| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། དྲེ་བ་ཤཱན་ཏི་ནཱ་མ་ཏན་ཏྲ། བོད་སྐད་དུ། ཞི་བའི་ལྷ་རྒྱུད་ཞེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། སྒོས་བུ་དམ་པ་གང་དག་གིས་ནི་ངེས་དགོངས་པ།། གང ་ལ་དགོངས་པ་གང་གིས་ངེས་པར་འགྲེལ་པ་ནི།། སྐྱེ་མེད་ཆེས་ལས་སྐྱེ་བའི་ཆོ་འཕྲུལ་མང་སྣང་ཞིང་།། ཐུགས་རྗེས་ཞིང་འདུལ་ཆོ་འཕྲུལ་བདག་ལ་ཕྱག་འཚལ་ལོ།། སྐྱེ་བ་མེད་ལས་ཐམས་ཅད་སྐྱེས་ཤིང་སྐྱེས་ཉིད་སྐྱེ་མེད་དང་།། ་བདག་གཞན་ཀུན་རྟོག་དབང་གི་འཁོར་ལ་སྙིང་རྗེ་མ་ཆོག་གི་སེམས།། སྐྱེད་པར་གསུངས་པའི་ལུང་ལ་བསྟེན་ཏེ་ངེས་དོན་སྙིང་པོ་ལ།། དགོངས་ཤིང་གསུངས་མཛད་ལྔ་རྒྱུད་དོན་འགྲེལ་བདག་གཞན་རྟོག་པ་འདུལ་བར་བཤད།། ་ཕུང་པོ་ལ་སོགས་ཆོས་རྣམས་བྱང་ཆུབ་སེམས་སུ་གཅིག། མ་འདྲེས་ཡོངས་རྫོགས་ཞི་གནས་ལྷག་མཐོང་རྣམ་པ་གཉིས།། དོན་དམ་ཉེ་བར་བརྟགས་པས་བདེ་རོལ་པན་མཛད་པ།། ལྕེ་རྒྱུད་དག་གི་ཀུན་སྨོན་ཀུན་གཞིར་གྱུར་པས་མོ།། ་དེ་ཡང་གདུལ་བྱའི་དབང་གིས་མདོ་དེང་རྒྱས་སྣང་བ།། གཉིས་གསུམ་གཉིས་གཉིས་གསུམ་གསུམ་བཅུ་བདུན་གཅིག་ལ་སོགས།། རྟོག་འདུལ་མཚན་མ་སྤྱི་དང་ཁྱད་པར་མཚན་ཉིད་དང་།། རབ་འབྲིང་ཐི་མའི་བློ་ཡིས་མ་འོང་དུས ་སུ་དཔྱད།། དེའོང་སྐུ་མདོག་ཕྱག་མཚན་དང་།། བཞུགས་ཐབས་གདན་ཁྲི་རྒྱན་ཆས་ཀྱི།། མ་ནོར་དེ་ཉིད་ངེས་པར་གཟུང་།། དེ་ཉིད་རྣམ་པ་ལྔར་ཤེས་བྱ།། དེ་ལ་དང་པོ་གཉིས་ཡིན་ཏེ།། རང་བཞིན་གྱིས་ནི་སྐུ་མདོག་དང་།། རིགས་ཀྱི ་དོག་བསྟན་པ་ཡིན།། རང་བཞིན་སྐུ་མདོག་བཞི་སྡེ་དུང་དང་ནི།། ཀུ་མུ་ཏེ་དང་ཟླ་ཉི་མའོ།། རིགས་ནི་ལྔ་སྟེ་བཻ་ཌཱུཪྻ་དང་ནི།། ཀང་ཀ་རི་དང་ལེབ་རྒན་ལྟ་བུ་དང་།། གསེར་སྦྱངས་པ་དང་སྣ་ཚོགས་ལྟ་བུའོ།། གཉིས་པ་ལའང ་གསུམ་སྟེ་ཕྱག་མཚན་དང་།། ཕྱག་རྒྱའི་རྣམ་པ་གསུམ་སྟེ་རྣམ་པར་དཔེ།། ཕྱག་ནི་གཉིས་སམ་དྲུག་སྟེ་གཟུང་འཛིན་དང་།། ཡེ་ཤེས་རྣམ་པ་དྲུག་ལ་དགོངས་པའོ།། ཕྱག་མཚན་རྗེས་མཐུན་ཐབས་དང་ཤེས་རབ་དང་།། དབྱིངས་དང་ཡེ་ཤེས ་ཕ་རོལ་ཕྱིན་པ་དྲུག། ཕྱག་རྒྱ་བཞི་སྔ་མ་བཅོས་མི་འདའ་དང་།། མ་ངེས་པོ་དང་འབྲེལ་པ་ལས་ཀྱི་རྒྱའི།། མི་བཙས་གཉིས་ཏེ་མ་སྐྱེས་མ་འགགས་པའོ།། མ་འགགས་པོ་ཡང་རྣམ་བཞིར་ཤེས་པ་སྟེ།། ཁ་དོག་ཡུལ་དང་མཚོན་པའི་གཟུགས་དང ་ནི།། མཚོན་རྟགས་ཉེ་བར་བརྟགས་པའི་ཕྱག་རྒྱའོ།། མི་མ་འདའ་གསུམ་སྟེ་ཟིན་མཛད་མི་བསྐྱོད་པའོ།། མ་ངེས་གྲངས་ནི་ཐ་དད་གཅིག་ཐ་ཡས།། འགྲེལ་པ་གཉིས་ལས་ལས་དང་དམ་ཚིག་གོ།། གསུཾ་པ་གསུམ་སྟེ་ཐབས་གནས་ཚུལ་ཉིད་དོ།། ་ཐབས་ནི་རང་བཞིན་ཁྱད་པར་རྣམ་པ་གཉིས།། གནས་ནི་ཕྱི་ནང་མཐའི་དབུས་མེད་པ་སྟེ།། ཡོན་ཏན་བསམ་ཡས་རྗོད་འདས་གཅིག་གཉིས་སུ།། ཚུལ་འདི་གསུམ་གསུམ་ཡང་ན་བཅུ་གཉིས་གསུམ།། བཞེངས་དང་གཤེགས་པ་དང་ནི་གཟིགས ་པ་དང་།། གཉེན་ལྕུག་འཁྲིལ་བའི་ཚུལ་དང་ལྡེམ་པ་དང་།། གཞོན་ནུ་གསལ་མཚོར་ཚུལ་དང་ལྷུན་སྡུག་དང་།། གཟི་བྱིན་འབར་བའི་ཚུལ་དང་འཁྲུག་པའི་ཚུལ།། དགོངས་དང་བསྟེན་དང་བརྟན་དང་འབྱིངས་པའི་ཚུལ།། འདུད་པ་ཙམ་མེ་མལ་ལེ་ལྷན ་དང།། སལ་ལེའི་ཚུལ་དུ་སཱི་དང་ཁད་པར་གྱི།། བེ་བྲག་ཅི་རིགས་པར་ནི་རྣམ་པར་དཔང།། གཞི་ལ་གསམ་སྟེ་དུ་རྣ་ཀྲ་དང་།། ས་ཡི་ཁང་པར་ཡོན་ཏན་ཆེ་བའོ།། ལྔ་པ་གཉིས་ཏེ་རྒྱན་ཆས་གདན་དང་ལྡན།། གཞན་ཡང་རྣམ་པ་མང་པོར ་བརྗོད་པ་སྟེ།། དབུ་རྒྱནི་སྙན་ཚེ་ད་ཤལ་འགུར་ཆུ་དང་།། ཕྲེང་བ་སེ་མོ་ཕག་གདུབ་རྒྱ་ནོ་ཏ་བདུན།། ཆས་ནི་སྐུ་དང་གསུང་ཐུགས་ཡོན་ཏན་ལས་ཀྱིས་བསྒྱིངས།། དེ་ཕྱིར་ཆོས་གིས་སླད་དཀྲིས་ཟེའུ་ལྡིར་དང་།། སྨད་གཡོགས་གསང་དགོས་རྣམ ་ལྔས་བརྗིད་པར་སྣང་།། གཞན་ཡང་མཆིན་དཔེ་འཕགས་པའི་ལམ་ལ་སོགས།། རྫོགས་པར་མངའ་པིར་སྲས་ཀྱི་ཚོགས་རྣམས་ཀྱང་།། བཀྲ་ཤིས་བརྒྱད་ཀྱིས་ཡོས་སུ་འཁྱིལ་བའི།། དེ་ལས་སོགས་པ་དཔག་མེད་བརྗོད་ལས་འདས།། དེ ་དག་སྤྱིར་སྣང་ཁང་པར་རབ་སྣང་འདོའོ།། རྣམ་ཤེས་ཚེགས་བརྒྱད་ཡེ་ཤེས་ལྔར་གྱུར་པ།། དུས་གསུམ་བདི་གཤེགས་རྒྱལ་བ་ཀུན་གྱི་ཡབ།། རྡོ་རྗེ་སྐུ་དང་གསུང་དང་ཐུགས་ལྡན་པས།། དུག་གསུམ་འཛོམ་མཛད་བཅོམ་ལྡན་རྡོ་རྗེ་སེམས།། ་ཀུན་གཞི་གནས་གྱུར་ཆོས་དབྱིངས་ཡེ་ཤེས་ཐུགས།། བདེ་བ་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྟེ།། སྐྱེ་ཡི་ལོངས་སྤྱོད་མཐའ་འདས་བརྡ་མཇལ་གསུང་།། དུག་ལྔ་ཞི་མཛད་བཅོམ་ལྡན་རྣམ་སྣང་མཛད།། ཉོན་མོངས་ཡིད་གྱུར་མཉི་མ་ཉིད་ཡེ་ཤེས ་ཐུགས།། བསམ་འདས་བརྗོད་མོད་དམིགས་མེད་ཆོས་ཀྱི་སྐུ།། གཞན་གྱི་མི་བརྗོད་རིག་པའི་ཡེ་ཤེས་གསུང་།། ཡོན་ཏན་རྒྱས་མཛད་བཅོམ་ལྡན་རིན་ཆེན་འབྱུང་།། ཡིད་གྱུར་སོ་སོར་རྟོག་པའི་ཡེ་ཤེས་ཐུགས།། མཚན་རྫོགས་མངོན་པར་བྱང་ཆུབ ་བརྙེས་པའི་སྐུ།། ལྗགས་ཀྱི་མི་བརྗོད་ཡི་གེ་མེད་པའི་གསུང་།། གདུལ་བྱ་དབང་མཛད་བཅོམ་ལྡན་སྨང་མཐའ་ཡས།། སྒོ་ལྔ་གནས་གྱུར་ནན་ཏན་ཡེ་ཤེས་ཐུགས།། ཐུགས་རྗེ་ཆེན་པོ་ཅིར་ཡང་སྤྲུལ་པའི་སྐུ།། ་ལྗགས་ཀྱི་སྟོང་གསུམ་ཀུན་ཏུ་གྲགས་པའོ་གསུང་།། བདག་གཞན་དོན་མཛད་བཅོམ་ལྡན་དོན་ཡོད་གྲུབ།། ཡེ་ཤེས་ཐུགས་རྗེ་ཆེན་པོས་འགྲོ་བ་རྣམས།། རྣམ་ཐར་སྒོ་གསུམ་གནས་སུ་འདྲེན་མཛད་ཀྱང་།། ཐུགས་ཀྱི་ལོངས་སྤྱོད་ཐམས་ཅད ་མི་དམིགས་པ།། ཀུན་འབྱུང་ཡུམ་ཆེན་ནམ་མཁའ་ཀུན་ཏུ་བཟང་།། ཡེ་ཤེས་ཐུགས་རྗེས་འགྲོ་ཀུན་སངས་རྒྱས་འགོད།། རི་དོགས་མེད་པར་ཡེ་ཤེས་སྤྱན་གཟིགས་ཀྱང་།། སྐུའི་ལོངས་སྤྱོད་སྣ་ཚོགས་མི་དམིགས་པ།། ཀུན་སྐྱེད་ཡུམ་ཆེནཱ་ས ་གྱུར་སངས་རྒྱས་སྤྱན།། ཡེ་ཤེས་ཐུགས་རྗེས་འགྲོ་ལ་མ་ལྟ་བུར།། དགོས་འདོད་རེ་བ་ཡིད་བཞིན་བསྐོངས་གྱུར་ཀྱ་ང་།། ཡོན་ཏན་ལོངས་སྤྱོད་སྣ་ཚོགས་མི་དམིགས་པ།། ཀུན་བསྡུད་ཡུམ་ཆེན་ཆུ་གྱུར་མཱ་མ་ཀི། ཡེ་ཤེས་ཐུགས་རྗེས་འགྲོ་བའི ་དོན་མཛད་ཀྱང་།། ཚུལ་ཁྲིམས་གོས་ལ་དྲི་མས་མ་གོས་ཤིང་།། གསུང་གི་ལོངས་སྤྱོད་སྣ་ཚོགས་མི་དམིགས་པ།། ཀུན་སྨིན་ཡུམ་ཆེན་མེ་གྱུར་གིས་དཀར་མོ།། ཡེ་ཤེས་ཐུགས་རྗེ་ཆེན་པོའི་ཐུགས་དམ་གྱིས།། འགྲོ་ཀུན་འཁོར་བའི་འདམ་ལས ་སྒྲོལ་མཛད་མ།། ཕྲིན་ལས་ལོངས་སྤྱོད་སྣ་ཚོགས་མི་དམིགས་པ།། ཀུན་གྲོལ་ཡུ་མོ་ཆེན་རླུང་གྱུར་དམ་ཚིག་སྒྲོལ།། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཁྱད་པར་ལས།། རྣམ་པར་སྣང་མཛད་ཐུགས་ཀྱི་སྤྲུལ་པ་ནི།། དང་པོ་སེམས་བསྐྱེད་རིན་ཆེན་མྱུ་གུ ་བསྣམས།། སེམས་ལས་འོད་འབྱུང་ཐུགས་མརྙོག་སའི་སྙིང་།། མཉམ་པ་ཉིད་ཀྱི་ཡེ་ཤེས་ཁྱད་པར་ལྟས།། རན་ནྡན་འབྱུང་ལྡན་ཐུགས་ཀྱི་སྤྲུལ་པ་ནི།། ཉན་མོངས་སྒྲུབས་གཅོད་ཤེས་རབ་རལ་གྲི་བསྣམས།། ཡོན་ཏན་མཔར་བྱིན་ཐུགས ་མཆོག་ནམ་མཁའི་སྙིང་།། སོ་སོར་རྟོག་པའི་ཡེ་ཤེས་ཁྱད་པར་ལས།། སྣང་བ་མཐའ་ཡ་སོ་ཐུགས་ཀྱི་སྤྲུལ་པ་ནི།། ཤེས་པའི་སྒྲིབ་སྐྱོང་པདྨ་དཀར་པོ་བསྣམས།། གསུང་དབྱངས་རྣས་དག་ཐུགས་མཆོག་སྤྱན་རས་གཟིགས།། བྱེ་བོ་ནན་ཏན ་ཤེས་ཁྱད་པར་ལས།། དོན་ཡོད་གྲུབ་པ་ཐུགས་ཀྱི་སྤྲུལ་པོ་ནི།། མཁྱེན་ལྔ་ལྷུན་གྲུབ་རྡོ་རྗེ་རྩེ་ལྔ་རྣམས།། ཕྲིན་ལས་མཐར་ཕྱིན་ཐུགས་མཆོག་རྡོ་རྗེ་ཅན།། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཁྱད་པར་ལས།། རྣམ་པར་སྣང་མཛད་སྐུ་ཡི་སྒྲོལ་པ་ནི།། དང ་པོ་སེམོས་བསྐྱེད་དགའ་བས་འགྲེང་བའི་ཚུལ།། སྐུ་ཡི་འགྲོ་འདུལ་པོ་ཛྭ་ལ་སྱཻ་མ།། མཉམ་པ་ཉིད་ཀྱི་ཡེ་ཤེས་ཁྱད་པར་ལོས།། རིན་ཆེན་འབྱུང་ལྡན་སྐུའི་སྤྲུལ་པ་ནི།། བསོད་ནམས་ཚོགས་རྫོགས་རིན་ཆེན་བྱེད་འི་བསྣམས།། ཡོནི་ཏན་འགྲོ་བ་འདྲ། ་མཛད་ནཱ་ལྱེ་མོ།། སོ་སོར་རྟོག་པའི་ཡེ་ཤེ་སཾ་ཁྱད་པར་ལས།། སྣང་བ་མཐའོ་ཡས་སྐུ་ཡི་སྤྲུལ་པ་ནི།། སྐུ་ལྔ་ལྗོན་གྲུབ་ཅིར་ཡང་འགྱུར་བའོ་ལྷ།། འཕྲིན་ལས་འགྲོ་འདུལ་བཛྲ་ནིདྡྷི་མ།། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཁྱད་པར་ལས།། རྣམ་པར ་སྣང་མཛད་གསུང་གི་སྤྲུལ་པ་ནི།། གཏི་མུག་ལོས་ཀྱི་ཆོས་འཆིང་ཀླུ་ཤིང་བསྣམས།། ཆོས་དབྱུའ།། ཨཱ་ནིས་ཐུགས་རྗེ་བྱམས་པའི་གདུ།། མཉམ་པ་ཉིད་ཀྱི་ཡེ་ཤེས་ཁྱད་པར་ལས།། རིན་ཚོན་འབྱུང་ལྡན་གསོང་གི་སྤྲུལ་པ་ནི།། ངརྒྱལ ་ལམ་སྦྱོང་ཆོས་འཆང་པོ་ཏི་བསྣམས།། མཉམ་ཉིད་ཡེ་ཤེས་སྒྲིབ་པ་སེལ་བའི་གསུང་།། སོར་སོར་རྟོགས་པའི་ཡེ་ཤེས་ཁྱད་པར་ལས།། སྣང་བ་མཐའ་ཡས་གསུང་གི་སྤྲུལ་པ་ནི།། འདོད་ཆགས་ལམ་སྐྱོང་ཆོས་འཆང་རིན ་ཆེན་སྟེ།། རྟོག་པའི་ཡེ་ཤེས་ཀུན་ཏུ་བཟང་པོའི་གསུང་།། བྱ་བ་ནན་ཏན་ཡེ་ཤེས་ཁྱད་པར་ལས།། དོན་ཡོད་གྲུབ་པ་གསུང་གི་སྤྲུལ་པ་ནི།། ཕྲག་དོག་ལམ་སྦྱོང་ཆོས་འཆད་ཨུཏྤལ་བསྣམས།། ནན་ཏན་ཡེ་ཤེས་འཇམ་དཔལ་གཞོན་ནུའི་གསུང་།། ་ཆོས་དབྱིངས་ཡེ་ཤེས་རྣམ་པར་སྣང་མཛད་དང་།། ཕྱོགས་དྲོས་འཕགས་པ་མཆོད་པའི་ཕྲིན་ལས་ནི།། སྣང་བ་གཟུགས་མཛེས་མཆོད་པས་མཉེས་མཛད་པ།། སྤྱན་མཉེས་མཛད་པའི་གཟུགས་མཆོག་མེ་ཏོག་མ།། མཉམ་ཉིད་ཡེ་ཤེས་རིན་ཆེན་འབྲུ ་ལྡན་དང་།། ཕྱོགས་དུས་རྒྱལ་བ་མཆོད་པའི་འཕྲིན་ལས་ནི།། དྲི་འབྱུང་ཡེ་ཤེས་མཆོད་པས་མཉེས་མཛད་པ།། ཤིངས་མཉེས་མཛད་ཕྱིར་དྲི་མཆོག་བདུག་པ་མོ།། རྟོག་པའི་ཡེ་ཤེས་སྣང་བ་མཐའ་ཡས་དང་།། ཕྱོགས་དུས་རྒྱལ་བ་མཆོད་པའི ་འཕྲིན་ལས་ནི།། སྒྲ་གསལ་ཅཝ་སྒྲ་སྙན་མཆོད་པས་མཉེས་བྱེད་དེ།། སྒྲས་མཉེས་མཛད་པ་རྡོ་རྗེ་སྒྲོལ་མའི་སྐུ།། ནན་ཏན་ཡེ་ཤེས་དོན་ཡོད་གྲུབ་པ་དང་།། ཕྱོགས་དུས་རྒྱལ་བ་མཆོད་པའི་འཕྲིན་ལས་ནི།། རིལ་པས་རེག་པའི་མཆོད་པས ་མཉེས་མཛད་པ།། སྐུ་མཉེས་མཛད་ཕྱིར་རིག་པའི་དྲི་ཆབ་མ།། ཆོས་དབྱིངས་ཡེ་ཤེས་རྣམ་པར་སྣང་མཇེད་ཀྱིས།། ཤར་ཕྱོགས་ལྷའི་འཇིག་རྟེན་འཇོམས་མཛད་པ།། ལྷ་ངན་ལམ་སྦྱོང་ཆོས་འཆད་པི་ཝང་བསྣམས།། བརྡུང་བཞི་མཛད་ལྷ་དང ་བརྒྱ་བྱིན་སྐུ།། ཆོས་དབྱིངས་ཡེ་ཤེས་རྣམ་པར་སྣང་མཛད་ཀྱིས།། ཤར་ཕྱོགས་ལྷ་མིན་འཇིག་རྟེན་དོན་མཛད་པ།། ང་རྒྱལ་ལམ་སྦྱོང་ཆོས་འཆད་གོ་ཆ་བསྣམས།། འཐབ་རྩོད་ཞི་མཛད་ལྷ་མིན་ཐག་བཟངས་རིགས།། ཆོས་དབྱིངས་ཡེ་ཤེས་རྣམ་པར ་སྣང་མཛད་ཀྱིས།། ཤ་རཱི་ཕྱོགས་མི་ཡི་འཇིག་རྟེན་དོན་མཛད་པ།། ཕྲག་དོག་ལམ་སྦྱོང་ཆོས་འཆད་སེག་སྤར་བསྣམས།། འགྱུར་བ་ཞི་མཛད་མི་དབང་ཤཱཀྱ་ཐུབ།། ཆོས་དབྱིངས་ཡེ་ཤེས་རྣམ་པར་སྣང་མཛད་ཀྱིས།། ཤར་ཕྱོགས་བྱོལ་སོང་འཇིག ་རྟེན་དོན་མཛད་པ།། གཏི་མུག་ལམ་སྤོང་ཆོས་འཆད་པོ་ཏི་བསྣམས།། གླེན་ལྐུགསོ་ཞི་མཛད་སེང་གེ་རབ་བརྟན་མགོན།། ཆོས་དབྱིངས་ཡེ་ཤེས་རྣམ་པར་སྣང་མཛད་ཀྱིས།། ཤར་ཕྱོགས་ཡི་དྭགས་འཇིག་རྟེན་དོན་མཛད་པ།། འདོད་ཆགས་ལམ་སྦྱོང ་ཆོས་འཆད་རིན་ཆེན་སྒོམ།། བཀྲེས་སྐོམ་སྡུག་བསྔལ་ཞི་མཛད་ཁ་འབར་མ།། ཆོས་དབྱིངས་ཡེ་ཤེས་རྣམ་པར་སྣང་མཛད་ཀྱིས།། ཤར་ཕྱོགས་དམྱལ་བའི་འཇིག་རྟེན་དོན་མཛད་པོ།། ཞེ་སྡང་ལམ་སྦྱོང་ཆོསུ་འཆད་མེ་ཆུ་བསྣམས།། ཚ་གྲང་སྡུག་བསྔལ། ་ཤི་མཛད་ཆོས་ཀྱི་རྒྱལ།། ཡེ་ཤེས་བཞི་ལ་རིགས་བཞི་ཕྲིན་ལས་ཀྱིས།། དྲུག་གི་འཇིག་རྟེན་བྱེ་བ་ཕྲག་བརྒྱ་རུ།། སྤྲུལ་པ་བྱེ་བ་ཕྲག་བརྒྱས་འགྲོ་དྲུག་གིས།། དོན་རྣམས་ཇི་ལྟར་འདུལ་མཛད་ཐུབ་པ་དྲུག། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཁྱད་པར་ལས།། ་རྣམ་པར་སྣང་མཛད་དྲག་པོའི་འཕྲིན་ལས་ནི།། སྐུ་ཡི་དངོས་པོ་འཇོམས་པས་ཐོད་དབྱུག་བསྣམས།། དེ་ཕྱི་རི་ཤ་རི་སྒོ་བསྲུང་བའི་གཤིན་རྗེའི་གཤེད།། མཉམ་པ་ཉིད་ཀྱི་ཡེ་ཤེས་ཁྱད་པར་ལས།། རིན་ཆེན་འབྱུང་ལྡན་འཕྲིན་ལས་དྲག་པོས་ནི།། ་ཐུགས་ཀྱི་རྡོས་པོ་ཆོམས་པས་དོངས་གནོ།། དེ་ཕྱིར་ལྷོ་སྒོ་བསྲུང་བའི་རྣམ་པར་རྒྱལ།། སོ་སོར་དོག་པའི་ཡེ་ཤེས་བྱིན་བརླབས་ལས།། སྣང་བ་མཐའ་ཡས་འཕྲིན་ལས་དྲག་པོས་ནི།། གསུང་གི་དངོལ་པོ་འཇོམས་མཛད་ཐོང་སྦྲུལ་གནོས་ནོ་གུ་ཙུན་བསྡུ་པ་དི་འགྲིན་དཔ་གཏུ་ན་ཏན་ལས་ཁྱ་པར་ལས། དོན་པོ་དགུ་བ་དྷི་སྦྱིན་ལ་རྨཱ་། སྲིན་རྫ་ད་མ་ས ་མཛད་རྒྱ་གྲམ་གནོན།། དེ་ཕྱིར་བར་སྒོ་བསྲུང་བའི་བདུད་རྩི་འཁྱིལ།། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཁ་བར་ལས།། རྣམ་པར་སྣང་མཛད་འཕྲིན་ལས་དྲག་པོས་ནི།། བརྟག་པ་ལྟ་བ་འཇོམས་བསྡད་ལྕགས་ཀྱུ་བསྣམས།། ལོག་འདྲེན་སྙིང་འདྲེན་རྟ ་གདོང་ལྕགས་ཀྱུ་མ།། མཉམ་པོ་ཉིད་ཀྱི་ཡེ་ཤེས་ཁྱད་པར་ལས།། རིན་ཆེན་འབྱོང་ལྡན་འཕྲིན་ལས་དྲག་པོས་ནི།། ཆད་པར་ལྟ་བ་འཇོམས་བསྲུང་ཞགས་པ་བསྣམས།། ལོག་ལྟ་ཞི་མཛད་པག་གདོང་ཞགས་པ་ལ།། སོ་སོར་རྟོག་པའི་ཡེ་ཤེས ་ཁྱད་པར་ལས།། སྣང་བ་མཐའ་ཡས་འཕྲིན་ལས་དྲག་པོས་ནི།། མཚན་མ་ལྟ་བ་དབང་བསྡུད་ལྕགས་སྒྲོག་བསྣམས།། ལོག་ལྟ་དབང་བསྡུད་ཉི་ཟླ་ལྕགས་སྒྲོག་མ།། བྱ་བ་ནན་ཏན་ཡེ་ཤེས་ཁྱད་པར་ལས།། དོན་ཡོད་གྲུབ་པའི་ཕྲིན་ལས་དྲག་པོས་ནི། ་བབོདོག་ཏུ་ལྟ་བ་འཇོམས་མཛད་དྲིལ་བུ་བསྣམས།། ལོག་ལྟ་བརླག་བྱེད་ཐལ་བྱེད་དྲིལ་བུ་མ།། སྟོང་པ་ཉིད་ཀྱིས་ཡེ་ཤེས་ཁྱད་པར་ལས།། འཁོར་བ་མ་ངན་འདས་པའི་རྣམ་རྟོག་རྣམས།། བདེ་ཆེན་མཉམ་པའི་དཔལ་འགོད་མཛད་པས།། ཕྱག ་ཞབས་མཉམ་བཞག་ཡིད་གྱུར་ཀུན་ཏུ་བཟང་།། སྟོང་པ་ཉིད་ཀྱི་ཡེ་ཤེས་ཁད་པར་ལས།། འདུས་པས་འདུས་མ་བྱས་ཀྱི་ཆོས་རྣམས་ཀུན།། ཆོས་དབྱིངས་རྣམ་པར་དག་པའི་དབྱིངས་གྱུར་པས།། གསང་གསལ་ཕྱག་རྒྱ་ཆོས་གྱུར་ཀུན་བཟང་མ།། ་ཀུན་འབྱུང་ཀུན་གཞི་ཆོས་ཉིད་དབྱིངས།། མ་སྐྱེས་མི་འགག་ཀུན་ཏུ་སྣང་།། སྨྲ་བསམ་བརྗོད་མེད་ཡུལ་ལས་འདས།། མཐའ་ཡས་མཐའ་ཡས་བསྐྱེད་པའི་གཞི།། མི་རྟོག་དང་ལས་རྟོག་ཉིད་དུ།། བརྟགས་པས་སྟོང་པ་གང་བྱུང་བ།། དེ་ཉིད་རྟགས་པ།། ་ཆེན་པོ་སྟེ།། གང་མི་རྟོགས་པ་རྟོག་པའི་རྒྱུ།། སྟོང་ཉིད་མི་གཡོ་ནམ་མཁའ་ལ།། མི་བསྐྱོད་བདེ་བར་གཤེགས་མཛད་པའི།། མི་དམིགས་མི་རྟོག་དེ་བཞིན་ཉིད།། རྟོག་པ་སྣ་ཚོགས་བསྐྱེད་པར་མཛོད།། ནམ་མཁའ་དབྱིངས་ཀྱི་སྙིང་པོ་ལས།། རང ་བཞིན་ཀུན་ཏུ་སྣང་བའི་དངོས།། ཡོང་ལ་ཁྱབ་པའི་སྙིང་རྗེའི་ཡུམ།། མཐའ་ཡས་རྒྱལ་སྲས་བསྐྱེད་པར་མཛོད།། ཐ་དད་རྣམ་པར་སྣང་མཛད་ནས།། གསུང་གི་ཕྱག་རྒྱའི་ཡེ་ཤེས་ལས།། རྒྱལ་བ་རྣམས་ནི་ཡི་གོར་སྣང་།། ཡི་གེ་ཡེ་ཤེས ་བསྐྱེད་པར་མཛོད།། ཡེ་ཤེས་ཕ་རོལ་ཕྱི་ནི་རྫོགས་པའི།། རྣལ་འབྱོར་རིག་པའི་སྒོ་མཚོན་པ།། ཐུགས་ཀྱི་རྟག་སྣང་སྣང་བར་མཛོད།། རྣམ་གྲོལ་ཡེ་ཤེས་སྣང་བར་མཛད།། སྟོང་ཉིད་མི་རྟོག་ཡེ་ཤེས་ལས།། མུ་སྐྱེས་མི་འགག་གཟུགས ་སྣང་བརྡ་མཁའ་ལ་འཇའ་སྣང་ཇི་བཞིན་དུ།། དབྱིངས་ལས་ཕྱག་རྒྱ་བཞེས་སུ་གསོལ།། དེ་ཉིད་ཡི་གེའི་རང་བཞིན་ཏེ།། རང་བྱུང་ཡི་གེ་མུ་དུ་གསལ།། ཐམས་ཅད་ཡི་གེའི་རང་བཞིན་ཏེ།། མ་སྐྱེས་གསལ་བའི་ཡི་གོ་ཨཿ།། སེམས་ཉིད་ཡི ་གིའི་རང་བཞིན་ཏེ།། སྣ་ཚོགས་ཡི་གེ་ཧཱུཾ་དེ་གསོལ།། དུག་གིས་ནད་སེལ་ཇི་བཞིན་དུ།། རྟོག་པས་རྟོག་པ་ཞི་བར་མཛད།། དང་པོའི་ལས་ཅན་ངེས་པར་འབྱུང་བའི་གདུལ་བྱ་དག། རབ་འབྲིང་ཐ་མས་མཚན་མ་མེད་དང་མཚན་མ་ཡི།། རྣལ ་འབྱོར་རིམ་པས་འབད་དེ་ཉམས་སུ་བླངས་བྱའོ།། དམ་པའི་དགོངས་པ་དམན་པས་དཔག་པར་མི་འོས་ཀྱང་།། བསམ་པས་ད་ལྟར་མ་འོངས་དུས་ཀྱི་བདག་གཞན་ལ།། ཕན་ཕྱིར་ལུང་ལ་སྟེན་པའི ་བཀའ་སྒྲོས་རྗེད་བྱང་འདི།། ཚིག་དོན་འགལ་འཁྲུལ་འཕགས་དང་མཁས་པོ་རྣམས་ལ་བཟོད་པར་གསོལ།། དེ་ལྟར་མོས་པ་དག་དང་མོས་པའི་དགའ་བ་གང་དང་གང་།། བསམ་དཔོད་དགེ་བསྐུལ་ཤེས་རབ་འཕེལ་འགྱུར་གཅིག་པ ་ཡི།། དགེ་བ་ཅི་མཆིས་མ་འོངས་དོན་དུ་བསྔོས་པ་ཡིས།། འདི་ལ་མོས་པ་མཐའ་དག་གྲོལ་ཞིང་སྨིན་གྱུར་ཅིག། སློབ་དཔོན་བི་མ་ལ་མི་ཏྲ་ས། ཞང་ཛྙཱ་ན་ལ་གནང་། རྒྱུད་ཐམས་ཅད་ཀྱི་འགྲེལ་པ། ལུང་དམ་པའི་བཅུད། མན་ངག་མཐཱ ་དངག་གི་སྙིང་པོ།། རྣལ་འབྱོར་གྱི་ལམ་དམ་པ། ལོག་པའི་རྟོག་པ་ཞི་བར་བྱེད་པ། ཞི་བ་རྟོག་པའི་ལྷ་རྒྱུད་དེ།། གང་དག་དམ་པ་འདི་ལ་མོས་པ་མེད།། སྣོད་མིན་རྣམས་དང་ནམ་དུའང་མ་འཕྲད་ཅིག། གལ་ཏེ་འཕྲད་ནའང་མོས་པ་སྐྱེ་བ ་དང་། མོས་ཤིང་འཕྲད་ནས་སྨིན་ཞིང་གྲོལ་བར་ཤོག། རྫོགས་སོ།། ། ་