CLOSE WINDOW

GT2787: bsdus pa'i rim pa'i bsgrub thabs
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། པིཎ་ཊཱི་ཀྲ་མ་སཱ་དྷ་ན ་བོད་སྐད་དུ། བསྡུས་པའི་རིམ་པའི་བསྒྲུབ་ཐབས ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། འཇིག་རྟེན་གསུམ་གྱི་སྤྱོད་པ་ལས་གྲོལ་མཁའ་དང་མཉམ ་རྟོགས་དངོས་པོ་ཀུན་གྱི་ངོ་བོ་ཉིད།། དག་རྣམ་དབེན་མཆོག་ཞིའི་རང་བཞིན་རྣལ་འབྱོར་པ་རྣམས་ཉིད་ཀྱིས་རྟོགས་བྱ་བ།། ་རྟོགས་པར་དཀའ་ཞིང་རྣམ་པར་དཔྱད་པར་དཀའ་ལ་རང་གཞན་རབ་ཕན་ཁྱབ་ཅིང་མཚན་མ་མེད།། རྒྱལ་བ་རྣམས་སྐུ་བདེ ་མཉམ་མེད་མཉམ་པའི་རྣམ་པར་སྐུ་གཅིག་ལ་ཕྱག་འཚལ།། དཔལ་ལྡན་འདུས་པའི་རྒྱུད་ཀྱི་ནི།། མཐའ་དྲུག་དོན་ནི་རྟོགས་པ་ལས།། སེམས་ཅན་ཀུན་ལ་ཕན་བསྐྱེད ་བ། བསྡུས་པའི་རིམ་པ་བདག་གིས་བཤད།། རྣམ་རྟོག་བག་ཆགས་ཉེས་པ་ཡིས།། འགྲོ་བ་གསུམ་པོ་རྣམ་རྨོངས་ལ།། བློ་དང་ལྡན་པས་ལེགས་བལྟས་ནས།། ་དེ་རྣམས་རྣལ་འབྱོར་རྒྱུད་ཀྱིས་སྦྱངས།། འདོད་པ་ལྔ་ནི་ཡོངས་སྤངས་ནས།། དཀའ་ཐུབ་ཀྱིས་ཀྱང་མ་གདུངས་པར།། རྣལ་འབྱོར་རྒྱུད་ཀྱི་རྗེས་འབྲངས་ནས།། ་བདེ་བས་བྱང་ཆུབ་བསྒྲུབ་པར་བྱ།། དེ་ཡིས་འདིར་ནི་སྡོམ་གནས་འདིའི།། རྟག་ཏུ་མི་ཕྱེད་རྟུལ་ཞུགས་པས།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི།། སྒྲུབ་པ་ཡང་ནི ་བརྩས་པར་བྱ།། དགོན་པ་ཆེན་པོ་ས་ཕྱོགས་མཆོག། མེ་ཏོག་འབྲས་བུ་སོགས་པས་བརྒྱན།། རི་བོ་སྐྱེ་བོས་དབེན་པ་རུ།། དངོས་གྲུབ་ཐམས་ཅད་བསྡུས་པ་བསྒྲུབ། འཇམ་པའི་སྟན་ལ་འདུག་ནས་ནི།། སེམས་དཔའི་དཀྱིལ་དཀྲུངས་ལེགས ་གནས་ཏེ།། ཞེ་སྡང་རྡོ་རྗེའི་ཏིང་འཛིན་གནས།། གནས་བསྲུང་བ་ནི་བརྩམ་པར་བྱ།། འབར་བའི་འོད་འཕྲོ་འཇིགས་པར་བྱེད།། ཉི་མ་ལ་གནས་ཧཱུཾ་ལས་བྱུང་། གཡོན་བརྐྱང་བ་ཡི་གོམ་པས་གནས།། ཁྲོ་བོ་བཅུ་ནི་སྤྲོ་བར་བྱ།། ཕྱོགས་བཅུའི་དཀྱིལ་འཁོར་རྩེ་མོར་ནི།། རིམ་པ ་བཞིན་དུ་བསམ་པར་བྱ།། བགེགས་ཀུན་རྣམ་པར་གཞིག་པའི་ཕྱིར།། གནོད་མཛེས་བཀའ་བསྒོ་ཕུར་བུས་གདབ།། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞཱ་པ་ཡ་གྲྀཧྞཱ་བ་ཡ་ཧཱུཾ། ཨཱ་ན་ཡ་ཧོ། \ུ0f7fབྷ་ག་ཝཱན་བིདྱཱ་རཱ་ཛ་ཧཱུཾ་ཕཊ། འདི་ཡིས་ཁྲོ་བོའི་གཟུགས་ཀྱིས་ནི།། ་བགེགས་ཀྱི་དབང་པོ་ཀུན་བཀུག་ནས།། བློ་དང་ལྡན་པས་སྦྱོར་བ་ཡིས།། ཆོ་ག་བཞིན་དུ་ཕུར་བུས་གདབ།། རྡོ་རྗེ་བདུད་རྩི་རྒྱལ་པོ་ཆེ།། ཨུད་དཔལ་སྔོན་པོའི་འདབ་ལྟར་ལྗང་།། འབར་ཕྲེང་འཁྲིགས་པའི་འོད་ལྡན་པ།། རྡོ་རྗེ་ཕུར་བུ་རྣམ་པར་བསྒོམ།། ལྟེ་བའི ་ཕྱོགས་ནས་སྨད་ཀྱི་ཆ།། རྩེ་མོའི་རྣམ་བྱར་རྣམ་བསམ་ཞིང་།། སྟོང་ནི་ཁྲོ་བོའི་དབྱིབས་ཅན་ཏེ།། ཞལ་གསུམ་ཕྱག་དྲུག་རྣམ་པར་བསྒོམ།། འོག་ཏུ་བགེགས་ཀྱི་ཚོགས་བལྟས་ནས།། དེ་ཡི་སྔགས་ནི་ལེགས་བརྗོད་ཅིང་།། བགེགས་ཀྱི་ལུས་ལ་མི་གཡོ ་བར།། རྡོ་རྗེ་ཕུར་བུ་ངེས་པར་གདག། ཨོཾ་གྷ་གྷེ། གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚཱཾ། ཕཊ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ། སརྦ་པཱ་བཱ་ན། ཕཊ་ཕཊ། ཧཱུཾ་ཧཱུཾ་ཧཱུ~ཾ། བཛྲ་ཀཱི་ལ་ཡ། བཛྲ་དྷ་རོ་ཨཛྙཱ་པ་ཡ་ཏི། སརྦ་བི་གྷྣཱཾ། ཀཱི་ཡ་བཱཀ་ཙཱིཏྟ་བཛྲ་ཀི་ལ་ཡ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ། ་རྡོ་རྗེ་ཐོ་བ་ཕྱག་བསྣམས་པའི།། གནོད་མཛེས་རྒྱལ་པོ་རྣམ་པར་བསམ།། རྡོ་རྗེའི་མཚན་མ་ཀུན་ཏུ་མེ།། རྣམ་པར་འཕྲོ་བ་ངེས་པར་བསྒོམ།། གདུག་པ་བྲིས་པ་ཕན་ཚུན་དུ།། ཆོ་ག་པར་གྱུར་པ་རྣམ་པར་བསམ།། ཕྱོགས་བཅུར་ཕུར་བུསྣ་བཏབ་ནས་ནི།། ཟློག ་དང་སྟེང་ཡང་བྱིན་བརླབས་ནས།། དམ་པའི་དོན་དུ་སྲིད་པ་གསུམ།། རང་དངོས་མེད་པར་བསྒོམ་པར་བྱ།། དངོས་པོ་མེད་ལ་སྒོམ་པ་མེད།། སྒོམ་པ་སྒོམ་པ་མ་ཡིན་ཉིད།། དེ་ལྟར་དངོས་པོ་དངོས་མེད་དེ།། སྒོམ་པ་དམིགསུ་མེད་པའོ།། ཚིགས་བཅད་འདི་ཡིས ་བརྟན་གཡོ་ཡི།། བདག་ཉིད་སྟོང་པར་བསྒོམས་ནས་སུ།། ཆོ་གའི་སྦྱོར་བ་འདི་ཡིས་ནི།། ཡེ་ཤེས་ས་གཞི་བྱིན་གྱིས་བརླབས།། རྣམ་པའི་ཁམས་ཀྱི་དབུས་གནས་པར།། ས་བོན། ཧཱུཾ་གཉིས་ཡཾ་ལྔས་བྱུང་།། རྡོ་རྗེ་གཉིས་དང་ཡང་དག་ལྡན།། རླུང་གི་དཀྱིལ ་འཁོར་སྒོམ་པར་བྱ།། ས་བོན་ཧཱུཾ་གཉིས་རཾ་ལས་བྱུང་།། རྡོ་རྗེ་གཉིས་དང་ཡང་དག་ལྡན།། མེ་ཡི་དཀྱིལ་འཁོར་ཉིད་ཀྱང་ནི།། དེ་ཡི་སྟེང་དུ་རྣམ་པར་བསམ།། ས་བོན་ཧཱུཾ་གཉིས་བཾ་ལས་བྱུང་།། རྡོ་རྗེ་གཉིས་དང་ཡང་དག་ལྡན།། ཆུ་ཡི་དཀྱིལ་འཁོར་ཉིད་ཀྱང་ནི།། ་དཾ་ཡི་སྟེང་དུ་རྣམ་པར་བསྒོམ།། ས་བོན་ཧཱུཾ་གཉིས་ལི་ལས་བྱུང་།། རྡོ་རྗེ་གཉིས་དང་ཡང་དག་ལྡན།། ས་ཡི་དཀྱིལ་འཁོར་ཉིད་ཀྱང་ནི།། དེ་ཡི་སྟེང་དུ་རྣམ་པར་བསམ།། དཀྱིལ་འཁོར་བཞི་པོ་ཡང་དག་བསྡུས།། རྡོ་རྗེ་ས་ཡི་དཀྱིལ་འཁོར་ལ།། དེར་ནི་ཧཱུཾ་ཡིག་ལས ་བྱུང་བའི།། གཞལ་ཡས་ཁང་པ་རྣམ་པར་བསྒོམ།། གྲུ་བཞི་དང་ནི་སྒོ་བཞི་དང་།། རྟ་བབས་བཞི་ཡིས་མཛེས་བྱས་པ།། སྲད་བུ་བཞི་དང་ཡང་དག་ལྡན། ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས།། དྲ་བ་དྲ་བ་ཕྱེད་པ་དང་།། རྡོ་རྗེ་ནོར་བྱ་ཟླ་ཕྱེད་དང་།། སྒོ་དང་སྒོ་ཁྱུད ་མཚམས་རྣམས་སུ།། རྡོ་རྗེ་རིན་ཆེན་རྣམས་ཀྱིས་སྤྲས།། བུམ་པ་ཀྲ་བ་རྡོ་རྗེ་ཆེ།། མངའ་ཡབ་ཀྱང་ནི་ལོགས་ཅན་དང་།། བ་དན་དྲིལ་བུ་མཛེས་བྱས་པ། རྔ་ལ་བ་སོགས་ཀྱིས་རྣམ་པར་བརྒྱད།། བདག་ཉིད་ཕྱག་རྒྱར་ལྡན་པ་ནི།། ཞལ་གསུམ་ཕྱག ་དྲུག་རྣམས་པ་ལ།། ཨིནྡྲ་ནི་ལའི་འོད་མཉམ་པ།། དཀྱིལ་འཁོར་དབུས་སུ་བསྒོམ་པར་བྱ།། རྣམ་སྣང་མཛད་དཔལ་རིན་ཆེན་དང་།། འོད་དཔག་མེད་དང་ལས་ཀྱི་རྒྱལ།། ཞལ་གསུམ་ཕྱག་དྲུག་རྣམ་པར་ནི།། ཤར་ལ་སོགས་པའི་ཕྱོགས་སུ་བསམ།། གཏི ་མུག་དགའ་སོགས་ལྷ་མོ་རྣམས།། ཞལ་གསུམ་ཕྱག་དྲུག་རྣམ་པར་ནི།། མེ་ཡིས་ཕྱོགས་སུ་བརྩམས་ནས་སུ།། རིམ་པ་ཇི་བཞིན་ངེས་པར་དགོད།། དེ་བཞིན་གཟུགས་ཀྱི་རྡོ་རྗེ་སོགས།། ཕྱི་ཡི་མཚམས་ནི་རྣམ་པ་བཞིར།། རེག་བྱ་རྡོ་རྗེ་ཉིད་ཀྱང་ནི།། ་རྡོ་རྗེ་སེམས་དཔའ་དང་ལྡན་གནས།། བྱམས་པ་ས་ཡི་སྙིང་པོ་དག། ཤཱར་གྱི་རྣམ་བུར་དགོད་པར་བྱ།། ཕྱག་ན་རྡོ་རྗེ་མཁའ་སྙིང་པོ།། བརྟུལ་ཞུགས་ཅན་གྱིས་ལྷོ་རྱ་དགོད།། འཇིག་རྟེན་དབང་ཕྱུག་འཇམ་པའི་དབྱངས།། ནུབ་ཏུ་ཡང་ནི་དགོད་པར་བྱ།། སྤྱི ་བ་ཐམས་ཅད་རྣམ་སེལ་དང་།། ཀུན་ཏུ་བཟང་པོ་བྱང་ཕྱོགས་སུ།། གཤིན་རྗེ་གཤེད་ནི་ཤར་གྱི་སྦྱོར།། གཞན་གྱི་མི་ཐུབ་ལྷོ་ཕྱོགས་སུ།། ནུབ་ཕྱོགས་སུ་ནི་རྟ་མགྲིན་ཏེ།། བདུད་རྩི་འཁྱིལ་པ་བྱང་དུའོ།། མི་གཡོ་འདོད་པའི་རྒྱལ་པོ་དང་།། དབྱུག་སྔོན ་དང་ནི་སྟོབས་པོ་ཆེ།། ཤར་གྱི་མཚམས་སོགས་ནོས་བརྩམས་ཏེ།། ཇི་ལྟ་ཇི་བཞིན་བསྒོམ་པར་བྱ།། གནོད་མཛེས་རྒྱལ་པོ་ཁྲོ་བོ་ཆེ།། འོག་ཏུ་རབ་ཏུ་རྣམ་པར་བསམ།། གཙུག་ཏོར་འཁོར་ལོས་བསྒྱུར་བ་ཡང་།། དེ་བཞིན་སྟེང་དུ་རྣམ་པར་བསྒོམ།། ཆོ་ག ་ཇི་བཞིན་དཀྱིལ་འཁོར་པ།། དེ་རྣམས་ལྷགས་པར་མོས་བསམས་ནས།། སླར་ཡང་ཁ་སྦྱར་སྦྱོར་བ་ཡིས།། རང་གི་ལུས་ལ་དེ་རྣམས་གཞུག། ལུས་ཀྱི་འཁོར་ལོར་གཏོགས་སངས་རྒྱས།། དེ་ལྟར་ཇི་ལྟ་བཞིན་བསམས་ནས།། དོན་དམ་པ་ཡི་འཁོར་ལོ ་ཨཱི།། དེ་བཞིན་ཉིད་དུ་གཞུག་པར་བྱ།། དེ་བཞིན་གཤེགས་པའི་ཚོགས་བསད་ན།། དངོས་གྲུབ་རབ་མཆོག་ཐོབ་པར་འགྱུར།། འདི་དོན་རྡོ་རྗེ་ཕྲེང་བ་ལས།། གསལ་བར་ཇི་བཞིན་རྣམ་ཕྱེ་སྟེ།། གཟུགས་ཕུང་གཏོགས་པ་མི་ལོང་དང་།། ས་ཁམས ་མིག་གི་དབང་པོ་དང་།། གཟུགས་ཀྱང་ལྔ་པར་འགྲོ་བ་སྟེ།། ཁྲོ་བོ་བྱམས་པར་ཡང་དག་ལྡན།། ཚོར་བའི་ཕུང་པོ་མཉམ་ཉིད་དང་།། ཆུ་ཁམས་རྣ་བའི་དབང་པོ་དང་།། སྒྲ་ཡང་ལྟེ་པར་འགྲོ་བར་སྟེ།། ཁྲོ་བོ་གཉིས་དང་ཡང་དག་ལྡན།། འདུ་ཤེས ་སོ་སོར་རྟོག་པ་དང་།། བྱིན་ཟ་སྣ་ཡི་དབང་པོ་དྲང་།། དྲི་ཡང་ལྔ་པར་འགྲོ་བ་སྟེ།། ཁྲོ་བོ་གཉིས་དང་ཡང་དག་ལྡན།། འདུ་བྱེད་བྱ་བ་གྲུབ་པ་དང་།། རླུང་ཁམས་ལྕེ་ཡི་དབང་པོ་དང་།། རཾ་ཡང་ལྔ་པར་འགྲོ་བ་སྟེ།། ཁྲོ་བོ་གཉིས་དང་ཡང་དག་ལྡན།། སྟེང ་འོག་ཁྲོ་བོ་ཤིན་ཏུ་བཅས།། རང་བཞིན་སྣང་བ་ཉིད་ཀྱང་ནི།། རྣམ་ཤེས་ཕུང་པོར་ཀུན་ནས་འགྲོ། རྣམ་ཤེས་ཀྱང་ནི་འོད་གསལ་དུ།། མྱ་ངནཱ་འདུས་དང་ཀུན་སྟོང་དང་།། ཆོས་ཀྱི་སྐུ་ཡང་བཤད་པ་ཡིན།། བརྟན་པར་བྱེད་པ་རྒྱུ་ཡི་ཕྱིར།། སྔགས་འདི ་གསོལ་བར་བརྗོད་པར་བྱ། ཨོཾ་ཤཱི་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཡང་མགོན་ཏེ། འདི་ནི་དོན་དམ་དཀྱིལ་འཁོར་སྟེ།། སྣང་བ་མེད་པའི་མཚན་ཉིད་དོ།། དོན་དམ་བདེན་པ་ཞེས་ཀྱང་བྱ།། དེ་བཞིན་གཤེགས་པ་ཀུན་གྱི་གནས།། འོད་གསལ་བར་ནི་རབ ་ཞུགས་ནས།། སྔགས་ཀྱི་སྐུ་ཡི་སྦྱོར་བ་ཡིས།། ལྷ་ཡི་དམིགས་པའི་དོན་ཆེད་དུ།། ལྡང་བ་ཡང་ནི་བསྟན་པར་བྱ།། ན་མཁའི་ཁམས་ཀྱི་དབུས་གནས་པར།། ཉི་མའི་དཀྱིལ་འཁོར་བསྒོམ་པར་བྱ།། སྔགས་པས་ཡང་ནི་དེའི ་སྟེང་དུ།། ཟླ་བའི་གཟུགས་ནི་རྣམ་པར་བསམ།། དེར་ཡང་པད་མ་འདབ་བརྒྱད་པ།། ཁ་དོག་དམར་པོ་བསྒོམ་པར་བྱ།། པད་མའི་སྟེང་དུ་སྔགས་ཆེན་པོ།། ཡི་གེ་གསུམ་ཡང་བསམ་པར་བྱ།། སྔགས་དང་པད་མ་ཉི་མ་དག། ཟླ་བའི་དཀྱིལ་འཁོར་ལ ་ཞུགས་པས།། ཟླ་བའི་དཀྱིལ་འཁོར་ཀུན་རྫོགས་པ།། བྱང་ཆུབ་སེམས་སུ་རྣམ་པར་བསྒོམ།། རྒྱུ་དང་མི་རྒྱུ་ཐམས་ཅད་ནི།། དེ་ཉིད་དུ་ནི་རྣམ་བསམ་ཞིང་།། བརྟན་པར་བྱ་བའི་དོན་དུ་ནི།། སྔགས་འདི་རབ་ཏུ་བརྗོད་པར་བྱ།། ཨོཾ་དྷརྨཱ ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ། དེ་ལྟར་རྣལ་འབྱོར་དམིགས་ནས་ན།། རྗེསུ་རྣལ་འབྱོར་བརྩམ་པར་བྱ།། རྣལ་འབྱོར་པ་ཡི་ཡོག་གསུམ་ཡང་།། ཟླ་བའི་དབུས་སུ་རྣམ་པར་བསམ།། དེ་ནས་ཡིག་གསུམ་ལས་བྱུང་དང་།། ཀུན་དུ་ཟླ་བ་དང་མཚུངས ་དཀར།། དང་པོའི་མགོན་པོ་བསམ་ནས་ཀྱང་།། ཤིན་ཏུ་རྣལ་འབྱོར་ཡང་དག་བརྩམ།། མི་བསྐྱོད་པ་ནི་རྗེས་ཞུགས་པས།། ཞལ་གསུམ་ཕྱག་དྲུག་འབར་བ་དང་།། ཨིནྡྲ་ནཱི་ལའི་འོད་འབར་བ།། རྡོ་རྗེ་སེམས་དཔའ་རྣམ་པར་བསྒོམ།། རྡོ་རྗེ་འཁོར ་ལོ་པད་མ་ནི།། དེ་བཞིན་གཡས་པའི་ཕྱག་ཏུ་བསམ།། དྲིལ་བུ་རིན་ཆེན་རལ་གྲི་ནི།། གཡོན་པའི་ཕྱག་ཏུ་བསམ་པར་བྱ།། དེ་ནས་ཕུང་པོ་ལ་སོགས་ལ།། རྣམ་སྣང་ལི་སོགས་གནོད་མཛེས་མཐར།། ས་བེན་དགོད་པས་དགོད་པར་བྱ།། དེ་ཉིད ་ཀྱིས་ནི་རྣམ་པར་བསྒོམ།། རྣམ་སྣང་མཛད་ཀྱི་ས་བོན་ནི།། ཁ་དོག་དཀར་པོ་ཡི་གེ་ཨོཾ།། གཟུགས་ཕུང་ངོ་བོ་ཉིད་ཀྱིས་ནི།། སྔགས་ཤེས་པས་ནི་སྤྱི་བོར་དགོད།། མགོན་པོ་འོད་དཔག་མེད་ཀྱི་ཨཱཿ།། འདུ་ཤེས་ཕུང་པོའི་བདག་ཉིད་ཅན།། ་མདོག་དམྱུར་ཁཱ་ལ་བསམ་ནས་ནཱི།། ངག་གི་དབང་ཕྱུག་ཉིད་ཐོབ་བྱ།། མི་བསྐྱོད་པ་ཡི་ཡི་གེ་ཧཱུཾ།། རབ་ཏུ་བཟང་བའི་མཐིང་ཤུན་མདོག། རྣམ་ཤེས་ཕུང་པོའི་ངོ་བོ་ཡི།། སྔགས་པས་སྙིང་གར་རྣམ་པར་དགོད།། རིན་ཆེན་མགོན་པོའི་ཡེ ་གེ་སྭཱ། ཚོར་བའི་ཕུང་པོའི་ངོ་བོ་ཡིས།། ཚོར་བ་དག་པའི་རྒྱུ་ཉིད་ནི།། ཁ་དོག་སེར་པོ་ལྟེ་བར་དགོད།། རྐང་པ་གཉིས་ལྔ་ཡི་གེ་ཧཱ། འདུ་བྱེད་ཕུང་པོའི་ངོ་བོ་དང་།། ལས་ཀྱི་མགོན་པོའི་དེ་ཉིད་ཀྱིས།། སྔགས་པས་ཁ་དོག་ལྗང་གུར་དགོད།། ་གཏི་མུག་དགའ་སོགས་སྔགས་པ་ཡིས།། ས་ལ་སོགས་པར་རབ་ཏུ་ཞུགས།། ས་ཉིད་གཤེ་རཱ་ཉིད་དྲོ་བ་དང་།། གཡོ་ཉིད་དེར་ནི་རིམ་པ་བཞིན།། ཐླིཾ་མིག་ཏུ་བཀོད་ནས་ནཱི།། ས་ཡི་སྙིང་པོ་རྣམ་པར་བསྒོམ།། ཨོཾ་ཡིག་རྣ་བ་དག་ལ་དགོད།། ་ཕྱག་ན་རྡོ་རྗེ་བསྒོམ་པར་བྱ།། ཨོཾ་ཡིག་སྣ་ལ་རྣམ་བཀོད་དེ།། ན་མཁའི་སྙིང་པོ་རབ་ཏུ་བསྒོམ།། ཨོཾ་ཡིག་ལྕེ་ལ་བཀོད་ནས་ནི།། འཇིག་རྟེན་དབང་པོ་བརྟག་པར་བྱ།། ཡིད་ལ་ཡི་གེ་ཧཱུཾ་བསམས་ནས།། འཇམ་པའི་དབྱངས་ནི་རབ་ཏུ་བསྒོམ།། ཡི ་གེ་ཨོཾ་ནི་ལུས་ཀུན་ལའང་།། བསྒོམས་ནས་སྒྲིབ་སེལ་དྲན་པར་བྱ།། ཡི་གེ་མཾ་ནི་མགོར་བཞག་ནས།། བྱམས་པ་ཉིད་དུ་ཡོངསུ་བརྟག། ཚིགས་ཀུན་ལ་ནི་སཾ་བཀོད་དེ།། ཀུན་ཏུ་བཟང་པོ་བསྒོམ་པར་བྱ།། ལག་པ་གཡོས་པར་གཤིན་རྗེ་གཤེད།། ་གཡོན་པར་གཞན་གྱིས་མི་ཐུབ་པ།། རྟ་མགྲིན་ཁ་ལ་བསམ་པར་བྱ།། རྡོ་རྗེ་ལ་ནི་བདུད་རྩི་འཁྱིལ།། དཔུང་པ་གཡས་པར་མི་གཡོ་བ།། གཡོན་པར་འདོད་པའི་རྒྱལ་པོའོ།། པུས་མོ་གཡས་པར་བསམས་པ་ནི། དབྱུག་པ་སྔོན ་པོ་ཆེར་འབར་གཱ། པུས་མོ་གཡོན་པར་སྟོབས་པོ་ཆེ།། སྤྱི་བོར་གཙུག་ཏོར་འཁོར་ལོས་བསྒྱུར།། གནོད་མཛེས་རྒྱལ་པོ་བསམས་པ་ནི།། རྐང་པ་གཉིས་ལ་འགོད་པར་བྱ།། ཕུང་པོ་སོགས་ལ་ཆོ་ག་བཞིན།། སྔགས་པས་དགོད་པར་བྱས་ནས ་ནི།། སྐུ་ཡི་དཀྱིལོ་རྫོགས་གྱུར་པས།། དེ་ནས་རྣལ་འབྱོར་ཆེན་པོ་བརྩམ།། ཟླ་བའི་དཀྱིལ་འཁོར་ཡང་དག་རྫོགས།། མགོ་བོའི་དབུས་སུ་གནས་པར་བསམ།། དེར་ནི་ཡི་གེ་ཨོཾ་དཀར་པོ།། འོད་ཟེར་ལྔ་ནི་རབ་འཕྲོ་བའོ།། དེ་ནས་ལྷ་མོ་ཕྱུང་ནས་ནི།། ་བདག་པོའི་རབ་ཏུ་སྦྱོར་བ་ལ།། སྤྱན་མ་རྣམ་པ་དུ་མ་ནི།། ནམ་མཁའ་ཐམས་ཅད་རབ་གང་བསམ།། དེ་ནས་སྐུ་ཡི་རྡོ་རྗེ་ནི།། ནམ་མཁའ་གང་བར་བཞུགས་བསམས་ཏེ།། དེ་ལ་དབུས་སུ་བདག་པོ་ནི།། སུམ་ཅུ་རྩ་གཉིས་མཚན་འཆང་ཞིང་།། དཔེ་བྱད་བརྒྱ ་ཅུས་བརྒྱན་པ་དང་།། བདག་ཉིད་མདུན་དུ་གནས་པར་བསམ།། དེ་ནས་སྔགས་པས་ཚིགས་བཅད་གཉིས།། བརྗོད་ཅིང་གསོལ་བ་གདབ་པར་བྱ།། སངས་རྒྱས་སྐུ་འཛིན་དཔལ་དང་ལྡན།། རྡོ་རྗེ་གསུམ་དང་མི་ཕྱེད་དངོས།། བདག་ལ་བྱིན་གྱིས་བརླབས་གནས ་དེང་།། སྐུ་ཡི་རྡོ་རྗེ་རྣམས་ཀྱིས་མཛོད།། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས།། རྡོ་རྗེ་གསུམ་དང་མི་ཕྱེད་དངོས།། བདག་ལ་བྱིན་གྱིས་བརླབས་གནས་དང་།། སྐུ་ཡི་རྡོ་རྗེས་རྣམས་ཀྱིས་མཛོད།། སྤྱན་མ་ལྷན་ཅིག་མཉམ་ལྡན་པར།། རྟག་པ་ཡང ་ནི་རྣམ་པར་བསམ།། དེ་བཅུག་ནས་ནི་ཕུང་པོ་ལྔ།། རབ་ཏུ་གང་བར་བྱིན་གྱིས་བརླག། སངས་རྒྱས་ཀུན་གྱི་སྐུ་གང་ཞིག། ཕུང་པོ་ལྔ་ཡཱི་རབ་ཏུ་རྒྱས།། སངས་རྒྱས་སྐུ་ཡི་ངོ་བོ་ཡིས།། བདག་ཀྱང་དེ་དང་འདྲར་གྱུར་ཅིག། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ། ་ཧཾ། ཨ་ཡིག་ཁ་དོག་དམར་ལྡན་པ།། ལྕེ་དབུས་པད་མར་གནས་བསམ་སྟེ།། གོས་དཀར་ཞེས་བྱ་ཚོགས་དང་བཅས།། ནམ་མཁའི་ཁམས་རྣམས་གང་བར་སྤྲོ། གསུང་གི་རྡོ་རྗེ་སྔགས་པས་ཡང་།། ནམ་མཁའ་གང་བར་བཞུགས་པ་ལ།། དེ་ནས་སྔགས ་པས་ཚིགས་བཅད་གཉིས།། བརྗོད་ཅིང་གསོལ་བ་གདབ་པར་བྱ།། ཆོས་ཉིད་གསུང་ལམ་དཔལ་དང་ལྡན།། རྡོ་རྗེ་གསུམ་དང་མི་ཕྱེད་དངོས།། བདག་ལ་བྱིན་གྱིས་བརླབས་ནས་དེང་།། གསུང་གི་རྡོ་རྗེ་མཛད་དུ་གསོལ།། ཕྱོགས་བཅུར་བཞུགས་པའི་སངས ་རྒྱས་རྣམས།། རྡོ་རྗེ་གསུམ་དང་མི་ཕྱེད་དངོས།། བདག་ལ་བྱིན་གྱིས་བརླབས་ནས་དེང་།། གསུང་གི་རྡོ་རྗེ་རྣམས་ཀྱིས་མཛོད།། གོས་དཀར་མོ་ནི་ལྷན་ཅིག་ཉིད།། རང་གི་གཙོ་བོར་ཡང་དག་ལྡན།། ལྕེ་ལ་ཞུགས་པར་རབ་བསམས་ཏེ།། གསུང་གཱིས་བྱིན ་གྱིས་བརླབ་པ་ཙམ།། རྡོ་རྗེ་ཆོས་ཀྱི་གསུང་གང་ཞིག། ངེས་པའི་ཚིག་ནི་ཕུན་སུམ་ཚོགས།། བདག་གི་ཚིག་ཀྱང་དེ་འདྲ་བར།། ཆོས་འཛིན་པ་དང་འདྲར་གྱུར་ཅིག། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཝཱ་ཀེ་བཛྲི་སྭ་བྷཱ་ཝ་ཨཏྨ་ཀོ་ཧཾ། སྔགས་པས་སྙིང་གར་ཉི་མ་ཡི།། ་གཟུགས་བརྙན་འབར་བ་བསམ་བྱ་སྟེ།། དེར་ནི་མཐིང་ཤུན་ལྟ་བུ་ཡི།། ཧཱུཾ་ཡིག་འོད་ཟེར་ལྔ་ལྡན་དགོད།། དེ་ལས་ལྷ་མོ་མཱ་མ་ཀི། ཚོགས་དང་བཅས་པ་དབྱུང་བར་བྱ།། དེ་བཞིན་ཐུགས་ཀྱི་རྡོ་རྗེ་བསྒོམ།། དེ་ལ་སྔོན་བཞིན་གསོལ་པ་གདབ།། རྡོ ་རྗེ་ཐུགས་འཛིན་དཔལ་དང་ལྡན།། རྡོ་རྗེ་གསུམ་དང་མི་ཕྱེད་དངོས།། བདག་ལ་བྱིན་གྱིས་བརླབ་གནས་དེང་།། ཐུགས་ཀྱི་རྡོ་རྗེས་མཛད་དུ་གསོལ།། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས།། རྡོ་རྗེ་གསུམ་དང་མི་ཕྱེད་དངོས།། བདག་ལ ་བྱིན་གྱིས་བརླབ་གནས་དེང་།། ཐུགས་ཀྱི་རྡོ་རྗེ་རྣམས་ཀྱིས་མཛོད།། མཱ་མ་ཀི་ཚོགས་མ་ལུས་བྱ།། ཐུགས་རྡོ་རྗེ་དང་ཡང་དག་ལྡན།། སྙིང་གར་ཡང་ནི་བཅུག་ནས་སུ།། ཐུགས་ཀྱི་བྱིན་གྱིས་བརླབ་པ་བརྩམ།། ཀུན་ཏུ་བཟང་པོའི་ཐུགས་གང་ཞིག། གསང་བ ་པའི་བདག་བློ་ལྡན་པ།། བདག་གི་སེམས་ཀྱང་དེ་འདྲ་བར།། རྡོ་རྗེ་འཛིན་དང་འདྲར་གྱུར་ཅིག། ཨོཾ་སརྦ་ཏ་ཐཱ་གཱ་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ་ཧཱུཾ། དེ་ལྟར་རིགས་གསུམ་དབྱེ་བ་ཡིས།། སོ་སོར་བྱིན་གྱིས་བརླབས་ནས་ནི།། སླར་ཡང་བློ་ལྡན་སྔགས་འདི་ཡིས།། ་ཐམས་ཅད་བདག་ཉིད་ཅན་དུ་བྱ།། ཨོཾ་སརྦ་ཏ་ཐཱ་གྲ་ཏ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ས་བྷཱ་ཝ་ཨཱཏྨ་ཀོ་ཧཾ། དེ་ལྟར་བྱིན་བརླབས་བདག་ཉིད་ནི།། ཟླ་བའི་དཀྱིལ་འཁོར་དབུས་གནས་པར།། མཚན་མ་དྲུག་དང་ཡང་དག་ལྡན།། དམ་ཚིག་སེམས་དཔའ་བསམ ་པར་བྱ།། སྙིང་གའི་དབུས་གནས་ཕྲ་མོ་ནི།། ཡེ་ཤེས་སེམས་དཔའ་རྣམ་པར་བསྒོམ།། ཏི་འཛིན་སེམས་དཔའ་ཞེས་བྱ་བ།། ཧཱུཾ་ཡིག་དེ་ཡི་སྙིང་གར་དགོད།། དེ་ལྟར་སེམས་དཔའ་གསུམ་བདག་ཉིད།། རྣལ་འབྱོར་ཆེན་པོར་བདག་བསྐྱེད་ནས།། ་ཆོ་གའི་སྦྱོར་བ་འདི་ཡིས་ནི།། ཕྱག་བརྒྱ་བསྒྲུབ་པ་བརྩམ་པར་བྱ།། རྨེ་ཤ་ཅན་ནི་བདག་ཉིད་ཆེའི།། བུ་མོ་ཨུཏྤལ་མཐིང་ཀ་ཡི།། འདབ་ལྟར་སྔོ་སངས་མིག་ཡངས་མ།། གཟུགས་དང་ལང་ཚོས་བརྒྱན་བརྙེད་ནས།། བསྒྲུབ་པ་པོ་ལ་གུས་མཉེས་གཤིན།། ་ལེགས་པར་བསླབས་པ་བླངས་ནས་སུ།། ཨོཾ་ཡིག་མགོ་བོར་བསམ་པར་བྱ།། ཨཿཡིག་དག་གི་ལམ་ལ་དགོད།། ཧཱུ~ཾ་ཡིག་སྙིང་གར་བསམ་བྱ་ཞིང་།། ལྟེ་བར་སཱ་དང་རྐང་གཉིས་ཧཱ།། སྤྱན་དང་མཱ་མ་ཀི་དང་ནི།། དེ་བཞིན་དུ་ནི་གོས་དཀར་མོ།། སྒྲོལ་མ་ཡང་ནི ་སྔགས་པ་ཡི།། ས་ལ་སོགས་པ་རྣམ་པར་དགོད།། ལྷ་མོ་གཟུགས་ཀྱི་རྡོ་རྗེ་སོགས།། དེ་ཉིད་ལ་ནི་རྣམ་བསམ་ཞིང་།། ས་སྙིང་ལ་སོགས་དེ་རྣམས་དང་།། སྙོམས་པར་འཇུག་པར་བསྒོམ་པར་བྱ།། ལག་གཡས་རྡོ་རྗེ་རོ་ལངས་མ།། གཡོན་པར་གཞན ་གྱིས་མི་ཐུབ་མ།། དེ་ཡི་ཁར་ནི་ཁྲོ་གཉེར་མ།། གསང་བར་རལ་པ་གཅིག་མའོ།། གཞན་ཡང་དཔུང་པ་གཡས་ན་ཡུམ།། སྣ་ཚོགས་རྡོ་རྗེ་དེ་བཞིན་གཤེགས།། གཡོན་དུ་སྣ་ཚོགས་རིན་ཆེན་མ།། ཕྱག་རྒྱ་རབ་ཏུ་བསྒོམ་པར་བྱ།། པུས་མོ་གཡས་ལ་གནས ་པར་ཡང་།། སྣ་ཚོགས་པདྨ་དེ་བཞིན་གཤེགས།། སྣ་ཚོགས་ལས་མ་གཡོན་པ་ལ།། སྤྱི་བོར་ན་མཁའི་རྡོ་རྗེ་མ།། རྐང་པ་གཉིས་ཀྱི་མཐའ་རུ་ནི།། ས་འཛིན་ལྷ་མོ་བཞག་བྱས་ཏེ།། དེ་ལྟར་འདུས་བྱས་རྣལ་འབྱོར་པས།། རྡོ་རྗེ་བ་དམ་ཡང་དག་བརྩམ།། ་སྔགས་པས་ཧཱུཾ་ཡིག་ལས་སྐྱེས་པའི།། རྡོ་རྗེ་རྩེ་མོ་ལྔ་པ་བསམ།། དེ་བཞིན་དེ་རྩེ་དབུས་མ་ལ།། ཨོཾ་ནཱི་རྣམ་པར་བསམ་པར་བྱ།། དེ་བཞིན་ཨཱཿཡིག་ལས་བྱུང་བའི།། པད་མ་འདབ་མ་བརྒྱད་པ་ནི།། འོད་ཟེར་ལྔ་ཡིས་ཁྱབ་བསམས་ལ།། དེ་འོག ་བསྒྲུབ་པ་བརྩམ་པར་བྱ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ་ཧ~ཾ། རྡོ་རྗེ་འཛིན་པའི་ང་རྒྱལ་ལེགས་འཆང་ཞིང་།། ཧཱུཾ་གི་གླུ་ཡིས་ཀྱང་ནི་བསྐྱོད་པར་བྱ།། རང་གི་བྱང་ཆུབ་སེམས་ཉིད་བྱུང་བའི་ཚེ།། འདི་ལྟར་ཕཊ་ཀྱི་གསང་སྔགས་དེས ་བརྗོད་བྱ།། ཕྱུང་བའི་མཐར་ཡང་སྔགས་པ་ཡིས།། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས།། བྱང་ཆུབ་སེམས་ཀྱིས་མཆོད་བྱ་ཞིང་།། སྔགས་འདི་གསལ་བར་བརྗོད་པར་བྱ།། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ ་ཨཏྨ་ཀོ་ཧཱུཾ། རང་སྔགས་ཡི་གེ་ལས་བྱུང་བ།། རྡོ་རྗེ་གསུམ་གྱིས་བྱིན་བརླབས་རང་།། པད་མའི་དབུས་སུ་བསྐྱེད་ནས་ནི།། སླར་ཡང་ཞེ་སྡང་རྡོ་རྗེར་གྱུར།། བཛྲོ་དྷཾ་ཀ་སྔགས་ལས་བྱུང་བའི།། མི་བསྐྱོད་རྡོ་རྗེ་ཅན་བསམ་པ།། མགོན་པོ་རལ་པའི་ཐོར་ཚུགས ་འཆང་།། མི་བསྐྱོད་པས་ནི་དབུ་རྒྱན་བྱས།། མཐིང་ཤུན་བཟང་པོའི་མདོག་ལྟར་སྣང་།། སྔོ་གནག་དཀར་དང་དམར་བའི་ཞལ།། རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས།། ཕྱག་དྲུག་པར་ནི་རྣམ་པར་བསྒོམ།། རྡོ་རྗེ་འཁོར་ལོ་བྱེད་མུ་ནཱི།། གཡས་པའི ་ཕྱག་ཏུ་བསམ་བྱ་ཞིང་།། དྲིལ་བུ་ཡིད་བཞིན་ནོར་བུ་དང་།། རལ་གྲི་དེ་ཡི་གཡོན་དུ་བསམ།། འདི་ནི་ཐུགས་ཀ་ལས་བྱུང་ནས།། ཕྱོགས་བཅུ་རྣམས་སུ་གཟིགས་ནས་ནི། སངས་རྒྱས་རྫུ་འཕྲུལ་ཀུན་མཛད་ནས།། ཆོས་ཀྱི་འཁོར་ལོ་རབ་བསྐོར་སྟེ།། ཞེ ་སྡང་རྡོ་རྗེའི་གཞི་རུ་གནས་པའི།། སེམས་ཅན་མ་ལུས་ལྡེགས་སྦྱངས་ནས།། སླར་བྱོན་རྡོ་རྗེ་མགོན་པོ་ཡི།། སྤྱན་སྔ་རུ་ནི་འདུག་པར་གྱུར།། སྔགས་པས་དེ་ནི་བདག་ཉིད་ཀྱི།། སྙིང་གར་རྗེས་སུ་ཞུགས་པར་བསྒོམ།། སྔ་མའི་གཟུགས་ནི་ཡོངས་གྱུར ་ནས།། ཞེ་སྡང་རྡོ་རྗེའི་གནས་ལ་བཞུགས།། ཨིནྡྲ་ནི་ལའི་འོད་འབར་བ།། ཉི་མའི་དཀྱིལ་འཁོར་དབུས་ན་ཞུགས།། དཔའ་བོ་རང་གི་ཕྱག་རྒྱས་འཁྱུད།། རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན།། དྲག་པོ་ཞི་དང་འདོད་ཆགས་ཆེ།། ཞལ་གསུམ་གྱིས་ནི ་རྣམ་མངས་པའོ།། ཞེ་སྡང་རྡོ་རྗེརྗེ་ཏིང་འཛིན་གནས།། དཀྱིལ་འཁོར་ཐམས་ཅད་སྤྲོ་བར་བྱ།། ཛ་ན་ཛི་ཀ་སྔགས་ལས་རྫོགས་པའོ།། གཙོ་བོ་རྣམ་པར་སྣང་མཛདད་བྷངྐུ། སྣརོན་ཀའི་ཟླ་ཟེར་ལྟར་སྤང་ཞིང་།། ཐོར་ཚུགས་ཅོད་པན་དག་གིས་བརྒྱན།། ་དཀར་དང་གནག་དང་དམར་བའི་ཞལ།། ཕྱག་དྲུག་ཞི་བའི་གཟུགས་ཅན་དང་།། འཁོར་ལོ་རྡོ་རྗེ་པད་མ་དཀར།། གཡས་པ་རྣམས་སུ་རྣམ་པར་བསམ།། དྲིལ་བུ་ཡིད་བཞིན་ནོར་རལ་གྲི།། འདི་ཡི་གཡོན་དུ་རྣམ་པར་བསྒོམ།། དེ་བཞིན ་ཐུགས་ཀ་ལས་བྱུང་སྟེ།། གཏི་མུག་སྤྱོད་གནས་སྐྱེ་དགུ་རྣམས།། ཡང་དག་སྦྱངས་ཏེ་སླར་བྱོན་ནས།། ཤར་ཕྱོགས་ཀྱི་ནི་འཁོར་ལོར་བཞུགས།། རཏྣ་དྷྲྀཀ་སྔགས་ལས་སྐྱེད་པའི།། རིན་ཆེན་ཏོག་ནི་མཁས་པས་དབྱུང་།། ཞི་བ་ཐོར་ཚུགས་ཅོད་པན ་འཆང་།། མི་བསྐྱོད་པས་ནི་དབུ་རྒྱན་བྱས།། སེར་དང་གནག་དང་དཀར་བའི་ཞལ།། ཕྱག་དྲུག་པ་ནི་རྣམ་པར་བསྒོམ།། ཡིད་བཞིན་ནོར་བུ་རྡོ་རྗེ་དང་།། འཁོར་ལོ་དྭེ་ཡཱི་གཡས་སུ་བསྒོམ།། དྲིལ་བུ་པད་མ་སེར་པོ་དང་།། རལ་གྲི་གཡོན་དུ་བསྒོམ ་པར་བྱ།། དེ་བཞིན་ཐུགས་ཀ་ལྔས་ཕྱུང་སྟེ།། ང་རྒྱལ་གནས་ལ་གནས་པ་རྣམས།། ཡང་དག་སྦྱངས་ནས་ལྷོ་ཡི་འཆར།། རིན་པོ་ཆེ་ཡི་དབུས་སུ་བཞུགས།། ཨ་རོ་ལི་ཀ་སྔགས་ལས་སྐྱེས་པའི།། མཐའ་ཡས་རྡོ་རྗེ་ཅན་དབྱུང་སྟེ།། ཞི་བ་པདྨརརཱ ་གའི་འོད། མི་བསྐྱེད་པས་ནི་དབུ་རྒྱན་བྱས།། མགོན་པོ་རལ་པའི་ཐོར་ཚུགས་འཆང་།། དམར་དང་གནག་དང་དཀར་བའི་ཞལ།། སྒེག་པའི་ཉམས་དང་ཡང་དག་ལྡན།། ཕྱག་དྲུག་པར་ནི་རྣམ་པར་བསྒོམ། གཡོན་པས་དྲིལ་བུ་དང ་བཅས་པའི།། པད་མའི་སྡོང་བུ་འཛིན་མཛད་ཅིང་།། པད་མ་ཐུགས་ཀའི་ཕྱོགས་གནས་པ།། གཡས་པ་ཡིས་ནི་འབྱེད་པར་མཛད།། རྡོ་རྗེ་འཁོར་ལོ་གཡས་གཉིས་ཀྱི།། རིན་ཆེན་རལ་གྲི་གཡོན་གཉིས་ཀྱིས།། སྔོན་བཞིན་འདོད ་ཆགས་ཅན་སྦྱངས་ནས།། རྒྱབ་ཀྱི་པདྨ་ལ་བཞུགས་པའོ།། པྲཛྙཱ་དྷྲྀཀ་སྔགས་ལས་སྤྲུལ་པའི།། སྔགས་པས་དོན་ཡོད་རྡོ་རྗེ་ཅན།། མགོན་པོ་སྐུ་མདོག་ལྗང་གུ་དབྱུང་།། ཐོར་ཚུགས་ཅོད་པན་དག་གིས་བརྒྱན།། ལྗང་དང་གནག་དང་དཀར་བའི་ཞལ།། ཕྱག ་དྲུག་འོད་ཟེར་རྣམ་པར་འཕྲོ།། རལ་གྲི་སྣ་ཚོགས་རྡོ་རྗེ་དང་།། འཁོར་ལོ་གཡས་སུ་བསྒོམ་པར་བྱ།། ཕྱག་གཡོན་རྣམས་ན་དྲིལ་བུ་དང་།། པདྨ་ལྗང་ནོར་བུ་དེ་བཞིན་དུ།། ལོག་པའི་ངག་ཅན་སེམས་ཅན་རྣམས།། རྣམ་པར་སྦྱངས་ནས་སླར་བྱོན་ཏེ།། དེ ་བཞིན་བྱང་གི་ཕྱོགས་སུ་ནི།། སྣ་ཚོགས་རྡོ་རྗེ་དག་ལ་བཞུགས།། ཞེ་སྡང་གཏི་མུག་དེ་བཞིན་ཆགས། ཡིདདེ་བཞིན་ནོར་བུ་དམ་ཚིག་སྟེ།། རིགས་ནི་ལྔ་པོ་འདི་རྣམས་ཉིད།། འདོད་དང་ཐར་པཱ་རབ་བསྒྲུབ་པའོ།། མོ་ཧ་ར་ཏིའི་སྔགས་ལས་སྐྱེས།། ལྷ་མོ་སྤྱན་ནི་དབྱུང ་བར་བྱ།། དཀར་ཞིང་ཞི་བའི་ཉམས་དང་ལྡན།། སྣང་མཛད་ཀྱིས་ནི་སྤྱི་བོར་མཚན།། དཀར་དང་གནག་དང་དམར་བའི་ཞལ།། ཕྱག་དྲུག་པར་ནི་རྣམ་པར་བསྒོམ།། འཁོར་ལོ་རྡོ་རྗེ་དེ་བཞིན་དུ།། ཨུཏྤལ་དཀར་པོ་གཡས་རྣམས་སུ།། དྲི་ལཱ་བུ་དེ་བཞིན་རིན ་ཆེན་དང་།། རལ་གྲི་གཡོན་དུ་བསྒོམ་པར་བྱ།། དེ་བཞིན་ཐུགས་ཀ་ནས་ཕྱུང་སྟེ།། ཕྱོགས་བཅུ་རྣམས་སུ་གཟིགས་ནས་ནི།། གདོན་དང་ནད་གདུང་འཇིག་རྟེན་རྣམས།། ཐུགས་རྗེ་ཆེན་པོས་ཞི་མཛད་སྟེ།། སླར་བྱོན་ཟླ་བའི་དབུས་ཉིད་དུ།། ཤར་གྱི ་མཚམས་སུ་བཞུགས་པའོ།། དེ་ཥ་ར་ཏིའི་སྔགས་ལས་བྱུང་།། ལྷ་མོ་མ་མ་ཀི་དབྱུང་སྟེ།། ཨུཏྤལ་སྔོན་པོའི་འདབ་ལྟར་སྔོ།། བཞིན་བཟང་ཤིན་ཏུ་ཡིད་དུ་འོང་།། གནག་དང་དཀར་དང་དམར་བ་སྟེ།། མི་བསྐྱེད་པས་ནི་དབུ་རྒྱན་བྱས།། རྡོ་རྗེ་འཁོར་ལོ་དེ་བཞིན ་དུ། ཨུཏྤལ་སྔོ་དམར་གཡས་རྣམས་ན།། དྲིལ་བུ་རིན་ཆེན་རལ་གྲི་ཕྱག། གཡོན་ན་བསྣམས་པ་ཕྱུང་ནས་ནི།། བགེགས་ཆེན་འཇིགས་པས་གཟིར་བ་རྣམས།། ཐུགས་རྗེ་ཆེན་པོས་བསྲུང་མཛད་དེ།། སླར་ནི་བྱོན་པར་མཛད་ནས་སུ།། བདེན ་བྲལ་དུ་ནི་བཞུགས་པའོ།། ར་གཱ་ར་ཏིའི་སྔགས་ལས་བྱུང་།། གོས་དཀར་མོ་ནི་དབྱུང་བྱ་སྟེ།། དམར་དང་གནག་དང་དཀར་བའི་ཞལ།། ནོར་བུ་པད་མ་རཱ་གའི་འོད།། འོད་དཔག་མེད་བཅས་རལ་བའི་ཚོགས།། ཕྱག་དྲུག་པར་ནི་རྣམ་པར་བསྒོམ།། ་གཡོན་པ་དྲིལ་བུར་བཅས་པ་ཡཱི།། ཨུད་པལ་སྡོང་བུ་འཛིན་མཛད་པ།། ཐུགས་ཀར་གནས་པའི་ཨུད་པ་ལ།། དམར་པོ་གཡས་ཀྱིས་འབྱེད་པ་རཱ་མཛད།། རྡོ་རྗེ་འཁོར་ལོ་གཡས་དག་ན།། ནོར་བུ་རལ་གྲི་གཡོན་དག་ན།། བསྣམས་པ་རྣམ་པར ་ཕྱུང་ནས་ནི།། ནད་ཆེན་རྣམ་པར་ཞི་མཛད་དེ།། སླར་བྱོན་པད་མའི་དབུས་ཉིད་དུ།། རླུང་གི་མཚམས་སུ་བཞུགས་པའོ།། བཛྲ་ར་ཏིའི་སྔགས་ལས་བྱུང་།། ཡིད་འོང་སྒྲོལ་མཱ་དབྱུང་བྱས་ཏེ།། ལྗང་དང་གནག་དང་དཀར་བའི་ཞལ།། ངུར་བའི་ལོ་མའི་འོད་དང་མཉཾ། ་དྲན་ཡོད་པས་ནི་གཙུག་ཏོར་བྱས།། ཕྱག་དྲུག་པར་ནི་རྣམ་པར་བསྒོམ།། སྣ་ཚོགས་རྡོ་རྗེ་འཁོར་ལོ་དང་།། ཨུད་པལ་སྔོན་པོ་གཡས་རྣམས།། དྲིལ་བུ་རིན་ཆེན་རལ་གྲི་ནི།། བརྟུལ་ཞུགས་ཅན་གྱིས་གཡོན་དུ་བསམ།། དེ་བཞིན་སེམས་ཅན་ཀུན་དབང ་མཛད་པ་སྣ་ཚོགས་རྡོ་རྗེའི་གདན་ལ་ནི།། ཕྱུང་འདི་སླར་ཡང་བྱོན་ནས་སུ།། ཞི་བའི་གནས་སུ་བཞུགས་པའོ།། རིམ་པ་གཉིས་པར་རྣལ་འབྱོར་པས།། གཟུགས་རྡོ་རྗེ་ལ་སོགས་པ་དབྱུང་།། མེ་ཡི་མཚམས་སུ་དགོད་བྱ་བ།། ལྷ་མོ་ཡིད་འོང ་གཟུགས་རྡོ་རྗེ།། ཞལ་གསུམ་ཕྱག་དྲུག་དཀར་བ་སྟེ།། དབུ་རྒྱན་རྣམ་པར་སྣང་མཛད་དཔལ།། གཉིས་ཀྱིས་མེ་ལོང་འཛིན་པ་སྟེ།། ལྷགྲ་མ་གཏི་མུག་དགའ་དང་མཚུངས།། བདེན་བྲལ་དུ་དགོད་ལྷ་མོ་ནི།། སྒྲ་ཡི་རྡོ་རྗེ་ཕྱག་དྲུག་མ།། ཞལ་གསུམ ་སྐུ་མདོག་སེར་མོ་སྟེ།། དབུ་རྒྱན་རིན་ཆེན་འབྱུང་ལྡན་ཡིན།། ཕྱག་གཉིས་པི་ཝང་གིས་འབྲེལ་ཞིང་།། ལྷག་མ་མཱ་མ་ཀི་དང་མཚུངས།། རླུང་གི་གནས་དགོད་ལྷ་མོ་ནི།། དྲི་ཡི་རྡོ་རྗེ་ཕྱག་དྲུག་མ།། ཞལ་གསུམ་སྐུ་མདོག་དམར་མོ་སྟེ། འོད་དཔག་མེད་དང ་ཐོར་ཚུགས་འཆང་།། ཕྱག་གཉིས་ཀྱང་ནི་དུང་གིས་འབྲེལ།། ལྷག་མ་གོས་དཀར་མོ་དང་མཚུངས།། དབང་ལྡན་དུ་དགོང་ལྷ་མོ་ནི།། རོ་ཡི་རྡོ་རྗེ་ཕྱག་དྲུག་མ།། ཞལ་གསུམ་སྐུ་མདོག་ལྗང་གུ་སྟེ།། དབུ་རྒྱན་ལ་ནཱི་རྔ་སྒྲ་ཅན།། ཕྱག་གཉིས་ན་ནི་རོ་ཡི་སྣོད།། ་ལྕུག་མ་སྒྲོལ་མའི་རྣམ་པ་ཡིན།། རྡོ་རྗེ་སེམས་དཔའ་ལེགས་མཁྱུད་སྟེ། འཁོར་ལོའི་དབུས་ན་རྣམ་བཞུགས་པའི།། རེག་བྱ་རྡོ་རྗེ་བསམ་བྱ་སྟེ།། ཞལ་སོགས་བདག་པོ་ལྟ་བུའོ།། རིམ་པ་གསུམ་པའི་ཤར་གྱི་ནི།། སྣམ་བུར་བརྟུལ་ཞུགས་ཅན་གྱིས་དབྱུང ་མོ་བྷྲཱུཾ་ས་བིན་ལས་རྫོགས་པ། བྱམས་པ་ས་ཡི་སྙིང་པོ་དག། ཨོཾ་གྱི་ས་བོན་ངག་ལས་བྱུང་།། ཕྱག་ན་རྡོ་རྗེ་མཁའ་སྙིང་པོ།། ལྷོ་ཡི་ཕྱོགས་ཀྱི་སྣམ་བུ་ལ།། སྔགས་པས་གོ་རིམས་ཇི་བཞིན་དུ།། ཨོཾ་དང་ཧཱུཾ་ལས་ཡང་དག་བྱུང་།། འཇིག་རྟེན་དབང ་ཕྱུག་འཇམ་པའི་དབྱངས།། འདི་དག་ནུབ་ཏུ་དབྱུང་བར་བྱ།། བྱང་ཕྱོགས་སུ་ཡང་དབྱུང་བ་ནི། ཨོཾ་དང་སཾ་གི་ས་བོན་སྐྱེས།། སྒྲིབ་སེལ་ཀུན་ཏུ་བཟང་པོར་བཅས།། འདི་རྣམས་དབུ་རྒྱན་རང་གི་མགོན།། སྐུ་མདོག་ལ་སོགས་དེ་དང་མཚུངས།། ཕྱག་དང་མཚོན ་ཆ་དག་ཀྱང་སླར།། རང་གི་བདག་པོ་རྣམས་དང་མཚུངས།། བྱམས་པ་འབའ་ཞིག་གཡས་པ་ན།། ཀླུ་ཤིང་མེ་ཏོག་རྣམ་པར་བསྣམས།། འདི་རྣམས་སེམས་ཅན་རྣམས་ཀྱིས་ནི།། སྐྱེ་མཆེད་རྣམས་ནི་རྣམ་སྦྱངས་ནས།། ལྷ་ཡི་སྤྱན་སོགས་རྩོལ་བ་པོ།། སླར ་བྱོན་གདན་རྣམས་ལ་བཞུགས་པའོ།། ཡ་མཱནྟ་ཀྲྀཏ་སྔགས་ལས་གྱུར།། སྔགས་པ་གཤིན་རྗེ་མཐར་བྱེད་དབྱུང་།། གནག་དང་དཀར་དང་དམར་བའི་ཞལ།། མེ་འཕྲོ་འཐིབས་པོ་ཀུན་ནས་འཁྲིགས།། དབྱུག་པ་རྡོ་རྗེ་འཁོར་ལོ་ནི།། ཕྱག་གཡས་རྣམས་ན་བསྣམ། ་དེ་བཞིན།། ཐུགས་ཀར་སྡིགས་མཛུབ་ཞགས་པ་དང་། དྲིལ་བུ་དགྲ་སྟ་གཡོན་རྣམས་ན།། དབང་པོ་ལ་སོགས་ཚོགས་ཀྱང་བཅས།། མི་བཟང་བགེགས་རྣམས་སྐྲག་མཛད་ཅིང་།། པད་མ་ཉི་མ་མཉམ་གནས་ནས།། ཤར་གྱི་ཕྱོགས་སུ་བཞུགས་པའོ།། ་པྲཛྙཱནྟ་ཀྲྀཏ་སྔགས་ལས་བྱུང་།། རིན་ཆེན་འབྱུང་ལྡན་དབུ་རྒྱན་ཅན།། སྐུ་མདོག་དཀར་ཞིང་སྦྲུལ་གྱིས་བརྒྱན། གཞན་གྱིས་མི་ཐུབ་སྔགས་པས་དབྱུང་།། གསུས་ཁྱིམ་ཆེ་ཞིང་སྤྱན་གསུམ་པ།། དཀར་དང་གནག་དང་དམར་བའི་ཞལ།། མཆེ་བ་གཙིགས ་ཤིང་རྣམ་པར་གཉེར།། མེ་འཕྲོ་འཐིབས་པོ་ཀུན་ནས་འཁྲིགས།། རྡོ་རྗེ་དབྱུག་པ་རལ་གྲི་ནི།། གཡས་ཀྱི་ཕྱག་རྣམས་ན་བསྣམས་ཤིང་ཀསྙིང་གར་སྡིགས་མཛུབ་ཞགས་པ་དང་།། དྲལ་བུ་དགྲ་སྟ་གཡོན་རྣམས་ན།། མི་བཟང་བགེགས་ནི་སྐྲག་པ ་མཛད།། གཡོན་རྐྱང་བ་ཡི་གོམ་སྟབས་ཀྱིས།། པད་མ་ཉི་མ་མནན་ནས་ནི།། གཤིན་རྗེའི་ཕྱོགས་སུ་དེ་བཞུགསོ།། པད་མཱནྟ་ཀྲྀཏ་སྔགས་ལས་བྱུང་།། རྟ་མགྲིན་སྔགས་པས་དབྱུང་བར་བྱ།། སྤྱན་གསུམ་པྲད་མ་ར་གའི ་དམར་དང་གནག་དང་དཀར་བའི་ཞལ།། ཞལ་རྩུབ་གསུས་ཁྱིམ་ཆེ་བ་དང་།། འོད་དཔག་མེད་པའི་ཅོད་པན་ཅན། དཔའ་བོ་གཡོན་རྐྱང་བ་ཡི་ས་གནས།། མེ་འབར་ཚོགས་ནི་རྣམ་པར་འཁྲུག། པད་མ་རལ་གྲྀ་གཏུན་ཤིང་ནི།། གཡ ་ཀྱི་ཕྱག་རྣམས་ན་བསྣམས་ཤིང་།། སྙེམས་པ་དང་བཅས་དྲིལ་བུ་དང་།། དགྲ་སྟ་ཞགས་པ་གཡོན་རྣམས་ན།། པད་མ་ཉི་མ་ལཱ་གནས་ཏེ།། ཕྱོགས་བཅུ་དག་ཏུ་གཟིགས་ནས་ནི།། ཀླུ་རྣམས་སྐྲག་པར་མཛད་ནས་སུ།། ཆུ་བདག་ཕྱོགས ་སུ་བཞུགས་པའོ།། བིགྷྣཱནྟ་ཀྲྀཏ་སྔགས་ལས་བྱུང་།། རྔ་སྒྲ་ཡི་ནི་ཅོད་པན་ཅན།། ཨུཏྤལ་སྔོན་པོའི་འདབ་ལྟར་ལྗང་།། བདུད་རྩི་ཐབས་སྦྱོར་དབྱུང་བར་བྱ།། སྔོ་དང་དཀར་དང་དམར་བའི་ཞལ།། ཞལ་གདུངས་པ་ཡི་རྣམ་པར་འགྱུར།། གསུམ ་ཁྱིམ་ཆེ་ཞིང་སྤྱན་གསུམ་པ།། དམར་པོ་འབར་བས་རྣམ་པར་བརྒྱན།། སྣ་ཚོགས་རྡོ་རྗེ་འཁོར་ལོ་དང་།། གཏུན་ཤིང་ཡང་ནི་གཡས་རྣམས་ན།། དེ་བཞིན་སྡིགས་མཛུབ་ཞགས་པྲ་དང་། དྲིལ་བུ་དགྲ་སྟ་གཡོན་ན་བསྣམས།། བགེགས་རྣམས ་སྐྲག་པར་མཛོད་ནས་སུ།། གཡོན་བརྐྱང་བ་ཡི་གོམ་པའི་སྟབས།། པད་མ་ཉི་མར་མཉམ་གཙུགས་ནས།། ལུས་ངན་ཕྱོགསུ་བཞུགས་པའོ།། རང་སྔགས་ཡི་གེ་ལས་བྱུང་བ།། མི་གཡོ་བ་ཡང་དབྱུང་བར་བྱ།། སྤྱན་གསུམ་ཨིནྡྲ་ནཱི་ལའི་མདོག། ་དབུ་བརྒྱན་རྣམ་པར་སྣང་མཛད་དཔལ་ཀ། མཆེ་བ་རྣམ་པར་གཙིགས་པའི་ཞལ།། གནག་དང་དཀར་དང་དར་བའི་ཞལ།། མི་བཟང་ཧ་ཧ་ཞེས་པའང་སྒྲ།། གསུས་ཁྱིམ་ཆེ་ཞིང་སྟོབས་པོ་ཆེ།། རལ་གྲི་རྡོ་རྗེ་འཁོར་ལོ་ནི།། གཡས་ཀྱི་ཕྱག་རྣམས་མ ་བསྣམས་ཤིང་།། སྡིགས་མཛུབ་དང་ནི་སྒྲ་སྟ་དང་།། ཞགས་པ་གཡོན་གྱི་ཕྱག་རྣམས་ན།། བགེགས་དང་རིམས་སོགས་བཅོམ་ནས་ནི།། གཡོན་བརྐྱང་བ་ཡི་གོམ་པའི་སྟབས།། པད་མ་ཉི་མར་མཉམ་བཙུགས་ནས།། མེ་ལྷའི་ཕྱོགསུ་དེ་བཞུག་སོ།། ་རང་སྔགས་ཡི་གེ་ལས་རྫོགས་པ།། བརྟུལ་ཞུགས་ཅན་གྱི་འདོད་རྒྱལ་དབྱུང་།། དཔའ་བོ་ཨིནྡྲ་ནཱི་ལའི་འོད།། རིན་ཆེན་འབྱུང་ལྡན་དབུ་རྒྱན་ཅན།། གནག་དང་དཀར་དང་དམར་བའི་ཞལ།། གསུས་ཁྱིམ་ཆེ་ཞིང་འཇིགས་སུ་རུང་།། ཕྱག་གཉིས་རྡོ་རྗེ ་ཧཱུཾ་མཛད་ཀྱི།། ཕྱག་རྒྱ་དག་ནི་འཆང་བར་མཛད།། རྡོ་རྗེ་རལ་གྲི་གཡས་ངག་གིས།། གཡོན་པ་ཞགས་པ་ལྕགས་ཀྱུའོ།། བགེགས་འཇིགས་བྱེད་པ་བདེན་བྲལ་དུ་ཀཱ་གཡོན་བརྐྱང་བ་ཡི་ཉི་མར་བཞུགས།། རང་སྔགས་ཡི་གེ་ལས་བྱུང་བ།། བརྟུལ ་ཞུགས་ཅན་གྱིས་དབྱུག་སྔོན་དབྱུང་།། སྤྱན་གསུམ་སྤྲིན་སྔོན་ལྟ་བུ་སྟེ།། འོད་དཔག་མེད་པའི་དབུ་རྒྱན་ཅན།། སྔོ་དང་དཀར་དང་དྲ་མ་རཱ་བའི་ཞལ།། གསུས་ཁྱིམ་ཆེ་ཞིང་འཇིགས་པ་བསྐྱེད།། དབྱུག་པཱ་རལ་གྲི་འཁོར་ལོ་ནི།། གཡས་ཀྱི་ཕྱག ་རྣམས་ན་བསྣམས་ཤིང་།། སྙིང་གར་སྡིགས་མཛུབ་ཞགས་པ་དང་།། པད་མ་དགྲ་སྟ་གཡོན་རྣམས་ན།། ཡམས་དང་འཚེ་བའི་འཇིགས་བསལ་ནས།། གཡོན་བརྐྱང་གོམ་སྟབས་གནས་པ་ཡིས།། པད་མ་ཉི་མར་མཉམ་བཙུགས་ཏེ།། ་རླུང་ལྷའི་ཕྱོགས་སུ་བཞུགས་པའོ་ཀ་རླུང་སྔགས་ཡི་གེ་ལས་བྱུང་བ།། དྷཱ་སྠཱ་ལི་ནི་དབུ་རྒྱུན་ཅན།། སྟོབས་པོ་ནཱ་ནི་སྔགས་བྱས་དབྱུང་།། ཨཱཏྤལ་སྔོན་པོའི་འདབ་འདྲའི་འོད།། གནག་དང་དཀར་དང་དམར་པའི་ཞལ། སྤྱན ་གསུམ་འཇིགས་པའི་སྒྲ་དྲང་ལྡན།། ཡན་ལག་ཐམས་ཅད་སྦྲུལ་གྱིས་བརྒྱན། གསུས་ཁྱིམ་ཆེ་ཞིང་འཇིགས་སུ་རླུང་།། དབྱུག་པ་རལ་གྲི་འཁོར་ལོ་ནི་ཀ་གཡས་ཀྱི་ཕྱག་རྣམས་ན་བསྣམས་ཤིང་།། སྙིང་གར་སྡིགས་མཛུབ་ཞགས་པ་དང་།། པད་མ ་དགྲ་སྟ་གཡོན་རྣམས་ནི།། མཁའ་འགྲོ་ལ་སོགས་འཇིགས་པ་འཇོམས།། གཡོན་བརྐྱང་གོམས་པའི་སྟབས་ཀྱིས་ཏེ།། པད་མ་ཉི་མར་མཉམ་བཙུགས་ནས།། དབང་ལྡན་ཕྱོགས་སུ་བཞུགས་པའོ།། རང་སྔགས་ཡི་གེ་ལསྣ་བྱུང་བའི།། གཙུག ་ཏོར་འཁོར་ལོས་བསྒྱུར་བ་དབྱུང་།། མཁའ་ལྟར་སྔོ་སངས་དྲག་པོ་ནི།། མི་བསྐྱོད་བྱ་ཡི་དབུ་རྒྱུན་བྱས།། གནག་དང་དཀར་དང་དུ་མཪྴ་བའི་ཞལ།། གཙོ་བོ་སྤྱན་གསུམ་གསུས་པ་འབྱུང་།། གཡས་དང་གཡོན་གྱི་ཕྱག་གཉིས་ཀྱི།། སྤྱི་བོར་གཙུག ་ཏཽར་འཛིན་མཛད་ཅིང་།། རྡོ་རྗེ་པད་མ་གླ་ལས་དག་གིས།། སྡིགས་མཛུབ་རལ་གྲི་གཡོན་དག་གིས།། འཚོ་བ་ཐམས་ཅད་རྣམ་འཇིག་ཅིང་།། གཡོན་བརྐྱང་གོམས་སྟབས་སྙེམས་པོ་ཡིས།། པད་མ་ཉི་མར་མཉམ་གནས་ནས།། ཚངས་པའི་གནས ་སུ་དེ་བཞུགས།། རབ་སྔགས་ཡི་གེ་ལས་རྫོགས་པ།། གནོད་མཛེས་རྒྱལ་པོ་སྔགས་པས་དབྱུང་།། སྤྱན་གསུམ་ན་མཁའ་བཟང་པོའི་འོད།། གནས་དང་དཀར་དང་དམར་པབའི་ཞལ།། གསུས་ཁྱིམ་ཆེ་ཞིང་གཙིགས་པའི་ཞ་ལ།། མི་བསྐྱོད ་པས་ནི་དབུ་བརྒྱན་བྱས།། རྡོ་རྗེ་འཁོར་ལོ་རིན་ཆེན་ནི།། གཡས་པའི་ཕྱག་རྣམས་ན་འཛིན་ཅིང་།། ། སྙིང་གར་སྡིགས་མཛུབ་ཞུགས་པ་དང་།། པད་མ་རལ་གྲི་གཡོན་རྣམས་ན།། བརྟན་པ་དང་ནི་གཡོ་བའི་དུག། ཀཱ་ལ་ཀུ་ཊ་ལ་སོགས་ཀུན།། བཅོམ ་ནས་བགེགས་ཀྱི་བདག་པོ་ནི།། ཐམས་ཅད་ཀུན་ཏུ་ཞི་མཛད་ནས།། མ་ལུས་བཀའ་ནི་རྫོགས་བྱས་ཏེ།། གཡོན་བརྐྱང་གོམས་སྟབས་གནས་པ་ཡིས།། པད་མ་ཉི་མར་མཉམ་གནས་ཏེ།། ས་ཡི་འོག་ཏུ་དེ་བཞུགས་སོ།། ལྷ་ནི་སུམ་ཅུ་གཉིས ་རང་བཞིན། དཀྱིལ་འཁོར་ཐམས་ཅད་ཕྱུང་ནས་ནི།། འཁོར་ལོའི་དབུས་སུ་གནས་གྱུར་ནས།། དེ་ནས་ཕྲ་མོའི་རྣལ་འབྱོར་བརྩམ།། སྣ་ཡི་རྩེ་མོར་ཉུངས་ཀར་བསམ།། ཉུང་ཀར་རྒྱུ་དང་མི་རྒྱུ་བ།། ཡེ་ཤེས་གནས་ནི་ཉམས་དགའ་བ།། གས། ་བའི་ཡེ་ཤེས་བརྟགས་པ་བསྒོམ།། རིན་ཆེན་ཆེན་པོ་ཁ་དོག་ལྔ།། ཉུངས་ཀར་གྱི་ནི་འབྲུ་ཚད་ཙམ།། སྣ་ཡི་རྩེ་མོར་ནན་ཏན་དུ།། རྣལ་འབྱོར་གྱིས་ནི་རྟག་ཏུ་བསྒོམ།། རིན་ཆེན་བརྟན་པར་གྱུར་ན་སྤྲོ།། བརྟན་པར་མ་གྱུར་ཡོང་མི་སྤྲོ།། སངས་རྒྱས ་འབར་བ་མཉམ་པའི་འོད།། རབ་མཆོག་སྤྲིན་རྣམས་སྤྲོ་བར་བྱ།། སློང་མོ་ཟ་ཞིང་མི་བཟླས་ཏེ།། བསྲུངས་ལ་དགའ་བར་ཡང་མི་བྱ། འདོད་པ་ཀུན་ལ་ལོངས་སྤྱོད་ཅིང་།། སྔགས་ཀྱི་ཡན་ལག་དབྱེར་མེད་བཟླས།། བརྗོད་ནས་རྡོ་རྗེ་སྤྲོ་བྱ་ཞིང་།། ་རྫོགས་ནས་རབ་ཏུ་བསྡུ་བར་བྱ།། འདི་ནི་སངས་རྒྱས་ཐམས་ཅད་ཀྱི།། དོན་དམ་པ་ཡི་བཟླས་པར་གསུངས།། ཕྲ་མོའི་རྣལ་འབྱོར་བཟླས་པ་ཡང་།། རྣམ་གཉིས་ཅི་འདོད་བྱས་ནས་སུ།། སླར་ཡང་སྔགས་པས་བདག་ཉིད་ནི།། དེ་བཞིན་ཉིད་ལ་གཞུག ་པར་བྱ།། དེ་ནས་དཀྱིལ་འཁོར་གནས་ལྷ་མ།། གན་ཡིས་བདག་པོ་མ་མཐོང་ནས།། ཚིགས་སུ་བརྗོད་པ་འདྲི་བ་ནི་མོས།། བདང་ཆེན་པོས་པར་བྱེད།། སེམས་ཅན་ཁམས་ནི་གནས་ཀྱི་དབང་ཕྱུག་ཁྱོད་ནི ་ཐུགས།། དགའ་བ་ཡིད་འོང་དོན་ཆེན་འདོད་པས་བདག་ལ་སྐྱབསུ་གསོལ།། མགོན་པོས་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན།། སེམས་ཅན་ཡབ་གཉེན་མཆོག་ཆེན་བདག་ལ་དགྱེས་པར་མཛད་དུ་གསོལ།། རྡོ་རྗེའི་སྐུ་ཁྱོད་བཀ ་འཁོར་ལོ་སེམས་ནཱནཱ་མང་པོར་ཕན།། སངས་རྒྱས་རྣམས་དོན་བྱང་ཆུབ་མཆོག་དོན་པནཱ་བ་རྗེས་བསྟན་པ།། མགོན་པོས་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན།། ཆགས་པས་འདོད་ཆགས་དམ་ཚིག་བདག་ལ་དགྱེས་པར་མཛད་དུ ་གསོལ།། ཁྱོད་ནི་རྡོ་རྗེའི་གསུང་སྟེ་ཀུན་ལ་ཕན་ཞིང་ཐུགས་བརྩེ་བ།། འཇིག་རྟེན་དག་གིས་དགོས་པའི་དོན་མཛད་པ་ལ་རྟ་ག་ཏུ་བརྩོན།། མགོན་པོས་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན།། རབ་དགའི་སྤྱོད་པས་ཀུན་ཏུ ་བཟང་པོ་བདག་ལ་དགྱེས་པར་མཛོད།། ཁྱོད་ནི་རྡོ་རྗེའི་འདོད་པ་དམ་ཚིག་མཆོག་གི་ཕན་དོན་ཆེ།། རྫོགས་སངས་རྒྱས་ཀྱི་གདུང་མཆོག་མཉམ་ཉིད་རྗེས་སུ་ཐུགས་བརྩེ་བ།། མགོན་པོས་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན།། ་ཡོན་ཏན་རིན་ཆེན་མང་པོའི་གཏེར་གྱུར་བདག་ལ་དགྱེས་པར་མཛོད།། དེ་ལྟར་ཡང་དག་ཡོན་ཏན་ནི།། བརྗོད་པས་བསླང་བའི་མགོན་པོ་ལ།། མི་བསྐྱོད་ལ་སོགས་ངོ་བོ་ཡི།། དེ་བཞིན་གཤེགས་རྣམས་བསྟོད་པར་མཛད།། མི་བསྐྱོད་རྡོ་རྗེ ་ཡེ་ཤེས་ཆེ།། རྡོ་རྗེ་དབྱིངས་ནི་མཁས་པ་ཆེ།། རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ།། གསང་བ་གསུང་ཁྱོད་ཕྱག་འཚལ་ལོ།། རྣམ་པར་སྣང་མཛོད་དག་པ་ཆེ།། རྡོ་རྗེ་ཞི་བ་དགའ་བ་ཆེ།། རང་བཞིན་འོད་གསལ་ཆོས་རྣམས་ནི།། སྟོན་མཛད་རྡོ་རྗེ། ་ཁྱོད་ཕྱག་ལ་ཥིན་ཆེན་རྒྱལ་པོ་རབ་ཏུ་ཟབ།། རྡོ་རྗེ་ན་མཁའ་དྲི་མེད་མཁའ།། རང་བཞིན་དག་པ་གོས་པ་མེད།། གསང་བ་གསུངས་ཤིག་ཁྱོད་ཕྱག་འཚལ།། རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ།། མི་རྟོག་ན་མཁའ་རྡོ་རྗེ་ཅན།། འདོད་ཆགས་ཕ་རོལ་ཕྱིན་པ ་བསྙེས།། རྡོ་རྗེ་གསུང་ཁྱོད་ཕྱག་འཚ་ལོ།། དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས།། བསམ་པ་ཐམས་ཅད་ལོངས་རྫོགས་མཛད།། དག་པ་ངོ་བོ་ཉིད་ལས་བྱུང་།། རྡོ་རྗེ་སེམས་དཔའ་ཁྱོད་ཕྱག་འཚལ།། སངས་རྒྱས་ཀྱིས་བསྟོད་དེ་ནས་འཁོར་ལོ ་མཉེས་མཛད་སྟེ།། གསང་བ་མཆོག་ནི་ཇི་ལྟ་ཇི་བཞིན་རབ་གསལ་བྱས།། རང་གི་ལུས་ཀྱི་འཁོར་ལོ་ལྔ་ནི་འཁོར་ལོ་གཞུག། མགོན་པོ་བདེ་བ་ཆེན་པོ་གཅིག་པུ་བཞུགས་པར་གྱུར།། དེ་ལྟར་རྣལ་འབྱོར་བཞི་བྱེད་རྣལ་འབྱོར་པས།། ཧཱུཾ་ཡིག ་སྙིང་པོར་འཇིག་རྟེན་རབ་ཏུ་བསྒོམ།། དེ་བྱུང་འགྲོ་བ་རྡོ་རྗེ་སྙེམས་དཔར་བལྟ།། ལངས་ནས་དེའི་བློས་ཇི་བཞིན་དཔྱད་པར་བྱ།། སྔགས་པ་ཏིང་འཛིན་ལ་དམིགས་པས།། གང་ཚེ་ལུས་ནི་སྐམ་གྱུར་ནཱ།། ལུས་ངག་ཡིད་ནི་ཚིམ་བྱེད་པའི།། སྦྱོར ་བ་འདི་ནི་བསྒོམ་པར་བྱ།། མཐོ་གང་ཙམ་གྱིས་སྤགས་པར་ནི།། མགོ་བོར་དཀྱིལ་འཁོར་བརྟག་པར་བྱ།། ཨོཾ་ཡིག་དབུས་སུ་གནས་བསམ་ནས།། བདུད་རྩི་ལྔ་པོ་དབབ་པར་བྱ།། རྡོ་རྗེ་སྦྱོར་བ་འདི་ཡིས་ནི།། སྐད་ཅིག་གིས་ནི་གཟི་ཅན་འགྱུར།། ་xxx ་xxx ་xxx ་སྦྱིན་ག་སིནྡེ། རླུ་གིས་མོན་འབར་བར་བྱེད་།། དེས་པ་རྒྱུན་འཚོད་པར་བྱེད། དང་ཆེན་འཁོར་དང་ནི་གནས།། གང་དུཀུན་ཡྀ། བསྲེག་ཟླ་བཟའ་བབྱུང་གང་ཅུང་ཟད།། དེ་དག་ཐམས་ཅད་ཚུ་ལ་ས་ནི། བར་རྒྱུ ་ཡྀ་མཱ་ལིས། སྨྱུང་གི་རྗེ་པད་མར་ཡང་དག་གཙུག། ལྟ་བའི་འདི་བར་བྱེན་།། ཇི་གྱུར་བྱེད་པའི་སྦྱོར་བ་ལས།། གྷ་ལམ་པད་མ་ལས་སྟོན་ནས།། མ་པའི་མམར་ནི་རྣམ་པར་བསྟན།། སྨྲས་པ་མེད་ཅིང་ད་ཀྱི་མེད། དཱ་ལ་སྡུགས་པས ་འཆི་ཞིང་།། འདི་ནི་དུས་མིན་འཆི་མི་འགྱུར། འཚོ་ཐམས་ཅད་རྣམ་འཇིག་པའོ།། རྗེ་ཕྲེང་བ་དང་ལ་མཆིག་སྲུངས་ཤིང་གིས། འདུས་པ་ཆུ་གཏེར་ཟབ་མོ་བསྲུངས་པ་ལས། བསྒྲུབ་པའི་ཡན་ལག་བཅུ་རྩི་གང་ཟ་བ་དེས།། འཇིག་རྟེན་མ ་ངགའམ་མང་ཉར་ཐོབ་ཤོག། བསྡུས་པའི་རིམ་བསྒྲུབས་ཐབས། སློབ་དཔོན་ཆེན་པོ་དཔལ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ཨཱ་ཙརྱ་ཤདྡྷ་ཀ་ར་ཝམ ་ཞུ་ཆེན་གྱི་ལོ་ཙ་བ་བནྡ་དེ་རིན་ཚོན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕུབ་པའོ།། སླད་ཀྱི་རྒྱ་གར་གྱི་མཁན་པོ་བླ་མ་རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་རེ་བེནྡྷའི་ཞལ་སྔ་ནས། ཆག་ལོ ་བ་དགེ་སློང་ཆོས་རྗེ་དཔལ་གྱིས་མ་གྷ་དྷའི་དཔེ་ལྟར་ལེགས་པར་བཙོས་ཤིང་གཏན་ལ་ཕབ་པའོ།། ། ཤུ་ལོ་ཀ་སུམ་བརྒྱ་དང་སུམ་ཅུ་བཞུགས་སོ།། ་