| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། མ་ལ་ཛྭ་ལ་རང་ན་པྲ་བ་ཏི་ཤ་ན་མ། བོད་སྐད་དུ། སྒྱུ་འཕྲུལ་དྲ་བ་རིན་པོ་ཆེ་འོད་ཀྱི་སྣང་བ་ཞེས་བྱ་བ། མ་བྱས་རང་བྱུང་རྡོ་རྗེ་སྐུ་གསུང་ཐུགས།། རྒྱུ་རྐྱེན་རང་སྣང་རྡོ་རྗེ་འདུས་མ་བས།། སྣང་སྟོང ་ཕྱེ་རྟག་ཆེན་རྡོ་རྗེའི་སྐུ།། སྐད་ཅིག་མ་བསྐྱེད་རྡོ་རྗེ་སྐྱེ་འཇིག་མེད།། བདག་གསལ་མཐའ་བྲལ་རྡོ་རྗེ་བཟུང་འཛིན་འཇོམས།། མ་འོངས་མི་འགྲོ་རྟོག་བྲལ་རང་རིག་སེམས།། དངོས་ཅིག་མཐའ་རྫོགས་རང་བཞིན་ཀུན་ཏུ་གསལ།། ཐ་སྙད་བྱེ་བྲག་རྩ ་བ་ཀུན་གཞིར་འདུས།། ཡུལ་བའི་བྲལ་པོས་རྟོག་མེད་བྱང་ཆུབ་སེམས།། རང་བཞིན་འཕྲིན་ལས་མཆོག་འགྱུར་དཔའ་བོ་ཆེ།། རྡོ་རྗེ་སེམས་དཔའི་སྐུ་ལ་གཉིས་མེད་འདུད།། བརྗོད་མེད་ཀུན་བརྗོད་མངོན་ཕྱུང་ངེས་པའི་ལུང་།། གསང་བ་གཉིས་བཅིངས ་ས་ཆོད་མོས་དོན་དུ།། ཐུན་མོང་མ་ཡིན་སྒྲོས་བྲལ་གབ་པའི་རྒྱུད།། གཞི་ལ་བཞིར་སྣང་མཚན་བཞིར་བཏགས་པའང་།། ལོག་རྟོག་དྲུག་སྦས་སྒྱུ་འཕྲལ་རིས་མ་ཕྱེ།། མཚན་བཞི་མ་མཐོང་མུན་རྫས་ལྟ་བུར་གབ།། བློ་ཆུང་ཅིག་ཚུགས་མཚན་མཆོག ་པོ་ར་འཛིན།། ནང་རིས་གནས་སྐབས་གསལ་ཕྱིར་མཚན་བཤད་བ།། ཁང་འཕགས་མཐའ་དབུས་མེད་པའི་གནས་མཆོག་ཏུ།། བརྒྱད་དང་བཅུ་གཉིས་གཅིག་རྫོགས་ཁྲི་བརྟན་ནས།། རང་བཞིན་འོད་གསལ་མ་གོས་འབྲས་བུ་རྫོགས།། ་རྡོ་རྗེ་འཆང་ཆེན་ལོངས་སྤྱོད་རྫོགས་པའི་གདན།། སྤྱི་རྒྱལ་བདག་ཉིད་བདུན་དང་ལྡན་པ་ལ།། གསང་སྔགས་བདག་པོ་རྡོ་རྗེ་འཛིན་པ་ཡིས།། ཁྱད་པར་དྲིས་ལེན་མི་མངོན་དོན་གྱིས་ཞུས།། ལྷན་ཅིག་རིག་དང་གང་ཟག་རྣམ་གསུམ་ལ།། བཤད ་སྣང་རྒྱུད་སྣང་ངེས་པའི་ཡུལ་གསུམ་དུ།། ཉི་ཆུ་དང་བྲག་ཆ་ཉི་ཤར་བཞིན།། གསུང་ལྔ་རྫོགས་པའི་བརླབས་སྲུང་བཤང་བསྡུས་རྒྱུད།། ངོ་བོ་ཉིད་དང་བཤད་བསྡུས་ངེས་པར་གྲགས།། གསེར་དང་མེ་ལོང་རྒྱུ་ཟླའི་ཚེ་ལྡུམ ་བཞིནས།། མཚན་ཉིད་ངོ་བོ་བདེ་གཤེགས་འདུལ་འཕྲུལ་ཕྱིར།། རང་བཞིན་ལོག་དང་ཐབས་འབྲས་རྐྱེན་བཞི་ཡིས།། རྒྱུ་གཅིག་མཚན་ཉིད་བཞི་རུ་ག་སུངས།། སྣང་བ་བཞིས་མཚོན་ཤེས་པ་བཞི་ལ་སྣང་།། དེ་ཕྱིར་སྒྱུ་འཕྲུལ་བཞིའི་མཚན་ཉིད ་རྣམས། ཕྱག་རྒྱ་བཞི་ཡིས་རྟགས་དང་ལྡན་པའི་མིས།། སོ་སོའི་སྐབས་སུ་ནང་རིས་ཕྲེད་པར་བྱ།། ཐམས་ཅད་མ་བཅོས་རང་རིག་སྒྱུ་མ་ནི།། དངོས་པོ་ཕྱི་ནང་ངོ་བོ་ཉིད་དུ་འཕྲལ།། གསུམ་པར་སྣང་ཡང་བདག་ཕྱིར་གཉི་ས་མེད་འབྲེལ།། གཏན ་ཚིགས་རྒྱས་པ་བཀའ་ལས་སྣང་བ་བརྟག། ཕུང་པོ་འབྱུང་བ་ཁམས་སོགས་ཐབས་སློང་བ།། ཐབས་ཉིད་རིག་ཕྱིར་སྒྱུ་མ་ལས།། ཡེ་ཤེས་ཕྱག་རྒྱ་སྣ་ཚོགས་འཕྲུལ་པ་ཡིན།། དོན་རྟགས་ཚུལ་དུ་འབྲེལ་ཀྱང་དྲུག་པའོ།། ཐམས་ཅད་རྫོགས ་འབྲེལ་རྒྱུད་བཞི་དང་པོའི་དཔེ།། ངོ་བོ་གཉིས་བྲལ་བ་རང་བཞིན་སྒྱུ་འཕྲུལ་ཡིན།། རང་བཞིན་ཉིད་རྒྱུ་རྐྱེན་བདུན་འཕྲལ་བའི་ཕྱིར།། རྨི་ལམ་ཚུལ་གྱིས་ལོག་པའི་སྒྱུ་འཕྲུལ་གསུམ།། མི་མཐུན་འདུས་པས་རྫས་ཀྱི་སྒྱུ་མ་ལ།། གསུམ་པའི་གཉེན་པོར ་སྦྱོར་བའི་ཐབས་དག་གིས།། བསླུ་བྱེད་རྟ་གླང་ལ་སོགས་གཟུགས་སུ་འཕྲུལ།། གཉེན་ཏོའི་དཔེ་ཡིས་གཉིས་པོའི་ཚུལ་དུ་འབྲེལ།། རྟོག་གསུམ་མཐའ་སྐྱེ་སྐད་ཅིག་སྒྱུ་མ་ལས།། བསླུ་འགྱུར་ལོག་ལྷ་མཐོ་དེ་མན་འཕྲུལ།། དྲ་མིག་འདུག་པའི ་ཚུལ་འབྲེལ་ལྔ་པ་ཡིན།། སྐད་གཅིག་དོན་ལྟར་སྣང་ཡང་དངོས་གཞི་མེད།། གསུམ་པ་ཡིན་ཏེ་གཞན་དབང་སྣང་བ་ཡང་།། ཆོས་བཞིས་བརྟན་བྱས་ཀུན་རྫོབ་བདེན་པ་སྟེ།། འདུས་སྣང་དོན་བྱེད་ཤིང་རྟ་སྒྲ་ཙམ་ལ།། ཆོས་དང་ལྡན་པའི་མིང་གི་རྣམ་པར ་འཕྲུལ།། གདགས་དང་གདགས་བཞིའི་ཚུལ་འབྲེལ་བདུན་པ་ཡིན།། བདེ་གཤེགས་བོ་རང་རིག་སྙིང་པོ་ལས།། ལོག་པ་གསུམ་གྱི་རྐྱེན་གྱིས་བརྟགས་པ་ཡིས།། དྲུག་སོགས་དོན་གྱི་དངོས་པོར་རེད་པོའི་ཕྱིར།། དེ་མིང་ལོག་པའི་སྒྱུ་འཕྲུལ་ཞེས ་བརྗོད་དོ།། གཏན་ཚིགས་རྒྱས་ཤིང་བཀའ་ལས་སྣང་བ་བརྟག། དངོས་པོ་གཏན་ཚིགས་བཀའ་ལས་ལོག་གསུམ་འཁྲུལ་བྱས་ནས།། བདག་ཞལ་མ་མཐོང་ཕྱིར།། གྲོལ་ཐབས་ལམ་གཉིས་རྐྱེན་གྱི་སྒྱུ་འཕྲུལ་བརྗོད།། ཤེས་རབ་གསུམ་གྱིས་ཤེས ་རབ་གསུམ་གྱིས་ཤེས་པ་བརྡར་བཅད་ཕྱིར།། སོ་སོར་རྟོག་པ་གཟུགས་བྲལ་སྒྱུ་མ་ཡིས།། དག་མཉམ་ལ་སོགས་ཚད་མོ་བཀས་བཙལ་བས།། ལྷག་པརོ་མཐོང་བ་ཀུན་དང་ཤེས་རབ་འཕྲུལ།། གསུམ་པའི་ཚུལ་དུ་འབྲེལ་དང་ངོ་བོ་ཅག། སྒོམ ་ལམ་གདུལ་བའི་དབང་གི་གཉིས་སྟན་ཆོས།། དེ་བཞིན་དང་མཚན་མར་རྒྱུད་ལས་གྲགས།། རང་རིག་སྐད་ཅིག་གཟུགས་བྲལ་གླང་ཆེན་སེམས།། མེད་པ་གཉིས་ལྡན་སྒྱུ་མའི་ངོ་བོ་ལས།། ཇི་བཞིན་བཏང་སྙོམས་ཏིང་འཛིན་ཕྱག་རྒྱར་བརྟན།། ་ཡང་མེད་ལ་སོ་ཅིར་སྣང་འཁྲུལ་པ་འབྱུང་།། བསྐྱེད་དང་རྫོགས་པའི་ལམ་གྱི་རིམ་པ་ཡིས།། མི་སྐྱོང་ལ་སོགས་སྒྱུ་འཕྲུལ་སྣ་ཚོགས་པ།། དཀྱིལ་འཁོར་སྒྱུ་མའི་རང་བཞིན་ཆུ་ཟླ་མཚུངས།། ཕྱག་རྒྱ་རྒྱན་དང་ཆ་ལུགས་འཕྲུལ།། དྲུག་པར་གྱུར་དང ་གཅིག་དང་དུ་མར་མེད།། འབྲས་བུ་ལམ་དུ་བྱས་ནས་མཉམ་པའང་།། དེ་ཡིས་རྟོགས་པ་དངས་ནས་སྣང་བའི་ཕྱིར།། རྐྱེན་གྱིས་སྒྱུ་འཕྲུལ་ཉིད་དུ་བརྗོད་པའོ།། རང་བཞིན་དངོས་པོ་མངོན་དུ་བྱ་བའི་ཕྱིར། ་ལམ་གཉིས་གདམ་ངག་སྟེང་སྒོ་དྲུག་སོགས་པ།། ཐོབ་དང་བུལ་དང་ལོག་པའི་མཚན་ཉིད་དེ།། གཞན་ལས་ཐབས་གཞན་ཏིང་ཆགས་པ་ཡི་རྒྱུ།། དཀྱིལ་འཁོར་སྒྱུ་མས་བདེ་འཁྲུལ་གཉིས་པའི་ཚུལ།། ལྔ་ཚུལ་མངོན་སུམ་བོ་བ་རང ་ལས་འབྱུང་།། འོག་སྒོ་གཉིས་ཀྱིས་སེམས་རིམ་སྒྱུ་མ་ནི།། དབང་པོ་ཡུལ་སེམས་ལྡན་ན་བཅའ་བརྒྱད་གཉིས།། བཅུ་གཉིས་སྐབས་ཀྱིས་རྫོགས་པའི་བག་རྒྱ་དང་།། ཡེ་ཤེས་བཞི་བཅུ་གཉིས་ཀྱིས་མཆོག་གི་འཕྲུལ།། ལྔ་པ་ལྟ་བུར ་འབྲེལ་ཀྱང་རྒྱུ་འབྲས་མེད།། འཕྲུལ་ལྔ་འདུས་སོགས་རང་བཞིན་ཐབས་ཆེན་པོ།། ཐབས་མཆོག་སྟེང་འོག་གཉིས་ཀྱིས་མངོན་བྱས་པ།། ས་གསུམ་འབྲས་བུ་དེ་ཡིས་སྣང་བའི་ཕྱིར།། དེ་ཡང་དེ་ཡི་མཚན་དུ་གྲགས་པ་ཡིན།། གཏན་ཚིགས ་རྒྱས་ཤིང་བཀའ་ལས་སྣང་བ་བརྟག། ཐབས་ཀྱི་གར་དབང་རྫས་ཀྱིས་དམག་ཏུ་སྤྲུལ་པ་ལྟར།། ཕུང་སོགས་ནང་རིས་སྒྱུ་མའི་ཚོགས་བདག་ནི།། ཐེབས་ལས་ཐབས་བྱུང་སྒྱུ་འཕྲུལ་གཉིས་སུ་གསུངས།། མི་དམིགས་ཐུགས་ཀྱི་རང ་བཞིན་དཀྱིལ་འཁོར་ལས།། ངག་མཉམ་རྟོགས་ནས་ཏིང་འཛིན་དབང་བསྒྱུར་བས།། མངོན་སུམ་ཡེ་ཤེས་ཉིད་ལ་ཉིད་སྣང་བས།། བསམ་གྱིས་མི་ཁྱབ་སྤྲུལ་པ་སྣ་ཚོགས་འགྲུབ།། ལྔ་པ་ལྟ་བུར་སྣང་བས་རྒྱུ་འབྲས་མེད།། མངོན་པས ་ཐབས་བདེ་གཤེགས་འབྲས་བུའི་རྒྱུ།། ལོག་དག་གཉིས་མེད་འབྲེལ་པ་གསུམ་གྱི་ཕྱིར།། གསུམ་པའི་སྣང་བ་ཆུ་ཟླ་སྒྱུ་མའི་ཚུལ།། གང་ལ་གང་གིས་མི་མཐུན་སྣ་ཚོགས་འཕྲུལ།། སྐུ་མཆོག་རྡོ་རྗེ་ངོ་བོའི་འོད་སྣང་བ།། མཐུན་པའི་ཡེ་ཤེས ་ཡུལ་བྲལ་རང་སྣང་བའོ།། རྒྱུ་དྲུག་འཁོར་བའི་ལུས་དང་ཡུལ་སྣང་བ།། རྣམ་རྟོག་གནས་ནོས་མཐུན་པའི་ལས་སྣང་སྟེ།། ལས་དང་ཐུགས་རྗེར་འབྲེལ་ཀྱང་བདག་པོའི་ཚུལ།། རང་བཞི་ནི་དེ་ཉིད་རྐྱེན་གྱིས་མངོན་བྱས་པ།། འཕྲུལ་པ་དག་ནས་རང་སྣང་བའི ་ཡི་ཕྱིར། ཀུན་མཁྱེན་འཛིན་བྲལ་སྒྱུ་མའི་སྤྲུལ་པའི་ཕྱིར།། ཁྱད་པར་ཐབས་ཀྱི་སྒྱུ་འཕྲུལ་མཚན་ཉིད་དོ།། གཏན་ཚིགས་རྒྱས་ཤིང་བཀའ་ལས་སྣང་བ་བརྟག། རྒྱ་མཚོའི་གླིང་ལ་རིན་ཆེན་ནོར་བསྡུས་ལྟརོ།། ལུང་ཆེན་ཀློབ་ལས་སྒྱུ་འཕྲུལ ་མཚོན་བསྡུས་བྱ།། ནོངས་འཁྲུལ་མཁས་དང་འཕགས་ལ་བཟོད་པར་གསོལ།། དེ་གེ་རྩ་རྣལ་འབྱོར་དམ་ཅན་རྣམས་ལ་བསྔོ།། རྫོགས་སོ།། #@།། དཔལ་ཀུན་ཏུ་བཟང་པོ་རྡོ་རྗེ ་