CLOSE WINDOW

GT279: keng rus tra na'i sgrub thabs kyi 'grel pa gzhan la phan pa zhes bya ba
Wyliee-texts produced with BDRC’s OCR application

གདན་ནི་བཞུགས་པ། ལྷ་འདྲེ་བྲན་དུ་འཁོར་བའི་སློབ་དཔོན་ཆེན་པོ་དཱ་རི་ཀྲ་བས་མཇེད་པ་རྫོགས་སོ།། ། ཏཱ་ར་ནའི་སྦུབས་ཐབས་ཀྱི་འགྲེལ་པ་བཞུག་གོ།། རྒྱ་གར་སྐད་དུ། ཀཾ་ཀ་ལ་ཏཱ་ར་ན ་སཱ་དྷ་ནཾ་ཊཱི་ཀཱ་པེ་ར་ཧི་ཏ་ནཱ་མ། བོད་སྐད་དུ། ཀེང་རུས་ཏྲ་ནུའི་སྒྲུབ་ཐབས་ཀྱི་འགྲེལ་པཱ་གཞན་ལ་ཕན་པ་ཞེས་བྱ་བཱ། དཔལ་རྡོ་རྗེ་རྣལ་འབྱོར་མ་ལྱ་ཕྱག་འཚལ་ལོ།། བླ་མི་རྡོ་རྗེ་ཕགྲ་མོ་ཡཽ།། ཞབས་ལ་སྤྱི་བོས་ཕྱག ་འཚལ་ཏེ།། བློ་དམན་རྣམས་ཀྱིས་རྟོགས་བྱའི་ཕྱིར།། དེའི་སྦུབས་ཐབས་བདག་གིས་བཤད།། རྡོ་རྗེའི་ཁྲོས་ནི་བྱས་ནས་ནི། ཞེས་པ་ལ་སོགས་པའི་དོན་ནི་སྔགས་པས་དབེན་ཞིང་ཡིད་དུ་འོང་བའི་གནས་སུ་སྟ་ནི་བདེ་བ ་ལ་འདུག་ནས། སེམས་ཅན་རྣམས་བྱང་ཆུབ་ལ་དགོད་པར་བསམ། བླ་མ་རྣམས་སྤྱི་བོར་བལྟ།། དག་པས་སུ་མ་བརྗོད་པས་བདག་ཉིད་ལྷ་མོའི་ང་རྒྱལ་དུ་བྱ། གདོང་བཞི་པས་བསྲུང་འཁོར་བྱ། རྣམ་པར་སྦྱངས་པའི་བདུད ་རྩིས་ཁྲུས་བྱས་ལ་གོ་བགོ། དེའི་འོག་ཏུ་སེམས་རྩེ་གཅིག་གྲི་ཡི་གེ་བརྒྱད་ཀྱི་རྡོ་རྗེ་རྣལ་འབྱོར་མའི་རང་བཞིན་བསྒོམ་པར་བྱ་སྟེ།། དེ་ལ་འཁོར་ལོ་འདི་ནི་ན་མཁའ་འདྲ་ཞེས་པ་ནི་ཕྱི་སྣོད་ཀྱི་འཇིག་རྟེན་ནི་ནཱ་མཁའ་དང་འདྲ ་སྟེ་མཐའ་མོད་པའོ།། བདེ་བ་ཆེན་པོས་རབ་ཏུ་གང་ཞེས་པ་ནི་དེ་ཉིད་གདོད་མ་ནས་མེ་སྐྱེས་པའི་ཕྱིར་རང་བཞིན་གྱིས་སྟོང་པོ་ཉིད་ཡིན་ནོ།། ཐུབ་པ་གོ་མཚམས་མེད་པར་བཞུག་སོ།། ཞེས་པ་ནི་ནང་བཅུད་ཀྱིས་སེམས་ཅན ་རྣམས་ངོ་བོ་ཉིད་ཀྱི་རང་བཞིན་ཡིན་པས་སོ།། དེ་ཡང་བརྟག་པ་གཉིས་པ་ལས།། སེམས་ཅན་རྣམས་ནི་སངས་རྒྱས་ཏེ། འོན་ཀྱང་བློ་བུར་དྲི་མཱས་བསྒྲིབས།། དེ་ཉིད་བསལ་ན་སངས་རྒྱས་ཉིད། ཅེས་བྱ་པ་དང་། ་རང་དང་རང་གྲི་རྟོག་པ་ལས། སངས་རྒྱས་མ་ཡིན་སེམས་ཅན་ནི། གཅིག་ཀྱང་ཡོད་པ་མ་ཡིན་ནོ།། ཞེས་གསུངས་པས་སོ།། ཐུབ་པ་ནི་སྒྲིབ་པ་གཉིས་ཐུབ་པའོ།། གོ་མཚམས་མེད་པ་ནི་སྣོད་ཀྱིས་ཁྱབ ་ཚད་དུ་བཅུད་ཀྱིས་ཁྱབ་ན་གོ་མཚམས་མེད་པས་སོ།། བདེ་བ་དག་གིས་བརྗོད་མི་ནུས།། ཞེས་པ་ནི་གཉིས་ཀ་བདེ་བ་ཆེན་པོའི་ཡེ་ཤེས་ཡིན་པས་བརྗོད་དུ་མང་བའོ།། ཡང་ན་འཁོར་ལོ་འདི་ནི་ནམ་མཁའ་བ་ནི།། ལུས ་ནིན་མཁའི་དང་འདྲ་སྟེ་རང་བཞིན་མེད་པས་སོ།། བདེ་བ་ཆེན་པོས་རབ་ཏུ་གང་། ཞེས་པ་ནི་ལུས་ཀྱི་རྩ་དང་ཐིག་ལེ་ལ་བརྟེན་ནས་བདེ་བ་ཆེན་པོ་སྐྱེ་བས་སོ།། ཐུབ་པ་གོ་མཚམས་མེད་པར་བཞུགས།། ཞེས་པ་ནི ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལྷ་དང་ལྷ་མོའི་རང་བཞིན་ཡིན་པས་སོ།། བདེ་བ་ངག་གི་བརྗོད་མི་ནུས་ནི། ཡེ་ཤེས་ཆེན་པོ་དེ་བརྗོད་པའི་ཡུལ་ལས་འདས་པའོ།། ཡང་ན་འཁོར ་ལོ་འདི་ནི་དོན་དམ་གྱི་བདེན་པའོ།། ན་མཁའ་འདྲ་ནི་སྤྲོས་པ་མེད་ཅིང་མཐའ་དབུས་དྲང་བྲལ་བའོ།། བདེ་བ་ཆེན་པོས་རབ་ཏུ་གང་ན་ཡེ་ཤེས་དེ་མི་རྟོག་ཅིང་མི་འགྱུར་བས་སོ།། ཐུབ་པ་གོ་མཚམས་མེད་པར་བཞུགས ་ནི། དུས་གསུམ་གྱི་སངས་རྒྱས་རྣམས་ཏེ། ཡེ་ཤེས་དེའི་བདག་ཉིད་ཡིན་པའི་ཕྱིར་རོ།། བདེ་བ་ངག་གི་བརྗོད་མི་ནུས་ནི། དོན་དམ་གྱི་བདེན་པ་དེ་ནི་ཤེས་བརྗོད་ཐམས་ཅད་ལས་འདས་པའོ།། དེ་དག་ནི་ཡི་གེ ་ནིའི་དོན་བཤད་པའོ།། ནམ་མཁའ་གཉིས་ནི་ཁ་སྦྱོར་ལས། ཞེས་པ་ནི་ན་མཁའ་དོང་ས་གཞི་གཉིས་ཁ་སྦྱོར་གྱི་རྣམ་པའོ།། དབང་ཕྱུགས་རྒྱུར་སྨྲ་བ་རྣམས་ན་རེ། ན་མཁའ་ལ་ནི་དབང་ཕྱུགས་ཆེན་པོའོ།། ས ་གཞི་ནི་ལྷ་མོ་ཨུ་མའོ་ཞེས་བྱ་སྟེ། ཁམས་གསུམ་བརྟན་གཡོ་རྣམས་དེ་ལས་བྱུང་བའོ།། ནཱ་མཁའ་སྐབས་ཕྱེ་ས་གཞིས་བརྟེན་བྱིས་པའི་ཕྱིར་རོ།། དེ་བས་ན་ཐམས་ཅད་ཀྱི་བྱེད་པ་པོ་དབང་ཕྱུག་ཡིན་ནོ།། ཞེས ་ཟེར་རོ།། དེས་ན་ཐབས་དང་ཤེས་རབ་ལས་མ་འདས་པའོ།། འཁོར་ལོ་དྲུག་པོ་འོད་ཟེར་རྫོགས་ནི། དེ་གཉིས་ལ་བརྟེན་ནས་རིགས་དྲུག་གནས་པའོ།། འགྲོ་དྲུག་རྒྱུ་ནི་མེད་པར་བྱེད་ནི། རང་བཞིན་གྱིས་སྟོང་པའོ ་ཡང་ན་ན་མཁའ་གཉིས་ནི་ཁ་སྦྱོར་ལས་ནི་ལུས་དང་སེམས་སོ།། དེ་གཉིས་ལ་འགྲོ་བ་རིགས་དྲུག་གྲུབ་ནས་དབང་པོ་དྲུག་རྫོགས་པར་བྱུང་བའོ།། དེ་གཉིས་ཀྱི་རྒྱུ་ལས་དང་ཉོན་མོངས་པ་ཡིན་ལ། གཉིས་སུ་མེད་པའི ་ཡེ་ཤེས་ཀྱི་དེ་སྤོང་བར་བྱེད་པའོ།། དེ་ནི་ཡེ་ཤེས་ཆེན་པོའི་གནས་ནི་ཆོས་ཀྱི་སྐུའི་ཡེ་ཤེས་དེ་ནི་བདེ་བ་ཆེན་པོའི་རང་བཞིན་ནོ།། ཡང་ན་ན་མཁའ་གཉིས་ནི་ཁ་སྦྱོར་ལས་ནི། ཐབས་དང་ཤེས་རབ་བོ།། འཁོར་ལོ ་དྲུག་གི་འོད་ཟེར་རྫོགས་ནི། ཟུང་འཇུག་གི་ཡེ་ཤེས་ལས་སངས་རྒྱས་དྲུག་འབྱུང་བའོ།། འགྲོ་དྲུག་རྒྱུ་ནི་མེད་པར་བྱུང་ནི། ས་སུ་རྒྱས་དྲུག་པོ་དེ་ཉིད་ལ་ཡང་རང་བཞིན་མྱེད་དེ། ཆོས་ཀྱི་སྐུ་ཡིན་པའི་ཕྱིར་རོ།། དེ་ནི ་ཡེ་ཤེས་ཆེན་པོའི་གནས་ནི། ཆོས་ཀྱི་སྒྲ་དེ་ཉིད་ཡེ་ཤེས་ལྔའི་རོང་བཞིན་ཡིན་པའི་ཕྱིར་རོ།། གེ་མའི་བཤད་པའོ།། ཤྲཱི་ཡིས་འཁོར་ལོ་སྦེད་པར་བྱེད་ནི། འཁོར་ལྷོ་ནི་དམར་པོ་ཨཱ་ལི་ཀཱ་ལིའི་སྙིང་པོ་ཅདན ་འདབ་མ་གསུམ་ལྡན་ནི་གསུམ་པའོ།། སྐུད་པ་ཅན་ནཱི་རེའུ་མིག་བཞི་བཅུ་ཞེ་དགུ་སོ་སོར་འབྱུང་པའི་རེ་ཁཱའོ།། དེ་ནི་དུ་གསུམ་གྱི་རང་བཞིན་ལྡན་ནི་ལུས་ངག་ཡིད་གསུམ་གྱི་ངོ་བོ་ཡང་ན་སྐྱེ་གསུམ་གྱི་རང་བཞིན ་གསུམ་པོ་ལམ་དུ་བཤད་པ་ཡིན་ན། ལུས་ངག་ཡིད་གསུམ་གྱི་མི་དགེ་བ་རྣམས་སྦྱོང་ཞིང་དགེ་བ་རྣམས་སྤྱོད་པ་ནི་གསུམ་པོ་ལམ་དུ་བཤད་པའོ།། ཡང་ན་རླུང་འཇུག་གནས་པ་གསུམ་ངོ་བོ་ཉིད་ཀྱིས་ཡི་གེ ་གསུམ་ལྷ་གསུམ་གྱི་བདག་ཉིད་དུ་གནས་པ་དང་། བསྒོམས་པས་སྐུ་གསུམ་པོ་ཐོབ་པ་ནི་གསུམ་པོ་ལམ་དུ་བཤད་པའོ།། ཡི་གེ་ཤྲཱིའི་བཤད་པའོ།། བཱ་ལས་སྐྱེས་པ་རྒྱལ་མཚན ་ཏེ། ཅེས་པ་ནཱི་ཁཱ་ཊྭཱཾ་ག་ལ་འཕྱང་བའི་བ་ངན་ཏོ།། དེ་ཉིད་ཕྱག་རྒྱ་བཞི་ཡིས་བརྒྱན་ནི།། ལོས་ཀྱི་ཕྱག་རྒྱ་དང་། དམ་ཚིག་གིས་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་དང་རྒྱ་ཆེན་པོ་སྟེ་དེའི་བཞིའི་བདག་ཉིད་དོ།། ་ཡང་ན་ཕྱག་རྒྱ་བཞིའི་རྐྱེན་ནི་འདུས་བྱས་ཐམས་ཅད་མི་རྟག་མྱི་རྟག་པ་དང་། ཆོས་ཐམས་ཅད་བདག་མྱོང་པོ་དང་། ཟག་པ་དང་བཅས་པ་རྣམས་སྡུག་བསྔལ་དང་། མྱ་ངན་ལྔས་འདས་པ་ནི་ཞི་བས་ཏེ་བཞི་དང ་ལྡན་པས་མཚོན་པའོ།། བསམ་གཏོན་བཞི་དང་ལྡན་པའི་མཆོག་ནི་བསམ་གཏན་བཞིའི་རང་བཞིན་ཡིན་པས་དེ་འཐོབ་པར་གྱུར་པའོ།། རྣམ་ཐར་བཞི་ཡང་དེ་ལྔས་འགྲུབ་ནི། སྟོང་པ་ཉིད་དང་མཚན་མ་མེད ་པི་དང་སྨོནྡ་པ་མེད་པ་དང་། མངོན་པར་འདུས་མ་བྱས་པ་སྟེ། དེ་རྣམས་ཀྱང་ཐོབ་པར་འགྱུར་ཞེས་པའི་དོན་ཏོ།། ཡི་གེ་བའི་བཤད་པའོ།། ཛ་ལས་བཀྲ་ཤིས་འབྱུང་བ་ཡཾས་ཞེས་པ་ནི། གཡུང་དྲུང་འཁྱིལ ་པའོ།། ཤིན་ཏུ་མྱུར་བར་འཁོར་བ་ལས་ཞེས་པ། སྟེང་དུ་གཡུང་དྲུང་འཁྱིལ་པ། དེའི་འོག་ཏུ་འཁོར་ལོ།། དེ་གཉིས་དྲུག་ཏུ་འཁོར་བས་སོ།། དགའ་བ་མཆོག་དགའི་རང་བཞིན་ཅན་ནི། ཧཾ་ལས་ཐིག་ལེ ་བསམ་པཱ་ལས་དགའ་བ་གསུམ་པོ་རིམས་ཀྱིས་སྐྱེ་བའོ།། ལྷན་ཅིག་སྐྱེས་པ་སྟེར་བར་བྱེད་ཅེས་པ་ནི་ཐིག་ལེ་ལས་ཨཱཾ་ལ་སླབས་པའི་དུས་ན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ། མི་རྟོག་པའི་རང་བཞིན་དུ་འགྱུར ་རོ། ཡི་གེ་ཛའི་བཤད་པའོ།། ཛོ་ལས་བྱུང་བའི་དོན་མཆོག་ནི། ཞེས་པ་ནི་དེའི་དྲིན་བཤད་པར་བྱ་ཞེས་པའི་དོན་ཏོ།། སྙོམས་འཇུག་རྫོགས་པའི་ངོ་བོར་འདོད། ཅེས་པ་ནཱི་ཐབས་དང་ཟུང་དུ་འཇུག ་པ་སྟེ། ལས་ཀྱི་ཕྱག་རྒྱ་མ་ལ་བརྟེན་པ་འམ། རྩཝ་དང་ཐིག་ལེ་ལ་བརྟེན་པས་སོ།། གཉིས་མེད་ཡེ་ཤེས་མཐོང་བར་བྱེད།། ཅེས་པ་ནི་སྙོམས་འཇུག་མཐའུ་ཐུག་པ་ལས་ལྷན་ཅིཀྐ་སྐྱེས་པའི་ཡེ་ཤྲཱིས ་ངོས་བཟུང་བའོ།། ཕྱག་རྒྱ་ཆེན་པོ་སྟེར་བར་མཛད་ཅེས་པ་ནི་ཡེ་ཤེས་དེ་ཉིད་ལ་རྒྱུན་མི་འཆད་པར་གོམས་པར་བྱས་པོས་སངས་རྒྱས་ཐོབ་པར་བྱེད་དོ་ཞེས་པའི་དོན་ཏོ།། གཞན་ཡང་གི་ལས་བྱུང་བ་ནི ་ཉི་མའི་གཟུགས་དང་ཟླ་བ་རྒྱུས་ཞེས་གསུངས་ཏེ། གཡས་དང་གཡོན་དུ་རྒྱུ་བའི་རླུང་གཉིས་དབུ་མར་མཛད་པོའོ།། དེ་ནི་གར་ཡང་གནས་པ་མཽད་ཅེས་པ་ནི། རླུང་དབུ་མ་རཱ་ཚུད་བྷ་ན་གར་ཡང་མི་གནས་བྱ ་སྟེ། མ་རྟོག་པར་འགྱུར་བའོ།། ཆོས་ཀྱིས་སྐུ་ཡི་གནས་ཀྱང་སྦྱོར་ཅེས་པ་ནི་སྟོང་པོ་ཉིད་ཀྱི་ཡེ་ཤེས་ལས་ཆོས་ཀྱི་སྐུ་ཐོབ་པས་ན་རྒྱུ་ཡིན་ནོ།། ཡི་གེའི་དོན་བཤད་པའོ།། ནི་ལས་བྱུང་བའི་དོན་འགོག ་ནི།། བླ་མ་དམ་པའི་མན་ངག་གིས་ཞེས་གསུངས་ཏེ། བླ་མ་དམ་པ་ནི་གསང་སྔགས་ཀྱི་ཐེག་པ་སྟོན་པའི་སློབ་དཔོན་རྣམས་སོ།། མན་ངག་གིས་ནི་རིམ་པ་གཉིས་ཀྱི་རྣལ་འབྱོར་རོ།། བརྟན ་གཡོ་ཐམས་ཅད་སྟོང་པར་ཤེས་ནི་ཁམས་གསུམ་སྣོད་དང་བཅུད་དུ་བཅས་པ་རླུང་བཞིན་མེད་པར་ཁོང་དུ་ཆུད་པའོ།། དེ་ཡིས་སངས་རྒྱས་མྱུར་དུ་ཐོབ་ནི།། དེ་ལྟ་བུའི་རྣལ་འབྱོར་པས་རིང་པོ་མི་ཐོགས་པར་སངས་རྒྱས་ཐོབ ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། ཡེ་ཤེས་ནི་བཤད་པའོ།། ཡི་གེ་དེ་བརྒྱད་ཀྱིལ་འཁོར་ནི་ཞེས་པ་ནཱི་ཡཾ་གཱི་དེ་བརྒྱད་ཀྱི་དོན་ནི་རྡོ་རྗེ་རྣལ་འབྱོར་མའི་རང་བཞིན་ནོ།། དཀྱིལ་འཁོར་ནི་འཁོར་ལོ་སྟེ།། དམར་པོ་གྲུ ་གསུམ་པ་ཨཱ་ལི་ཀྵིཾ་ལའི་སྙིང་པོ་ཅན་ནོ།། དངོས་གྲུབ་འདོད་པས་བྲི་བར་བྱ་ནི། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་པར་བྱ་བའི་ཕྱིར་འཁོར་ལྟོ་བྲིས་ལ་ཕྱི་རོལ་གྱི་མཆོད་པ་བྱའོ་ཞེས་པའི་དོན་ཏོ།། འཁོར་ལོ་དཽ་ཅི ་ཡིས་བྲི་བར་བྱ་ཞེ་ནི། བདུད་རྩི་ལྔ་ལ་སོགས་པའི་ཁུ་བའི་རྣམ་པ་ཅི་ཡོད་པས་སོ།། གདམས་པས་གཟབས་ཏེ་བྲི་བར་བྱ་ནཱི་བླ་མིའི་མན་ངག་བཞིན་དུ་མ་འཁྲུལ་བར་བྲི་བར་བྱའོ།། དེ་དག་གིས་ནི་གུག་པོ་བྲི་ནི་ཆོས་འབྱུང ་ལ་དང་། ཨཱ་ལི་ཀ་ལིའི་སྙིང་པོ་ཅན་གཡུང་དྲུང་འཁྱིལ་པ་བཞི་དང་བཅས་པ་བྲིས་ལ།། ཡེ་ཤེས་སེམས་དཔའ་བཀུག་ལ་བསྟིམས་མཆོད་པ་དང་བསྟོད་པ་ནས་གཤེགས་སུ་གསོལ་བར་དུ་དེ་ཁོ་ན་ཉིད་ཡེ་ཤེས་གྲུབ་པའི ་བྱུབྷྱས་ཐབས་ནས་བཤད་པ་བཞིན་དུ་བྱའོ།། དྲ་ནི་ཕྱི་རོལ་གྱི་མཆོད་པ་བསྟན་ནས། ནང་ལྷའི་རྣལ་འབྱོར་བསྒོས་པ་བསྟན་པར་བྱ་སྟེ། དེ་ལ་ཀྲུང་རུས་ཏཱ་ར་ན་ཞུས་པ་ནི་ཀང་རུས་སུམ་ཅུ་རྩ་གཉིས་ཀྱིས་ཕྱོགས ་བཞིར་བསྐོར་བ་བཅུ་དྲུག་གིས་གདུགསོ་བྱས་པའི་དབུས་ནཱ་ལྷ་མོ་བསྒོམ་པའོ།། དམ་ཆོས་བདུད་རྩི་དེ་ཉིད་ཡིན་ཞེས་པ་ནི་རིམ་པོ་གཉིས་རྣལ་འབྱོར་བྱ་བཱ་སྟེ། ཆོས་རྒྱས་པའི་དེ་ཁོ་ན་ཉི་ད་ཡེ་ཤེས་གྲུབ་པ་ནས ་བཤད་པ་བཞིན་ནོ།། སྒོའི་མཱན་ངག་ངོ་ཉིད་ཡིན་ཞེས་པ་ནི་ཕྱོགས་གསུམ་གྱི་ནེང་རུས་རྣམས་ནི་སྐུ་གསུང་ཐུགས་ཀྱི་ལྷ་ཚོགས་སོ།། ཕྱོགས་གློཅོག་གི་གླིང་རུས་རྣམས་ནི་བདེ་བ་ཆེན་པོའི་འཁོར་ལཱྀའི་ལྷ་མོ ་བཞི་དང་ཐོད་པ་བཞི། གདུགས་ཀྱི་བཅུ་དྲུག་ལ་བརྒྱད་ནི་དམ་ཚིག་གི་འཁོར་ལོའི་ལྷ་མོ་བརྒྱད་པའོ།། བརྒྱད་ན་དུར་ཁྲོད་བརྒྱད་དོ།། དེ་རྣམས་ཀྱི་བསྐོར་བའི་དབུས་ནི་ལྷ་མོ་བཞུགས་པའོ།། གཡོན་གྱི་ཁཾ་ཊྭཱཾ་ག ་ནཱིནི་དཔལ་བདེ་མཆོག་གོ། དེ་ལྟར་ན་འདི་ལྷུར་བསྒོམས་པས་དཔྲལ་བྱུང་མཆོག་གི་དཀྱིལ་འཁོ་ཡོངས་སུ་རྫོགས་པཪྵ་བསྒོམས་པར་འགྱུར་བའོ།། དེས་ནི་ལྷ་མོ་བསྒོམ་པ་བསྟན་ཏོ།། དཱ་ནི་ཡབྷཱ་ཡུམ་མཉམ་པར ་སྦྱོར་བའི་རྣལ་འབྱོར་བསྟན་པར་བྱ་སྟེ། དེའི་དབུས་ན་མཁའ་འགྲོའི་གཙོ།། ཡི་གེ་ནི་ལས་བྱུང་བ་ནི། ཞེས་པ་ནི་བདག་ཉིད་ལྷ་མོར་བསྒོམས་པའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ནི་ལས་བྱུང་བའི ་དཔལ་འཁོར་ལོ་སྡོམ་པ་ཞལྔ་གཅིག་ཕྱུག་གཉིས་པར་གྱུར་པའོ།། རྡོ་རྗེ་རྣལ་འབྱོར་མ་དང་བཅས། དེ་ནི་མ་ལས་བྱུང་ཞེས་བརྗོད་ཅེསྟྲ་པ་ནི་ཡི་གེ་དེ་གཉིས་ལུས་ཡང་ཡུམ་གཉིས་དུས ་གཅིག་ལས་བྱུང་བའོ།། བདག་ཉིད་ཡིན་པར་རྟོགས་ཀྱིས་ལིན་སྟོང་པ་ཉིད་དང་སྙིང་རྗེའི་གཉིས་རོ་གཅིག་པར་བསྒོམས་པའོ།། ལྷན་སྐྱེས་ཡེ་ཤེས་སྒྲུབ་པར་བྱ་ནི། ཡབ་ཡུམ་གཉིས་སྙོམས་འཇུག་བྱས་པ་ལས ་བདེ་བ་ཆེན་པོའི་ཡེ་ཤེས་བསྐྱེད་པའོ།། ཚོགས་གཉིས་བསགས་པས་ཡེ་ཤེས་སྐྱེ་ནི་ཐབས་དང་ཤེས་རབ་གཉིས་ཟུང་དུ་འཇུག་པ་གཉིས་སུ་མེད་པའི་ཡེ་ཤེས་སྐྱེ་བའོ།། དེ་ཉིད་དེའི་ཐབས་སུ་བཤད་ནི། སྔགས་ཀྱི ་ཐེག་པ་འདིར་ཐབས་དང་ཤེས་རབ་ཀྱི་སྙོམས་འཇུག་ལས་མི་རྟོག་པ་སྐྱེ་བ་འདི་ཉིད་ཐབས་སུ་གསུངས་པའོ།། རབ་དགའ་ལ་སོགས་བཅུ་པོ།། སངས་རྒྱས་རྣམས་ཀྱི་ལམ་དུ་གསུངས་ཞེས་པ་ནི་ཕ་རོལ་ཏུ་ཕྱིན་པའི ་ཐེག་པ་ལས་ནི་ལམ་ལྔ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། ས་བཱཅུ་པོ་སངས་རྒྱས་ཀྱི་ལམ་དུ་གསུངས་སྔོ།། སྙོམས་འཇུག་ཡོངས་སུ་རྫོགས་པ་ལྔས་ནཱ་ཡབ་ཡུམ་སྲུབ་པའི་སྦྱོར་བ་བྱས་སོ།། ཐིག་ལྀ་གཉིས ་པོ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་དོན་དམ་བྱང་ཆུབ་ཀྱི་སེམས་སོ།། འོད་ཟེར་འཕྲོ་བ་ནི་དགའ་བ་བཞི་རིམ་གྱིས་སྐྱེ་བའོ།། ཐིག་ལེ་ལ་ནི་ཐིག་ལེ་ཐིམ་ནི་ལྷན་སྐྱེས་ཀྱི་དགའ་བ་སྟེ་གཉིས་མེད་ཀྱི་ཡེ་ཤེས་སོ།། ་མཁས་པ་ཡིས་ནི་བསྒོམ་པར་བྱ་ནི་བླ་མའི་མན་ངག་ཁོང་དུ་ཆུད་པའི་རྣལ་འབྱོར་པས་བསྒོམ་པར་བྱ་ཞེས་པའི་དོན་ཏོ།། འདི་རྣམས་བསྒོམ་པ་བྱས་པ་ཡིས།། མཚན་དང་དཔེ་བྱད་ཐོབ་པར་འགྱུར་ཞེས་པ་ནི་གཉིས་སུ ་མེད་པའི་ཡེ་ཤེས་བསྒོམས་པ་ལས་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་ལྡན་པའི་སངས་རྒྱས་ཐོབ་པར་འགྱུར་རོ་ཞེསཽ་པའི་དོན་ཏོ།། ཡང་རྣལ་འབྱོར་མའི་འདྲ་བ་གཞན་སྟོན་ཏེ། འདི་ལ་སྲ ་སྐྱེས་པའི་རྣལ་འབྱོར་མ་ནི། ཐབས་དང་ཤེས་རབ་ལས་བྱུང་བུའི་ཟུང་འཇུག་གི་ཡེ་ཤེས་སོ།། རྡོ་རྗེ་རྣལ་འབྱོར་མ་རུ་གྱུར་ནཱ་བདེ་བ་ཆེན་པོའི་ཡེ་ཤེས་དེ་ལས་རྡོ་རྗེ་རྣལ་འབྱོར་མའི་སྐུ་རུ་གྱུར་པའོ།། ལྟེ་བའི ་ནོ་སོགས་པདྨ་བལྟ་ནི། སྤྲུལ་པའི་འཁོར་ལོའི་སྟེང་དུའོ།། ཉོན་མོངས་ཐམས་ཅད་བྱང་བར་བྱེད་ནི། དེ་ལྟར་བསྒོམས་པས་སྒྲིབ་པ་གཉིས་སྤོང་བའོ།། ཡི་གེ་དྲུག་གི་ལྷ་མོའི་གནས་དྲུག་ཏུ་གོ་བགོ་བ་ནཱི་གོ ་སླའོ།། ཕྱག་འཚལ་ཡི་གློ་ཐམས་ཅད་ལས་ནི་ཡི་གེ་བརྒྱད་པའོ།། ལྷ་མཆོག་ཏུ་ནི་བྱིན་གྱིས་བརླབ་ནི་ཡཱི་གེ་ད་བརྒྱད་ལྔས་ཡབ་ཡུམ་གཉིས་དང་གོ་ཆའི་ལྷ་མོ་དྲུག་བསྐྱེད་པའི་ས་བོནྡ་ཡིན་ནོ་ཞེས་པའི་ངན་ཏ། ་བདེ་བ་ཆེན་པོ་ལས་སྐྱེས་པ་ནི་ཟུང་འཇུག་ལྷན་སྐྱེས་ཀྱི་ཡེ་ཤེས་ལས་ལྷ་མོ་དེ་བྱུང་བས་སོ།། ཟབ་མོར་བྱུང་བའི་མན་ངག་གི་ནི། རྣལ་འབྱོར་འདི་རྟོགས་པར་དཀའ་བ་སྟེ། མན་ངག་འདི་ཤིན་ཏུ་ཡང་ཁོང་དུ་ཆུད ་པར་དཀར་བའོ།། ཞེས་པའི་དོན་ཏོ།། དེ་དོན་ཡང་ནི་བཤད་པར་བྱ་ནི། ཟབ་མོའི་དོན་གྱི་རྣལ་འབྱོར་མི་འདྲ་བ་གཞན་ཡང་བསྟན་པར་བྱའོ།། ཞེས་པའི་དོན་ཏོ།། བསྲུབས་པའི་སྦྱོར་བའི ་ནང་དུ་ནི་ཞེས་པའི་རྡོ་རྗེ་དང་པདྨོ་གཉིས་བསྲུབ་པ་ལས་ཐིག་ལེ་བྱུང་བའོ།། ན་ལས་འཁོར་ལོ་སྡོམ་པ་བྱུང་ནི། ཐབས་ཀྱི་ཐོག་ལེ་ན་རུ་གྱུར་པ་ལས་འཁོར་ལོ་སྡོམ་པ་བྱུང་བའོ།། མ་ལས་རྡོ་རྗེ་རྣལ་འབྱོར་མ་ནི ་ཤེས་རབ་ཀྱི་ཐིག་ལེ་མེ་རུ་གྱུར་པ་ལས་རྡོ་རྗེ་རྣལ་འབྱོར་མ་བྱུང་བའོ།། པདྨར་ཡི་གི་བྷ་ག་ལས་ནི་ཡུམ་གྱི་བྷི་གའི་ནང་དུ་ཡི་གེ་དེ་གཉིས་ལས་ཡ་བཱ་ཡུམ་གཉིས་བྱུང་བའོ།། བདེ་བ་ཆེན་པོ་ལས་སྐྱེས་པ་ནི། ལྷན ་ཅིག་སྐྱེས་པའི་ཡེ་ཤེས་ལས་བྱུང་བའོ།། དེ་ཉིད་རྣལ་འབྱོར་མ་རུ་ཤེས་ནི། ཤེས་རབ་ཀྱི་རང་བཞིན་ཡིན་པས་རྣལ་འབྱོར་མའོ།། རྡོ་རྗེ་གཉིས་ཀྱིས་དབུས་གནས་པའི་རྡོ་རྗེ་པདྨའི་དབུས་ན་ཡོད་པའོ།། དམ་པ་དེ ་ནི་ཤིན་ཏུ་བསྟན་ནི།། འདི་ནི་ཕྲ་མོའི་རྣལ་འབྱོར་ཡིན་པས་གསལ་པོར་བསྟན་པར་བྱའོ།། རྩ་བར་འཁོར་ལོ་ཡོད་པ་ལྀ་ནི། འདིར་འཁོར་ལོ་གསུམ་པདྨ་དང་བཞི་རྩེག་ཏུ་བསྒོམ་པའོ།། རྩིབས་བརྒྱད་འོད་དང ་བཅས་པའོ།། དཀར་པོ་ཕྱི་རོལ་འཁོར་ལོས་བསྐོར།། སྟོབས་དང་ལྡན་པ་ལ་སོགསོ་བརྒྱད།། གཡོན་ཕྱོགས་སུ་ནི་རབ་བསྐོར་ཞིང་།། དབུས་ན་ཡེ་ཤེས་རྒྱ་མཚོའོ།། ཞེས་པ་ནི་སྐེའི་འཁོར་ལོའོ།། འཁོར་ལོའི ་ཤར་ཕྱོགས་ཀྱི་རྩིབས་ལ་སྟོབས་པོ་ཚ། བྱང་དུ་རིན་ཆེན་རྡོ་རྗེ། ནུབ་ཏུ་རྟ་མགྲིན། ལྷོ་རུ་ན་མཁའི་སྙིང་པོ། ཤར་ལྷོར་དཔལ་ཧེ་རུ་ཀ། བྱང་ཤར་དུ་རྡོ་རྗེ་སེམས་དཔའ། ནུབ་བྱང་དུ་རྣམ་པར་སྣང་མཛད། ལྷ ་ནུབ་ཏུ་པདྨ་གླར་གྱི་དབང་ཕྱུག་གོ།། དབུས་ན་ཡེ་ཤེས་རྒྱ་མཚོ་སྟེ་སྐུ་རྡོ་རྗེའི།། འཁོར་ལོ་དམར་པོ་རྩིབས་བརྒྱད་པ།། པདྨའི་ཕྱེང་བས་བསྐོར་བའོ།། འཛེགས་བྱེད་ལ་སོགས་བརྒྱད་པོ་ནི།། འཁོར་ལོའི་རྩིབས་བརྒྱད ་ལ་གནས་ཤིང་།། གཡས་ཕྱོགས་སུ་ནི་རབ་ཏུ་བསྐོར།། ཆོས་ཀྱི་ཞལ་ནི་དབུས་གནས་པའོ།། ཞེས་པ་ནི་གསུང་གི་འཁོར་ལོའོ།། ཤར་གྱི་རྩིབས་ལྔ་འཇིགས་བྱུང་ཡང་ནྡོ་ཨཾ་ཀུ་རིའི།། ལྷོ་ཕྱོགས་སུ་རྡོ་རྗེ ་ཧཱུཾ་མཛད།། ནུབ་ཕྱོགས་སུ་དཔའ་བོ་ཆེན་པོ། བྱང་དུ་རྡོ་རྗེ་རལ་པཱ་ཅན། ཤར་ལྷོར་རབ་ཏུ་བཟང་པོ། ལྷོ་ནུབ་ཏུ་རྡོ་རྗེ་བཟང་པོ། ནུབ་བྱང་དུ་འཇིགས་བྱེད་ཆེན་པོ། བྱང་ཤར་མིག་མི་བཟུང་ངོ་།། དབུས་སུ་ཆོས ་ཀྱི་ཞལ་ཏེ་གསུང་རྡོ་རྗེའོ།། རྡོ་རྗེ་རིན་ཚན་འཁོར་ལོ་དབུས།། རྩིབས་བརྒྱད་འོད་དང་བཅས་པའོ།། རྡོ་རྗེ་ནག་པོའི་ཕྲེང་བས་བསྐོར།། ཐོད་པའི་དུམ་བུཾ་ལ་སོགས་བརྒྱད།། དབུས་མ་སྙོམས་འཇུག་རང་བཞིན ་བསྟན། ཞེས་པ་ནི་ཐུགས་ཀྱི་འཁོར་ལོའོ།། ཤར་གྱི་རྩིབས་ལ་ཁཎྜ་ཀ་པཱ་ལ། བྱང་དུ་མ་ཧཱ་ཀི་ཀ་ལ། ནུབ་ཏུ་ཀཾ་ཀ་ལ། ལྷོ་རུ་མཆེ་བ་རྣམ་པར་བརྩིགས་པ། ཤར་ལྷོ་རུ་སུ་ར་བཱི་རི། ལྷོ་ནུབ་ཏུ་འོད་དཔག ་མེད།། ནུབ་བྱུང་དུ་རྡོ་རྗེའི་འོད། བྱང་ཤཱར་དུ་རྡོ་རྗེའི་སྐུའོ།། དབུས་ན་སྙོམས་འཇུག་གི་རང་བཞིན་ཏེ་ཐུགས་རྡོ་རྗེ། བསྐུལ་པ་འཇིགས་པའི་མེ་ལྟ་བུ་ནེ། ཇི་ལྟར་བསྐུལ་པ་འཇིགས ་པའི་མེས་སྣོད་ཀྱི་འཇིག་རྟེན་མཱ་ལུས་པར་བསྲེག་པ་བཞིན་དུ་འཁོར་ལོ་འདི་རྣམས་ཀྱི་འོད་ཀྱིས་ཀྱང་སྒྲིབ་བྱ་གཉིས་མ་ལུས་པར་སྲེག་པར་བྱེད་པའོ།། སྐུད་ཅན་པདྨ་རྡོར་དྲིལ་དབུས་ནི། སྣ་ཚོགས་པདྨ་འདབ ་མ་བཞི་པའོ།། མཁས་པ་ཡིས་ནི་བསྒོམ་པར་བྱ་ནི། འཁོར་ལོའི་སྟེང་དུ་པདྨ་དེ་ལ་དཔའ་བོ་དྲུག་གི་གོ་ཆུའི་སྔགས་དགོད་པར་བྱ་བ་སྟེ་གོ་སླའོ།། འཁྱོར་ལྷོ་རྣམས་ཀྱི་རིམས་པ་ཡང་།། སྐུའི་འཁོར་ལོ ་སྟེང་དུ་གསུང་གི་འཁོར་ལྷོའོ།། དེའི་སྟེང་དུ་ཐུགས་ཀྱི་འཁོར་ལོའོ།། མི་འབ་བའི་འོད་མཱུང་བྱཱ་ནཱི།། འཁོར་ལོ་དེ་རྣམས་ལ་མེ་དཔུ་འབར་འོད་འཕྲོ་བཱས་ཕྱི་ནང་གི་བར་ཆད་རྣམས་བསྲེག་པའོ ་སྔར་བཤད་པའི་འཁོར་ལོ་ནི་གོང་དུ་བསྟན་པའི་འཁོར་ལོ་གསུམ་དང་པདྨོའོ།། ཀ་ཀོ་ལའི་བར་དུ་འོ་ནཱི་ལྷ་མོའི་པདྨའི་ནང་དུའོ།། རྡོ་རྗེའི་རྩེ་མོ་དང་པདྨའི་ཕུག་གི་བར་དུ་བཞི་རྩེག་ཏུ་བསྒོམ་པའོ།། རྒྱུན་མི་འཆད་པར ་འཁོར་བར་བལྟ་ནི། འཁོར་ལོ་དེ་རྣམས་གཡོན་སྐོར་དུ་འཁོར་བར་བལྟའོ།། སྒོམ་པ་འདི་ལྟར་བསྒོམ་པར་བྱ་ནི་འཁོར་ལོ་རྣམས་རྒྱུན་མི་འཆད་པར་འཁོར་བ་ལ་སེམས་གཏད་པས་ཨཾ་ལས་མེ་ལའི་ས་པས་འཁོར ་ལོ་གསུམ་པོ་བསྲེག་པའོ།། གཏོར་མ་དྲུག་ཅུ་རྩ་བཞི་སྦྱི་ནི། སྤྱི་གཙུག་བདེ་བ་ཆེན་པོའི་འཁོར་ལོ་ལ་གནས་པའི་ཧཾ་བཞུ་ནས་བདུད་རྩིའི་རྒྱུན་མར་བཟླས་ཏེ། ལྟེ་བ་སྤྲུལ་པའི་འཁོར་ལོ་འདབ་མ་དྲུག་ཅུ་རྩ་བཞི ་པ་ལ་གནས་པའི་ཨཾ་ལས་བབས་པས།། བདེ་བ་ཆེན་པོའི་ཡེ་ཤེས་སྐྱེས་པས་རྟོག་པ་མཐའ་དྲག་འགག་པའོ།། ཉན་མོངས་རྣམས་ནི་བྱང་གྱུར་ཞིང་། ཞེས་པ་ནི་དྲི་ལྟར་བསྒོམས་ན་སྒྲིབ་པ་གཉིས་མ་ལུས ་པར་ཟད་པར་འགྱུར་རོ།། ཕན་ཡོན་མཉམ་མེད་ཐོབ་པར་འགྱུར་ནི། འབྲས་བུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས་པའི་དོན་ཏོ།། ཟབ་མོར་གྱུར་པའི་རིམ་པའོ་ནི་དེ་རྣམས་ཤིན་ཏུ་ཟབ་པའི་རྣལ ་འབྱོར་རིམ་པ་བཞིན་དུ་བཤད་པའོ།། ཡང་རྣལ་འབྱོར་མི་འདྲེ་བ་གཞན་སྟོན་ཏོ།། ནཱ་ལས་ནཱ་དིའོ་གཟུགས་ཀྱིས་སོ་ནི། སྙིང་གར་ཡི་གེ་ན་གྱུར་པ་ལས?་བདག་ཉིད་ཀྱི་ལུས་ནཱ་ད་ཤིན་ཏུ་ཕྲ་བར་གྱུར་པར་བཱས་མོ། ་ཐུབས་དང་བརྩེ་པ་དྲི་མ་མེད་ནི། དེ་ཉིད་ཐབས་ཡིན་ཏེ་དམིགས་པ་དང་བཅྡོཾས་པས་སོ།། བརྩི་བ་ནི་སྙིང་རྣཱ་སྟེ་ནཱ་ད་དེ་ཀུན་རྫོབ་ཡིན་པས་སོ།། དྲི་མ་མེད་ན་རགས་པར་འཛིན་པའི་ཤེས་པ་མེད་པས་སྟོང་པ་ཉིད་ཀྱི ་ཡེ་ཤེས་ཀྱི་དངོས་ཀྱི་རྒྱུ་ཡིན་པས་སོ།། དངོས་པོའི་རང་བཞིན་སྤྱོད་པས་སྟོང་ནི་ནཱ་ད་དེ་ཡང་དཔྱད་ན་གང་གི་ངོ་བོར་ཡང་མེ་གྲུབ་པའོ།། བདེ་བ་སྐྱེ་བ་སྦྱིན་པར་བྱེད་ནི་ཆོས་ཀྱི་སྐུའི་ཡེ་ཤེས་སྐྱེ་བའི་ཐོགས་པ་མེད ་པའི་བྱེད་པས་སོ།། མ་ནི་སྟོང་པའི་ངོ་བོ་ལ་ནི། ནཱ་ད་དེ་ཡང་མ་དམིགས་པར་བྱས་ནས་འོད་གསལ་གྱི་ཡེ་ཤེས་སུ་གྱུར་པའོ།། ཤེས་རབ་ངེས་པའི་རང་བཞིན་མེད། ཡེ་ཤེས་དེ་ལ་སདྲ ་རྒྱུས་ཤེས་བྱ་སྟེ། ཆོས་ཀྱི་སྐུའི་ཡེ་ཤེས་ཡིན་པས་སོ།། བདེ་བ་ཆེན་པོས་རབ་ཏུ་གང་ནི་ཡེ་ཤེས་ཏེ། མྱི་རྟོག་ཅིང་མི་འགྱུར་པས་སོ།། ཕྱག་རྒྱ་ཆེན་པོ་དེ་ཉིད་ཡིན་ནི། ཡེ་ཤེས་དེ་གང་གིས་མངོན་དུ་བྱས་པ ་དེ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་ཡིན་ཏེ། མངོན་པར་རྫོགས་པར་སངས་རྒྱས་པའོ།། གཉིས་པོ་གཅིག་ཏུ་གྱུར་པ་ཡིན་ནི།། ནཱ་ད~ཾ་སྟོང་པར་ཐིམ་ནས་འོད་གསལ་གྱི་དྲང་དུ་གྱུར་པའོ།། རྟོག་པ་མེད ་ཅིང་དྲི་མ་བྲལ་ནི། ནམ་མཁའ་ལྟར་རྟོགས་པ་དང་བྲལ་བས་གཟུང་འཛིན་གྱི་དྲི་མ་རྣམས་མ་ལུས་པར་ཟད་པའོ།། རང་བྱུང་ཡང་ཤེས་མཉམ་པ་མེད་ནི། འཇིག་རྟེན་ན་འགྲན་ཟླ་མེད་ཅིང་དྲོ་པེ་བརྗོད་ལས་འདས་པའོ།། ་འཇིག་རྟེན་གསུམ་གྱི་གཙོ་བོ་ཡིན་ནི། ཁམས་གསུམ་གྱི་བླ་མ་ཡིན་ཏེ། ཐམས་ཅད་ཀྱིས་ཕྱག་བྱས་པ་དང་། མཆོད་པའི་འོས་སུ་གྱུར་པའོ།། སེམས་ལ་སེམས་འབྱུང་བལྟ་བར་བྱ་ནི། གོང་གི་ཡེ་ཤེས་དེ ་ཉིད་རྒྱུན་མི་ཆད་པར་སྔ་ཕྱི་ཐ་མི་དད་པར་བསྒོམ་པའོ།། སེམས་ཀྱི་དབུས་སུ་བཞག་པ་ཡིན་ནི།། སེམས་བློའི་ནང་དུ་བཙུད་ནས་ཡུལ་ལོ་མི་འཕྲོ་བར་རྩེ་གཅིག་ཏུ་བྱེད་པའོ།། དེ་ཉིད་འདྲེས་པས་ངང་པ་གཉིས་ནི། ་སེམས་དང་བློ་གཉིས་རོ་གཅིག་ཏུ་གྱུར་པས་སོ།། དང་པ་གཙྪས་ནྡོ་གཡས་གཡོན་ནས་འབྱུང་བའི་རླུང་གཉིས་པའོ།། མོ་འབྱུང་བླ་ནི་བརྟན་ཡིན་ནོ།། རླུང་འབྱུང་བ་དང་འཇུག་པ་གཉིས་འགགས་ནས་སེམས་མི ་གཡོ་བར་བརྟན་པོར་གནས་པའོ།། འདི་སྒྲུབ་རྡོ་རྗེ་ཏིང་འཛིན་གྱིས་ནི་འདི་སྒྲུབ་ནི་སྐུ་བཞིའོ།། རྡོ་རྗེ་ཏིང་འཛིན་གྱིས་ནི་སྟོང་པ་ཉིད་ཀྱིས་ཡེ་ཤེས་ནི་རྡོ་རྗེ་ལྟ་བུ་ཡིན་ཏེ། སྒྲིབ་པ་གཉིས་མ་ལུས་པར་འཇོམས་པའོ།། ་སྐད་ཅིག་གིས་ནི་བདེ་བ་རྒྱས་ནི། སྒྲིབ་གཉིས་སྤངས་པའི་སྐད་ཅིག་ལས་འཆིང་རྒྱ་བ་སྟེ། སྐུ་བཞི་མངོན་དུ་བྱེད་དོ་ཞེས་པའི་དོན་ཏོ།། ལྷན་སྐྱེས་དྲི་མེད་ཐིག་ལ་གཉིས་ནི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་གཉིས་ཐོབ་པ་ཡིན་ནོ་ཞེས་པའི་དོན་ཏོ།། དྲི་མེད་ལྡན་པས་དྲི་མེད་སྤྲོ་ནི་ཆོས་ཀྱི་སྐུ་ལས་གཟུགས་སྐུ་རྣམ་པ་གཉིས་བྱུང་ནས་གཞན་གྱི་དོན་མ་ལུས་པར་མཛད་པའོ།། སྐྱེ་བ ་དང་ནི་འགགས་པའི་གཟུགས་ནི། ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པའོ།། དེ་ཉིད་རྟོགས་པས་དྲི་མ་བྲལ་ནི། བདན་པོ་གཉིས་ཀྱི་དོན་ཐ་མི་དད་དུ་རྟོགས་པས་སྒྲིབ་པ་གཉིས་ཟད་པའོ།། འཇིག ་རྟེན་ཤེས་པ་མེ་ཏོག་དཀར་ནི། འཇིག་རྟེན་ཤེས་པ་ནི་དངོས་པོའི་གནས་ལུགས་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པ་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ།། དེ་ཉིད་མེ་ཏོག་དཀར་པོ་དང་། འདྲ་བས་དྲི་མས ་མྱུ་གོས་ཤིང་རང་འབྱུང་བའོ།། འཇིག་རྟེན་བླ་མ་བདེ་ཆེན་གཟུགས་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འཇིག་རྟེན་གསུམ་གྱི་གཙོ་བོ་ཡིན་ཞིང་བླ་མྱུར་གྱུར་པ་སྟེ། ཐམས་ཅད ་ན་པའི་ཡེ་ཤེས་སོ།། དེ་ཉིད་མེ་ཏོག་དཀར་པོ་དང་ཟབ་སྟོན་པ་ཡི།། ཀེང་རུས་པོ་བྲང་བཤད་པ་ལས།། བསོད་ནམས་བདག་གིས་གང་བསགས་པ།། འགྲོ་ཀུན་གི་ཉིས་མེད་ཐོབ་པར་ཤོག། ཀེང་རུས་ཏཱ་ར་ནའི་རིམ་པ ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་བདག་བྱིན་གྱིས་བརླབ་པའི་འགྲེལ་པ་གཞན་ལ་ཕན་པ་ཞེས་བྱ་བ་མང་དུ་ཐོས་པའི་སློབ་དཔོན་ཀུ་མཱ་ར་བྷོ་དྷིས་མཛད་པ་རྫོགས་སོ།། ། རྡོ་རྗེ་རྣལ་འབྱོར་མའི་སྒྲིབ་ཐབས་བཞུགས།། ་