CLOSE WINDOW

GT2780: mdo rgyud rtogs pa'i sgron ma zhes bya ba thugs rje spyan thag gi gnas mdzad pa lha'i cho 'phrul phrin las mthar phyin pa'i sgrub pa gsang sngags nges par byed pa'i don gsal bar byed pa'i sgron ma lung thams cad kyi rgyal po chen po
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུསུ་ཏྲ་ཏན་ཏྲ་ཀཱ་ལ་སྲན་མ་པྲ་ཏི་སྨས། ཀ་རུ་ན་ས་ཏ་ན་མ་ཀ་ར་མ་ར་ཡ་དྷེ་བཿཀརྨ་ཀུ་རུ་ཨ་ལས་ད་ན་མ་བྷུ་ཧ་མན་ཏྲ་ཏི་ས་ཏོ་ཀ་པཱ་ཏི་སཽཿབྷུ་ཧ་ཨུ་ཏོད་ཏ་སརྦ་མ་ཧཱ་ར་ཙཿབོད་སྐད་དུཿམདོ་རྒྱུད ་རྟོགས་པའི་སྒྲོན་མ་ཞེས་བྱ་བ། ཐུགས་རྗེ་སྤྱན་ཐག་གི་གནས། མཛད་པ་ལྔའི་ཆོ་འཕྲུལ། ཕྲིན་ལས་མཐར་ཕྱིན་པའི་སྒྲུབ་པགསང་སྔགས་ངེས་པར་བྱེད་པའི་དོནཿགསལ་བར་བྱེད་པའི་སྒྲོན་མཿལུང་ཐམས་ཅད་ཀྱི་རྒྱལ་བ ་ཆེན་པོའོ།། བཅོམ་ལྡན་འོངས་དཔལ་ཀུན་ཏུ་བཟང་པོ་ཡེ་ཤེས་རིག་པའི་རྒྱལ་པོ་ལ་ཕྱག་འཚལོ།། དེ་ནས་འདིར་ནི་རབ་བཤད་པཿ། ཀུན་གྱི་ལུང་ཆེན་འདི་ཡིན་ཏེ། ཡོང་ལེ་བསྐལ་པ་བསམ་ཡོས་ཤིང་། བརྗོད་དུ་མེད་པར་གནས་པ་ཡི ་ཕྱོགས་བཅུ་རྣམས་དང་དུས་གསུམ་དུ། བཞུགས་པའི་སངས་རྒྱས་ཐམས་སད་ཀྱང་། མཛད་པའི་ཕྲིན་ལས་སྣ་ཚོགས་པས། འགྲོ་བའི་ཕྲིན་ལས་ཚིམ་མཛད་ཅིང་། ཡ་མཚན་བྱིན་རླབས་རྨད་པོ་ཆེ།། ཆོ་འཕྲུལ་རྣམ་པ་མང་བསྟན ་ཡོད། དོན་རྫོགས་གཞན་ལ་ཕན་པར་ནི།། ཐམས་ཅད་ཀུན་གྱི་དགོངས་རྒྱུད་གཅིག། མཁའ་དབྱིངས་དག་པའི་གླིང་ཡངས་སུ། རིག་པའི་ཡེ་ཤེས་སྟོང་གསལ་བས།། ཆོས་སྐྲ་ཟིག་ལ་ཆེན་པོའི་དང་། སངས་རྒྱས་ཉག་གཅིག་སྐྱིད ་ཡུལ་ལོ།། སྦྱིན་གཞི་མ་བཅོས་བྱང་ཆུབ་སེམས།། དེ་བཞིན་ཅིང་གཅིག་དབྱེར་མེད་ལ།། མ་རིག་འོ་ཁྲུལ་པའི་སྣང་བ་ཡིས།། བཟུང་འཛིན་དངོས་པོར་རྫོགས་པ་ཡཾ།། གདུལ་བྱ་བབས་ཀྱིས་བཟུང་བའི་ཕྱིར།། ཐུགས་རྗེའི་དབྱངས་བག་ཏུ་ནཆོ ་མེད་ཆ་བའི་ཆེན་པོ་སངས་རྒྱས་རྣམས། འགྲོ་བ་དྲུག་ལ་སོགས་པ་གམ། བྱམས་པའི་ཐེག་པས་འཛིན་པ་ཡིས། བྱེད་པ་པོ་དང་བ་བྱུ་ད་། དམིགས་པར་གནས་སུ་ངེས་ས་ནསརྣམ་བཅས ་ཐིག་ལེ་རྫོགས་པ་ལས་རྟ་རང་བྱུང་དང་ལས་སྐུར་སྣང་བའིཿདེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། ཐུགས་རྗེའི་མཛད་པས་སངས་རྒྱས་ཀྱང་གནས་ལུགས་ངོ་བོ་ཉིད་ཀྱི་གཞིཇི་བཞིན་པ་ཡི་དོན་དེ་ལཿསངས་རྒྱས་སེམས ་ཅན་དཔེར་མེད་ཅིངཡེ་སངས་རྒྱས་སུ་ལྷུན་གྱིས་གྲུབ་རྩམ་བཙལ་བསལ་དང་བཞག་པ་མེདརྒྱུན་གྱི་རྣམ་པས་རྟོག་མིན་པ་ཀྱངསྒྲ་ཙམ་ཉིད་དུ་བསྟན་ཉིད་ན། གོལ་སྒྲིབ་རང་སར་དག་པ་ཡིཿཆོས་ཉིད་མུ་མཐའ་མཉམ་ཉིད ་ཀྱིས་མཐའ་བཞི་མ་སྤངས་མི་གནས་ལིཿསངས་རྒྱས་ཞེས་ནི་དེ་ཉིད་བཞེདཿབརྡའ་ཡིས་བརྟགས་པའི་སངས་རྒྱས་ལ་ཆེ་བའི་ཡོན་ཏན་བསམ་ཡིས་ཤིང་\ུ0f7fགཞལ་དང་གྲངས་ལས་འདས་མོད་ཀྱང་འདོར་བཞག་སྐུ་དང་ཡེ ་ཤེས་སོ། ལྔ་དང་བཞི་དང་གསུམ་དང་གཉིསདེ་བཞིན་གཅིག་གི་སྐུ་རྣམ་ཕྱེ། ངོ་བོ་ཉིད་དང་རྣམ་སྨིན་དང་ཆོས་དང་ལྗོངས་སྤྱོད་སྤྲུལ་པ་ལྔཿརྣམ་སྨིན་རྒྱུ་མཐུན་སྤྲུལ་པ་སྟེ། དེ་ནས་ཐུབ་པའི་སྐུ་མཆོག་བཞིངོ་བོ་ཉིད་སྐུ་བྲལ ་འབྲས་ཞེསསངས་རྒྱས་གསུང་ལས་སྐུ་གསུམ་ཉིད་མདོར་ན་སེམས་ཉིད་སངས་རྒྱས་ཏེདེ་ཉིད་མ་ཡིན་སེམས་ཅན་ཞིག། འོགའི་ཡང་ཡོད་པ་མ་ཡིན་པསཿམ་བཅོས་ཡེ་ནས་མངོན་སངས་རྒྱས་ཀུན་ཀྱང་བྲལ་བའི་འབྲས་བུ ་སྟེ། དེ་ཕྱིར་ངོ་བོ་ཉིད་སྐུ་གཅིག། \ུ0f7fམཁྱེན་པའི་ཡེ་ཤེས་བཞི་དང་དགུ། མེ་ལོང་གཞན་དང་མཉམ་པ་ཉིད། སོ་སོར་རྟོགས་དང་བྱ་བ་གྲུབཿཆོས་དབྱིངས་ཤེས་པའི་ཡེ་ཤེས་སོ། དེ་ཉིད་དངོས་དང་མཁྱེན་པ་གཉིསསྐྱེ་འགག ་གཉིས་ལའང་ཐ་སྙད་དུ། སོ་སོའི་རྒྱུད་དང་བཅས་ཉིད་དོ་ཀུན་གཞི་དང་ནི་ཉོན་མོངས་ཡིདཿཡིད་དང་སྒོ་ལྔའི་རྣམ་ཤེས་དང་\ུ0f7fཆོས་ཀྱི་དབྱིངས་ལས་ཡང་དག་འབྱུང་དེས་ན་རྒྱུ་དང་འབྲས་བུ་ཞེསབྲལ་བ་ཙམ་ལ་བརྟགས་པའོ ་མ་ནོར་མ་བཅོས་དཔལ་གྱི་དཔལལྷུན་གྱིས་གནས་པའི་སངས་རྒྱས་ལཿཐུགས་རྗེ་བྱ་བའི་ཡུལ་གང་ལསཿསྒྱུ་མའི་སྤྲུལ་པ་རབ་ཏུ་བཟུང་\ུ0f7fཡང་དག་ངེས་པའི་དོན་ཉིད་ལ། བྱེད་དང་བྱ་བ་མི་དམིགས་ཀྱངསྔོན་དུ་གཅེས ་པའི་འབྲས་བུ་ལསཐུགས་རྗེ་ཆེན་པོའི་སྤྲུལ་པ་ཤརཿགཞི་ལམ་འབྲས་བུ་རྣམས་ཕྱེ་བསཿཐུགས་རྗེས་རྣམ་པ་གསུམ་ཡིན་ཏེཿསེམས་ཅན་དང་ནི་ཆོས་ལ་དམིགསཿདམིགས་མེ་སྙིང་རྗེ་ཆེན་པོ་ཞེསཕྱོགས་བཅུའི་བདེ ་གཤེགས་རྒྱལ་བ་ཡིས། དགོངས་བརྒྱུད་གཅིག་པས་ཡང་དག་གསུངསདེ་ལྟར་ཐུགས་རྗེས་རྗེས་བཟུང་བསཿགདུལ་བྱ་གང་དང་གང་དག་ལཿགསུང་རབ་དུ་མའི་གསུང་རབ་རྣམསཿསྣ་ཚོགས་ནོར་བུ་ཇི་བཞིན་དུཿརྣམ་པ་དུ ་མར་གསལ་བ་དག། གསུང་བ་མེད་བཞིན་གསུང་བར་སྣང་\ུ0f7fཐུགས་རྗེའི་འཇུག་པ་སྣ་ཚོགས་པས། ཇི་ལྟར་འོས་པས་གདུལོ་མཛད་དེཿཕྱི་རོལ་བྱེད་པའི་སྡེ་རྣམས་ལཿདཻ་དང་དེར་སྣང་སྟོན་པས་གསུངསགང་ཡང་ཆད་པར་ལྟ ་འདོད་ལ། འདི་ལྟར་སྣང་ཚོད་འདི་ལྟ་སྟེ། སེམས་ཅན་སྐྱེ་བ་སྔ་ཕྱི་དང་། ཐམས་ཅད་མཁྱེན་པའི་སངས་རྒྱས་དང་། ལྐོག་ཏུ་འགྱུར་བའི་འགྲོ་མེད་དང་། དབང་ཕྱུག་དང་ནི་བྱེང་པོ་དང་། ལས་དང་འབྲས་བུ་ལས ་མེད་པས། ཚུ་རོལ་སྐབས་འདི་མཛེས་སོ་ཞེསལྷའི་བླ་མོར་གཟུགས་ཉིད་ཀྱིས། རླུང་འཕེན་པ་མི་བདེན་པ་གསུངས། གང་ཞིག་དྲང་སྲོང་རྗེས་སླེབ་ཅིང་། རྒྱ་དང་འབྲས་བུ་གནས་འད་ལ། ཤེས་བྱ་བདག་དང་གཙོ་བོ་སྭཱ་ཏེ་བདག ་བྱེད་མེད་མྱོང་བའོ།། གཙོ་བོའི་རང་བཞིན་རྣམ་འགྱུར་ཞེསརྒྱལ་བའི་རྗེས་འབྲེངས་སེར་སྐྱས་བཤད། དེ་བཞིན་བདག་དང་གཙོ་བོ་ལསརྫས་དང་དེ་ལས་བྱུང་བ་ཡིས། རྟག་དང་མི་རྟག་སྨྲ་བྱེད་ལོ།། དུས་གསུམ་གྱིས་ནི་རྗེས་སུ་ལ ་སྲོག་དང་སྲེག་མ་ཡིན་པ་ལ། རྟེན་དང་སྡོམ་པ་བྲལ་བ་ལ། བསྲིངས་དང་བར་དང་བསོད་ནམས་དང་། འགྲོ་དང་འོང་བས་གོ་འཕངས་དགུཿགཅེར་བུས་ངལ་དུབ་སྤྱོད་པ་ཡིས། ཞལ་བས་འདོད་པ་རྣམས་ལ་བསྟན། དབང་ཕྱུག་ཉིད་དང་ཤེས་བྱ ་གནས་རྗེས་དང་ཡོན་ཏན་ལས་དང་བྷཱི་བྱེ་ག་འདུ་བ་དྲུག་ཏུ་ཀྱིསདེ་ཤེས་དབང་ཐུག་མཆོང་ལེགས་པས་པར་ཞེས་རིག་པ་ཅིས་དྲུག་དང་། བྱེ་དྲུག་པ་ལ་རབ་དུ་སངས་ཏེ། རལ་ནའི་ཚུལ་གྲོས་གསུཾ་བྲུ་འཛུན ་གཙོར་བྱས་ནས། ཐམས་ཅད་འདི་ཉིད་ཀྱིས་སྤྲུལ་ཅིང་ཤེས་པས་བདག་ཉིད་ཤེས་མིན་ཏེ། མཆོད་སྦྱིན་དང་ནི་ཁྲུས་བྱས་པས། སྡིག་དང་སློབ་པའང་འགྱུར་ནས། སྤྱོད་པ་ལ་ལ་ཚངས་པར་བསྟནདེ་གཟུང་འགའ་གོཅག ་སེམས་ཙམ་དུབྱེད་པ་པོ་དང་དགེ་མི་དགེདུས་ཁམས་ཡོན་ཏན་སྟོང་པ་རྣམསསྤྱོད་ཅིང་རྣམ་པར་གོམས་པ་ན། བདག་ཉིད་གཅིག་པུ་ཀུན་འདུས་པས་\ུ0f7fདོན་དམ་ཡིན་ཞེས་ཚངས་པ་སྨྲདགེ་སྦྱོང་གོའུ་ཏ་མའི་གཟུགསཿཐུབ ་དབང་རྒྱལ་བ་མཆོག་གིས་ཀྱང་ཇི་ལྟ་ཇི་ལྟར་འདུལ་གྱུར་པཿདེ་བཞིན་ཐུབ་པའི་བསྟན་པར་གསུངསཁ་ཅིག་ལ་ནི་གང་ཟག་དང་དུས་གསུམ་ཤེས་པར་བྱ་བའི་གནས་རྫས་སུ་འདུ་སྟེ་ལུས་སེམས་གཉིས་རྣ་ཐ་དད་དུས་མཚུངས ་དོན་དམ་དུ་ཡུལ་སེམས་དདེན་པར་སྨྲ་རྣམས་ཀྱང་\ུ0f7fཆོས་ཀྱི་བདག་ཞེས་ངེས་པར་བསྟན། དེ་འདྲར་ཁ་ཅིག་མ་དགོངས་ཏེ། ཇི་ལྟར་སྣང་ཡང་སེམས་ཉིད་ལ་རྡོ་རྣམ་པར་འཇིག་དོན་སེམས་ཀྱི་གཞི། སྐྱེས་ཏེ་འདྲ་བའི་ཆོས་བདག་ཉིདཿདེ ་ནི་དམ་པའི་དོན་ཡིན་ཏེ། \ུ0f7fབདེན་པར་གྲུབ་ཅེས་རྒྱལ་བས་གསུངསཐམས་ཅད་སེམས་སུ་སྨྲ་འདོད་ལ། ཀུན་ཏུ་རྟགས་དང་གཞན་དབང་དང་། ཡོངས་སུ་གྲུབ་པས་ཤེས་བྱ་བ་གསུམ། ཇི་ལྟར་སྣང་བའི་དོན་གཉིས་དང་གཉིས ་མེད་ཤེས་པའི་རབ་དབྱེ་བས་རྣ་ངོ་བོ་ཉིད་གསུམ་བདེན་གཉིས་ཏེ་ཌྷ་རིག་སྲུང་ཤེས་པ་མ་ལུས་ལ། བདག་ཅེས་ཀུན་ཏུ་བརྟགས་པ་དང་དོན་ཤེས་ན་ཡང་མི་རིག་པསཿབསླང་པའི་སྣང་བ་ཀུན་བརྟགས་པར་སྨྲ་ཞིང་སེམས་ཀྱི ་སྣང་བ་ལཿཡོད་དང་མེད་པའི་གཞུང་དུ་སྣངཿགང་ཡང་ངོ་བོ་ཉིད་མེདོ་འོདབདེན་པ་གཉིས་ལ་རབ་བརྟེན་ནསསྒྱུ་མ་རབ་ཏུ་མི་གནས་པཿངེས་པར་བདེན་པ་ཞེས་ཐུབ་པས་གསུངསབདེ་གཤེགས་གསུང་གི་ངོ་བོ་ལས ་གྲུབ་མཐའ་སོ་སོར་སྣང་བ་རྣམས། སངས་རྒྱས་ས་ལ་དྲང་བའི་ཕྱིར། \ུ0f7fབསྟན་པའི་དབྱེ་བ་གསུངས་པ་ཡིན། ཐ་མལ་པ་ལས་བློ་བཟློག་ཕྱིར། མུ་སྟེགས་བྱེད་ཀྱི་བསྟན་པ་སྟེ། དེའི་འདོད་བློ་སོ་སོའི་ཚུལ ་མྱ་ངན་འདའ་བར་དྲང་བའི་ཕྱིརཿམཆོག་གྱུར་སངས་རྒྱས་བསྟན་པ་སྟེ། དེའི་གྲུབ་མཐའ་སོ་སོར་གསུངསཉན་ཐོས་སྡེ་དང་རང་སངས་རྒྱསཿབློ་ཚན་སེམས་རྟོག་དོབུ་མ་བཿརྒྱུ་འབྲས་མཉམ་ཉིད་ལས་སྦྱར་ཕྱིརཿབྱ་བའི་རྒྱུ་སོགས ་སོ་སོར་གསུངསཿབདེ་གཤེགས་ཐུགས་རྗེ་ཆོས་ཀྱི་ཆརཿབརྒྱད་ཁྲི་བཞི་སྟོང་གསུངས་པ་ཡང་\ུ0f7fགདུལ་བྱའི་སྒྲིབ་པ་བྲལ་ཕྱིར་ཏེ། སངས་རྒྱས་འཕེལ་བའི་ཕྱིར་མ་ཡིནཿཁ་ཅིག་དྲང་བའི་ཚུལ་གྱིས་སོ། ཁ་ཅིག་སྐྱེ་བ་བསྐྱེད ་བཱ་སྟེ། \ུ0f7fཁ་ཅིག་བྲོད་པ་བསྐྱེད་པའོ། \ུ0f7fམདོར་ན་དེ་དག་ཐམས་ཅད་ཀྱང་\ུ0f7fཐུགས་མཆོག་དགོངས་རྒྱུད་གཅིག་གིས་གསུངསམདོ་དང་རྒྱུད་དང་ཆོ་ག་དང་\ུ0f7fལེའུ་དུམ་བུར་རབ་པ་དང་རྟོག་པ་ལ་སོགས་ཇི་སྙེད་པཿབུགས་རྗེ་རྒྱུན ་གྱི་སྤྱང་ཐག་གོ། འཕགས་པའི་ཐུགས་རྗེ་གསུམ་ཉིད་ཀྱིས་\ུ0f7fབཟུང་བར་བྱ་བའི་གནས་ཉིད་དང་\ུ0f7fལོག་པར་ཞུགས་དང་ངེས་པར་འཛིན་མཉམ་པ་ཉིད་དུ་ཤེས་པའོཿཐོག་མཐའ་མེད་པའི་དུས་ཀྱི་དབྱིངས། འཕེལ་འགྲིབ་མེད ་པར་གནས་པ་ནིཆོས་རྣམས་ཀུན་གྱི་དངོས་གཞི་སྟེ། བདེ་གཤེགས་ཐུགས་ཀྱི་སྙིང་པོའོཿདེ་ལས་སེམས་དང་སེམས་བྱུང་གིསཿསྣ་ཚོགས་ཡུལ་གྱི་དངོས་པོར་བཟུང་དེས་བསྐྱེད་རྒྱུ་གསུམ་ངོ་ཉིད། གནས་ལུགས་ཡེད ་ཇི་བཞིན་པའིཿམཚུངས་པར་བསྟན་པས་མ་རིག་པརྩཀུན་གྲོལ་ཀུན་ཏུ་བཏགས་པ་ཡིན། དེ་བསྐྱེད་ལོག་པར་ཞུགས་པ་ཡང་ཐེ་ཚོམ་བསྐྱེད་དང་སླར་བཟུང་ཞིང་\ུ0f7fདེ་ལ་ཆང་དང་རྟག་བརྟགས་ལཿའཇིག་ཚོགས་མཐར་འཛིན ་ཉིད་དུ་འགྱུར། ལོག་ཞུགས་ཇི་ལྟར་བརྟགས་དོན་ལ་རྒྱ་ཚིགས་སྡང་ང་རྒྱལ་སྐྱེས་པ་ནིབཏང་མི་འབྲལ་ཞིང་རློམ་སེམས་པསལོག་པ་ལས་ཀྱང་ལོག་པར་ཞུགསཿགཞན་ཡང་ཁོང་ཁྲོ་སྐྱེ་བ་དང་ལྷ་དང་ཚུལ་ཁྲིམས ་བརྟུལ་ཞུགས་ལཿམཆོག་ཏུ་འཛིན་པ་ལོག་ལྟ་རྣམས། ལོག་པ་ལས་ཀྱང་དེ་བཞིན་ཞུགས། དེ་དག་ཀུན་ཚོགས་འདུས་པ་ལས། ཤིང་རྟ་ཆེན་པོའི་འཕང་ལོ་བཞིན་ནོ་རིགས་དྲུག་གནས་སུ་འཁོར་གྱུར་ཏེ། རང་རང་སྡུག་བསྔལ ་ཉམས་སུ་མྱོང་འགྲོ་ལ་དམིགས་པའི་ཐུགས་རྗེས་ཡོས། སྦྱང་ཐག་གིས་ནི་དེ་མི་གཏིང་། ངེས་པར་འཛིན་པ་ཐུགས་རྗེའི་གནས། རྣམ་པ་སྣ་ཚོགས་འབྱུང་ད་ནི། ཆོས་ཉིད་དངོས་པོའི་གནས་ལུགས་སོ། གཟུགས་དང་སེམས་དང ་སེམས་ལོས་བྱུང་། འདུས་བྱས་ཁམས་དང་འདུས་མ་བྱས་བརྟག་ཅིང་ཤེས་པའི་བཞིར་བཞག་སྟེ། ངད་དང་དྲན་དང་ཏིང་འཛིན་ནོ། བརྩོན་འགྲུས་དང་ནི་ཤེས་རབ་རྣམས། རྗེས་སུ་དྲན་ཕྱིར་གང་བཅས། ཤེས་རབ་རྒྱུ་ཡིས ་རབ་བསྐུལ་ཏེ། རང་རང་བོས་ངེས་པར་བཟུང་། འོད་ཡང་ཁ་ཙོག་མེད་ཅེས་ན་བ་སྙེད་འཛིན་པས་བསྐུར་བ་འདེབས་མ་ལ་ངེས་པར་ཡོད་དེའོསཿཡང་དག་དོན་ལ་སྤྲོ་འདོགས། དེ་སོང་ཁ་ཅིག་འདུས་མ་བྱསཿབརྟག་པ་བ ་དབུའི་དངོས་པོར་སྨྲ། ཁ་ཅིག་འདུས་མ་བྱས་པའི་དོན། མི་རྟག་དུ་མའི་དངས་པར་བརྟག། ལཱ་ལས་གཉིས་ཀ་བརྗོད་མེད་ཤེས། ལ་ལས་ཐམས་ཅད་དངོས་མེད་པར། བདེན་པར་གྲུབ་པའི་དོན་དུ་བརྟགས ་དེས་ན་ངེས་འཛིན་བསམ་མཐའ་ཡསམདོར་ན་དོན་རྣམས་ཇི་སྙེད་ཀུན་ཡོད་དང་མེད་དང་ཐ་དད་དང་གཅིག་པ་ཉིད་དེ་བརྟག་བཟུང་བསཿམཐའ་ཚར་ལྷུང་ཞེས་ལུང་འདིར་བཤདམཐར་འཛིན་ངེས་པའི་བློ་ཅན་རྣམས་མ ་དམིགས་པའི་སྙིང་རྗེ་འཛིན་དམིགས་མེད་ཐུགས་རྗེའི་སྤྱང་ཐག་ཡུལཿམཉམ་པ་ཉིད་དུ་ཤེས་པ་ནི། \ུ0f7fཕུང་པོ་ཁམས་དང་སྐྱེ་མཆེད་དང་གནས་ལུགས་ངོ་བོ་ཉིད་དག་པའིཿམདོར་བསྡུས་བདེན་གཉིས་མ་ལུས་རྣམས་རྟགས ་སྣང་བློ་བཞག་གྲུབ་པའི་མཐའ་རྔུ་བཞིར་བཞག་རང་བྱུང་ཡེ་ཤེས་ཀྱིསརིག་པའི་བློ་ཡིས་འབ་ཆུབ་པའིདེ་རྒྱུ་དངོས་དང་དངོས་མེད་མཐའིཿམཐར་ཐུག་སྤྱོད་པ་མཁས་པ་ཡིནདེ་ཕྱིར་མཉམ་ཉིད་རྟོགས་ཞེས་པ། ཡོད་མེད ་རྟགས་ཆད་མུ་བཞི་ལསྐྱོན་བཞི་རྟགས་བཞི་སྒྲ་འཐུན་པས། མཐའ་ཞེས་སོ་སོར་བཞག་པ་སྟེ། དོན་ལ་ཁྱད་འཕགས་མཉམ་པ་གྲོལཿདེ་ཡང་ཚིག་ཡིན་དེར་འཛིན་གྲོལ། དེས་ན་ཐམས་ཅད་མཉམ་ཉིད་དེ། འུབ་ཆུད་ཀུན་འདུས ་མཉམ་པའི་དབྱིངསདབྱེར་མེད་ལྷུན་གྲུབ་ཆེན་པོ་ལ། ངག་དང་མ་དག་གཉིས་མེང་དེ་ཐམས་ཅད་བྲལ་པོའོ་ངང་ཉིད་པས། ཆོས་རྣམས་ཐམས་ཅད་སངས་རྒྱས་ཡིནདེ་ལྟར་རྒྱུ་བྲལ་མཉམ་ཉིད་ཅིང་ཐམས་ཅད་ཡི་གཅིག་ཆེན ་ཐོལ། དམིགས་མེད་ཐུགས་རྗེ་ཆེན་པར། མི་གཡེལ་དུབྱངས་ཕྲག་རྒྱ་དུ་འཇམ། འདིནི་འགྱུར་རང་མ་ཆད་པ། ས་བཅས་ལྷུན་གྱིས་གྲུབ་པའོ། མང་རྒྱུད་རྟོགས་པ་བསྡུས་པའི་སྒྲོན་མ་ལས། ལུང་ཐམས་ཅད་ཀྱི་རྒྱལ་དྷ། ་ཐེག་ཆེན་དབྱངས་ཐག་གནས་ཀྱི་ལུང་བསྟན་པའི་ལེའུ་སྟེ་དང་པོའིདེ་ནས་ཀུར་གྱི་དེ་ཉིད་དོ། ལུང་ཆེན་བསྡུས་པ་རབ་བཤད་ཀྱི། ཕྱོགས་བཅུ་དུས་གསུམ་འཇིག་རྟེན་ན། སྐྱེ་འཇིག་མེད ་བར་རབ་བརྟོན་པའི། བདེ་བར་གཤེགས་པ་ཀུན་རྣམས་ཀྱིས་གསུང་གི་ཕྲིན་ལས་ཐ་དད་ཀྱང་དེའི་སྐུའི་ཆེ་བ་ལསཿམཛད་པ་ལྔའི་ཆོ་འཕྲུལ་བྱུང་\ུ0f7fདེ་ཉིད་བསམ་ཡས་བརྗོད་མེད། མདོར་བསྟན་བརྒྱད་ཅེས་བྱ་བར་སྨོས།། རྒྱུད་ནི ་འབྲེལ་པའི་དོན་ཡིན་ཏེ། དེ་འདིར་མཚུངས་པས་རྒྱུད་ཀྱི་མཆོག། ལྷ་ཞེས་བྱ་བ་བྱང་ཆུབ་སེམས། དོན་བརྒྱུད་དུ་རབ་ཏུ་བརྗོད། ཐ་སྙད་ཙམ་དུ་ཕྱེ་བོ་ནིཿགཞི་ལམ་འབྲས་བུ་གསུམ་དུ་བརྗོདཿགཞི་ནི་གནས་པའི་དོན་དེ་ཉིད ་ལས་ནི་རྣལ་འབྱོར་བསྒྲུབ་པ་པོ། འབྲས་བུ་མབར་ཐུག་པ་ཡི་ལས། རྒྱུད་ནི་རྣམ་པོཔ་གསུམ་ཞེས་བརྗོདཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། ཡེ་ནས་མ་བཅོས་ལྷ་བདག་ཉིད་གཟུགས་ནི་རྣམ་པར་སྣང་མཛད་དེ། ཚོར་བ་མྱོང་བ ་རིན་ཆེན་འབྱུང་། འདུ་ཤེས་སྣང་བ་མཐའ་ཡས་ལ། འདུ་བྱེད་དོན་མོ་ཀུན་ཏུ་འགྲུབ། རྣམ་ཤེས་མི་བསྐྱོད་རྡོ་རྗེ་སེམས། ཡེ་ནས་མ་བཅས་ཇི་བཞིན་གནསཿས་དང་ཤ་ནི་སྤྱན་མ་སྟེ། ཆུ་ཁྲག་མ་མ་ཀཻ་རུ་འགྲུབ། མེ་དྲོང་གོས་ངག ་མོ་ཞེས་པཿརླུང་དབུགས་ལྷ་མོ་སྒྲོལ་མའོ། མིག་གི་སྐྱེ་མཆེད་ས་ཡི་སྙིང་\ུ0f7fརྣ་བ་ཕྱག་ན་རྡོ་རྗེ་སྟེ། \ུ0f7fསྣ་ནི་ནམ་མཁའི་སྙིང་པོའོཿལྕེ་ནི་སྤྱན་རས་གཟིགས་དབང་ཉིདཿལུས་ནི་སྒྲིབ་པ་ཀུན་སེལ་ཉིདཿ ་ཡིད་ཀྱི་སྐྱེ་མཆེད་འཇམ་དཔལ་ཡིནཿགཟུགས་ནི་གཟུགས་ཀྱི་རྡོ་རྗེ་མཿསྒྲ་ཡང་དེ་བཞིན་སྒྲ་རྡོ་རྗེཿདྲི་དང་རོ་ནི་རྡོ་རྗེ་སྟེ། རེག་ཆོས་ཉིད་ཀྱང་རྡོ་རྗེ་མཿལུས་རྣམས་དག་པས་ལྷ་མོའི་ཚོགསཿངོ་བོ་ཉིད་ཀྱི་ལྷུན་གྱིས་གྲུབཿདེ ་ག་སོ་སོར་རབ་ཕྱེ་བའིཿརིགས་དང་ཡེ་ཤེས་ལྟས་པའི་\ུ0f7fལྔ་ལྔ་རུ་ནི་འགྱུར་བ་སྟེ། \ུ0f7fརྣམ་པར་ཤེས་པའི་རང་བཞིན་ནོ། ཀུན་ལ་ཁྱད་པར་ཆེ་བ་ལསཿམདོར་ན་དམ་པ་རིགས་བརྒྱ་སྟེཿབྱེ་བའི་རིགས་ལཾ་གྲངས་མེད་འགྱུ་རེ་རིགས ་ཀྱི་དབྱེ་བ་ཇི་སྙེད་པའིཿདེ་བཞིན་གཤེགས་པས་ཁམས་ཏེ། རྡོ་རྗེ་རིགས་མཆོག་རྣམ་པར་ཤེསཿརིན་ཆེན་རིགས་ནི་མེའི་ཁམོསཿཔདྨའི་རིགས་ལས་ཆུ་ཞེས་བྱཿལས་ཀྱི་རིགས་ཚོགས་རླུང་ཡིན་པསཿཁམས་ལྔའི་རང ་བཞིན་རིགས་ལ་ནིཿདེ་ཉིད་ཁོ་ན་རིགས་ལྔའོ།། རིགས་ཀྱི་དབྱེ་བ་ལྔ་ཉིད་ཀྱང་\ུ0f7fས་དང་ཆུ་ནི་ལུས་ཀྱི་སྐུཿདེ་བཞིན་མེད་རླུང་གསུང་དུ་བརྗོད་རྣམ་པར་ཤེས་པ་ཐུགས་རང་བཞིནཿསྐུ་དང་གསུང་ཐུགས་དབྱེར་མེད་པའིཿགསང་བ་ཆེན ་པོའི་རིགས་གཅིག་ཉིད་གཅིག་དང་མང་པོའི་རྣམ་དབྱེ་ཀུན་ཕུང་པོ་ཁམས་དང་སྐྱེ་མཆེད་དང་ཡིད་དང་ཆོས་དང་དུས་བཞི་དང་ཐར་ཆ་བཞི་དང་འགྲོ་བ་དྲུག། རང་བཞིན་རྣམ་པར་དག་གནས་ལས་རྡོ་བདེ་གཤེགས་རྒྱལ་བ་བཞི ་བཅུ་སྟེ། ཞི་བ་དབྱིངས་ཀྱི་དཀྱིལ་འཁོར་དུ་\ུ0f7fབཅོས་མེད་ངོ་བོ་ཉིད་ཀྱི་འགྲུབ། རང་བཞིན་གདོད་ནས་ཞི་བ་ཡིསདཔལ་ཆེན་པོ་ལ་ཕྱག་རྒྱར་བརྗོད་རོལ་པའི་ཆོ་འཕྲུལ་འགག་མེད་པསཐོགས་མེད་དུས་ནས་ངང་གིས་ཁྲོཿཇི ་ལྟར་སྣང་སྲིད་མ་ལུས་ཀྱང་རྒྱལ་བའི་དཀྱིལ་འཁོར་རོལ་པ་ལསཿགཞན་དུ་གནས་པ་མ་ཡིན་ཏེ། ལྷའི་མཆོག་ལས་ལྷའི་དང་། དུག་སྲུང་སྣང་བ་གཙོ་བོའི་སྐུཿའདོད་ཆགས་རྟ་མཆོག་རྒྱལ་པོ་སྟེཿརྡོ་རྗེ་ཞེ་སྡང་ཧེ་རུ་ཀཿང་རྒྱལ ་ཡ་མ་གཤེད་རྒྱལ་པོ། ཕྲག་དོག་རྡོ་རྗེ་གཞོན་ནུའི་སྐུཿགཏི་མུག་ཆེ་མཆོག་ཧེ་རུ་ཀ། སེར་སྣ་བྱང་སེམས་མངོན་རྫོགས་རྒྱལ་\ུ0f7fགདུང་བའི་སེམས་ནི་རྡོ་རྗེ་ཆོས་ཁོང་ཁྲོ་དྲེགས་པ་ཀུན་འདུལ་ཡིན། སྣང་དང་འཚིག་པ་སྟོབས་ལྡན་ནག། ་ཉོན་མོངས་ཅ་བ་རེ་རེ་ཡང་\ུ0f7fསོ་སོའི་བྱེ་བྲག་ལྔ་ལྟ་སྟེདེ་དག་རིགས་བཞི་སོ་སོའི་འཁོར་གྱི་ཉོན་མོངས་ཉེ་བའི་ཉོན་མོངས་དག། སྣ་ཚོགས་པའི་འཁོར་ཡིན་ཏེ། མདོར་ན་འདི་ལྟར་སྣང་། བ་ཡིསསྲིད་གསུམ་འཇིག་རྟེན་མ་ལུས་པ། ་སྣོད་དུ་སྣང་བ་གཞལ་ཡས་ཁང་\ུ0f7fབཙུད་ནི་ལྷའི་ཚིགས་ཡིན་ཏེཿདག་པ་ལོ་ཀ་དག་པའི་ཀློང་རྣམ་དག་ཆེན་པོརརྭ་ལྷུན་གྱིས་གྲུབ་འབྱུང་བ་ལྔའི་ཡུམ་ལྔའི་ཀློང་གནས་ཤིང་བརྟེན་པའི་ལས་རྣམས་ཀུན?ཿགཞལ་མེད་ཁང་དང་དལ ་ཡིན་རྫོ་པ~ཾ་དང་མ་ནི་ཡབ་དང་ཡུམ། བུ་དང་བུ་མོ་སྲས་པོའོ། ཕྱི་ནང་བརྩེ་བའི་འཁོར་རྣམས་ནི་\ུ0f7fད་ལ་ཅན་གྱི་ལྷ་ཉིད་འཁོར་རྩེ་བྲན་དང་མངགསེ་གཞུགས་དམངས་ཀྱི་ཚོགསཿབཀའ་ཉན་ལས་བྱིང་ཕོ་ཉེའི་ཚོགས། \ུ0f7fབརྒྱན་བཅས་མཚན ་དང་དཔེ་བད་སྟེ། ཚིག་བརྗོད་སྙིང་པོ་གསུམ་གྱི་སྒྲཿལོངས་སྤྱོད་མཆོད་པ་ཁོ་ན་སྟེ། ཡོན་ཏན་ཚིག་ཐོས་བསྟོད་པའོ།། འཕྲོ་ཞིང་འཇུག་པ་བྱ་བྱེད་ལས། \ུ0f7fམཛད་པའི་ཕྲིན་ལས་འདི་ཉིད་ཡིན། ཆགས་པར་བྱེད་པ་ཆགས ་པའི་ཚུལ་\ུ0f7fའཇིགས་པ་འཇིགས་པོ་སྲིད་མཐར་བྱེདཿསྟོང་པར་ཤེས་པ་སྟོང་པ་ཉིདཿསྔ་ར་བཞིན་གནས་བཤད་གནས་པའོ།། འདི་ལྟར་སེམས་ཉིད་སྣ་ཚོགས་སུ་ཙོ་སྣོང་ཞིང་སྲིད་པའི་དངོས་པོ་ཀུན། རང་བཞིན་རྣམ་དག་ལྷའི་དབྱིངས་\ུ0f7fལྷའི ་རོལ་པ་ལྷའི་སྐུ་དེ་བཞིན་དངོས་རྣམས་མ་ལུས་པ། ཡེ་ནས་ལྷའི་རང་བཞིན་པས་རྗེ་ལྷའི་གཞི་ཞེས་རབ་ཏུ་བརྗོདདེ་ནི་རྒྱུད་དུ་ཤེས་བྱ་སྟེ། \ུ0f7fདུས་རྣམས་ཀུན་ཏུ་འབྲེལ་པའོ། བདེ་གཤེགས་ལྷའི་དངོས་པོ་ཡིསལམ་ཞུགས་རྣམས ་ལ་སྒྱུ་མར་སྤྲུལ་ཆོ་འཕྲུལ་བསྐྱོད་པའི་སྐུར་སྣང་ཡང་\ུ0f7fརྣལ་འབྱོར་བསྒོམ་པའི་རྒྱུད་ཅེས་བྱཿསྐྱེས་བུ་ཆགས་པས་རབ་གདུངས་པཿཞི་བའི་གོ་ནས་སྦྱོར་བྱེད་པསཿབསོད་ནམས་ཚོགས་ནི་རབ་བསགས་པས། \ུ0f7fམི་རྟོགས་མི་དམོས ་དེ། བཞིན་ཉིད་ལྷན་ནེར་གནས་པ་ཐུགས་རྗེར་ཤརཿསྒྱུ་མོའི་ཏིང་འཛིན་ཡི་གེའི་མཆོག། ཐམས་ཅད་བསྐྱེད་བྱེད་རང་བཞིན་ནོཿའབྱུང་བ་ཡུམ་ལྔའི་རང་བཞིན་ནོཿའབྱུང་བ་ཡུམ་ལྔའི་དཀྱིལ་འཁོར་དུཿཡེ་ཤེས་གཞལ ་ཡས་ལྷུན་གྱིས་རྫོགས་གདན་སྟེངས་སོ་བོན་ལས་བསྐྱེད་པའི། རིགས་གཅིག་རིགས་བརྒྱ་རིགས་ལྔ་ཡིས་སྒོ་དང་བསྡུས་པ་བཞི་བཅུ་གཉིསཿགཉེན་ལྷུ་ག་འཁྲིལ་ལྡེམ་གནོན་ཚུལ་ཅན། གསལ་འཚེར་ལྷུན་སྡུག་ག ་བརྗིད་འབརཿམཚན་དང་དཔེ་བྱད་མ་འགགས་ཆོསཿརང་རིག་བྱང་ཆུབ་སེམས་ལས་བྱུང་\ུ0f7fདབྱིངས་ནས་སྤྱན་འདྲེན་དབྱེར་མེད་བསྟིམཿགཉིས་མེད་གུས་པས་ཕྱག་འཚལ་ཏེ། མཆོད་བསྟོད་དགྱེས་མཛད་ཕྲིན་ལས་བཅོལ ་གསང་སྔགས་བསྙེན་པའི་བཟློས་བརྗོད་ཀྱིསཿཉེ་བར་བྱས་ཏེ་སཽ་ཏི་བླངསཿབཟོད་པར་བྱས་ལ་སྨོན་ལམ་བྱཱཿམཽ་དམིགས་མི་རྟོགས་ཆགས་བྲལ་བས། ཆོས་ཉིད་དབྱིངས་ནི་དགེ་རྩར་བསྔོཿའདི་ནི་ཞི་བཞི་མཛད་ལྷཿམཛད་པའི་ཆོ ་འཕྲུལ་བསམ་བརྗོད་པཿའདོད་པ་ཅན་རྣམས་འདུལ་བའི་ཕྱིརཿསངས་རྒྱས་རོལ་མོར་ག་རོ་མཛད་དོ། ཤིན་ཏུ་གདུག་པའི་ཞེ་སྡང་ཅནཿསྡུག་པའི་སྒོ་ནི་ཁྲོ་བོ་སྟེ། \ུ0f7fའཚམས་བཅད་བགེགས་སྐད་གདུག་པ་འདུལ་\ུ0f7fསྔོན་དུ་འགྲོ་བའི་བྱ་བ ་བདུན་རྫོགས་ནས་ཏིང་འཛིན་གསུམ་སྒོམ་ཞིང་\ུ0f7fའབྱུང་བ་ལྔ་དང་རི་ར་བ་བསྐྱེད། \ུ0f7fརིན་ཆེན་དུར་ཁྲོད་རབ་འབྱོར་བའིཿགཞལ་ཡས་མཛེས་ཤིང་འཇིགས་པར་བསྒོམས། དེ་དབུས་གདན་སྟེངས་རྒྱུ་མཆོག་ལས་\ུ0f7fབསྐྱེད་པའི་གྲེ་ཙོ་བོ་རྗེས ་དང་བཅསཿསོ་སོའི་འཁོར་དང་རབ་ལྡན་པས། སྒེག་དང་འཇིགས་དང་དཔའ་བ་དང་། བཞེད་དིདེང་གེ་ཤཾ་རྔམ་ཁྲོ་བ་དང་སྙིང་རྗེ་ཞི་བའི་ཚུལ་འཆང་བས། གར་དགུའི་ཉམས་དང་ལྡན་པ་ཡིས་དེ་འདྲའི་འཇིགས་བྱེད་ཆེན་པོའི་དགུཿབསྐྱེད ་དང་སྤྱན་དྲངས་གཉིས་སུ་མེདཿབསྟིམ་བཞུགས་ཕྱག་འཚལ་མཆོད་པས་མཆོདཿབསྟོད་དང་སྔགས་བཟླས་རྗེས་བྱའི་རིམཿདུས་དྲུག་དུས་བཞི་དུས་མེད་དུ་རབ་ཏུ་འབད་པསོ་གང་བསྙེན་ཞིང་བསྒྲུབ་པ་རྣམས་ནི་ལམ་གྱི་ཉམས ་རྣལ་འབྱོར་རྟོགས་པའི་བསྒོམ་པ་སྟེ། ཁྲོ་བོ་ཆེན་པོ་སྟོབས་མཆོག་གི། ལམ་དད་ལམ་གྱི་བརྒྱུད་དུ་གསུངས། ཞི་དང་ཁྲོ་བོའི་སྐུར་གསལ་བསཿཆགས་དང་ཞེ་སྡང་རབ་གསལ་ཏེ། གཞན་གྱི་དོན་དུ་སྐུར ་སྣང་བ། ཐོག་མེད་འབྲས་བུ་དེའི་མཆོགདེ་ནི་འབྲེལ་པས་བརྒྱུད་ཅེས་བྱ་གཞི་ལམ་འབྲས་བུ་དབྱེར་མེད་པསཿགཞི་དང་འདྲ་བའི་ལམ་བསྒོམས་པསཿདེའི་འབྲས་བུ་རབ་ཏུ་སྙོམས་རྗེཐུགས་རྗེས་མཛད་པ་སྐུ་རྣམས་དང་། འགྲོ ་བའི་དོན་ལ་རབ་ཏུ་བརྩོནཿཞི་བ་ལ་ནི་ཞི་བ་སྟེ། ཁྲོ་བོ་ཅན་ལ་ཁྲོ་བོའི་སྐུའདོད་ཆགས་ཅན་ལ་ཚོགས་པའི་ཚུལཿཞེ་སྡང་ཅན་ལ་དེའི་ཚུལཿམ་རིག་པ་ལ་གཏི་མུག་ཚུལ། སེར་སྣ་ལ་ནི་འཇུངས་པས་སོ། \ུ0f7fཕྲག་དོག་ཕྲག་དོག ་དངག་གི་འདུལ་\ུ0f7fཞི་ལ་ཞི་བ་རྒྱས་པའང་དེདབང་ཆེན་ལ་ནི་དབང་བསྡུད་ཚུལདྲག་ཤུལ་ཅན་ལ་དེ་ཉིད་ཀྱིསཿཚར་གཅོད་གཟུགས་སུ་སྟོན་པར་མཛདརིགས་དྲུག་འགྲོ་བ་དྲུག་གི་གཙོཿཐུབ་བྱེད་དྲུག་གི་སྐུ་རང་བཞིནཿསྐྱེས ་པ་ལ་ནི་སྐྱེས་པའི་གཟུགས་བུད་མེད་ལ་ནི་བུ་མེད་དེ་\ུ0f7fམཁན་པོ་སློབ་དཔོན་རྒྱལ་པོ་དང་\ུ0f7fབྲམ་ཟེ་རྗེ་རིགས་དམངས་དང་བྲནཿཚོང་དཔོན་དམག་གི་མེ་ཙེ་བ་བྷཱཐ་ན་དུད་འགྲོ་ཡན་ཆད་གཟུགསགང་གིས་འདུལ་བ་དེར་སྟོན་ཏེ ་མཐུན་པས་མཐུན་པས་འདུལ་བར་བྱེད། འདོད་པ་སྤངས་ལ་དཀའ་ཐུབ་དང་བདེ་བ་འདོད་ཡོན་ལོངས་སྤྱོད་ཀྱིས་སོག་འཛེག་ཅན་ལ་སྦྱིན་པར་འདོད་ཚུལ་ཁྲིམས་བསྲུང་དང་མ་ཉམས་དང་བསམ་གཏན་བསྒོམ་དང་གཡེང་ལ་སོགས ་དང་གིས་འདུལ་དང་དེ་ལྟར་སྟོན། ཇི་ལྟར་འཚམས་པ་དོན་སྦྱར་ནུསསྐྱེས་བུ་མཐུན་པས་འདུལ་འགྱུར་བས། འདི་ནི་མཛད་པའི་བྱ་བས་ཏེ། འབྲས་བུའི་རྒྱུད་དུ་རབ་ཏུ་འདོདམདོར་ན་བརྒྱུད་ཅེས་བྱ་བའི་དོན་དངོས་པོའི་གནས་ལུགས ་བཱཞི་ཡིན་ཏེགཞི་ལས་གཞན་པའི་འབྲས་བུ་མེདའབྲས་བུའི་ཚུལ་ལོས་འདས་པ་ཡིསཿལམ་གྱི་བསྒོམ་པ་ག་ལ་མཆིསཿདེ་བས་རྒྱུ་དང་འབྲས་བུ་དང་\ུ0f7fལམ་ཞེས་གྲགས་པ་བཏགས་པ་ཙ་མོཿའདི་ལྟར་སྣང་བ་འདི་ཁོ་ནཿལྷ་ཉིད ་ཡིན་ཏེ་དེ་ལས་གཞན་ཆོས་དབྱིངས་སྤྲོས་པ་མེད་པ་ཡིས། དེ་ནི་དོན་དམ་ཀུན་རྫོབ་ཞེས་དུ་ལུང་ཆེན་ཀུན་ལས་གསུངས་པ་ཡིན། འདི་ནི་ལུང་ཆེན་མདོར་བསྡུས་པཿསངས་རྒྱས་འབྱིན་ལས་བསྟན་པ་ཡིན། རྨད་དུ་བྱུང་བའོ་ཆོ་འཕྲུལ་ཀུན ་རབ་ཏུ་བསྡུས་མིན་རྒྱས་མིན་པརརྡོ་རྗེ་སེམས་དཔས་བསྟན་པ་སྟེ། འདིར་བསྟན་པ་ལ་ཐེ་ཚོམ་མེདདེ་བས་མ་འོངས་སྐྱེ་བོ་ཀུན་ཡིད་གཉིས་སྤངས་པས་འདུད་པར་བྱ། \ུ0f7fའདི་ནི་སྒྱུ་མ་རྨི་ལམ་འདྲཿདེ་བཞིན་གཟུགས་བརྙན་སྤྲུལ་པ་དང་། ་སྨིག་རྒྱུ་དྲི་ཟའི་གྲོང་དང་མཚུངསཿསངས་རྒྱས་མཛད་པ་བསམ་ཡས་པམ་མཛད་པ་ལ་མཛད་པ་ཆེཿཐམས་ཅད་རང་རང་ལྟ་བུར་ངེསཿེ་མ་ཆོས་ཉིད་སྤྲོས་དང་བྲེལཿེ་མ་ཧོ་རང་གཞན་མ་འགགས་སྣང་\ུ0f7fེ་མ་རོལ་པ་བླ་ནེ་མེད ་ཨེ་མ་སྒྱུ་མ་ཕྱག་རྒྱ་ཆེ.ེ་མ་ཐུགས་རྗེ་མ་ལུས་འཛིན། སྤྲུལ་པའི་སྐུ་སྟེ་ལྷ་ཡི་མཆོག། ལྷ་རྣམས་ཉིད་ལ་གཉིས་མེད་འདུསམདོ་རྒྱུད་རྟོགས་པ་བསྡུས་པའི་སྒྲོན་མ་ལསལུང་ཐམས་ཅད་ཀྱི་རྒྱལ་པོ། མཛད་པ་ཆོ་འཕྲུལ་ལྷ ་ལུང་བསྟན་པས་ཏེ་གཉིས་པའོ། རྫོགས། མཐར་ཐུག་སེ་ནས་དོན་ཆོས་སྨན་རྫས་ཏེ་རྣམ་དག་དགོངས་པ་དེ་དོན་རྫོགསཿལྷ་དང་དེ་ལ་མཆོད་རྫས་སྔགསཿསྐུ་དང་ཆོས་ཉིད་སྙིང ་པོ་དང་སྒྲ་དང་སི་ཏི་ཤེས་པ་ཡིས། ཨུ་ལུས་ཐུགས་ཀྱི་དགོངས་པར་འདུསདུས་གསུམ་ཤེས་པ་གཅིག་པུ་ཉིད་བདེ་ཆེནི་འབྲས་བུ་ཀུན་འདུས་པ་ཡོངས་རྫོགས་སྐུ་གསུམ་མཐོང་བ་ཡིས། སྲིད་གནས་གཅོད་དང་སྤྲུལ་པ་དང ་འཁོར་ལོ་བཞིའི་དོན་སྤྱོད་པས། སྐུའི་དགོངས་པ་མཐར་ཐུག་ཅིངཿའཁོར་བའི་སྡུག་བསྔལ་གཤིན་གྱི་རྗེ་\ུ0f7fམ་ལུས་འཇོམས་པར་བྱེད་པའི་གཤེད་མཉམ་ཉིད་བརྟན་པར་རབ་བསྒྲུབ་པའིམཚོན་པའི་དཔེ་དང་གདུལ་བྱའི་ཐབསལྟ ་སྤྱོད་དགོངས་པའི་དོན་དོག་གིསགསུང་གི་དབང་ཕྱུག་པྲིན་ལས་དོན་མ་ལུས་མཉེས་པར་བྱེད་པའི་ཡུལ་ཏེགཅིག་དང་དུ་མོའི་མཐར་ཐུག་པའོ། !ཐེག་པ་རིམ་པར་བསྐྱོད་པ་དང་\ུ0f7fས་དང་ལམ་ལ་སྦྱར་བ་དང་ཨཽགསང་སྔགས ་ལོ་ཤན་འབྱེད་པ་ཡི། རེག་པ་ཉིད་ཀྱི་དགོངས་པར་ཐུགཕྲིན་ལས་རྒྱུ་བཞི་རབ་བརྟེན་ཅིང་ཐོབས་དང་དེ་ལས་འབྱུང་བ་ཡིན། རྣམ་བཞི་ཟབ་མོའི་དོན་བྱེད་ཅིང་\ུ0f7fམཐར་ཕྱིན་དགོངས་པས་དེ་ལྟར་བཤོདཿལུས་གནས་ཉིད་དང་དེ ་ལ་གཡོསརྣལ་འབྱོར་གྲལ་དང་ལོ་ཀ་སྣང་\ུ0f7fདྲག་ཤུལ་སྔགས་དང་གྲིབ་པའི་གཏེརཿཔི་ནང་གསང་བ་ཉེར་སྤྱོད་ཅིང་ཡོངས་རྫོགས་སྐུ་ལ་སྦྱོར་བ་ཡིསཿགསང་ཆེན་དེའི་མཐར་ཐུག་དོནཿབསྒྲུབ་མཆོག་བསྟོད་བསྐུལ་རྦད་པ་ཡིས ་ཉེར་སྟོན་སོ་སོའི་ལས་གྲུབ་ཅིང་\ུ0f7fསྣང་བ་གསུམ་པས་ཀུན་སྦྱོར་བཿབཟུང་ཡུལ་མ་གྲུབ་ཚུལ་ཤེས་ཤིང་རང་གི་ངང་གིས་འཕྲིན་ལས་གྲུབཿབདེ་སྤྱོད་མཆོད་པསྟོད་མཐར་ཐུག་པའིཿསྔགས་དང་དམ་ཚིག་ཏིང་ངེ་འཛིནཿསྲོག ་འཕྲོག་གནས་པ་གནད་ལ་དབབ། རང་གི་མཚན་མ་མངོན་སྤྱོད་ཀྱིསཕྲིན་ལས་ཐ་དང་ཉེ་བར་བསྒྲུབསསྟོང་སྲོག་གཅིག་གིས་བསད་པ་ཡིསཁ་མོས་གསུམ་འདུལ་བར་རབ་ཏུ་གཤིས་བ་པའི་བྱེ་བྲག་སྣ་ཚོགས་ཀྱིས་ཧཱུཾ་ངང་ཉིད ་ཆེན་པོར་ཡོངས་སྤྱད་ནསཿཐིག་ལེ་སྦྱོར་བ་བདེ་བར་རོལ་འདི་ནི་རྫོགས་པའི་རྣལ་འབྱོར་ཏེ། ཟེའི་དོན་མཆོག་ཏུ་མངོན་སངས་རྒྱས་གསང་བ་དཔག་དཀའ་རྒྱུད་ཀྱི་དོན་\ུ0f7fམ་ལུས་བསྡུས་ལ་བསྒྲུབ་ལུགོས་དྲུག། བསྙེན་པའི་ཉེ་གནས ་བསྒྲུབ་པ་དང་ཉེ་བར་བསྒྲུབ་དང་སྒྲུབ་ཆེན་པོཿཁྱད་པར་ལས་ལ་སྦྱར་བ་རྣམསཿཐེ་ག་ཆེན་ལུང་དུ་གསལ་བར་གསུངས་གསང་སྔགས་སྙིང་པོ་ཡིད་འོང་སྒྲཿབརྒྱ་སྟོང་ལ་སོགས་གྲངས་བཅད་ནས། རྒྱུན་ཏུ་བཟླས་ཤིང་བརྗོད་པ་ནི། ་རྣལ་འབྱོར་གསང་བའི་སྙིང་པོའོཿདབེན་པའོ་གནས་སུ་དག་གཞན་སྤངས། དེ་ཉིད་འབད་པས་ཉེར་བསྟན་ཏེ། ཐུན་མ་ཚེམས་བཞིའི་རྣལ་འབྱོར་གྱིས་\ུ0f7fལེ་ལོ་མེད་པར་རྟག་སྦྱིན་པཿསྒྲུབ་པ་ཡིན་ཏེ་དེ་དག་ཉིད་གྲངས་དང་དུས་དང ་མཚན་མོ་དང་\ུ0f7fརིམ་པ་བཞིན་དུ་རབ་སྦྱར་ནས། རྡུལ་ཆེན་དཀྱིལ་འཁོར་ཆེར་བཞུག་ཅིང་\ུ0f7fསྔོན་འགྲོ་བསྲུང་དང་འཚམས་བསད་དང་ཕྱི་ནང་གསང་བའི་རྟགས་རྣམས་ཀུན་\ུ0f7fམཐོང་ཞིང་བརྟན་པར་བསྒྲུབ་བྱེད་པ། ཉེ་བའོ་བསྒྲུབ་པ ་ཞེས་བྱའོ། རྟགས་ཐོབ་བསྒྲུབ་པ་ཆེན་པོ་ནིཿའཇིག་རྟེན་འཇིག་རྟེན་འདས་པ་ཡིསཿཐ་མལ་པ་དང་མཆོག་ཏུ་འགྱུརཿལོ་ཀ་ཐ་མལ་སི་ཏི་ནིཿཕྲན་ཚེགས་ལས་དང་དངོས་གྲུབ་ཞེསརྒྱལ་བ་མཆོག་གིས་གསུངས ་བ་ནཿཞི་དང་རྒྱས་དང་དབང་དང་དགུག། བསྐྲད་དང་བསྒྲལ་བ་ལ་སོགས་པཿལས་ཀྱི་བ་པ་རྣམ་མང་པོཿགང་ལ་འདོད་པ་དེས་བསྒྱུར་ཅིང་དགོས་པ་མེད་པའི་སེམས་ཀྱིས་འགྲུབདངོས་གྲུབ་ཆེན་པོ་མཆོག་བཤད་པཿམཁའ་ལ ་སྤྱོད་དང་རྐང་མགྱོགས་དང་ས་འོག་སྤྱོད་དེང་ཆུ་ལ་འཆགསཿམེ་དང་རླུང་གིས་མི་བཛྲི་དང་\ུ0f7fམི་སྣང་བ་དང་འཆི་བ་མེདཿམིག་དང་རྣ་བ་སྣ་དང་ལྕེ་\ུ0f7fལུས་དང་ཡིད་ནི་དག་བྱས་པ་སཿལྐོག་གྱུར་རིང་པའི་ཡུལ་འཛིན་ཅིང་\ུ0f7fལྷ་དབང ་དོག་པ་མ་ལུས་མཐོང་། རྒྱལ་བའི་ཐབས་མཆོག་བས་མ་ཡས་ལརྒྱ་ཆེན་རྒྱུན་དུ་གསུངས་པ་རྣམས། སོ་སོའི་རྟགས་རྫོགས་རབ་ཏུ་སྒྲུབ་འདི་དག་ཐ་མལ་བསྒྲུབ་པ་ཆེ་རྡོས་ཏི་ཆེན་པོ་གཏེར་བར་བྱེད། དེ་ནས་གང་འདོད་ལས་ལ་སྦྱར ་འབད་པ་མེད་པར་གཞན་དོན་སྤྱོདཿཀུན་འདྲེན་ལྕགས་ཀྱུ་ལྟ་བུར་འགྱུརཿལས་ལ་སྦྱོར་ཞེས་དེ་ལ་བྱཿའདི་ནི་ལུང་ཀུན་བསྡུས་པ་ཡིས་ནིཕྲིན་ལས་མཐར་ཕྱིན་པ་སྒྲུབ་པ་སྟེ། \ུ0f7fདཔའ་བོ་ཆེན་པོས་གསུངས་པས་ན། ངེས་པའི་ལུང་དུ ་ཤེས་པར་བྱ། མདོ་རྒྱུད་རྟོགས་པ་བསྡུས་པའི་སྒྲོན་མ་ཞེས་བྱ་བ་ལས། ལུང་ཐམས་ཅད་ཀྱི་རྒྱལ་པོཿཕྲིན་ལས་མཐར་བྱིན་སྒྲུབ་པའི་ལུང་བསྟན་པ་སྟེ་གསུམ་པ་རྫོགས་སོ།། དེ་ནས་གསང་སྔགས་ཟབ་མོའི ་དོན། ངེས་པར་འབྱེད་པའི་ལུང་ཆེན་པོཿགསང་ཆེན་རིག་པའི་གཏེར་གྱུར་པ། རྒྱལ་བས་བཀའ་སྩལ་རབ་ཏུ་བཤདཿའདི་ལྟར་གསང་སྔགས་ཞེས་བྱ་བཿཐེག་པ་དམན་ལ་སོགསང་འོས་ཤིང་ཡིད་སྐྱོབ་ཕྱིར་ན་གསང ་སྔགས་ཏེདེ་ནི་ངེས་པའི་དོན་ཡིན་ནོ། \ུ0f7fམ་མན་ཞེས་ནི་ཡིད་ཡིན་ཏེཿཏྲ་ལས་ཡིད་ནི་སྐྱོབ་པར་བྱེད་མ་ལུས་ཡིད་སྐྱོབ་བྱེད་པས་ནཿགསང་སྔགས་ཞེས་ནི་རབ་ཏུ་བརྗོད། མ་ནི་གང་ཟག་དངོས་པོའི་བདགཿཏྲ་ནཽ་ཆོས་བདག་བཟུང ་འཛིན་དངོས་གསང་བའི་གཉིས་མེད་མཉམ་པ་ཉིདཿགསང་སྔགས་ཞེས་ནི་ངེས་པར་བརྗོདཿམ་ནཽ་རང་རིག་ཡེ་ཤེས་ཏེཿཏྲ་ནི་གཞན་ལས་གསང་བར་བྱེད་\ུ0f7fགསང་བ་གཉིས་མེད་ཞི་བར་རྟོགས། ཀུན་ལ་བསྔགས་པས་གསང་སྔགས ་མ་ནི་རྨི་ལམ་སྒྱུ་མ་བཞིནཿཏྲ་ནི་དེ་ལ་གནས་མེད་གསལ་སྒྱུ་མ་རབ་ཏུ་མི་གནས་དོནཿདབྱེར་མེད་མཐོང་བ་གསང་སྔགས་དོན་\ུ0f7fམ་ནི་འཁོར་བའི་རྒྱུ་འབྲས་ཏེ། \ུ0f7fཏྲ་ནི་སྤྲོས་བྲལ་མྱ་ངན་འདསཿགསང་བའི་སྙིང་པོ་གཉིས་མེད་ཤེས ་ཡང་སྒྲུབ་བྲ་ལ་བས་གསང་སྔགས་སོ། མ་ནི་སེམས་དང་ངོ་བོ་ལ་\ུ0f7fཏྲ་ནི་སྣ་ཚོགས་རིག་པའི་ཡུལཿཡུལ་སེམས་ཀུན་གྱི་ཐུགས་ལ་གནས་རྟ་ཆོས་རྣམས་ཐ་དད་བྱ་བ་མེད་ཁྱད་པར་མེད་ཅིང་མཚན་མེད་པརཿགང་གི་མཐོང་ཞིང་ཤེས་པ ་དགཿདེ་དགེ་སངས་རྒྱས་བསྟན་པ་འཛིནཿགཉིས་རྟགས་དངོས་པོ་རྣམ་པར་གྲོལ་རྩགསང་སྔགས་ངེས་པའི་དོན་ཆེན་ཏེཿའདི་ནི་སངས་རྒྱས་ཆོས་དང་ནིཿདགེ་འདུན་རྣམས་ཀྱི་བསྟོན་པ་ཡིན། འདི་ནི་བརྒྱུད་ཀྱི་དོན་མཆོག་དེཿལུང་རྣམས་ཀུན་གྱི ་རྣ་བླ་མ་ཡིན། \ུ0f7fའདི་ནི་གསང་བའི་མཛོད་ཡིན་ཏེཿབདེ་བར་གཤེགས་པའི་ཐུགས་ཀྱི་གཏེརཿའདི་ནི་སེམས་ཅན་ཀུན་གྱི་སེམས་རྣལ་འབྱོར་དམ་པ་ཀུན་གྱི་ལམ་འདི་ནི་བྱང་ཆུབ་སེམས་རྣམས་ཀྱིསཿབརླབས ་ཆེན་སྤྱོད་པ་བསྐྱོད་པའི་ལམཿཡང་དག་ངེས་པའི་ལམ་ཡིན་ཏེ། བདེ་བར་གཤེགས་པའི་ཐུགས་ཀློང་བརྡོལ་སྣང་གྲགས་དངོས་པོ་ཐམས་ཅད་ཀུན་\ུ0f7fཡེ་ནས་དབྱིངས་སུ་གཅིག་པའོ།། མདོ་རྒྱུད་རྟོགས་པ་བསྡུས་པའི་སྒྲོན་མཿལུང ་ཐམས་ཅད་ཀྱི་རྒྱལ་པོ་ལསཿགསང་སྔགས་ངེས་པའི་དོན་གྱི་ལུང་བསྟན་པ་སྟེ་བཞི་པའོ། རྫོགསོ།། དེ་ནས་གཞན་ཡང་གནས་ལུགས་བཞིམ་བཅོས་དང་དུ་བཏང་སྙོམས་ལསཿརྟག་ཏུ་མཉམ་པར ་འཇོག་པ་ཡི་གསལ་བྱེད་སྒྲོན་མའི་ལུང་འདི་བཤདགང་ཡང་ཡང་དག་གསང་བའི་དོན་མ་ཐོབ་པར་འདོད་པས་སྲང་བླང་དང་དགག་བསྒྲུབ་སྤྲོས་པ་ལ་སོགས་པའི་\ུ0f7fམཐའ་གཉིས་པོ་ནི་དོར་བྱས་ཏེགཉིས་སུ་མེད་ལ་མཉམ ་གནས་པཿའདུ་ཤེས་འདི་ནི་སྤང་མཉམ་དུ། གང་གི་འདུ་ཤེས་འབྱུང་བ་ནིཿའདུ་ཤེས་སྤྲོས་ལས་སྤྱོད་པ་སྟེ། ཤེས་པ་ཙམ་ལས་འདི་མི་ཐར་ཅི་འདུ་ཤེས་ཀྱིས་ནི་ཀུན་ཤེས་ཕྱིརཿའཛིན་པ་ཡང་ནི་དེ་བསྟན་ཏེཡང་དག་འདུ་ཤེས་མི ་འཛིན་པོ་དབེན་པའི་དོན་དུ་རབ་ཏུ་བསྟན་རྩགཅིག་པུར་དབེན་པ་གང་སེམས་པརྟེནམ་ཞིག་སེམས་དཔའ་མེད་པར་འགྱུར་རྩ་བསམ་པ་དག་ལ་མི་སེམས་ནཿབསམ་པ་ཉིད་ཀྱང་མེད་པར་འགྱུར། ཆོས་ཀུན་སྒྱུ་མ་ལྟར་ཤེས་ནཤེས ་བཞིན་དྲན་པས་ཟིན་པ་ཡིསཿབཏང་སྙོམས་འདུ་ཤེས་རབ་བཞག་ནསཿདང་པོའི་ལས་ཀྱིས་ཆོ་ག་ཡིན། \ུ0f7fཆོས་རྣམས་འདི་དག་བསམ་མི་ཁྱབཿབསམ་དང་བླང་བྲལ་རང་བཞིན་ཞིཿདེ་བཞིན་མཚན་མར་རབ་ཤེས་ནཿརྐང་གཉིས་གཙོ ་བོ་སངས་རྒྱས་མཐོང་། དེ་ཉིད་སྐྱེ་འབར་གྱུར་པ་ནི། \ུ0f7fསེམས་ཅན་བཞིན་དུ་ནི་འགྱུར་བར་བྱེད་སེམས་ལ་དབང་ནི་ཐོབ་པས་ནདེ་དག་ཡུལ་ནི་འོད་གསལ་ལོ་\ུ0f7fཏིང་འཛིན་ཉམས་པ་མེད་པ་ཡིསཤིན་ཏུ་བརྟག་དཀའ་ཕྲ་ཞིང་ཟབ ་འདུ་ཤེས་ཐམས་ཅད་སྤངས་པོས་ཏེ། དེ་ཕྱིར་ཏིང་ངེ་འཛིན་ཞེས་བྱ་རྟོགས་པ་མེད་ཙོང་རྣམ་རྟོག་མེདབཟུང་བ་མེད་ཅིང་གཏན་དུ་མིདོདམིགས་མེད་ཐོགས་པ་མེད་པས་ཏེདེ་ཕྱིར་ཏིང་ངེ་འཛིན་ཞེས་བྱཿདེ་ལ་ནམ་ཞིག་སངས ་རྒྱས་ཏེཿཆོས་ཀུན་ལ་ནི་རློམ་སེམས་མེདཿམ་ཡེངས་པ་ཡིས་ཇི་བཞིན་བལྟ། དེ་ཕྱིར་ཏིང་ངེ་འཛིན་ཞེས་པཿསྐྱོན་ཡོན་བརྩོལ་བ་གཞན་དག་གིསཿམ་བཅོས་སུས་ཀྱང་མ་བྱས་པརཿརང་གིས་ངང་གིས་གསལ་བཞིན་ན ་ཐ་སྙད་ཙམ་དུ་བསྒོམ་ཞེས་པ་\ུ0f7fའདི་ལ་མཐོང་དང་མཐོང་བ་མེདཿདེ་ཕྱིར་ཡུལ་གྱི་མངོན་ཞེ་ན་མེདདེ་ནས་ཚོགས་དང་སྡང་བ་མེདཿདངོས་པོར་སྣང་ཡང་དངོས་མི་སྣང་\ུ0f7fབྲལ་དང་ཤེས་པའི་གནས་པ་གང་\ུ0f7fབློ་ཡི་མདུན་ན་མི་གནས ་པགདེངས་ཐག་ཆོད་པའི་དྲོད་ཡིན་ནོ། གདེང་ཆེན་ཐོབ་པའི་རྣལ་འབྱོར་པས། སྤྱོད་པའང་དེ་བཞིན་གཉིས་མེད་པར་ཏེ་འགགས་མེད་སྟོབས་ཀྱི་དཔྱད་བྱ་སྟེ། མཁའ་ལ་རྒྱུ་བའི་གར་མཁན་བཞིནཿའདི་ལ་སྤང་བྱ་ཡིད་མ་ཡིན ་\ུ0f7fམི་བླང་བ་ཡང་ག་ལ་ཡོདཿའདི་ལ་མི་དཔྱད་འགའ་ཡང་མེད། མི་ཤེས་པ་ཡང་ཡོད་མ་ཡིན། \ུ0f7fམི་སྒྲུབ་པ་ཡང་མེད་པས་ཏེཿའདོད་ཆགས་ཞེ་སྡང་གཏི་མུག་དང་། ང་རྒྱལ་ཕྲག་དོག་ཉོན་མོངས་ལྔཿ་ཐབས་ཀྱི་ཟིན ་རང་བཞིན་ཤེས་ཉོན་མོངས་ཆེན་པོ་མི་སྤང་སྟེ། \ུ0f7fདེ་བས་ཡང་བར་བྱ་བ་མེདདེ་མ་རྟོགས་པར་བདག་ལྟར་བཅིངསརྒྱལ་བ་དགོངས་པའི་ཚིག་ལ་བརྟེན་བདག་མེད་པས་ནི་ཉོན་མོངས་བཅདའགྲོ་བ་དྲུག་ཏུ་འཁྱམས་པར་འགྱུར ་བྱང་ཆུབ་སེམས་ཀྱི་ཁུ་བ་ནིཿདཀར་དམར་གཉིས་དང་བཤད་དང་གཙིཿཤ་ཆེན་པོར་ནི་གྱུར་པ་རྣམསཿརིགས་ལྔ་ཡེ་ཤེས་ལྔ་རང་བཞིནཿའཕགས་པ་མཆོད་དང་དབང་བསྐུར་དང་\ུ0f7fབདུད་རྩི་མང་དང་བརྟེན་བཟློག་ཕྱིརཿཆོས་རྣམས ་མོཉམ་དང་བརྟུལ་ཞུགས་ཀྱིསཿདང་དུ་བླང་བར་བྱ་བ་ཡིན། ཚིག་ཙམ་ལ་བརྟེན་བདག་མེད་སྤྱོདམི་དགེ་བ་ཡིས་འབྲས་བུར་འགྱུར། སྦྱོར་སྒྲོལ་མ་བྱིན་ལེན་དང་བརྫུན་ན་ངག་ཏུ་བླང་པོས་མི་དགོའི་ཆོསའཐུན་འཇོག་འཚམ་པའི་སྤྱོད ་པ་སྟེཿའགྲོ་བ་འདུལ་བའི་ཐབས་ཆེན་ཡིན། \ུ0f7fསྒྲར་རྗེས་འབྲངས་ནས་རང་གར་སྤྱོད་ཐུར་དུ་ཁ་ལྟས་དམྱལ་བར་ལྟུང་གཟུགས་ཚོར་འདུ་ཤེས་འདུ་བྱེད་དང་\ུ0f7fརྣམ་པར་ཤེས་སྟེ་ཕུང་པོ་ལྔ། ཟག་པ་མེད་པའི་རང་བཞིན་གྱིས། སྐུ་ལྔ་ཡོ ་ཤེས་ལྔར་ཤེས་པས་\ུ0f7fའཁོར་བ་མྱ་ངན་འདས་པའི་ཆོསཿམི་ཤེས་པ་ནི་ཡོད་མོ་ཡིནཿཐམས་ཅད་སྐུ་དང་ཡེ་ཤེས་ལྔཿབསྒྲུབ་པར་བྱ་བ་དམིགས་པ་ནིཿའདི་ནི་མི་སྒྲུབ་ཡོད་མིན་ཏེ། དེས་ན་ཀུན་གྱིས་སྒྲུབ་གཅིག་པོཿདེ་ཉིད་རྟོགས་པ ་ཅི་དགར་སྤྱོདཿརྣམ་གྲོལ་སྒྱུ་མའི་ཚུལ་བསྟན་པའོ། དེ་ཉིད་གསལ་དང་སྒྲིབ་མེད་པསཿདུར་ཁྲོད་གསལ་བ་གཅན་ཟན་གནས་རྔ་ལྷ་མིན་ཡི་དྭགས་ལམ་ལ་སོགསཿའཇིགས་དང་ཡ་ངའི་གནས་རྣམས་སུ་\ུ0f7fཐོགས་པ་མེད་པར་རབ་ཏུ་རྒྱུ ་དཀྱིལ་འཁོར་ཆེན་པོའི་ཚོགས་ནང་དུཿལྷ་མོ་རྣམས་དང་མཉམ་དུ་རོལ་རྩེའདི་ནི་བརྟུལ་ཞུགས་སྤྱོད་པ་སྟེཿསྔགས་ཀྱི་སྤྱོད་མཆོག་བླ་ན་མེདེ་\ུ0f7fསྐད་ཅིག་ཉིད་ལ་འབྲས་བུ་སྟེརཿའདི་ལ་བསྲུང་བའི་ཚུལ་ཁྲིམས་མེདཿངོ་ཚའི་རྣམ་རྟོག ་ཡོད་མ་ཡིནགང་ཞིག་ཚུལ་ཁྲིམས་ལྡན་པར་རྟོགསགཉིས་འཛིན་ཚུལ་ཁྲིམས་ངན་པར་གསུངསཚུལ་ཁྲིམས་མི་ལྗོན་གང་རྟོགས་གཉིས་སུ་མེད་པའི་ཚུལ་ཁྲིམས་མཆོགའདི་འདྲའི་གསེང་ཆེན་མ་ཤེས་པས། སྡིག་པ ་འགའ་ཞིག་དགོས་པ་མེད་རྗེའཁོར་བའི་ས་བོན་རྣམ་པར་ཤེསཿས་བོན་ཡོད་ནི་འབྲས་བུ་འབྱུང་རྩིག་པ་ཡོད་ན་རི་མོ་བཞིནདངོས་སུ་ཤེས་ན་འགོག་པར་འགྱུར་\ུ0f7fརང་གི་སེམས་ནི་མ་མཐོང་བསལྟ་བའི་དྲ་བར་འཇུག་པར་འགྱུར། ་ང་རྒྱལ་ཁེངས་པས་འཁྲུལ་རྗེས་རྟོགསསྲེད་ལེན་མ་རིག་མདུད་པས་བཅིངས་ཉིན་མཚན་འདོད་པའི་ཡོན་ཏན་སེམསཿདེ་དག་ལྷས་དང་གྲོང་དུ་རྒྱུཿསེམས་ཅན་ཡོངས་སུ་གྲོལ་ཞེས་སྨྲ་འགྲོ་བ་ལ་སྙིང་རྗེས་བདག་ལ་ཡོད ་ཀུན་ལ་ཕན་སེམས་དེ་བཞིན་ཏེཿཞེ་སྡང་འདོད་ཆགས་སྲེད་སེམས་ཀྱིས་ཆོས་ཉིད་འཚེ་བའི་ཚུལ་ཆེན་བརྗོད་འཚེ་དང་སྙིང་རྗེས་འདུས་པ་ནིཿནམ་ཡང་ཡོད་པ་མ་ཡིན་ནོ། དེས་ན་དེ་དག་བཟློག་པའི་ཕྱིརསྣ་ཚོགས་ཐབས་ཀྱི་འདུལ ་བའི་ཐབསཐོག་མ་མེད་ནས་འཁོར་བ་ནཱ། བྱིས་པ་དངོས་ལ་ཞེན་པ་ཡིས། གསང་བའི་དོན་གྱི་གནོད་མི་ཡཿབྱམས་པའི་ཐུགས་རྗེས་བཟུང་ནས་ཀྱང་ཤིང་ལོ་གཟུགས་ཀྱི་བྱིས་པ་རྣམས། བྲིད་ནས་འཛིན་པ ་རྣམ་པར་བཟློག། དངོས་པོའི་དོན་གྱི་བཟུང་རྣམས་ལ་འཁོར་བའི་རོང་བཞིན་བརྗོད་པ་ཡིས་སྐྱོ་བ་ཆེན་པོས་རབ་བསྐུལ་ནས། དམ་པོའི་དོན་ལ་བརྗོད་པར་བྱ་གསུམ་ལ་སོགས་པ་སྐྱབས་འགྲོ་ཞིང་བྱང་ཆུབ་སེམས་ཀྱི་རྣམ་པ་ཡི། ་ཕ་རོལ་ཕྱིན་དྲུག་སྤྱོད་པ་ལཿགསང་མཆོག་གཞུང་དུ་དབང་བསྐུར་ཏེཿཡོངས་སུ་རྫོགས་ཤིང་སྤྲོ་བ་ལ། བསྐྱེད་དང་རྫོགས་པའི་རིམ་པ་བསྟན་ཙརྦ་དང་རླུང་དང་བང་ཆུང་སེམསམི་ཤིགས་ཐིག་ལེའི་དོན་རྟོགས་ནཿགསང་ཆེན ་མཉམ་པོ་ཆེན་པོ་ཡིཿམཐའ་ལ་བཀྲོལ་ཏེ་ཀློང་དུ་བསྐུལཿའདི་ནི་འཇིག་རྟེན་ཐམས་ཅད་ཀྱིས། དངོས་གྲུབ་མཆོག་གི་བསྙེན་པ་སྟེ། \ུ0f7fསྐྱེས་མཆོག་ཆོས་ཀྱི་རྒྱལ་པོ་ཆེཿརྒྱལ་བའི་རྒྱལ་མཚན་རྣམས་ལ་བཤདཿའདི་ནི་ལུང་གི་ལུང་ཆེན ་ཏེཟབ་ཅིང་འཇུག་པའི་བླ་ན་མེད་གསང་བ་ལས་ཀྱང་ཆེར་གསང་སྟེ་\ུ0f7fགསང་བ་ཆེན་པོའི་མཆོག་གྱུར་པའིཿམཐའ་ཡས་མངོན་པར་མཐོང་བ་སྟེ། \ུ0f7fམཐར་ཐུག་གནས་སུ་ཕྱིན་པའོཿའདི་ཡིས་ཕྱི་ནང་ཐམས་ཅད་དུ། \ུ0f7fསྣང་གྲགས་སྲིད ་དང་ཞི་བ་ཀུནཿམཉམ་གྲོལ་ཆེན་པོའི་ཀློང་ནང་དུཿཐམས་ཅད་མ་ལུས་བརྡར་ཤ་བཅདཿདེ་ལྟར་རྒྱལ་བ་མ་ལུས་པའིཿདགོངས་བརྒྱུད་གཅིག་ཏུ་བསྡུས་པ་ནིཿལུང་མཆོག་འདུས་ཏེ་དུས་གསུམ་གྱི་རྒྱལ་བས་སེམས་ཅན་དོན་འདུལ་ཕྱིར ་མད་དང་བརྒྱུད་བརྟོགས་པ་ལས། ཡང་དང་ཡང་དུ་བསྟན་ཏེ་གསུངས། རྡོ་རྗེ་སེམས་དཔའ་བླན་མེད། རྡོ་རྗེ་ཆས་ནི་རྒྱལ་བ་སྟེ། རིགས་འཛིན་མ་ཐོད་པ་ཅནཿགས་ཆེན་བྱང་ཆུབ་སེམས་དཔའ་ཡིས། རྒྱལ་བ་རྣམས་ལ་ཡང ་ཐོསསྡིགས་དུས་འགྲོ་ལ་ཕན་པའི་ཕྱིར་རྩ་རྒྱུད་ལས་ལུང་དུ་བྱུང་བ་ནིབྷྱམཁའ་འགྲོ་རྣམས་ལ་བརྒྱུད་ནས་ནོམ་འོངས་རྣལ་འབྱོར་སྐལ་ལྡན་གྱིཿཐུགས་ཀྱི་དཀྱིལ་དུ་གསུངས་དོན་རྣམས། མ་ནོར་བརྒྱུད་དུ་གསལ་བར་གྱུར ་མདོ་རྒྱུད་རྟོགས་པ་བསྡུས་པའི་སྒྲོན་མ་ལོསཿལུང་ཐམས་ནཱད་ཀྱི་རྒྱལ་པོ་གསལ་བར་བྱེད་པའི་སྒྲོནི་མའི་ལུང་བསྟན་པ་སྟེ་ལྔ་པའོ།། བཅོམ་ལྡན་འདས་བདེ་བར་གཤེགས་པ་ཐམས་ཅད་འདུས་པའི་ཐུགས་རྗེ ་དབང་ཐག། མཛད་པ་ལྷའི་ཆོ་འཕྲུལ། ཕྲིན་ལས་མཐར་ཕྱིན་སྒྲུབ་པ་\ུ0f7fགསང་སྔགསོ་ངེས་པའི་དོན་གསལ་བར་བྱེད་པའི་སྒྲོན་མཿལུང་ཐམས་ཅད་ཀྱི་རྒྱལ་པོ་རྫོགས་སོ།། རྒྱ་གར་གྱི་མཁན་གྱི་སློབ་དཔོན་ཆེན ་པོ་པདྨ་འབྱུང་གནས་དང་\ུ0f7fབོད་ཀྱི་ལིཙྪ་བ་བཻ་རོ་ཙ་ན་བདག་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ངརྒྱལ་པོའི་བླ་དཔེའོ། གཏེར་རྒྱཿསྦས་རྒྱཿགཏད་རྒྱཿཉང་གི་གཏེར་མའོ། ་