| Wylie | e-texts produced with BDRC’s OCR application |
བ་བྱས་ནས། འདོད་པའི་དོན་གསོལ་བ་བཏབ་ནས། གཤེགས་སུ་གསོལ་ཏེ། ལྷའི་ང་རྒྱལ་བརྟན་པོས་གནས་ནས། ཆོས་ཐམས་ཅད་ནི་མ་སྐྱེས་པའོ།། ཆོས་ཐམས་ཅད་ནི་དངོས ་པོ་མེད་པའོ་ཞེས་བརྗོད་ལ། རྡོ་རྗེའི་རྩེ་མོས་འཁོར་ལོ་དབྱི་བར་བྱའོ།། དེ་ནས་སློང་བ་ལ་རྡུལ་ཚོན་ཅུང་ཟད་བྱིན་ལ།། ཆུ་བོ་ཆེན་པོར་དོར་བར་བྱའོ།། ། ་ཁུང་བུ་འགེངས་དང་རབ་གནས་དང་།། སྦྱིན་བསྲེག་དཀྱིལ་འཁོར་ནོར་གང་ཡིན། དེ་ཀུན་སློབ་དཔོན་ཉིད་དབང་ཞེས།། རྡོ་རྗེ་འཛིན་པ་མཆོག་གིས་གསུངས།། ། བཟང་པོ་ཞབས་སོ།། ་ཀྱིསམཛད་པའི།། གསང་བ་འདུས་པའི་ཆོ་གར་གསལ།། འདིར་ནི་འཁོར་ལོའི་ཆོ་ག་ནི།། ཅུང་ཟད་བདག་གིས་བྱས་པ་ན།། དེ་ལ་ལྷག་པ་འམ་ཆང་གྱུར་པ།། དབང་པོ་བཟད་རྣམས་བཟོད་པ ་མཛོད།། གང་ཕྱིར་རང་ཉིད་དྲན་པའི་ཕྱིར།། འདི་འདྲ་ཅུང་ཟང་བྲིས་པ་ཡིན།། །། ཤེས་རབ་ལྡན་པའི་སྤྱོད་ཡུལ་རང་གི ་ཤེས་པ་ལས་གཞན་མིན་ལེགས་ཚོགས་ནི་མི་ཤེས་མུན་པ་ཀུན་འཇིག་སྲིད་པ་མཉམ་པ་གཉིས་མེད་རྟོགས་པ་རབ་སྟེར་བའི།། དཔལ་ལྡན་ས་ས་གཤིན་རྗེ་གཤེད ་ཀྲོལ་འཁོར་ཆགས་དོན་ཀུན་བསླད་པ་དྷྱས།། ངོ་མོ་དགེ་བ་གང་ཐོབ་ངོས་མོ་བདག་དང་འགྲོ་བྱུརྡྷ་གྱིས་འཕེལ་གྱུར་ཅོག ་དཔལ་ག་ཤིན་རྗེ་གཤེད་ནག་པོའི་དཀྱིལ་འཁོར་རྨྱི་ཆོག་སྟོབ་པོན་དཔལ་འཛིན་གྱིས་མཛད་པ་རྫོགས་སོ།། ་རྒྱ་གར་གྱི་མཁན་པོ་ཨ་དུ་ལ་ངས་དང་། མོ་ཙ་བ་དགེ་སློང་འཕགས་པ་ཤེས་རབ་ཀྱིས་བསྒྱུར་བའོ།། ས་མངག་ལཾ། ་རྒྱ་གར་སྐད་དུ། ཀྲི་སྟྲ་ཡ་མ་ཨ་རི་ཨཱ་བཱི་སཱ་མ་ཡ་ཀྲ་མ། བོད་སྐད་དུ། གཤིན་རྗེ་གཤེང་ནག་པོའི་མངོན་པར་རྟོགས་པའི་རིམ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ།། གུས་པས་བླ་མ་དང་ནི་གཤིན་རྗེ་གཤེད་ནག་རྡོ་རྗེ་ནི།། ཉིད་མཚུངས་དང་འདུས་བདེ་བས་ཡོངས་གང་གཞན་གྱི་དོན་འཇུག་པ།། རྡོ་རྗེ་རལ་གྲི་འཁོར་ལོ་ཆུ་སྐྱེས་གྲི་གུག་ཐོད་པ་ཕྱག ་ན་བསྣམས།། ཞལ་གསུམ་པ་ལ་འཇིགས་པ་སེལ་མཛད་དེ་ལ་མགོ་བོས་ཕྱག་འཚལ་ལོ།། དུས་དགྲ་ནག་པོ་བསྒྲུབ་པ་ཉིད།། གང་ཞིག་འདོད་ནས་དེ་ཉིད་རིག། དབང་བསྐུར་ལ་སོགས་ཐོབ་པ་དག། དེ་ཡི་བསྒོམ་པའི་རིམ ་པ་འདི་།། བྱིས་པས་བདེ་བ་རྟོགས་ཕྱིར་དང་།། མཚུངས་པ་རྣམས་ཀྱི་དྲན་ཕྱིར་དང་།། གོང་མ་བྱིས་པའི་ཚིག་དག་ལ།། མགུ་བ་སྐྱེད་ཕྱིར་བྲི་བར་བྱ།། སྦྱིན་དང་ཚུལ་ཁྲིམས་ལ་སོགས་ལྡན།། སེམས་ཅན་དོན་དགའ་བློ་དང ་ལྡན་དས་བྱམས་པ་ལྔ་སོགས་ཡོན་ཏན་རྫོགས། དུད་དང་ཐོས་པས་རྣམ་བརྒྱན་པས།། དང་པོ་གདོང་ལ་སོགས་བཀྲུ་བ།། སྙིང་རྗེའི་བདག་ཉིད་སྔོན་དུ་བྱ།། དབེན་པའི་གནས་སུ་བརྩམ་བྱ་སྟེ།། དུར་ཁྲོད་ལ་སོགས་བདེ་གནས ་ལའདུག་ནས་སྙིང་གར་པད་མ་དང་།། ཤིན་ཏུ་འོད་གསལ་ཟླ་བ་བལྟ།། ཡཾ་ཡིག་སྔོན་པོ་འོད་མཛེས་པ། སེམས་ཅན་འབྱོར་པའི་དོན་བྱེད་བལྟ།། ནམ་མཁའི་ཁམས་ནི་ཀུན་གང་བའོ།། བླ་མ་དང་ནི་རྫོགས་@ ་