| Wylie | e-texts produced with BDRC’s OCR application |
དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། ཆོས་ཀུན་སེམས་སུ་བཅོམ་པས་ཡེ་ནས་ལྡན།། ཚིག་གི་མཐའ་ལས་འདས་ཀྱང་ཡོན་ཏན་དཔལ་དུ་ཤར།། ཀུན་ཏུ་སྒྲིབ་གཡོགས་བྲལ་བས་སྤོང་ལེན་དང་གིས ་མེད།། རང་བཞིན་གནས་པའི་ཀློང་དེ་རྟོགས་པས་ཕྱག་འཚལ་ལོ།། དེ་ལ་རྡོ་རྗེ་སེམས་དཔའ་སྒྲ་འཕྲལ་དྲ་བའི་སྒོར་ཞུགས་ཏེ། དད་པས་མོས་པ་དང་བརྩོན་འགྲུས་ཀྱིས་བདག་དང་གཞན་གྱི་དོན་བྱེང་ནུས་པའི་སློབ་བུས། དང་པོར་གཟུཊ ་བརྙན་གྱི་དཀྱིལ་འཁོར་ཆེན་པོར་ཕན་པའི་དབང་པོཅུ་དང་། ནུས་པའི་དབང་ལྔ་ཐོབ་པར་བ་སྟེ། དེ་ནས་རང་རིག་པའི་བརྟུལ་ཞུགས་དང་ལྡན་པའི་སློབ་བུ་ཁྲོའི་ནང་ནས་གཅིག་ཙམ་འབྱུང་སྲིད་པའི་དོན་དུ། གསང་བའི་དབང་དང་། ཡེ ་ཤེས་རང་གནས་ཀྱི་དབང་བསྐུར་བའི་གལ་པོ་དོན་མདོར་བསྡུས་ཏེ་དགྲོལ་བར་བའོ།། དེ་ལ་ཕྱོག་བཙལ་བ་དང་། དཀྱུས་ཚིག་ལྔའི་འབྲུ་ལྔར་བཙེམ་ཟིན་ཏེ།། སོར་བཞི་ཞེས་པ་རྒྱུད་ལས་སྨོས་པ་སྟེ། གསེར་རིམ་ཤིང་ཙན་དན་ལས་བྱས་པའི ་རྒྷ་ལ་སོར་བཞིའམ། མཛུབ་གང་ལ་ལེགས་པར་བས་ཏེ། སྨན་ལྔ་དང་། འོ་བྲུ་ལྔ་དང་། རིན་ཆེན་ལྔ་དང་། སྙིང་པོ་ལྔ་དང་། བདུད་རྩི་ལྔ། བང་ཆུབ་ཀྱི་སེམས་ལྡེ་གུར་བས་ཏེ། སྙོམས་པར་བྱུགས་ལ། དེར་རིག་པས་ས་བཅད་དེ་བང ་ཆུབ་སེམས་ཀྱི་སྤྲིན་ལས་བྱས་པའི་ཚོན་རྩིས། སྲན་ཙེ་ན་ཀ་གླེབས་པ་ཙམ་གྱི་པདྨ་ལ། སེན་ཟླུམ་ཙམ་གྱི་ཉི་ཟླའི་སྟེང་དུ་ལྷ་སོ་སོའི་ཕྱག་རྒྱ་ཏིལ་འབྲུ་གླེབས་པ་ཙམ་དུ་བྲིའོ།། གལ་ཏེ་དེ་ལྟར་མ་གྱུར་ན་ཡུམ་གྱི་མཁའ་ལ་སྦྱོར་བའི་ཐུགས་ཀྱི ་དཀྱིལ་འཁོར་ཚད་གོང་མ་བཞིན་དུ་རིག་པས་བསླབ་བོ།། བློ་དང་ལྡན་པའི་སློབ་དཔོན་གྱིས། དེ་ནི་སྔོན་ནས་བཙལ་བ་གང་ཞེ་ན། ཁྲུས་མཁན་ཞེས་པ་སྟེ། རྟོག་པ་ཆུང་བ་ལོ་གྲངས་བཅུ་གཉིས་སམ། ཉི་ཤུ་རྩ་གཉིས་སམ ་ལྔ་ལོན་པ་སྟེ། དེ་ལ་བླ་འོག་དུ་མ་གསུངས་སོ།། ལུས་ཀྱི་ཡོན་ཏན་གསུམ་ནི། བལྟ་ན་མཛེས་པ། ལུས་མཉེན་པ། འགྲོ་བའི་སྟབས་སྡུག་པའོ།། ངག་གི་ཡོན་ཏན་གསུམ་ལ། སྨྲ་བ་ཉུང་ཞིང་བརྫུན་སྤངས་པ་དང་། ངག་འཇམ་པ་དང་།། སྐད་ངང་པ ་ཞོན་ནུ་ལྟར་སྙན་པའོ།། སེམས་ཀྱི་ཡོན་ཏན་གསུམ་ནི། དད་པ་ཆེ་བ་བློ་རྣོ་བ་ཤེས་རབ་གསལ་བའོ།། སྤྱོད་ལམ་གྱི་ཡོན་ཏན་གསུམ་ནི། འཕྲལ་དུ་དལ་བ་དང་། བལྟ་ན་བརྟག་ཐུབ་པ་དང་། འགྲོགས་ན་དང་བ་ཆེ་བའོ།། གསང་བའི་ཡོན་ཏན་ནི་བཀའ ་བློ་བབདེ་བ་སྟེ།། ཇི་ལྟར་ཡང་སྔར་དུ་བཏུབ་པའོ།། དེ་ལྟ་བུའི་ཡུམ་སེམས་མའི་ཆ་བང་ཅན་དེ་ནི། མིང་གིས་མེད་དུ་མི་རུང་སྟེ། འདི་མེད་པར་དངོས་གྲུབ་འབྱུང་དུ་རེ་བ་ནི། དཔེར་ན་ས་གཞི་མེད་པར་འབྲས་བུ་བསྐྱེད་པར་འདོད་པ་དང་འདྲའོ།། དེ་ནས་ཡི་གེ ་ཞིན་ཁྲུས་དག་པར་བས་ལེ། དེ་ནས་ཡི་གེ་ལས་འབྱུང་བའི་སྤོས་དང་། ཏིལ་མར་དུ་བསྲེས་ཏེ་ལུས་ལ་བྱུག་པ་དང་། ཡི་གེའི་སྤོས་པ་མ་དང་། སྦྲང་རྩི་རི་ལུ་རྒྱ་ཤུག་གི་འབྲས་བུ་ཙམ་པས་ལ། འདི་ནི་ཁིའི་ངད་བསྐྱེད་པའི་ཐབས་དམ་པའོ།། དེ་ནས ་དང་གདུ་བུ་ལ་སོགས་པའི་རིན་པོ་ཆེ་སྣ་ཚོགས་དང་། རས་སམ་དར་ལ་སོགས་པའི་ཆོས་ཀྱིས་མཛེས་པར་བའོ།། དེ་ནས་སྟན་ལ་བཞག་ལ་མཆེད་པ་ཡང་བཤམས་ཏེ། ཡུམ་དེ་རྟོག་པ་གསལ་བ་ལ། ཏིང་ངེ་འཛིན་དང་ལྡན་པ་ཞིག་ན། རང་གི ་གཙོ་བོ་དང་མཉམ་དུ་བྱིན་གྱིས་བརླབ་པོ།། དེ་ལྟར་མི་ལྡན་ན་གཙོ་བོས་བྱིན་གྱིས་བརླབས་པ་ཇི་ལྟར་བ་ཞེ་ན། བདག་གི་ཡུམ་དུ་ལེགས་པར་བསྐྱེད་ལ། དེའི་ལག་པ་གཡས་པ་ལ། གཞན་གྱིས་མི་ཐུབ་མ། གཡོན་ལ་རོ་ལངས་མ། ཁ་ལ་ཁྲོ ་གཉེར་མ། ཕྱིའི་པདྨ་ལ་རལ་གཅིག་མ་དགོད།། དེའི་སྤྱི་བོར་ཨོཾ་ལས་ཀུན་ཏུ་བཟང་མོ།། ལྕེ་ལ་ཨོཾ་ལས་གོས་དཀར་མོ།། སྙིང་ཀར་ཧཱུཾ་ལས་སངས་རྒྱས་སྤྱན། ལྟེ་བར་སྭ་ལས་མཱ་མ་ཀཱི། ནང་གི་པདྨ་ལས་དམ་ཚིག་སྒྲོལ་མ། དེ་རྣམས་སྐུ ་མདོག་ཕག་མཚན་རྣམས་ཀྱང་ལེགས་པར་གསལ་བར་བྱའོ།། དེ་ནས་རྒྱལ་བ་བཞི་བཅུ་རྩ་གཉིས་ཀྱི་ཏིང་ངེ་འཛིན་གྱིས་དཀྱིལ་འཁོར་བསྐྱེད་པ་དང་། སྤྱན་དྲང་བ་དང་། རང་གི་མཆོད་པ་ཀུན་གྱིས་ཀྱང་མཆོད་དེ། དེ་ནས་མཁའ་ལས ་གས་སོ་སོའི་ཡུམ་དང་འཇོ་སྒེག་དང་ཆས་པའི་སེམས་མ་རྣམས། བྱང་ཆུབ་སེམས་ལས་སྤྲོས་ཏེ། བསམ་པ་དང་ཆས་ནས་ནས་མཆོད་དོ།། དེ་ནས་དེ་བཞིན་གཤེགས་པའི་ཡོན་ཏན་ཐོབ་པར་འདོད་པའི་སློབ་བུས། ཁྲུས་བས་ལ་མིག ་བཀབ་ལ་གསེར་དང་བཻ་ཌཱུཪྻ་ལ་སོགས་པའི་རིན་པོ་མེ་ཕངས་པ་མེད་པ་ཐོགས་ནས། སེར་སྣའི་སེམས་སྤངས་ཏེ། བང་གི་དཀྱིལ་འཁོར་ལ་སེམས་གཏད་ལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་འདོད་པར་གསོལ་བ་བཏབོ་སྟེ། ཡི་གེའི ་འབྲུ་ནི་མ་བཅོམ་མོ།། དེ་ནས་བང་གི་དཀྱིལ་འཁོར་ལ་གཏོར། དེ་ནས་སློབ་དཔོན་གྱིས་ཚིས་བརྒྱད་ཀྱི་ཕྱོགས་གཉིས་སྤངས་པའི་སེམས་ཀྱིས། སློབ་བུའི་ལག་པ་གཡོན་པ་ནས་མཐེབ་སྲིན་གྱིས་བཟུང་ལ། བུ་འདིར་ཤོག་ཅིག་ཞེས་བྱ ་བའི་གནང་བའི་ཚིག་གི་དྲངས་ཏེ། གཡས་སུ་བཞག་ལ། རང་གི་ལྷར་བསྐྱེད་ཅིང་བྱིན་གྱིས་བརླབས་ཏེ། ཉེ་བ་དང་རིང་བ་སྤངས་པར་བཞག་གོ། དེ་ནས་བདུད་རྩི་བཏབ་པའི་ཡོལ་བས་བཅད་ལ། སློབ་དཔོན་གྱིས ་བདག་ཉིད་ལྷར་གསལ་བ་ལས། ཡུམ་དང་མཐུན་པའི་གནས་སུ་རིགས་ལྔ་དང་ཁྲོ་བོ་བཞི་ཡང་བསྒོམས་ལ། དཔེར་ན་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་སྟོང་གསུམ་གྱི་སྟོང་ཐམས་ཅད་ཉུངས་འབྲུ་གཅིག་ཏུ་ཆུད་པར་མཛད་པ་ལྟར ་མཁའི་རྡོ་རྗེ་དབྱིངས་ཕྱུག་མའི་རྩ་ལ་བཞི་བཅུ་རྩ་གཉིས་ཚང་བར་བཀོད་པ་དེར་དུས་ཀྱི་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་རིལ་སྤྱན་དྲངས་ལ་བསྟིམ་མོ།། དེ་ནས་ཐིག་ལེ་ཉིད་མ་སྐྱེས་པས་ཕུང་པོ་དང་ཁམས་སུ་མ་གྲུབ་པར་ཤེས་ནས། སེམས ་ཅན་ལྟ་བུའི་འདོད་པའི་དངོས་པོ་སུ་ལ་ལྡང་སྟེ་མི་ལྡང་བའི་སེམས་ཀྱིས་རོལ་པར་བྱའོ།། དེའི་ཚེ་རིགས་པས་མཁའི་སངས་རྒྱས་ཀུན་ཀྱང་བཞུགས་བཞིན་དུ་མ་སྐྱེས་པར་ཤེས་པའི་ཡི་གེ་ཧཱུཾ་དང་ཕཊ་གཉིས་འདུ་འབྲལ་མེད་པས་རྒྱལ་བ་ཐམས་ཅད་མཉེས ་པའི་ཡེ་ཤེས་སྐྱེ་བ་དང་། འོག་ནས་འབྱུང་བའི་བཀུག་པ་བྱས་ཏེ། སྤྲུལ་པའི་འཁོར་ལོ་ལ་བཟློག་ནས། གནས་དེར་རྒྱ་མཚོ་ཙམ་བསྙིལ་ཞིང་བཞག་པས། དེ་ཁོ་ན་རྒྱལ་བ་ཐམས་ཅད་མཉེས་པའི་མཆོད་པ་ཆེན་པོ་ཡིན་པས། རྒྱུད་ལས་ཀྱང་། འཁྲིལ ་འི་མཆོད་ཆེན་མཉམ་སྦྱོར་བས།། བདག་ཉིད་མཉེས་བས་མཉེས་པར་བ།། ཞེས་གསུངས་སོ།། སྒོ་འབེད་ཅེས་པས་ཧཱུཾ་གིས་སྒོ་པོ་བས། བདེ་བ་ཉམས་སུ་མྱོང་ནས་ཀྱང་བཀུག་ཅིང་སླར་བསྙིལ་ལ། ཐ་མར་ཟད་པ་མེད་པའི་རྒྱ་མེ་ཚེ་ལས། གཞལ ་ཡས་ཁང་གི་ཕྱི་འཁྱམས་སུ་བུདྡྷ་བཞི་བཅུ་རྩ་གཉིས་དང་། ཐབས་གཅིག་ཏུ་བཞུགས་པ་ལས། སློབ་དཔོན་སྐུ་བསྐྱོད་དེ་ཕཊ་བྱུང་བས་སྒོ་ཕྱེ་བ་དེ། གཡས་པའི་རྡོ་རྗེས་སྒོ་བཅད་ལ། སློབ་བུས་བརྡས་བོས་ཏེ། ཧཱུཾ་ང་ནི་རྒྱལ་བ་ཀུན་གྱི་བླ་ཞེས ་བསྒོ་བ་བྱས་ནས་མཐེབ་སྲིན་གྱིས་རྟ་བབས་ལ་བཀུག་པ་དེ་ལྷ་ཀུན་ཀྱང་། རྡོ་རྗེ་སེམས་དཔར་གྱུར་པ་དེ། ལྗགས་རྡོ་རྗེ་རྩེ་ལྔ་པ་ལས་བླངས་ཏེ་སློབ་བུའི་ལྕེ་ལ་སྙིམ་མོ།། དེ་ཙམ་ན་དུས་གསུམ་གྱི་ཆོས་ཐམས་ཅད་དང་། ཁམས་གསུམ་གྱི ་སེམས་ཅན་ཀུན་དང་། ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱང་བདེ་བ་ཆེན་པོ་བྱང་ཆུབ་སེམས་སུ་གསལ་བས། རྒྱལ་བ་ཐབས་སྤྱི་བླུགས་སུ་གསུངས་སོ།། དེ་ལ་རྡོ་རྗེ་རྒྱལ་པོ་བསམ་པས་ནི། རྡོ་རྗེ་སེམས་དཔའ་ནམ་མཁའ་ལ་འཚེར་བ ་ཉུང་འབྲུ་ཙམ་གྲངས་མེད་པོ་བབས་པས། འོད་ཀྱིས་ལུས་ངག་ཡིད་གསུམ་གྱི་བག་ཆགས་ཐམས་ཅད་བསྲེགས་ནས། ལུས་ཆོས་ཉིད་ལ་སེམས་ཡེ་ཤེས་སུ་གསལ་བ་དང་། སྙིང་ཆོས་ཀྱི་འཁོར་ལོའི་ནཱག་རྩ་བརྒྱད་ཡོད་དེ། གསུམ་ཆོས་ཉིད ་ཀྱི་རྩགཅིག་ཡེ་ཤེས་ཀྱི་རྩ། གསུམ་རང་རྒྱུད་ཀྱི་རྩ། གཅིག་ཡོན་ཏན་གྱི་རྩའོ།། དེ་ལ་ཆོས་ཉིད་ཀྱི་རྩ་ལ་ནི་འོད་སེར་པོ་ཅིག་ཡོད་པ་ལས་སུ་དང་ཏྲི་གནས་ལ། དེ་ལ་ཀུན་གཞི་གནས་སོ།། ཡེ་ཤེས་ཀྱི་རྩ་ལ་འོད་མཐིང་ཀའི་ནང་ན་ཨ་དང ་ནི་ཡོད་པ་དེ་ལ་ཡིད་གནས་སོ།། རང་རྒྱུད་ཀྱི་རྩི་ལ་འོད་དམར་པོའི་ནང་ན་པྲི་དང་དུ་གཉིས་ཡོད་དེ་དེ་ལ་ཉོན་མོངས་པ་ཅན་གྱི་ཡིད་གནས་སོ།། ཡོན་ཏན་གྱི་རྩ་ལ་འོད་དམར་ནག་གི་ནང་ན་གཉིད་གནས་སོ།། དེ་ལ་ཨ་ནི་གཉིས་དབུགས་ཀྱི་སྙིགས་མ་ལ ་རྒྱའོ།། སུ་ཏྲི་གཉིས་རྩ་བའི་སྙིགས་མ་ལ་རྒྱུའོ།། པྲེ་དུ་གཉིས་ཁྲག་གི་སྙིགས་མ་ལ་རྒྱུ། རྩ་དེ་དག་གི་མདོ་ནི་ཡེ་ཤེས་རང་གནས་ཀྱི་རྩ་དར་དཀར་གྱི་སྐུད་པ་འམ། བ་དག་བརྐྱང་བ་འདྲ་བ་རྟ་རྔ་བཅུར་བཤགས་པ ་ཙམ་གཅིག་གིས་བཟུང་ནས་གནས་སོ།། དེའི་ནང་ན་ཁྲག་གི་དངས་མ་མཚལ་ཙོག་ལ་མ་འདྲ་བ་ལ། དབུགས་ཀྱི་དེངས་མ་གསེར་ས་འོག་ན་གནས་པའི་རླངས་པ་ཙམ་ཞིག་ལ། འོད་ཁ་དོག་སྣ་ཚོགས་པའི་དཀྱིལ་ན་བྱང་ཆུབ་སེམས་སྤྲོས་པ ་མེད་པའི་ཐིག་ལེ་ཚེགས་བརྒྱད་གང་ཡང་མ་ཡིན་པ་ངོ་བོ་ཉིད་ཀྱིས་བཞུགས་སོ།། དེ་ལ་རྡོ་རྗེ་རྒྱལ་པོའི་བསམ་པ་ནི། རྡོ་རྗེ་སེམས་དཔའི་འོད་ཀྱིས་ཡི་གེ་དྲུག་བསྲེགས་པས། ཤེས་པ་གསུམ་གཉིད་དང་བཅས་པ་ཡེ་ཤོས་ཀྱི་འོད་དུ་གྱུར་པ་དེ། ་མ་ཧཱ་སུ་ཁ་ལ་འདུས་པས་དེ་ཉིད་ཅིར་ཡང་མ་གྲུབ་སྟེ། གདགས་བསྐྱེད་ཐམས་ཅད་དང་བྲལ་བས་ཡེ་ཤེས་བླ་མའི་ས་ནོན་པར་བསམ་མོ།། དེ་ཉིད་ཧཱུཾ་དཀར་ལ་འཚེར་བ་ཞིག་ཏུ་གྱུར་པ་ལས་ཧཱུཾ་ཐམས་ཅད་བདེ་བ་ཆེན་པོའི་དབྱིངས། ཞེས་བྱ་བའི ་ཡིག་འབྲུ་མ་བཅོས་ཏེ། སྔགས་དང་བཅས་པ་བརྗོད་པས། སློབ་བུ་ཚེ་མཆོག་ཏུ་བསྐྱེད་པ་ནི་གསང་བ་སྟེ། བསྐྱེད་པའི་རྫོགས་པའོ།། དེ་ལ་ལུང་སུམ་རྒྱུད་ཁྲོ་བོའི་རྒྱན་ཐམས་ཅད་ཀྱང་རྫོགས་པར་བསྒོམ། ཐིག་ལེ་དབུལ་ཏོ་སློབ་བུའི་ཐིག་ལེ ་ཁྲུས་དང་མཛེས་པར་བརྒྱན་ལ་དབུལ་ལ། དེ་སློབ་དཔོན་གྱིས་ཀྱང་རང་གི་ཡུམ་བཞིན་དུ་བྱིན་གྱིས་བརླབས་ཏེ། སྔོན་བཞིན་སྦྱོར་བའི་རྡོ་རྗེ་རྩེ་ནས་ཟླ་བ་ལ་ཕཊ་ཡོད་པ་རྡོ་རྗེ་དབྱིངས་ཕྱུག་རྩ་ལ་རེག་སྟེ་མ་བསྐྱིལ་བར་སྤྲོས་ལ། སྣང་བ་ཐོབ་པ་དང ་དོན་དམ་པའི་ལྟེ་བར། ཟླ་ཚེས་གཉིས་ཀྱི་དབུས་སུ་ཐིག་ལེ་ཅིག་གསང་བའི་རྩ་སྦུབས་སུ་བསམས་ལ། ཡེ་ཤེས་ཀྱི་སྤྱི་སྟེ་ས་བོན་ལ་ཕོག་པར་སྤྲོའོ།། ལྷག་མ་གཞལ་ཡས་ཁང་གི་ཁྱམས་ལ་ཡོད་པ་མཐེབ་སྲིན་གྱིས་ཐིག་ལེ་ཉིད་དབང་བསྐུར་ཏེ། ་སློབ་བུ་བཀུག་ལ་སློབ་བུའི་ཐབས་ཀྱི་གུབ་མོ་དང་ཐིག་ལེའི་ཤེས་རབ་ཀྱི་གུང་མོ་ལྷོ་སྦྱར་བ་རིན་པོ་ཆེས་བཅིངས་པའི་མ་དོ་སློབ་དཔོན་གྱི་མཐེབ་སྲིན་གྱིས་བཟུང་ལ། བདེ་བ་ཆེན་པོ་ཆོས་ཀྱི་སྐུ་ཞེས་བརྗོད་དེ་གཏད་ལ། ཚིག་དེའི་དོན་བཤད་པ་དང་། ་དེ་ཤེས་ནས་སློབ་བུ་ཡིས་སྙིང་ཁར་རྡོ་རྗེ་དྲིལ་བུ་བཤིབས་ཏེ་བཟུང་ལ། ཨོཾ་མི་འགྱུར་བའི་ཞེས་བདེན་པའི་ཚིག་བརྗོད།། དེ་ནས་རྫོགས་པའི་རྫོགས་པ་བཤད་དེ། སྦྱོར་བ་ནི་ཡེ་ཤེས་རང་གནས་ཞེས་པ་སྟེ། འདི་ཉམས་སུ་མི་ལེན་པ་ལ་ཡེ་ཤེས ་ཀྱི་དབང་ཐོབ་ཅིང་ཡོད་པར་མ་གསུངས་སོ།། དེ་ནས་རྒྱུད་ལས། དེ་ནས་རིགས་ཀྱི་བུ་མཆོག་ངེས། རྒྱལ་སྲིད་དང་ནི་རང་གི་ལུས།། བུ་དང་ཆུང་མ་ནོར་གྱི་དབྱིག། རབ་ཏུ་གཅེས་དང་ཡིད་འཐར་དབུལ།། ཞེས་འབྱུང་བས། དེའི་དོན་དཀྲོལ་ལ ་ན་དབུལ་ལོ།། དེ་ལྟ་བུའི་སློབ་བུས་ལས་སུ་བྱ་བའི་མིན་ངག་བསྟན་པ་ནི། སྤྱིར་གཟུགས་ཅན་གྱི་སེམས་ཅན་ཐམས་ཅད་ལ་རང་འབྱུངག་འཁོར་ལོ་ཆེན་པོ་དྲུག་རང་ཆས་སུ་གནས་ཏེ། དེའི་བདེ་བ་ཆེན་པོའི་འཁོར་ལོ་ཆོས་ཀྱི་སྐུའི་མཚན་ཉིད ་དང་ལྡན་པ་གང་ཞེ་ན། མགོ་ཁོའི་རྩ་ཉིད་པདྨ་འདབ་མ་ལྡན་པ་གཡས་ནས་བཅུ་དྲུག་གི་མདོ་གཡས་པའི་ཀེའི་འཕར་རྩར་འདུས། དེ་ཐུར་དུ་བཅས་པ། ལ་ལ་ནཱ་སྟེ་རྡོ་རྗེ་དྲི་ཆུའི་རྩའོ།། གཡོན་ནས་བཅུ་དྲུག་གི་མདོ་གཡོན་པའི་འབར་རྩེ་བུར་དུ་བཅས ་བ་ར་ས་ནཱ་སྟེ་རཀྟའི་རྩའོ།། དབུས་ཐིག་ལེ་ཆེན་པོ་ཆོས་ཉིད་ཀྱི་སྐུ་ཟླ་བ་རྒྱས་པ་ལྟ་བུ་ལས། ཚངས་པའི་རྔ་རྟོག་པའི་གགས་དང་བཅས་པའི་ཐུར་དུ་བྱུང་བ་ནི། ཨ་བ་དྷཱུ་ཏི་ཀ་སྟེ། བདེ་བ་ཆེན་པོའི་ལམ་དེ་སངས་རྒྱས་སེམས་ཅ ་ཐམས་ཅད་ཀྱི་གཏེར་ཡིན་པར་གསུངས་སོ།། དེ་མན་བཅང་འཁོར་ལོ་དང་པོ་ལམ་དང་བཅས་པར་བསྟན་ཏོ།། གཉིས་པ་ལོངས་སྤྱོད་རྫོགས་པའི་འཁོར་ལོ་ནི། མགྲིན་པ་ན་ཡོད། དེའི་པདྨ་ནི་ལྡན་པ་ཕྱོགས་གཅིག་གི་ཆ་སྟེ། བཅུ་དྲུག་གོ། ་དེ་དག་ལས་སྐྱེས་པ་ནི། རང་བཞིན་གྱིས་མཁའ་འགྲོ་མ་རྔམ་པ་ཞེས་བྱ་སྟེ། ཅི་ཡང་གནས་པ་མེད་པར་ལོངས་སྤྱོད་ཐམས་ཅད་ལོ་རོལ་པ་ནི་ལྕེ་སྟེ་ཕྱི་ནང་ཀུན་བརྡ་ཕྲད་པར་བྱེད་པས་ཁྱབ་མ་ཞེས་ཀྱང་གསུངས་སོ།། གསུམ་པ་ཆོས་ཀྱི་འཁོར་ལོ་ནི ་སྙིང་ལ་གནས་ཏེ། སྙིང་དཀར་བ་ནི་ཟླ་བ་སྟེ་ཐབས་དམར་བ་ནི་ཉི་མ་སྟོ་ཤེས་རབ། སྙིང་ལ་གཤི་ར་ཉིད་འདབ་མོ་བརྒྱད་དོ།། དེ་བརྒྱད་ཀྱང་རྩ་བཞིར་འདུས་ཏེ་ཆོས་ཉིད་ཀྱི་རྩ་དང་། ཡེ་ཤེས་ཀྱི་རྩ་དང་། རང་རྒྱུད་ཀྱི་རྩ་དང་། ཡོན་ཏན་གྱི་རྩའོ།། དེ་དག ་འདི་བཞིན་ནི་སེར་པོ་དང་། མཐིང་ཀ་དང་། དམར་པོ་དང་། བའི་ལྐོག་ཞོལ་ལྟར་དམར་ནག་གོ།། ས་བོན་ནི་ཡི་གེ་དྲུག་གྲོ། དེ་ལ་གནས་པ་ནི་འོད་སེར་པོ་ལ་ཀུན་གཞི་སྐད་ཅིག་མ་གནས་སོ།། མཐིང་ཀ་ལཱ་ནི་ཡིད་གནས་སོ།། མཐིང་ཀ་ལ་ནི་ཡིད ་གནས་སོ།། དམར་པོ་ལ་ཉོན་མོངས་པའི་ཡིད་གནས་སོ།། ངོ་མར་ནག་ལ་གཉིད་གནས་སོ།། རྩ་དེ་རྣམས་ཀྱི་མདོ་ནི་ཡེ་ཤེས་སྙིང་པོའི་མཁའ་ཞེས་བྱ་སྟེ། བ་ཐག་བརྐྱང་བ་འདྲ་བ་དེ་ནི་ཡུམ་གྱི་མཁའ་སྟེ་ལྷུན་གྱིས་རྫོགས་པའི་ཡེ་ཤེས་སོ།། དེའི ་ང་ཁྲག་གི་དངས་མ་མཚལ་ལྕོག་ལ་མ་འདྲ་བ་ནི་མི་འགྱུར་བའི་སྐུ་སྟེ་མེ་ལོང་ལྟ་བུའི་ཡེ་ཤེས་སོ།། དེ་ལ་དབུགས་ཀྱི་དངས་མ་གསེར་ས་འོག་ན་ཡོད་པའི་རླངས་པ་ཙམ་ཞིག་ཡོད་པ་དེ་ནི། མ་བསྒྲུབས་པའི་ས་ཏེ། ཡེ་ཤེས་སོ།། དེ་ལ་འོད་ཁ་དོག ་ཚོགས་ཡོད་པ་ནི་མ་བཙལ་བའི་དོན་ཏེ་ཅི་ཡང་ས་ལེ་མཁྱེན་པའི་ཡེ་ཤེས་སོ།། དེའི་ནང་ན་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་སྤྲོས་པ་མེད་པའི་ཐིག་ལེ། ཚོགས་བརྒྱད་གང་ཡང་མ་ཡིན་པ་ངོ་བོ་ཉིད་ཀྱི་སྐུ་བཞུགས་པ་ནི། དཔེར་ན་གསེར་གྱི ་གུཕུར་རིན་པོ་ཆེའི་སེའུ་བཅུག་པ་འདྲ་བར་པི་ནང་མེད་པར་གསལ་བ་དེ་ནི། རང་བྱུང་གི་ཡེ་ཤེས་ཞེས་ཀྱང་བ། མི་གནས་པའི་ཡེ་ཤེས་ཆེན་པོ་ཞེས་ཀྱང་བ་སྟེ། དེ་ནི་རྫོགས་པའི་རྫོགས་པ་བ་པ་བརྩལ་དང་བྲལ་བའོ།། གཏན་ཚིགས་དེའི་ཕྱིར་སྙིང ་ལ་ཆོས་ཀྱི་འཁོར་ལོ་ཞེས་པའོ།། བཞི་པ་སྤྲུལ་པ་སྐྱེ་བའི་འཁོར་ལོ་ནི། སེམས་ཅན་གང་ཡང་རུང་སྟེ། ཡན་ལག་ལྔ་ལ་དུར་ཁྲོད་ལྔ།། མཚན་མ་དུར་ཁྲོད་གཅིག། ནང་ཁྲོལ་ལ་དུ་རཾ་ཁྲོད་གཅིག། ལུས་སྙིང་བཙས་པ་ལ་དུར་ཁྲོད་གཅིག ་བརྒྱད་པོ་དེ་ཀུན་བསྡུས་པའི་རྩ་དུ་ཞེ་ན། བཅུ་ཕྲག་དྲུག་ཞིག་དང་། གྱེ་ནཐུར་གྱི་རྩ་ཆེ་བ་བཞི་སྟེ་དྲུག་ཅུ་རྩ་བཞིའོ།། དེ་དག་ལྟེ་བ་ནས་སྤྲོས་ལ་འདུས་ཀྱང་དེར་འདུས་ཏེ། དེ་ལུས་གཟུགས་ཁམས། ངག་འདོད་ཁམས། སེམས་གཟུགས་མེད་པའི ་ཁམས་དང་གསུམ་ལ་ཁྱབ་པས་སྤྲུལ་པ་སྟེ། དེ་དག་གི་མདོ་ནི་ལེན་པ་མེད་པའི་རྩ་ཞེས་པ་སྟེ། སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་དབུགས་ཀྱང་དེར་རྒྱུའོ།། དེ་བས་ནི་ལེན་པ་མེད་པའི་དབུགས་ལ་མི་གཡོ་བའི་མཁའ་འགྲོ་མ་ཞེས་བུད་མེད་ཀྱི་རྒྱུད་ལས ་བཤད་དོ།། ལྔ་པ་མེའི་དཀྱིལ་འཁོར་ནི། སྤྲུལ་པ་ནས་མར་གྱི་ཐབས་ཀྱི་ཕྱག་རྒྱ་གསུམ་དང་། གཅིག་བོར་བ་མན་ཆད་དེ། ཡུལ་ཡངས་དོག་གི་ཕྱག་རྒྱ་བཞིའོ།། དེ་ན་རྡོ་རྗེ་དབྱིངས་ཕྱུག་མའི་སྣ་རྩེ་དང་མཉམ་པོར་གནས་པས ་སྤོསྦྱོར་མ་ཞེས་བྱའོ།། གྲུ་གསུམ་ལོགས་གསུམ་སྟེ་དྲུག། དབུས་ཀྱི་ཆ་གཉིས་ཏེ་བརྒྱད། དེ་ནི་སྤོར་མ་བརྒྱད་དོ།། དྲག་པོ་ནི་གྲུ་གསུམ་གྱི་བརྡའོ།། དྲུག་པ་རླུང་གི་འཁོར་ལོ་ནི། ཐབས་ཀྱི་རླུང་བཅུ་བཤད་ན་འདིར་གཉིས་ཤིག་བཟུང་ངོ་།། དེ་ལ ་སྟོད་ཀྱི་རླུང་ནི་བསྡམ་པའོ།། སླད་ཀྱི་རླུང་ནི་གཡོ་བ་སྟེ། དེའི་དབྱིབས་ནི་ཟ་ཧོར་གྱི་གཞུང་འོད་མ་བཀུག་པ་འདྲ་བའོ།། མགོ་བོ་སྦྲུལ་ལྟ་བུ་ལ་སྣལ་བ་ད་ནི་སྦྲུལ་ལྕེ་ལྟ་བུ་ཡོད་པའི་ཆང་པའི་དཀྱིལ་གྱི་བུ་ཁ་ན་ཡི་གེ་ཡཾ་དམར་སྐྱ་རང་བཞིན་གྱིས་ཡོད ་པའོ། རླུང་འདི་ལས་ནི་གོམ་པ་འདོར་བ་དང་། ཕོ་མའི་ས་བོན་འབྱིན་པ་དང་ཀུན་རྫོབ་ཀྱི་རླུང་དང་། བཤང་གཅི་འབྱུང་བའི་ལས་བྱེ་པེ། གལ་ཏེ་རླུང་འདི་མེད་ན་ལས་དེ་ཀུན་འགོག། ཡུལ་ནི་ཕག་རྒྱ་བརྒྱད་དོ།། རྒྱུ་བ་ནི་ལྟེ་བ་ནས་རྐང་མཐིལ་ཡན་ཆད་དུ་རྒྱུའོ།། ་དེ་ལས་ལས་དང་པོ་པས། ཡཾ་གིས་བསྐྱེད་དེ་སྦར་ནས་འཁོར་དང་དུར་ཁྲོད་ཀུན་མ་ཧཱ་སུ་ཁེ་ལ་འཛུད་པའི་དུས་ན། གཏུམ་མོ་ཞེསཽ་བུད་མེད་ཀྱི་རྒྱུད་ལས་བཤད་དོ།། འདི་ནས་མར་ཡེ་ཤེས་དབབ་ཅིང་དགུག་པའི་ཐབས་མདོ་ཙམ་ཞིག་བསྟན་ཏེ།། ་དོན་དམ་པའི་ས་ཕྱག་རྒྱ་གཅིག་ལ་ཟླ་བོ་ཆེས་པ་གཉིས་གྱེན་ཐུར་དུ་ཁ་སྦྱར་བའི་བར་དུ། ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་ཉིད་ཆོས་སྐུ་དང་ཐ་མི་དད་པོ་ཉུངས་དཀར་ཆེ་ཚད་བསྒོམ་པ་ནི་དབབ་པ་གཅིག་གོ། རྐྱང་པ་ཞེས་པ་དོན་དམ་པའི་ཕྱག་རྒྱ་ཕྱེད་ལ་སེམས ་སྔོན་ལྟ་བུ་འོད་ལ་ཡང་མི་གནས་པས་བསྒོམ་པ་ནི། ཟླ་བ་དྲུག་གིས་སྣང་བ་འཐོབ་སྟེ། དེ་ལྟར་སྤྲུལ་པའི་འཁོར་ལོ་ལ་ཐབས་གསུམ་མོ།། ཆོས་ཀྱི་འཁོར་ལོ་ལ་མཁའ་འགྲོ་མ་མེད་པའི་པདྨ་ཅན་དང་མཁའ་འགྲོ་མར་ལྡན་པ་དང་། རྩ་བརྒྱད་ཀྱི་མདོ་ཡེ ་ཤེས་སྙིང་པོའི་རྩ་ལ། མ་ཧཱ་སུ་ཁ་ཉི་མ་ལྟར་དམིགས་པ་ནི་ཁམས་གསུམ་ཀུན་ཀྱང་དག་པའི་སྣང་བས་འགགས་པ་སྟེ། ཐབས་གསུམ་མོ།། དེ་ཉིད་ལས་ཐིག་ལེ་བསྐུལ་པ་ནི་མྱུར་བའི་ཐབས་ཏེ་བཞིའོ།། དེ་ལ་སོགས་པ་ཡེ་ཤེས་དགུག་པ ་ཐབས་མཐའ་ཡས་པ་ཀུན་ནི་སྣང་བ་ཐོབ་ཀྱང་དངོས་གྲུབ་ཆེན་པོ་ཤིན་ཏུ་བུལ་བ་སྟེ། ལོག་པའི་ལམ་དུ་ལྷུང་བ་ཡང་མང་ངོ་།། དེ་དག་ནི་རྫོགས་པའི་བསྐྱེད་རིམས་ཏེ་བུད་མེད་ཀྱི་རྒྱུད་ལས་ནི་ཐབས་དམ་པར་བཞག་གོ།། ད་ནི་རྫོགས་པའི་རྫོགས་པ ་སྟོན་ཏེ། རང་བཞིན་ངོ་བོ་ཉིད་ཀྱི་ཡུམ་སྟེ། ཡོན་ཏན་གྱི་མཚན་ཉིད་བཅུ་གསུམ་རྫོགས་པས་མཐོང་བ་ཙམ་གྱི་སྣང་བ་ཐོབ་པའི་ཡིད་གཡོ་བ། ཡི་གེ་མེད་པ་ནི། ཨཱ་སྟེ་ཆོས་ཉིད་དུ་རྟོག་པ་ནི་ཉིན་མོ་ཡང་མ་ཡིན་མཚན་མོ་ཡང་མ་ཡིན་པའི་ཏིང་ངེ ་འཛིན་ལྡང་བ་སྟེ། འདི་མ་ཤེས་པར་དངོས་གྲུབ་ཐོབ་པར་རེ་བ་ནི། ནམ་མཁའ་ཁུ་ཚུར་གྱིས་སོད་པར་རེ་བ་དང་འདྲའོ།། རྡོ་རྗེ་མའི་སྣ་བསྐུལ་བ་ནི། ཧཱུཾ་ཕཊ་ལས་ལྟོས་པ་མ་ཡོན་ཏེ། མཁྱུད་པའི་གར་གསུམ་གྱིས་སྣང་བ་དང་པོ་ཐོབ་ཙམ་ན། འཁོར་ལོ་ལ ་བཟློག་པ་ནི་རྣལ་འབྱོར་རྫོགས་པའི་དང་པོ་པ་སྟེ་བ་མའོ།། རྣལ་འབྱོར་པ་ཐབས་དང་ཤེས་རབ་གང་ཡིན་ཡང་། སྐུ་སྟག་ཕྲུ་གུ་རྒྱུག་པ་ལྟར་བྱ་སྟེ། བཀུག་ལ་སྟོད་ཀྱི་རླུང་འཕྲོ་འདུ་གང་གི་དུས་སུ་ཕྱིན་ཀྱང་རུང་སྟེ་བཅུ་དྲུག་གི་འཁོར་ལོ་ལ་ཕྱེད་མར་བཅ ་དེ། དེ་ཁོ་ན་ཉིད་གསང་སྒོ་ཐུབ་ཚད་དུ་བསྡམ། ཡཾ་དམ་པར་བཞག་པ་ནི་རྫོགས་པའི་འབྲིང་གི་འབྲིང་ངོ་།། དེ་ཉིད་ལས་དབུའི་འཁོར་ལོ་པད་ནི་ཅི་ཡང་མ་ཡིན་པས། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཀ་དང་འབྲལ་བ་སྟེ། ཡི་གེ ་ཡཾ་བརྩོན་འགྲུས་ཀྱིས་སྡོམ་པ་ནི། གསང་སྒོ་སྡོམ་པ་སྟེ། དེས་དགའ་བ་ཐོབ་པ་ནི་ས་དང་པོ་རབ་ཏུ་དགའ་བ་ཐོབ་པ་ཡང་ཡིན་ལ། ས་གསུམ་གྱི་དང་པོ་ཀུན་ཏུ་འོད་ཀྱིས་ཡང་ཡིན་པས། ཐོབ་པར་ནུས་ཞེས་བྱའོ།། དེའི་རྫོགས་པའི་རྫོགས་པ་ནི། ་ཡི་གེ་དང་ཕྲ་མ་དང་སྐུ་གང་ལ་ཡང་མི་རྟོག་པས། ཐབས་ཆེན་པོ་བྱ་བ་རྡུལ་དང་བྲལ་ཞེས་བྱའོ།། དེ་ཕན་ཅད་སངས་རྒྱས་ཀྱི་ཡོན་ཏན་ཀུན་བརྩལ་མི་དགོས་པས་རྫོགས་པ་ཆེན་པོ་ཞེས་སྨོས་སོ།། དེའི་ཕྱིར་རྒྱུ་འབྲོས་ཀྱི་ཆོས་ཀུན་རྫོགས་པར་དཀྱུས་ལུ ་སྨྲས་སོ།། དེ་ནས་མར་གྱི་ཡི་གེ་འབྲུ་མ་བཀྲོལ་ལོ།། དབང་གི་གལ་པོའི་དོན་འགྲེལ་རྫོགས་སོ།། ཁྲི་དང་འབུམ་ལ་གཅིག་འགའ་འབྱུང་བ་ལ།། མན་ངག་རྫོགས་པའི་དབང་བསྐུར་བ་ཕྱིར་བཀྲོལ།། གསུམ་ལས་མངས་ན་རྡོ ་རྗེ་དམྱལ་བར་བྱེད།། འདས་ན་རྡོ་རྗེ་སེམས་དཔའ་ཉིད་ཀྱང་འཚིག། གཏེར་དུ་བཅང་ངོ་།། རྩ་འགྲེལ་གཉིས་ཀ་སངས་རྒྱས་གསང་བས་མཛད་པ་གཉིགས་ཛྙཱ་ནའི་འགྱུར་རོ།། ་