CLOSE WINDOW

GT2758: bsre ba'i cho ga'i tho byang
Wyliee-texts produced with BDRC’s OCR application

འདི་ལས། བཤད་པ་འདི་ཡི་རང་བཞིན་འབྱུང་།། རྒྱལ་བའི་ཡེ་ཤེས་གཏི་མུག་མཆོག། གསོ་རྒྱུ་མེད་པའི་རྟོགས་པ་ཅན།། བསྟན་ཅིང་བརྟགས་པས་རྟོགས་མི་འགྱུར།། མུན་པ་སྣང་བའི་འཁྲིགས་པ་ཅན།། ་རྟག་པ་རྒྱུན་ཏུ་ཁྲེ་རུ་འབྱུང་།། ཅི་སྐྱེས་རང་བྱུང་རང་ཡན་ཏེ།། སྦྲང་བླང་མ་བྱས་ཀུན་གྱི་རྗེ།། མ་བསྒྲུབས་ཆེ་བའིའོ་ཆེན་པོར་གནས།། ནམ་མཁའ་ཆེ་ཐུགས་ཀྱི་སྒྲོ་ལྕགས་ལས། ཤིན་ཏུ་རྣལ་འབྱོར་གྱི་དོན་བཀྲོལ་བའི་ལེའུ་སྟེ་བཅུ་པའོ།། ་སློབ་དཔོན་ཆེན་པོ་ཤྲཱི་སིངྒ་ཡིས་ཐུགས་ཀྱི་སྒོ་ལྕགས་དབྱེ་བའི་དོན་བཀྲོལ་བའོ།། རྫོགས་སྷོ།། ། དཔལ་གྱི་སེང་གེ་དགོངས་པའི་བཅུད།། དྲུག་པ་ཀུན་བཟང་ཐུགས་ཀྱི་གཏེར།། མཚོན་བྱེད ་སྒོ་ལྕགས་དབྱེ་འགྲོལ་འདིས།། མ་ལུས་གྲོལ་ནས་བློ་ལ་སྣང་།། ། ས་ས་@།། དང་དང་ལྡན་པ་གཞུག་པའང་།། མཆོད་པ་བཤམས་ལ་བརྡ་ཕྱག་བྱ།། དྲི་དང་མནའ་དང་མཚམས་བཤགས་དབབ།། མཆོ ་བརླབས་ཏེ་ཞི་ཁྲོ་མཆོད།། གནན་དང་སྐྲག་གཞུག་ཞུ་བ་དང་།། ཡོན་དབུལ་བགེགས་བསྐྲད་ཕྱག་འཚལ་གཞུག། ཚེ་སྦ་བགེགས་བསྐྲད་སྒྲིབ་པ་བྲལ།། བུ་རླབ་བདག་བསྒོམ་ཞུ་བ་དང་།། དོར་དང་མིག་དཔེ་ལྷ་དབོག་དང་།། དམ་ཆུ་གླུད་ཅིང ་བསྒྲགས་པ་དང་།། སྐུ་གསུང་ཐུགས་ཀྱི་དམ་སྒྲགས་པ།། བསྲེད་དང་བརྟན་བྱ་མིང་དབང་བསྐུར།། ནུས་དབང་བསྐུར་ཞིང་ལྷ་བཤད་དང་།། བཀའ་བསྲུང་བ་དང་སུམ་ཅུ་གཉིས།། བསྲེ་བའི་ཆོ་གའི་ཐོ་བྲང་ཡིན།། སློབ་དཔོན་བི་མ་ལས་མཛད་པ ་རྫོགས་སྐུ། @#།། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། སྣང་དང་ཞེན་པའི་ཐ་སྙང་གཉིས།། དང་བའི་ཆུ་ཟུ་གཟའ་སྐར་བཞིན།། ཡུལ་བྲལ་མ་འདྲེས་གསལ་མཛན། ་ལ། རང་བཞིན་རྟོགས་དང་གྲུབ་པག་འཚལ།། དངོས་གཉིས་ལོང་ཐུགས་བཞིན་འདྲེས་མ་མཐོང་འཁོམ་པའི་འགྲོ་བ་རྣམས།། ནང་གི་ལིང་ཏོག་གསལ་བར་ཚིག་གི་ཐུར་མས་དབྱེ་བ་ཡང་།། དངོས་གཉིས་ཤེས་པའི་མཚོན་ཆས་རང ་བཅིངས་ཐག་པ་གཅད་བྱས་ཏེ།། ལོ་མ་གཉིས་སྒོ་ནས་ཐར་པ་མངོན་ཐོབ་གཞན་དོན་བརྩམ་ཕྱིར་བཤད།། དོན་འདི་ལུང་ཉིད་གཞིར་བཞག་སྟེ།། རྗེས་འགྲོ་རིག་པས་ཐག་གཅོད་པོ།། ཉེ་བའི་དཔེ་ཡིས་མཚོན་བྱས་ཏེ།། བབས་ཆེན ་ཐེག་པར་མངོན་འཇུག་པོ།། མཛུབ་མོས་རི་བོང་ཅན་བཞིན་དུ།། ཤེས་བྱ་ཡིད་ཆེས་ཡན་ལག་གིས།། བསྒྲུབ་བྱ་ཐ་སྙད་མངོན་ཆུང་སྟེ།། ཡང་ནས་ཡང་དུ་གོམས་བྱའོ།། རྒྱུད་མཆོག་སྒྱུ་འཕྲུལ་དྲ་བ་ལས།། བདེ་ལྡན་གསུང་གི་དོན ་འབྱུང་བའི།། སྐྱབས་ཀྱིས་ཚིག་མདོ་ལུས་བཞག་ན།། ཆོས་དང་ཡིད་ཆེ་ས་ཡན་ལག་དང་།། དོན་ངེས་སྙེད་པའི་མཚན་ཉིད་དང་།། འགལ་སྐྱོན་ཡོན་ཏན་མཚན་ཉིད་དོ།། ཆོས་ཀྱི་དོན་ཉིད་ཐི་ག་མ་སྟེ།། རྣམ་པར་དཀར་དང་མཚན་ཉིད་འཛིན།། ་མཚན་གཅིག་ངོ་བོས་གཉིས་འགྱུར་བ།། རྣམ་པར་དཀར་བ་ལམ་རྣམས་ཏེ།། དེ་ཡང་ཐུན་མོང་ཁྱད་པར་གཉིས།། མཚན་ཉིད་སྤྲི་དང་རང་གིས་ཕྱེ།། སྤྱི་མཚན་ངེས་ཚིག་ངོ་བོ་དང་།། གཞི་དང་ཉེས་པ་གང་གིས་ཡུལ།། རྣམ་གྲངས་ཉེས་པ་གང ་