་འབྲུ་གསུམ་མཚན་མར་གྱུར།། དེ་དག་གྱུར་པས་དྲག་པོའི་མེ།། ཁྲོ་བོའི ་གཟུགས་ཅན་དུ་བྱེད་པ།། འགྲོར་སྐྱེར་གྱེན་འགྲེང་ཁམ་པ་ལ།། འོད་ཟེར་དུ་མས་ལུས་བརྒྱན་པ།། ཞལ་གསུམ་གནག་དང་དཀར་གཡོན་ལྡང་།། ཕྱག་དྲུག་རྡོ་རྗེ་སྤྱི་བླུགས་དང་།། སྐྱབས ་སྦྱིན་གཡས་ཀྱི་གསུམ་ནའོ།། དྲིལ་བུ་དབྱུག་པ་བགྲང་ཕྲེང་གཡོན།། བརྒྱན་ལྡན་བསྒོམས་ནས་རང་བཞིན་གྱི།། སྔགས་ཀྱིས་ལྷ་དེ་སྤྱན་དྲངས་ཏེ།། ཨེ་ཧྱ་ཧི་མ་ཧཱ་བྷུ་ཏ་དྭེ་བ་རི་ཤི་ས་ད་ནི་མོ་ཧཱུ~ཾ་ཨཱ་ཧཱུ་ཏི་ཨས་སྨིན་ས ་ནིཧི་ཏོ་བྷ་བ་ཏི་ཨག་ནེ་མ་མ་ཤ་ཏྲཾ་མ་ར་ཡཱ་ཕཊ། སྔགས་དང་ཏིང་འཛིན་ལྡན་པ་ཡིས།། ཐབ་དྲང་ཉེ་བར་བཀུག་པ་ལ།། ཛཱ་ལ་སོགས་པའི་ལས་ཀྱིས་བསྟིམ།། གཉིས་མེད་འགྱུར་བའི་ལྷ་དེ་ལ།། མཆོད་ཡོན ་སྔོན་དུ་འགྲོ་བ་ཡིས།། རང་སྔགས་ལྡན་པའི་མཆོད་པ་དབུལ།། དེ་ནས་ཉུངས་མར་དུག་བཅས་པའི།། དགང་བླུགས་སྔགས་ཀྱིས་ཞལ་དུ་དབུལ།། དེ་ནས་ཡམས་ཤིང་ལ་སོགས་པ།། བསྲེག་བླུགས་ཐམས་ཅད ་རིམས་བཞིན་དབུལ།། རྫོགསྔ་ནས་མཇུག་དུ་དགང་བླུགས་དབུལ།། ལས་བསླབ་པ་ཡང་སྔོན་དུ་བྱ།། དེ་རྗེ་དེའི་སྙིང་ཁ་རུ།། དམར་པོའི་སྟེང་དུ་ཧཱུཾ་ལས་ནི།། འཇིགས་བྱེད་ཆེན་པོ་བསམ་པར་བྱ།། དེ་ནས་ཡེ་ཤེས ་འཁོར་ལོ་ཡང་།། སྔགས་འདིས་མདུན་དུ་སྤྱན་དྲངས་ཏེ།། ཨོཾ་ཏྲི་ཧ་བྷོ་མ་ཧཱི་ཀྲོ་དྷ་ཨ་གེཙྪ་ཡ་ཨ་སྨ་ཏ་པུ་ཙ་པྲ་ཏི་གྲིཧྞནྟུ་པྲ་ས་དྷ་མ་དི་མན་ཀུ་རུ་ཤ་ཏུཾ་མ་ར་ཡ་ཕཊ། དེ་ནས་བསང་གཏོར་སྔོན་འགྲོ་བས།། དགུག་ལ ་སོགས་པའི་ལས་བྱས་ལ།། གཉིས་མེད་གྱུར་ལ་སྔོན་བཞིན་དུ།། མཆོད་ཡོན་སྟོན་དུ་འགྲོ་བས་མཆོད།། དེ་རྗེས་མར་གྱི་དགང་བླུགས་དབུལ།། དེ་ནས་ཡམས་ཤིང་ལ་སོགས་པ།། བསྲེག་བླུགས་རིམ་བཞིན་དབུལ་བར ་བྱ།། དེ་ནས་དགང་བླུགས་བདུན་ཕུལ་ལ།། དེ་ནས་མཆོད་པ་དབུལ་བར་བྱ།། མེ་ཏོག་ནག་པོས་ལས་བསྒྲུབ་སྟེ།། ཨོཾ་ཧྲིཿཥྚྲྀཿཝི་ཀྲི་ཏཱ་ན་ན་མ་མ་ཤ་ཏྱཾ་མ་ར་ཡ་ཕཊ། ལས་བསྒྲུབ་སྦྱིན་བསྲེག་རྗེས་སུ་ཡང་།། ་མཆོད་པ་མཆོད་ཡོན་བཏགས་པས་སོ།། དེ་ནས་ལྷ་དེ་གཤེགས་པར་བྱ།། སྔོན་བཞིན་ལྷག་མས་མེ་མཆོད་ལ།། རང་བཞིན་མེད་དེ་གཤེགས་པར་བསམ།། དམ་ཚིག་མེད་དེ་རང་ལ་བསྡུ།། མཇུག་བསྡུའི་ཆོ་ག ་རྫོགས་བྱས་པ།། སྦྱིན་བསྲེག་རྒྱས་པའི་ཆོ་གའོ།། དེས་ན་མཚན་ཕྱེད་ནཱ་དེ་ལྟར་བྱས་པས།། ངེས་པར་སྔོན་ལྟར་བྱ་བ་ནི་ཞག་གསུམ་གྱིས་ངེས་པར་བྱ་བའི་དོན་ཏོ།། ཡང་ན་ཞེས་པ་ནི་གཞན་སྟོན་པའི་ཕྲད་དོ།། དབྱེ ་བར་འདོད་ཞེས་པས་ནི་སྦྱིན་བསྲེག་གིས་སོ།། བྱ་རོག་འུག་པ་ཞེས་བྱ་བ་ནི་བསྲེག་རྫས་སོ།། སྒྲུབ་བྱའི་མིང་བཅུག་ཞེས་པ་ནི་སྔགས་ཀྱི་མཇུག་ལ་ཆེ་གེ་མོ་དང་ཆེ་གེ་མོ་བི་དེ་ཤ་ཡཱ་བཅུག་པའོ།། དུར་ཁྲོད་མེས་བསྲེག ་ཅེས་བྱ་བ་ནི་ཐབ་མི་བཅའ་བར་དུར་ཁྲོད་ཀྱི་མེ་ལ་ཆོ་ག་སྔོན་གྱི་ལྟར་བྱས་པས་གསུངས་པ་ལྟར་འགྱུར་རོ།། གཞན་དག་ནི་ཐབ་ནི་གཉིས་ག་ལ་གོང་དང་འཐུན་པར་བྱས་ལ་གནས་མི་ཅིག་པ་དང་། མེ་མེ་ཅིག་པ་ཡིན་ནོ། ་ཟེར་ཧཱ་ཡང་ན་དུར་ཁྲོད་ཤིང་བྱ་བ་ནི་ཐབ་མི་བཅའ་བའི་ཁྱད་པར་གཞན་ཏེ་སྔོན་བཞིན་ནོ།། ཡང་འདོད་པས་ཞེས་བྱ་བ་ནི་སྦྱིན་བསྲེག་གིས་བསྐྲད་པར་འདོད་པས་སོ།། བྱ་རོག་ཤ་ཞེས་བྱ་བ་ལ་སྔོགས ་པ་ནི་བསྲེག་རྫས་སོ།། རླུང་གི་དཀྱིལ་འཁོར་ཐོག་ཏུ་ལྷ་བསྐྱེད་ཅེས་པའོ།། དུར་ཁྲོད་ཤིང་ནི་བུད་ཤིང་ངོ་།། མ་ཧེ་ཞལ་གྱིས་ལྷོར་བལྟས་ཏེ་མིང་བཅུག་པ་ནི་སྔགས་ལ་ཆེ་གེ་མོ་ཨུ་ཙ་ཏ་ཡ་བཅུག་པས་སོ།། སྔོན་གྱི་ཆོ ་གས་བྱས་ན་གསུངས་པ་ལྟར་འགྱུར་རོ།། ཡང་ན་འདོད་པས་ཞེས་བྱ་བར་འབྲེལ་ཏེ་སྦྱིན་བསྲེག་གིས་སོ།། ལྡོང་རོས་ཞེས་བྱ་བ་ལ་སོགས་པ་ནི་བསྲེག་རྫས་སོ།། དཀྱིལ་འཁོར་གྲུ་བཞི་པ་ཐབ་ཀྱི་ཁྱད་པར་ཏེ་རྒྱས ་པའི་ཐབ་ཇི་ལྟ་བ་བཞིན་ཏེ། མཆོད་རྫས་ལ་སོགས་པ་སེར་པོའོ།། བྱང་གི་ཕྱོགས་ཏེ་དར་ཁ་བལྟས་ལ།། ལས་ཀྱི་ཁྱད་པར་ནི་བཟང་པོའི་འདུག་སྟངས་ཀྱིས་འདུག་པའོ།། དེའི་མིང་དང་སྟྭཾ་བྷ་ཡ་ཞེས་པ་བཏགས་ཏེ། ་ཏེ། མེ་ལྷ་སེར་པོ་ལ་ཐབས་རྒྱས་པས་བསྲེགས་ན་རེངས་པའོ།། ཡང་ན་འདོད་པས་ཞེས་བྱ་བ་ལ་སོགས་པ་ལ། ནིམ་པ་ཞེས་བྱ་བ་ལ་སོགས་པ་ནི་བུད་ཤིང་ལ་སོགས་པའི་ཁྱད་པར་ཙམ་སྟེ། ཐབས་རྒྱས་པར ་གསུངས་པ་ལྟར་བྱས་ན་གསུངས་པ་ལྟར་འགྱུར་རོ།། ཡང་འདོད་པས་ཞེས་བྱ་བ་སྦྱིན་བསྲེག་གིས་བུ་མོ་རངས་པར་འདོད་པས་སོ།། ཚེར་མ་ཞེས་བྱ་བ་ལ་སོགས་པ་ནི་ཁྱད་པར་ཏེ། གཞན་སྔོན་བཞིན་བྱས་ཞེས་པའོ།། ་དེ་ནས་ནི་བར་མེད་པའི་དོན་ཏོ།། ཞི་བར་འདོད་པས་ནི་འཇིགས་པ་བརྒྱད་ལས་སྐྱོབ་པར་འདོད་པས་སོ།། དཀྱིལ་འཁོར་ཞེས་པ་ཁྲུ་གང་གི་ཚད་ལ་ཟླུམ་པོ་ཐུར་དུ་ཁྲུ་ཕྱེད་པ་སོར་བཞི་པའི་ཁ་ཁྱེར་ཅན། དྲི་དབུས་དཀར ་པོས་བྱུགས་ཏེ། མར་དང་ཞེས་པ་ལ་སོགས་པའི་བསྲེག་རྫས་དང་ལྡན་པས། མེ་ལྷ་སྐུ་མདོག་དཀར་པོ་ལ་རྣལ་འབྱོར་པ་ཤར་དུ་བལྟས་མཆོད་རྫ་ས་ཡང་དཀར་པོ་ལ་སོགས་པ་དང་ལྡན་པས་རྫས་བཞག་པ་གྲོ་ཟློག ་སྟེ། ཞི་བ་སྟེ་ཕན་གདགས་པའི་སེམས་ཀྱིས་གཞན་སྔོན་བྱས་ན་གསུངས་པ་ལྟར་འགྱུར་རོ།། ཡང་རྒྱས་པར་འདོད་པས་ཞེས་བྱ་བ་ལ། གཞན་ནི་སྔོན་བཞིན་ཏེ། འདིར་ཁྱད་པར་ནི་གོ་སླའོ།། དགུག་པའི་སྦྱིན ་བསྲེག་ནི་གཞན་སྔོན་ཏེ་ཁྱད་པར་གོ་སླའོ།། ཡང་འདོད་པ་ནི་སྦྱིན་བསྲེག་གིས་སྐྱོ་བར་འདོད་པའོ།། གཞན་ནི་སྔོན་བཞིན་ཏེ་ཁྱད་པར་ནི་ཤ་བསྲེས་ནས་ཞེས་བྱ་བ་བྱ་རྒོད་ཤ་ཆེན་ནོ།། བསྲེག་པ་ཞེས་པ་ཆེ་གེ་མོ་ཨུན? ་མན་ད་ཞེས་བསྲེགས་ནའོ།། འབྲས་ཕུབ་བསྲེགས་ཏེ་ལས་ཀྱི་བསྐུལ་བ་དང་བྲལ་བས་བྱ་བས་སོས་སོ།། ནོར་མེད་པའི་ཐབས་རྒྱས་པ་སྔོན་བཞིན་ཏེ་ཁྱད་པར་གསལ་ལོ།། བྲིས་སྐུའི་མདུན་དུ་བྱ་ཞེས་པ་ཡང་གོ་སླའོ།། ་བ་ལང་ཤ་དང་ཞེས་བྱ་བ་ལ་སོགས་པའི་དབང་གི་ལས་ལྔའི་ཁྱད་པར་ནི་སོ་སོར་གོ་སླ་སྟེ་མ་ཕྱེ། ཆོ་ག་རྒྱས་པ་གོང་དུ་བསྟན་ཏེ་ཁྱད་པར་ནི་ཐབ་ཁུང་དང་། མེ་ལྷ་དང་། འདུག་ཕྱོགས་དང་། རྫས་ཀྱི་ཁྱད་པར་དབང ་གི་སྦྱིན་བསྲེག་དུ་གསུངས་པ་བཞིན་ནོ།། དེ་ནས་བསྐྲང་བར་འདོད་པས་ཞེས་བྱ་བ་ལ་སོགས་པའི་ལས་རྣམས་གོང་དུ་གསུངས་པ་ལྟར་ཀུན་ལ་ཤེས་པར་བྱ་སྟེ་གོ་སླའོ།། ལས་རྣམས་རྣལ་འབྱོར་ཞེས ་བྱ་བ་ལ་སོགས་པས་ནི་སྔོན་དུ་བསྦྱིན་པ་མཐར་ཕྱིན་པས་བྱའི། གཞན་དུ་འཇིག་རྟེན་པས་དཔྱད་པར་འགྱུར་བས་དེའི་ཕྱིར་མི་བསྟན་པ་སྟེ། ཐལ་ཆེས་པའི་ཚིག་རྡོ་རྗེ་སེམས་དབུས་ཀྱང་ཞེས་པའོ།། འཇམ་དཔལ་རྡོ་རྗེ ་འཇིགས་བྱེད་ཀྱི་རྒྱུད་ལས་སྦྱིན་བསྲེག་གི་ཆོ་གའི་ཀལ་པ་སྟེ་དྲུག་པའི་བཤད་པའོ།། ། དེ་ནས་ཡང་དགུ་རབ་བཤད་དེ་ཞེས་བྱ་བ་ལ། ཡང་དག་པར་བཤད་དེ་ཞེས་པ་ནཱི་ཏིང་ངེ་འཛིན་གྱི་རིམ་པས་ལྔས ་སྣ་ཚོགས་བསྒྲུབ་པའི་ཐབས་ཕྱིན་ཅི་མ་ལོག་པར་བཤད་ཅེས་པའི་དོན་ཏོ།། དེ་ནི་འདི་ལྟ་སྟེ་ཞེས་དམ་འཆ་བའོ།། དང་པོ་ཁོ་ན་ཞེས་པ་ནི་མ་ཧེའི་ཞལ་དུ་གནས་པའི་བསྙེན་པ་མཐར་ཕྱིན་ཅིང་མཚན་མ་ཐོབ་པས་ཞེས ་ན་ཏོ།། ཐམས་ཅད་ལས་ནཱི་གསྔལ་པར་བྱ་ཞེས་བྱ་བ་ནཱི། འཁོར་ལོ་དང་སྦྱིན་བསྲེག་དང་། ཏིང་ངེ་འཛིན་གྱིས་གསལ་པོར་ལས་བསྒྲུབ་པའོ།། རཾ་ཡིག་ལས་བསྒྲེང་ཞེས་བྱ་བ་ལ་སྩོགས་པ་ལྔ། སྤྲོ་སོར ་ལས་བསྒྲུབ་པ་འམ། འཁོར་ལོ་དང་སྦྱིན་བསྲེག་གི་ཏིང་ངེ་འཛིན་དུ་ཡང་འདོད་དོ།། འཁྲུལ་འཁོར་གྱི་ཚེ་ནི་བདག་དང་གཞན་དང་ལྡན་པས་གསུངས་པ་ལྟར་བསྒྲུབ་བྱ་གསང་བ་ལ་སོགས་པ་བྱའོ།། སྦྱིན་བསྲེག་གིས་དུས ་ལས་སྒྲུབ་པའི་ཚེ་ཐ་མའི་སྨན་ངག་གོང་མ་གསལ་བར་བྱ་སྟེ་གསུངས་པ་གོ་སླའོ།། ཡང་ན་ས་སོར་བྱེད་པ་ནི་ཏིང་ངེ་འཛིན་ནུས་པ་ཐོབ་ན་གཅིག་པུ་བྱ་བར་འདོད་དོ།། དེ་ནས་བཤད་དེ་བྱ་བ་ལ། སྦྲུལ་གྱིས་བྷཱ་བ་ནི་སྦྲུལ ་ལ་སོགས་པ་སྟེ། དུག་གིས་གསོད་པ་ལས་གསོ་བའི་ཐབས་མེད་ཀྱི་ཏིང་ངེ་འཛིན་བཤད་ཅེས་པའི་དོན་ཏོ།། རང་སྙིང་ཞེས་པརང་གཤིན་རྗེ་དཾ་དཀར་པོས་བསམས་པའི་སྙིང་ཁར་འདབ་བརྒྱད་བསམ་ཞེས་པ་ས ་ལས་བྱུང་བའི་ཆུ་སྐྱེས་དཀུར་པོ།། འདབ་མ་བརྒྱུད་པ་བསམ་པའོ།། དབྱངས་ཡིག་གསུམ་པ་ནི་ཨོཾ་སྟེ་དཀར་པོ་བསམ་ཞེས་པ་དང་འབྲེལ་ཏེ། དེ་ལས་ཏེ་ཨི་བརྒྱད་ལས་ནོར་རྒྱས་ལ་སོགས་པ་བརྒྱད ་དཀར་པོ་སྟེ། རང་གི་ལག་མཐིལ་དུ་ཡང་པཾ་ལས་ཆུ་སྐྱེས་དཀར་པོ་ཨཱི་དང་ལྡན་པ་བསམ་མོ།། བསྒྲུབ་བྱའི་ཞེས་པ་དུག་གིས་ཟིནྡ་པ་སྟེ།། མདུན་དུ་དུགཱ་དང་ལྡན་པ་སཱ་བསམས་ལ། རང་གི་ལག་པས ་བྱབས་པས་ཨཾའི་འོད་ཀྱིས་དུག་བྱུང་བར་བསམས་ལ། སྤྱི་བོའི་ཨིའི་འོད་ལས་བདུད་རྩིས་བཀྲུས་པར་བསམ་ཞིང་མིག་ལས་བདུད་རྩི་འབབ་ཞེས་བྱ། སྙིང་ཁའི་ཀླུའི་མིག་ལས་བདུད་རྩི་དཀར་པོས་སོ།། ་བསྒྲུབ་བྱ་དེ་དུག་ཅན་གྱི་ལུས་ལའོ།། ཞུགས་པ་ན་ཐིམ་པའོ།། དེས་དུག་ཐམས་ཅད་སེལ་ཏེ་དེའི་ཆེ་བ་ནི་འདི་ལྟ་བུས་ཟ་བར་ནུས་ཞེས་པས་བསྟན་ཏོ།། དེ་ནས་ཡང་བཤད་དེ་བྱ་བ་ལ། དེ་ནས་ཞེས་པ ་ནི་ནུས་པ་ཐོབ་ནས་སོ།། བྱང་ཆུབ་སེམས་ཞེས་པ་ནི་རྒྱུའི་སེམས་ཏེ་སོག་ལེ་ལྟར་གཅོད་པས་སོ།། དེ་དབབ་པ་ནི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་དབབ་པའི་ཐབས་བཤད་དེ་ཞེས ་པའི་དོན་ཏོ།། བསྒྲུབ་བྱ་ཞེས་བྱ་བ་ནི་དགུག་པར་བྱ་བའོ།། མདུན་དུ་ནི་བགྲོད་པའི་མདུན་དུ་སྟེ་བསལ་བ་ནི་མན་ངག་གིས་སྔོ།། དེའི་རྐང་མཐིལ་ནི་ཀུན་ཡང་སྟེ་འོག་ཞེས་པ་དེའི་འོག་ཏུའོ།། དེར་ཡཾ་ཡིག་བསྐྱེད་པ ་ནཱས་བྲུཾ་གིས་མཚོན་པའི་བྱར་བསམས་ལ། སྟོབས་ཀྱིས་འཛག་པ་བསམས་ལ། རྣལ་འབྱོར་ཏིང་ངེ་འཛིན་གྱིས་བྱ་བ་གོང་མའི་སྟོབས་ཀྱིས་འཛག་པ་ངེས་བུད་མེད་དེ་བསྟེན་པར་བྱ་བ་ཐོབ་པར་འགྱུར་རོ།། འོ་མ་ཅན་གྱི ་ཤིང་ནི་ངེས་པ་ལ་ངེས་པའོ་ཞེས་པའི་དོན་ཏོ།། ཡང་ན་བསྒྲུབ་པར་བྱ་ཞེས་བྱ་བ་ལ་སོགས་པ་ནི་ཡོན་ཏན་དང་ལྡན་པའི་བསྒྲུབ་བྱ་བསྟེན་པའི་བྱ་ཐབས་ཏེ་གོ་སླའོ།། ཡང་ན་རྒྱལ་པོ་དང་ཞེས་བྱ་བ་ལ་སོགས་པ་ནི། ་དབང་གི་འཁོར་ལོ་དང་། སྦྱིན་བསྲེག་དང་། ཏིང་ངེ་འ་ཛིན་རྒྱས་པའི་དོན་སྔོན་དུ་བཤད་པ་བཞིན་ཏེ། འདིར་ཚིག་རྒྱས་པར་མ་ཕྱེ་སྟེ་གཞུང་མངས་པའི་དགོས་པའོ།། རྒྱུད་འདི་སུ་ལའང་སྦྱིན་མི་བྱ ་ཞེས་བྱ་བ་ལ་སོགས་པས་ནི། རྒྱུད་ནན་ཏན་གཏང་བའི་སྒོ་ནས་ཆེ་བ་བསྟན་ནས། གལ་ཏེ་ཞེས་བྱ་བ་ལ་སོགས་པས་ཐམས་ཅད་ལ་མ་ཡིན་ཏེ། ཡོན་ཏན་དང་ལྡན་པ་ལ་སྦྱིན་པར་བསྟན་པ་དང་། དུ ་མེན་ཞེས་བྱ་བ་ལ་སོགས་པས་ཡོན་ཏན་མེད་པ་ལ་བསྟན་ན་སྐྱོན་ཆེན་པོ་དང་ལྡན་པར་བསྟན་པའི་དོན་ཏོ།། གོ་སླབས་རྒྱས་པར་མ་བཤད་དོ།། དཔལ་རྡོ་རྗེ་འཇུགས་བྱེད་ཀྱི་རྒྱུད་ལས་ཏིང་ངེ་འཛིན་གྱིས་ལས ་ཐམས་ཅད་བསྒྲུབ་པའི་ཐབས་ལ་ལི་ཏ་བཛྲ་ས་ཀལ་པཱ་སྟེ་བདུན་པའི་བཤད་པའོ།། །། རྒྱུད་ཆེན་འཁོར་ལོ་འབུམ་པ་ལས ་ཨཱར་རྒྱན་གནས་མཆོག་དམ་པ་ནས།། དམ་པའི་སྟོབས་ཀྱིས་རྒྱུད་རྒྱལ་བསྙེས།། རྒྱུད་རྒྱལ་མཚོ་ཆེན་ལྟ་བུ་ལ།། ཟབ་མོ་རྒལ་བར་མི་ནུས་ཀྱང་།། བླུན་པོའི་བློ་ཡིས་ཕྱོགས་ཚུལ་བཤང་།། འགལ ་བའི་དོན་རྣམས་མཁའ་འགྲོ་དང་།། དམ་པ་རྣམས་ལ་གཟོད་པར་གསོལ།། མཱན་ངག་ལྡན་པའི་རྒྱུད་ཀྱིས་བརྒྱན།། བདག་གིས་སྨན་ལ་ཕན་བ་ཤང་བྱས།། དེའི་བསོད་ནམས་གང་ཐོབ་པ ་འགྲོ་བྷ་ཀུན་གྱིས་ཐོབ་གྱུར་ཅིག། རྒྱ་གར་གྱི་མཁན་པོ་ལས་ཀྱི་རྡོ་རྗེ་། དགེ་སློང་ཀུ་མ་ར་ཤི་ལས་བསྐུར་བའོ།། ་ཤུ་བྷེ།། ། མངག་ལེ་དགེའོ།། ་