CLOSE WINDOW

GT2789: rim pa lnga bsdus pa gsal ba
Wyliee-texts produced with BDRC’s OCR application

དན་པོ་པས་མཛད་པའི་རིམ་པ་སྡུ་བསྡུས་པ་གསལ་མར་བ་ཆོས་ཀྱི་བློ་གྲོས་ཀྱི་འགྱུར། རྒྱ་གར་སྐད་དུ། བཉྩ་ཀྲ་མཱུ་སཾ་ཀྲ་ཧྱ་པྲ་བྷ་ཝཱ། བོད་སྐད་དུ། རིམ་པ་ལྔ་བསྡུས་པ་གསལ་བ།། དཔལ་ལྡན་བླ་མའི་ཞབས་ལ་ཕྱག ་འཚལ་ལོ།། སངས་རྒྱས་ཀུན་གྱི་གསང་བ་ཆེ།། རིམ་པ་ལྔ་ལ་གནས་པའོ།། དངོས་པོའི་གནས་སུ་ལམ་དང་ནི།། འབྲས་བུ་སྐྱེ་བའི་རིམ་པའོ།། དངོས་པོའི་གནས་ལུགས་གཉིས་ཡིན་ཏེ།། སེམས་དང་ལུས་ཀྱི་གནས་ཐབས་ལས།། ་རགས་དང་པཱ་དང་ཤིན་ཏུ་པྲ། ཐུན་མོངས་དབྱེར་མེད་རིམ་ཞེས་བྱ།། གཉིད་དང་རྨི་ལམ་སྙོམས་འཇུག་པ།། ཐ་མལ་དུས་དང་རྣམ་པ་བཞི།། འཁོར་ལོ་བཞི་ཡི་བདག་ཉིད་ཀྱིས།། རྩེ་དང་ཐིག་ལེ་སེམས་ཞེས་པ།། ལུས་དང་དུས་དང་ཡུལ་གྱི་ནི། ་གནད་ནི་བཞི་རུ་ཤེས་པར་བྱ།། དྲན་པ་སྣ་ཚོགས་རྣམ་རྟོག་རྣམས།། སེམས་ལས་ཡང་དག་འབྱུང་བས་ན།། རྣམ་ཤེས་སྲོག་ནི་འདུ་བའི་རྟེན།། སྙིང་གར་སྔགས་ཀྱི་འཁོར་ལོ་བསྒོམ།། བཞི་ལམ་འབྲས་བུ་རབ་ཤེས་པས།། ལུས ་དབེན་སྔགས་དང་སེམས་གསུམ་གྱི།། སྒྱུ་མ་མངོན་པར་བྱང་ཆུབ་པ།། ཟུང་འཇུག་རིམ་པ་ཤེས་པར་འགྱུར།། སྔགས་ཀྱིས་ཡི་གེའི་འཁོར་ལོ་ནི།། དང་པོར་ཆུ་སྐྱེས་འདབ་བརྒྱད་པ།། ཕྱི་ནང་གསང་བའི་ཚུལ་གྱིས་ནི།། རིམ་པ་ལྡན་པར ་བསམ་གཏན་བྱ།། ཕྱི་རིམ་ཤེས་རབ་དབྱངས་ཡིག་མཚན།། བར་མ་གསལ་བྱེད་ཐབས་བཅས་པ།། གཉིས་སུ་མེད་པར་ནང་མར་གནས།། ཕྱོགས་མཚམས་རིམ་པར་ཏིང་ངེ་འཛིན།། སྦྱོར་བ་རྣམ་པ་གསུམ ་རང་བཞིན།། དབུས་སུ་མིག་གི་ཐིག་ལེ་ཏེ། ཨ་དང་བཅས་པ་སྲོག་གྱུར་གང་།། ཀུན་གྱི་སྙིང་པོ་སྤྲོ་ཞིང་སྡུང་།། འབྱུང་བ་བཞི་ཡི་རླུང་རྣམས་ཉིད།། རླུང་དང་སྔགས་སུ་རབ་སྦྱོར་བས།། རྡོ་རྗེ་བཟླས་པ་སྦྱང་བར་བྱ།། འབྱུང་འཇུག ་གནས་པ་ཉིད་དུ་བཤད་།། ཐ་མལ་རྣམ་རྟོག་བག་ཆགས་རྣམས།། སྔགས་ཉིད་སེམས་སུ་དམིགས་པས་སོ།། ལུས་དག་པས་ནི་རྟོག་པ་དག། རླུང་དག་པས་ནི་དྲི་མེད་འགྱུར།། རླུང་དག་པས་ནི་ཡེ་ཤེས་ཀྱི།། ཀུན་རྫོབ་སྒྱུ་མ་མངོན་དུ ་བྱེད།། དེ་ཉིད་མངོན་པར་བྱང་ཆུབ་པས།། ཟུང་འཇུག་ཡེ་ཤེས་ཐོབ་པར་འགྱུར།། ལས་རྣམས་བྱ་བ་འཕྲིན་ལས་ཚོགས།། རྣམ་ཤོས་ཡེ་ཤེས་སྦྱོར་བས་འགྲུབ།། རྟོགས་རྣམས་རིམ་པར་འཆར་བའི་དངོས།། ཡེ་ཤེས་ལྔ་ཡིས ་རྒྱུ་མཐུན་ཉམས།། གསལ་སྣང་འབར་བའི་ངང་དུའོ།། ཡན་ལག་རླུང་ལས་མངོན་ཤེས་ཐོབ།། རྟོག་པའི་ཚོགས་ནི་མར་འགྲིབ་ཅིང་།། གཉེན་པོ་ཡེ་ཤེས་ཡར་འཕེལ་ཏུ།། ཡེ་ཤེས་རིམ་པ་རང་ལས་རྙེད་།། གཅིག་དང་དུ་མེར ་དམིགས་མི་ཕྱེད།། དང་པོ་སྨི་གི་རྒྱུ་ལྟ་བུའི་ཉམས།། འོད་ཟེར་ལྔ་དང་བཅས་པ་འཆར།། གཉིས་པ་ཟླ་བ་ལྟ་བུ་དང་།། གསུམ་པ་ཉི་མའི་འོད་ཀྱི་འཁྲིག། མཚམས་སྣང་ལས་ནི་ཐོབ་པ་སྟེ།། མཚམས་བྲལ་དུས་ཀྱི་ཡེ་ཤེས་ཆེ།། མངོན ་པར་བྱང་ཆུབ་ཚུལ་གནས་པས།། དྲི་མེད་ཡེ་ཤེས་མངོན་པར་རྫོགས།། རྟགས་དང་རྟགས་ཅན་འཆར་ཚུལ་ནི།། ཡེ་ཤེས་འབར་དང་རྫོགས་པའི་དུས།། རླུང་སེམས་ཙམ་ལྔས་བྱུང་བ་ཡིས།། སྒྱུ་མའི་ལུས་ནི་སྣང་བར་བཅས།། འོད་གསལ ་རྒྱུན་གྱི་བསམ་གཏན་གྱིས།། ལས་དང་སྒྲིབ་པ་བག་ཆགས་སྦྱངས།། ས་ལ་མ་རྟགས་ཀྱི་རིམ་པའི་ཚོགས།། འདི་ཉིད་ཐོབ་པའི་མྱུར་དུ་འཆར།། ནམ་མཁའ་དཀྱིལ་འཁོར་དབུས་གནས་པར།། གསལ་བའི་དཀྱིལ་འཁོར་བས ་བསམ་པར་བྱ།། འདབ་མ་བརྒྱད་པའི་ས་བོན་ལ།། དབུས་སུ་སྲོག་གིས་ས་བོན་ཏེ།། ཡི་གེ་ཀ་ནས་ཧ་ཡི་བར།། ཀྵ་ནི་སྤངས་པའི་བཞི་བཅས་པ།། དབྱངས་ནི་ཕྱི་རིམ་སྣང་བ་སྟེ།། གསལ་བྱེད་པར་མ་མཆེད་པ་ཉིད།། མ་ནིང་སྣང་བ ་ཐོབ་པར་བརྗོད།། བཅུ་གཉིས་ཡིག་གིས་ཐིག་ལེར་བཅས།། འཕྲེང་བ་ལྟ་བུར་གནས་པ་ནི། རིམ་པ་ལྔ་ལྡན་བསམ་པར་བྱ།། འཁོར་ལོའི་དཀྱིལ་འཁོར་ཡོངས་རྫོགས་པ།། ཨོཾ་ཝཾ་ཐབས་དང་ཤེས་རབ་ལས།། སྡུད་ཅིང ་སྤྲོ་བར་མཛད་པ་ཡི།། ཨ་ཞེས་དབུས་སུ་གནས་པར་མཛད།། མཉམ་པ་ཉིད་དུ་སེམས་བསྡམ་སྟེ།། མཉམ་བཞག་འཁོར་ལོའི་ལྟེ་བ་ལཱི།། ཡེ་ཤེས་མཉམ་པར་མཐོང་འགྱུར་བ།། ཉེ་བར་ཐོབ་པ་སྟོང་པ་ཆེ།། འོད་གསལ ་པ་ཡི་གནས་ཐོབ་པ།། འཁོར་བ་ལས་ནི་བརྒལ་བར་འགྱུར།། ཐུན་གཅིག་ཡང་ནི་ཉིན་གཅིག་གམ།། ཟླ་ཕྱེད་ཟླ་བ་ལོ་ཡི་དུས།། བསྐལ་པ་འམ་བསྐལ་པ་སྟོང་དུ་ཡང་།། སྐད་ཅིག་རེ་རེར་གནས་པ་ནི།། ཡེ་ཤེས་སྦྱོར་བ་རྟབ་དུ ་འབྱུང་ཏེ། རིམ་པ་གཉིས་པ་ལ་གཉིས་པ།། མཉམ་པར་ཟུང་འབྲེལ་ཉིད་བསྒོམ་པ།། བསྐྱེད་པའི་རིམ་འདི་ལྷ་ཡི་སྐུ།། རྫོགས་སངས་རྒྱས་ཀྱི་དཀྱིལ་འཁོར་མཆོག། རྣམ་པ་མངོན་དུ་བྱེད་པ་གང་།། ལེགས་པར ་བསླབ་པས་མཐར་ཕྱིན་འགྱུར།། ལུས་དབེན་སྣང་བ་སེམས་དང་ལུས།། རྒྱུ་དང་མི་རྒྱུ་འཇིག་རྟེན་བཅས།། རིམ་པས་ལྷ་ཡི་བདག་ཉིད་སྦྱར།། རྡོ་རྗེ་འཆང་ཆེན་ལམ་དུ་བྱེད།། མོས་པ་ལས་བྱུང་ཏིང་ངེ་འཛིན།། རྟེན་ཅིང་འབྲེལ་པར་འགྱུང ་བའོ།། རླུང་གི་འབྱུང་འཇུག་གནས་པ་གསུམ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལྔས།། རླུང་སྔགས་མཉམ་པར་རབ་སྦྱོར་གྲང་།། རྡོ་རྗེ་བཟླས་པའི་རིམ་པའོ།། གསང་སྔགས་ལས་བྱུང་རྣམ་པར་ཤེས།། སྣང་བ་གསུམ་གྱི ་བདག་ཉིད་ནི།། ཡེ་ཤིས་འཇུག་ལྡོག་ངེས་པ་གང་། སེམས་ལ་དམིགས་པའི་རིམ་པའོ།། རྨི་ལམ་ལུས་ནི་རྣམ་སྦྱངས་ཕྱིར། སྒྱུ་མར་མཚོན་པའི་དུས་གང་ལགས།། ཡུལ་སྣང་ཀུན་རྫོབ་གང་བྱུང་བ། སྒྱུ་མ་ལྟར་བུའི ་རིམ་པའོ།། དེ་བཞིན་ཤེས་པ་བསམས་གཏན་ལས།། ཐབས་ལས་མ་བསྐྱེད་ཏིང་ངེ་འཛིན།། རང་གསལ་ངོ་བོ་མི་རྟོག་པ།། འོད་གསལ་དོན་དམ་རིམ་པའོ།། བསམ་གཏན་མེད་སྦྱངས་ལྷ་ཡི་སྐུ།། རང་བྱུང་ཡེ་ཤེས་དག་པའི་ལུས ་སྦྱང་གཞི་སྦྱོང་བྱེད་བྲལ་བར་གནས།། ཟུང་དུ་འཇུག་པའི་རིམ་པའོ།། བྱང་ཆུབ་སེམས་ལྡན་བླ་མ་དང་། ལྷག་པའི་ལྷ་ཡི་རྣལ་འབྱོར་དང་།། ཤིན་ཏུ་རྣལ་འབྱོར་རྣལ་འབྱོར་ཆེ།། རྗེས་སུ་རྣལ་འབྱོར་བཅས་པ་དག། ཏིང་འཛིན་རིམ་པ ་ལྡན་པ་ཡིས།། བསྟན་པ་ཉེར་བསྒྲུབ་པ་ཆེ།། སྒྲུབ་པའི་ངོ་བོ་ཁྱད་པར་དུ།། སོ་སོར་སྤྱད་དང་བསམ་གཏན་དང་།། སྲོག་རྩོལ་དེ་བཞིན་འཛིན་པ་དང་།། རྗེས་སུ་དྲན་དང་ཏིང་ངེ་འཛིན།། ཡན་ལག་དྲུག་ལྡན་ཁྱད་པར་རོ།། རིམ་པ་བཞི་ལྡན་ཕྱག ་རྒྱར་བཅས།། དབང་བཞི་སྒྲ་བཞི་རང་འབྱུང་བས།། མངོན་པར་བྱང་ཆུབ་ཚུལ་ལྔ་ལས།། བསྐྱེད་དང་བསྐྱེད་ཅིང་གནས་པ་དང་།། ལམ་གྱུར་རིམ་པ་ལྔ་ལྡན་ལས།། བྱང་ཆུབ་ཕྱོགས་ཆོས་མདོ་དོན་དང་།། སྦས་པ་རྣམ་གསུམ་མཐར་ཐུག ་བཅས། སྣ་ཚོགས་སྒྲ་ནི་མཚོན་པའོ།། གཏུམ་མོའི་རྣལ་འབྱོར་རླུང་གིས་ཏེ། བདེ་ཆེན་སེམས་ལ་དམིགས་པའོ།། རྨི་ལམ་སྒྱུ་མ་གཅིག་ཏུ་སྦྱངས།། བར་དོ་རྣམ་གསུམ་བསྲེ་བ་ཉིད།། ཉོན་མོངས་ཡེ་ཤེས་ལམ་རུ་འགྱུར།། ལྡུམ ་གྱུར་གཅོད་པ་འཕོ་བ་སྟེ།། གྲོང་དུ་འཇུག་པ་ཡན་ལག་གོ། འོད་གསལ་གནས་ཐོབ་མངོན་སངས་རྒྱས།། བརྩོན་འགྲུས་ཅན་ནི་ཚེ་འདི་ཉིད།། ལེ་ལོ་ཅན་ནི་འཆི་ཁཱ་སྟེ།། ཐ་མ་སྲིད་པའི་བར་མ་དོར།། མཆོག་ཐོབ་སྐུས་ནི་གཞན་དོན་བྱེད།། ་ངོ་བོ་རྒྱུ་ཚུལ་འབྱུང་བ་ཁམས།། ལས་དང་ངོ་བོ་དབྱེ་བ་དེ་ཉིད་རླུང་།། འབྱུང་འཇུག་གནས་པ་རྣམ་པར་བརྟགས།། འབྲུ་གསུམ་སྔགས་ཀྱི་ངོ་བོ་ཉིད།། ཨཱ་ལི་ཀཱ་ལི་སྦྱོར་དབུས་ལས།། བརྟགས་པ་གྲང་ལྡན་བཟླས་པ་ཉིད།། སྦྱོར ་དང་ཁྱད་པར་ཐབས་ལྡན་ལས།། ངག་དབྱེན་རླུང་གི་རྣལ་འབྱོར་བསྟན།། རྒྱུ་དང་འབྲས་བུ་སྦྱོར་བ་གང་།། སྣང་བ་གསུམ་གྱི་འཆར་ཚུལ་ཏེ།། དུས་དང་འབྱུང་འགྱུར་ཐབས་ཁྱོད་པར།། དབྱེར་མེད་ཡེ་ཤེས་གནས་ཐོབ་པ།། སྤྱོད་པ་ཡེ་ཤེས ་མངོན་དུ་བྱེད། སློབ་དང་མི་སློབ་དེར་སྤྱོད་པའོ།། རང་བཞིན་ཤེས་པའི་ལམ་གྱུར་པ། རྣམ་ཤེས་རྒྱུ་མར་མཚོན་པའི་ཆོས།། ཁྱད་པར་ལས་དང་སྤྱོད་པ་གང་།། དངོས ་གྲུབ་ཐོབ་ཕྱིར་བདག་བྱིན་བརླབས།། ཕྱི་ནང་མངོན་པར་བྱང་ཆུབ་ཚུལ།། རྣལ་འབྱོར་ཐོབ་པས་བསམ་གཏན་གནས།། འབྱུང་དང་འཇུག་པ་མི་བརྟག་པ་རཱ།། སྤྱོད་ཚུལ་ཡེ་ཤེས་དེ་ཐོབ་བོ།། ལྷ་དང་ཉམས་མྱོང ་ལུས་དང་ངག། བསམ་གཏན་མཉམ་རྗེས་སྤྱོད་པ་དང་།། སློབ་དང་མི་སློབ་གཉིས་མེད་ཅིང་།། རབ་ཏུ་མི་གནས་ཟུང་དུ་འཇུག། ཡི་གེའི་དོན་དང་སྤྱི་ཡི་དོན།། སྦས་དང་མཐར་ཐུགས་ཉིད་ཡིན་ཏེ།། ་ཐེག་པ་སྣ་ཚོགས་ཕ་རོལ་ཕྱིན། སྲིད་པར་སྐྱེ་དྲོང་གནས་ལ་སོགས།། དུས་ཀྱི་དབྱེ་བའི་ཁྱད་པར་གྱི།། སྟན་ཅིག་སྟེང་དུ་བསྒོམ་པར་བྱ།། འདི་ཉིད་ཡང་དག་རྟོགས་པ་འདིར།། ལམ་མཆོག་རིམ་པ་ལྔ ་བོ་ཉིད།། ཕ་རོལ་ཕྱིན་དང་ཐེག་སྣ་ཚོགས།། སྲིད་པ་སྐྱེ་དང་ཉིན་ཞག་ཅིག། སྟན་ཅིག་སྟེང་དུ་སྦྱར་ཏེ་བཤད།། འབྲས་བུ་སྐྱེ་བའི་རིམ་པ་ཉིད།། ཚེ་འདི་ཉིད་དུ་སངས་རྒྱས་ཏེ།། རྣལ་འབྱོར་དབང་ཕྱུག་དམ ་པ་སྟེ། སྐུ་ལྔ་རབ་རྫོགས་གྱུར་པའོ།། ། རིམ་པ་ལྔའི་དོན་བསྡུས་པ་གསལ་བ་ཞེས་བྱ་བ་དཔལ་ལྡན་ན་རོ་པས་མཛད་པའི་གསང་བའི་མན་ངག་བླ་མའི་ཞལ་ལས་རྟོགས་པར་བྱ་བ་རྫོགས་སོ།། ་སུ་རྒྱན་མཐས་ཀྱིས་མས་ཏ་ན@#་གནས་ཅ ་ཕྱོགས་དུས་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུར་ཅིག། ་