CLOSE WINDOW

GT275: rnal 'byor gyis rjes su 'brang ba zhes bya ba rdo rje rnal 'byor ma'i 'grel pa
Wyliee-texts produced with BDRC’s OCR application

ལྷོར་ནི་རྗེས་ཟུང་ས་བྱ་གས་སྷོ།། རྒྱུ་གར་སྐད་དུ། ཡོ་གཱ་ནུ་པ་རི་ཎཱི་ནཱ་མྦྷ་བཛྲ་ཡོ་གི་ནཱི་ཊཱི་ཀྵི། བོད་སྐད་དུ། རྣལ་འབྱོར་གྱིས་རྗེས་སུ་འབྲང་བ་ཞེས་བྱ་བ། རྡོ་རྗེ་རྙིལ་འབྱོར་མའི་འགྲེལ་བཱ།། རྡོ་རྗེ་རྣལ་འགྱུར་མ་ལ ་ཕྱག་འཚལ་ལོ།། དེ་བཞིན་ཉིད་ཀྱི་རང་བཞིན་གྱིས།། གང་ཞིག་ལྕེས་མཆོག་འཛིན་གྱུར་པ།། རྟག་ཏུ་རྡོ་རྗེ་ཕྲག་མི་དེས།། ཁྱོད་ལ་ཕུན་ཚེགས་བྱེད་པར་ཤོག། རྡོ་རྗེ་ཕག་མོ་ལ་བཏུད་ནས།། དེ་ཡི་སྒྲུབས་ཐབས་བདེ་རྟོགས་པར། ་རྣལ་འབྱོར་རྗེས་སུ་འབྲང་བ་ཡི།། བདག་གི་འགྲེལ་པ་བྲི་བར་བྱ།། འདིར་ནི་མི་རིག་པ་ལ་སོགས་པའི་དབྱར་གྱི་ཉི་མའི་གུང་ལྟ་བུ་ལ་གནས་པའི་འགྲོ་བ་རིས་དྲུག་གིས་སྤྲོས་བསྡུས་པའི་འཁོར་བའི་སྐམ་ས་ཆེན་པོ་ལས་ཐར་བར་བྱེད ་པའི་ཐབས་ཀྱི་མཆོག་གསང་བའི་རྒྱལ་པོའི་གཏམ་བྱེད་པ་དང་བྲལ་བ། རྩོད་དུས་ལ་ཆགས་པའི་སེམས་དང་ལྡན་པ། སྦྱིན་པ་ལ་སོགས་པ་བསོད་ནམས་ཀྱི་ལམ་རྒྱགས་དང་། ཏིང་ངེ་འཛིན་ལ་བློ་གཏད་པ་ལྷུང་བ་ཅན། དགེ ་བའི་ཤིང་གི་ཤིང་ཐོག་ཐོབ་པར་མི་འགྱུར་བ་རྣམས་ཡུལ་གྱི་དགྲ་ཡིས་དགེ་བའི་བག་ཆགས་ཕྲོགས་པ་དང་ལྡན་པའི་ཕྱིན་ཅི་ལོག་པ་དང་བཅས་པའི་གཟའ་ཆེན་པོ་བབས་པར་གྱུར་པ། མྱ་ངན་ལས་འདས་པའི ་ལམ་མ་ཤེས་པས་ཡང་དང་ཡང་དུ་དེ་ཁོ་ནར་འཁོར་བར་གྱུར་པའི་སྲིད་པའི་བདེ་བ་འདོད་པའི་ཤ་ཟས་བསླུ་བར་བྱས་པ་དང་། དེ་ཉིད་མོ་ཡིན་པའི་ཆགས་ཞེ་ན་མང་པོ་ལ་གནས་པ་དང་། རེས་དགའ་གནས་སྐབས་ཀྱི་བདེ་བ་བག ་ཙམ་ཡང་ཐོབ་པར་འགྱུར་བའི་སྲིད་པ་གསུམ་ལ་གནས་པར་འགྱུར་བའི་འཇིག་རྟེན་རྣམས། སྡུག་བསྔལ་ཚ་བོ་ཁོ་ནུར་ཞུགས་པ་དེ་དག་ལ་བྱས་པའི་སྙིང་རྗེའི་གྲོགས་མོའི་སྤོབས་ཀྱིས་བདེ་འགྲོར་ཡོངས་སུ་གཟུང་བའི་ཀུན་རྫོབ ་ཀྱིས་སྐྱེ་བ་ཡོངས་སུ་འཛིན་པ་དང་ཡོན་ཏན་དཔག་ཏུ་མེད་པའི་གཞིས་གཞི་འཛིན་པ་དང་། མྱ་ངན་ལས་འདས་པའི་ལམ་བླ་ན་མེད་པ་ཉེ་བོར་སྟོན་པ་དང་། བསྐལ་པ་དཔག་ཏུ་མེད་པར་གཞན་དོན་བྱེད་པའི་སྙིང་རྗེའི་བརྟུལ ་ཞུགས་ཆེན་པོ་འཛིན་པ་བཅོམ་ལྡན་འདས་རྡོ་རྗེ་འཆང་དཔལ་འཁོར་ལོ་སྡོམ་པ་ཞེས་བྱ་བ་ཧེ་རུ་ཀའི་རྒྱལ་པོས། ཇི་ལྟར་སྣོད་དུ་རུང་བའི་སྐྱེ་བོ་འདུལ་བར་བྱ་བའི་ཐབས་བསྟན་པར་འདོད་པས། དབང་པོ་རྣོ་བའི་དབང་གིས ་རྣལ་འབྱོར་གྱི་ལམ་ཁོ་ནར་ཤིན་ཏུ་སླ་བས་རྣལ་འབྱོར་མའི་ཚུལ་གྱིས་རྗེས་སུ་འབྲང་བས་གཡོན་པའི་སྤྱོད་པས་མཛེས་པར་འགྱུར་བའི་རྣལ་འབྱོར་མ་ཐམས་ཅད་ཀྱི་གསང་བ་མཁའ་འགྲོ་མ་དྲ་བ་སྡོམ་པའི་རྒྱུད་སྟོན་པས་གསུངས ་པའོ།། རྙེད་པར་སླ་བའི་བབས་ཀྱི་མན་ངག་རྙེད་པར་དཀའ་བ་ཐོབ་པར་འགྱུར་ཞེས་པས་ཆོས་ཐམས་ཅད་རང་བཞིན་མེད་པ་དེ་བཞིན་ཉིད་ཀྱི་རྡོ་རྗེ་ཕག་མོའི་ལུས་ཅན་མ་ཤེས་རབ་ཀྱི་རང་བཞིན་ཉིད་བཅོམ་ལྡན་འདས་ཀྱིས་ཉེ་བར ་བསྟན་ཏོ།། དེའི་གདུལ་བྱའི་བསམ་པས་ཕྲིན་ལས་ཀྱི་དབྱེ་བ་རྣམ་པ་དཔག་ཏུ་མེད་པ་མཐོང་བར་གྱུར་ཀྱང་འདིར་ནི་རྣམ་པ་དེ་དག་གཙོ་བོར་བསྟན་པར་མི་བྱའོ།། འོན་ཏེ་ཞལ་གཉིས་ཕྱག་གཉིས་རྡོ་རྗེ་ལྷ་མོ་གཅིག་པུའི་སྒྲུབ་ཐབས ་མངོན་པར་བརྗོད་དོ།། དེ་ནི་རྒྱུད་མང་པོ་ལ་ཉེ་བར་བསྟན་པའི་དེ་ཉིད་མ་ལུས་པ་སོ་སོར་ཐོབ་པར་འགྱུར་བའི་ཐབས་ཀྱི་ཆོ་ག་མཁྱེན་པའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པའི་ཕྱོགས་ཐབས་ཀྱིས་རྒྱལ་པོ་ཨིནྡནྡྲ་བོ་དྷི་ཞབས་ཀྱིས ་རང་གི་རྟོགས་པར་གྱུར་པའི་ལམ་གྱི་མཚན་ཉིད་ཀྱི་མཁའ་འགྲོ་མའི་གསང་བ་མངོན་པར་བརྗོད་པས་དང་པོ་དོན་ཆེན་པོའི་དངོས་གྲུབ་ཀྱི་རྒྱུད་ཡིན་པས། འགྲོ་བ་འདུལ་བར་བྱེད་པའི་ཐབས་རྡོ་རྗེ་རྣལ་འབྱོར་མའི་སྒྲུད་ཐབས ་དང་། དེའི་སྔགས་ཀྱི་བཏུ་བ་དང་། བཟླས་པའི་ཆོ་ག་དང་། འཁོར་ལོ་མ་མཆོད་པའི་ལམ་རྣམས་དང་། ལྷག་མས་སྤྱོད་པའི་མཚན་ཉིད་ཀྱང་བརྗོད་པར་བྱའོ།། དེའི་ཕྱིར་དྲང་པོར་འདིར་རྣལ་འབྱོར་མ་ཡཱི་དམ ་ལྷ་ཡིས་བར་ཆད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་དོན་ཆེན་པོ་ཚོགས་པར་བྱེད་པའི་ཕྱག་འཚལ་བ་གསུངས་པ་ནི། བདུད་ཅེས་པ་ལ་སོགས་པས་རྡོ་རྗེའི་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཀྱི་རང་བཞིན་ཀྱང་ཡིན་ལ ་སྦྱོར་བ་ཡང་ཡིན་ནོ།། ཐབས་ཤེས་རབ་ཀྱི་སྙོམས་པར་འཇུག་པ་ཡང་ཡིན་ནོ།། དེ་ཡང་དཔལ་གསང་བ་དེ་ངུས་པའི་རྒྱུད་ཕྱི་མ་ལས། ཐབས་དང་ཤེས་རབ་སྙོམས་འཇུག་པ།། རྣལ་འབྱོར་ཞེས་ན ་མངོན་པར་བརྗོད།། གྲོང་ཞིག་དངོས་མེད་ཤེས་རབ་དང་།། ཐབས་ནི་དངོས་པོའི་མཚན་ཉིད་དོ་ཞེས་གསུངས་སོ།། དེ་འདི་ལ་ཡོད་པས་རྡོ་རྗེ་རྣལ་འབྱོར་མའོ།། ཡང་ན་རྣལ་འབྱོར་པ་དེ་འདིས་སྙོམས་པར་འཇུག་པའི ་ཕྱིར་རྣལ་འབྱོར་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ།། དེ་འདི་ལ་རང་བཞིན་གྱིས་ཡོད་པས་རྣལ་འབྱོར་མ་ནི་རྡོ་རྗེ་ཕག་མོའོ།། ཡང་ན་རྣལ་འབྱོར་པར་བྱ་བ་ནི་བརྟེན་པར་བྱ་བས་རྣལ་འབྱོར་ནི་པདྨའོ།། དེ་འདི་ལ་ཡོད་པས ་རྣལ་འབྱོར་མོའོ།། བྱེ་བྲག་གི་རྟེན་པའི་རྣམ་པར་གཅོད་པའི་དོན་དུ་རྡོ་རྗེས་གོང་བཞིན་དུ་ཁྱད་པར་རོ།། རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་བླ་ན་མེད་པ་སྦྱོར་བའི་ཕྱིར་དང་། གཉིས་སུ་མེད་པའི་ཡེ་ཤེས་སྦྱོར་བའི ་གཉིས་སུ་མེད་པའི་ཡེ་ཤེས་སྦྱོར་བའི་ཕྱིར་དཔལ་ཡང་དེ། རྡོ་རྗེ་རྣལ་འབྱོར་མ་ཡང་དེ་ཡིན་པས་དཔལ་རྡོ་རྗེ་རྣལ་འབྱོར་མའོ་དེ་ཇི་ལྟ་བུ་ཡིན་ཞེ་ན། སྟོང་པ་ཉིད་ནི་ཆོ་ས་ཐམས་ཅད་སྤྲོས་པ་དང་བྲལ་བ་ཉིད་རྟོགས ་པའི་བདག་ཉིད་ཅན་ཤེས་རབ་བོ།། སྙིང་རྗེ་དམིགས་པ་མེད་པའི་འགྲོ་བ་མོ་ལུས་པའི་དོན་བྱེད་པ་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་ངོ་བོའི་ཐབས་སོ།། དེ་ཡང་སྟོང་ཉིད་སྙིང་རྗེ་ཐབས་དང་ཤེས་རབ་གཉིས་སུ་མེད་པ ་གང་གི་བདག་ཉིད་དེ་དེ་བཞིན་ནོ།། ཡང་ཇི་ལྟ་བུ་ཞེ་ན། ཁམས་གསུམ་ནི་འདོད་ཁམས་གཟུགས་ཁྱམས་གཟུགས་མེད་ཀྱི་ཁམས་ནི་སྐུ་གསུངས་ཐུགས་ཀྱི་རྡོ་རྗེ་དེ་གང་གིས་བདག་ཉིད་དེ་དེ་བཞིན་ནོ།། སྐུ་གསུམ་དབྱེར ་མེད་པའི་རང་བཞིན་ཡིན་པའི་ཕྱིར་རོ།། ཡང་ཇི་ལྟ་བུ་ཞེ་ན། འབར་བ་ནི་གསལ་བ་བསྐལ་པའི་མེ་ལོང་ལྟར་གང་གིས་འོད་དེ་དེ་བཞིན་ནོ།། མི་ཤེས་པའི་མུན་པ་སེལ་བར་བྱེད་པའི་འོད་ཀྱི་རང་བཞིན་པའི་ཕྱིར་རོ།། ་དེ་ལྟ་བུའི་རྣལ་འབྱོར་མ་དེ་ལ་ཕྱག་འཚལ་ལོ་ཞེས་ཤེས་པར་བྱའོ།། ཡང་ན་སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་སྟོང་པཱ་ཉིད་དང་སྙིང་རྗེ་ཟུང་དུ་འཇུག་པུའི་རྡོ་རྗེ་རྣལ་འབྱོར་མའོ།། ཐབས་དང་ཤེས་རབ ་ཀྱི་རང་བཞིན་མི་བཟད་པ་བདྲེ་བོ་མཆོག་གི་རང་བཞིན་ཡིན་པསྲོ་ལྷན་ཅིག་སྐྱེས་པའི་སྐུའི་རང་བཞིན་ནོ།། སྟོང་ཉིད་སྙིང་རྗེའི་བདག་ཞེས་པ་ནི་ཡང་དོན་དུ་ནི་དོན་གཞན་རྟེན་པས་བཟླས་པར་བྱ་བའི་རིག་པས ་ཟབ་པ་དང་རྒྱ་ཆེ་བའི་རང་བཞིན་གྱིས་སེམས་རྣམ་པར་དག་པའི་ངོ་བོ་ཉིད་ཀྱི་ཆོས་ཀྱི་སྐུའི་རང་བཞིན་ནོ།། སེམས་ཅན་གྱི་དོན་དུ་ཁམས་གསུམ་ལ་ཐུན་མོང་མ་ཡིན་པའི་ངོ་བོ་ཉིད་ཀྱི་ཆོས་ཀྱི་རྟོག་པར་བྱེད་པས ་ཁམས་གསུམ་པའི་ངོ་བོ་ཉིད་ནི་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་ནོ།། བག་ཆགས་དང་བཅས་པའི་སྒྲིབ་པ་ཉིད་དང་བྲལ་བས་ཁམས་གསུམ་ལ་སྐུའི་འོད་ཟེར་གྱིས་རབ་ཏུ་གསལ་བའི་ཕྱིར་བསྐལ་པའི ་མེ་ལྟར་འབར་བའི་འོད་ནི་སྤྲུལ་པའི་སྐུའི་རང་བཞིན་ནོ།། དེ་ལྟ་བུའི་སྐུ་བཞིའི་རང་བཞིན་ཡང་བཅོམ་ལྡན་འདས་མ་དཔལ་རྡོ་རྗེ་ཕག་མོས་བཤད་ཅེས་གསུངས་སོ།། ཡང་ན་ལྟེ་བའི་མཚོ་སྐྱེས་ནཱཾ་ཁ ་ཐུར་དུ་བལྟས་པ་ཨེའི་རྣམ་པ་ཟུར་གསུམ་པ། ཤེས་རབ་ཀྱི་ངོ་བོར་ལྷག་པར་མོས་པའོ།། སྙིང་གའི་མཚོ་སྐྱེས་ནི་ཁ་འོག་ཏུ་ལྟ་བ་དང་། མགྲིན་པའི་མཚོ་སྐྱེས་ནི་ཁ་གྱེན་དུ་གདེངས་པའི་བཾ་ཡིག་གི་རྣམ་པ་ཅན་ཟླུས་པོ་ཐབས་ཀྱི་རང ་བཞིན་ནོ།། དེ་བཞིན་དུ་ཁ་སྦྱོར་གྱི་རྒྱུད་ལས་ཀྱང་།། སྤྱི་བོ་ལྟར་གནས་འཁོར་ལོ་ནི།། ཨེའི་རྣམ་ཅན་ཡང་དག་གནས།། སྙིང་དང་མགྲིན་པར་གནས་པ་ཡིས།། པཾ་གི་རྣམ་པ་ལྟ་བུར་ཤེས།། ཤེས་གསུངས་པས་ལྟེ་བ་དང་། སྙིང ་གའི་པདྨ་དང་། སྤྱི་བོ་དང་མགྲིན་པའི་པདྨ་གཉིས་གཉིས་ལ་གཏུམ་མོའི་འགྲོ་བ་དང་འོང་བས་བདེ་བ་ཆེན་པོ་རོ་གཅིག་པ་ཉིད་ཀྱིས་སྙོམས་པར་འཇུག་པའི་རྣལ་འབྱོར་རོ།། དེ་ལྟ་བུའི་ཨེའི་ཡི་གེ་ཐབས་དང་ཤེས་རབ་ཀྱི་རང་བཞིན ་ནོ།། པིཾ་གི་ཡི་གེ་ཡང་དེ་བཞིན་ནོ།། རྡོ་རྗེ་ནི་བྱང་ཆུབ་སེམས་ཀྱི་རང་བཞིན་ནོ།། དེའི་རང་བཞིན་རྣལ་འབྱོར་མ་འདི་ལ་ཡོད་པས་རྡོ་རྗེ་རྣལ་འབྱོར་མས་སོ།། ཁྲག་གི་ངོ་བོ་གཏུམ་མོའི་རང་བཞིན་ནི་དཔལ་གཉིས་སུ་མེད་པའི་རང་བཞིན ་ཡང་ཡིན་ལ། དེ་ཉིད་རྡོ་རྗེ་རྣལ་འབྱོར་མེའི་རང་བཞིན་ཡང་ཡིན་པས་དཔལ་རྡོ་རྗེ་རྣལ་འབྱོར་མའོ།། ཛཾ་ལྟ་བུ་ཞེ་ན། སྟོང་ཉིད་སྙིང་རྗེའི་བདོག་ཉིད་ཅན་གྱི་དོན་ནི་སྔར་བཤད་པའོ།། ཡང་ཇི་ལྟ་བུ་ཞེ་ན། ཁམས་ནི་སྐུ་གསུམ་ལ་སྒྲོ ་དང་བསྡུ་བའི་བྱེ་བྲག་གིས་སོ།། ངོ་བོ་ཉིད་ནི་སྐྱེ་བ་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། ཅིའི་ཕྱིར་ཞེ་ན། གྱེན་དུ་འགྲོ་བས་སྙིང་ག་དང་། མགྲིན་པ་དང་བྲལ་བའི་འཁོར་ལོ་རྣམས་བསྲེགས་ནས་ཧཾ་ཡིག་ཞུ་ནས་ཐུར་དུ་སོང་བས་འཁོར་ལོ ་གསུམ་ཡང་སོས་པར་འགྱུར་བའི་ཕྱིར་རོ།། དེ་ལྟར་ཡང་དགྱེས་པ་རྡོ་རྗེ་ལས། ལྟེ་བར་གཽཏུམ་མོ་འབར་བ་ཡིས།། དེ་བཞིན་གཤེགས་པ་ལྔ་བསྲེགས་ཏེ།། སྤྱན་ལ་སོགས་པ་ཡང་བསྲེགས་པས།། བསྲེགས་པས་རི་བོང་ཧཾ་འཛག ་ལྟར་ཞེས་པའོ།། ཡང་ཇི་ལྟ་བུ་ཞེ་ན། བསྐལ་བའི་མེ་ལྟར་འབར་བའི་འོད་ནི་ཇི་ལྟར་བསྐལ་པའི་མེས་ཁམས་བསྲེགས་པར་འགྱུར་བས་མེ་འབར་བས་གསལ་བར་འགྱུར་བ་ལྟར་དེ་བཞིན་དུ་ལས་ཀྱིས་གཏུམ་མོ་ལ་སོགས་པའི་སྦྱོར་བས ་འབར་བར་འགྱུར་བའི་གཏུམ་མོ་ལྟེ་བ་ལས་གྱེན་དུ་འགྲོ་བས་ཆོས་དང་ལོངས་སྤྱོད་དང་། བདེ་བ་ཆེན་པོའི་འཁོར་ལོ་རྣམས་བསྲེག་ཤིང་རང་འོད་ཀྱིས་འབར་རོ།། འདི་ལ་དོན་འདི་ཡིན་ཏེ། བཅོམ་ལྡན་འདས་མ་ཁྲག་གི་ངོ་བོ་གཏུམ་མོའི ་རང་བཞིན་དཔལ་རྡོ་རྗེ་རྣལ་འབྱོར་མ་གྱེན་ལ་འགྲོ་བས་འབར་བ་ངེས་པར་བྱུང་བའི་ཕྲ་མོའི་འོད་ཟེར་དཔག་ཏུ་མེད་པའི་ཚོགས་ཀྱི་བ་སྤུའི་བུ་གའི་མཚམས་རྣམས་ཁྱབ་ཅིང་། དེ་དག་ལ་སྤྲོས་ནས་རྩ་དབུ་མའི་ལམ་དུ་གྱེན་ལ་འགྲོ། ་བས། ཆོས་དང་ལོགས་སྤྱོད་དང་སྤྲུལ་པའི་འཁོར་ལོ་བསྲེགས་པས་བདེ་བ་ཆེན་པོའི་འཁོར་ལོ་ཞུ་ནས་དེའི་ཁུ་བ་དང་རོ་གཅིག་པ་འོག་ཏུ་འཛག་པར་འགྱུར་བས། ཕུང་པོ་དང་ཁམས་དང་སྐྱེ་མཆེད་གསོ་བར་བྱེད་པ། ཕུང ་བོ་ལ་སོགས་པ་སྒྲོ་བཏགས་པ་ཟིལ་གྱིས་གནོན་ཅིང་ཐབས་དང་ཤེས་རབ་རོ་གཅིག་པ་བདེ་བ་ཆེན་པོ་རྗེས་སུ་མྱོང་བའི་ངོ་བོ་ཉིད་ལྟེ་བར་གནས་པ་བསྒོམ་པར་བྱའོ།། ཡང་ན་འཆད་པར་འགྱུར་བའི་སྒྲོམ་གྱི ་གློགྲོ་བར་བྱེད་པའི་ཚིགས་སུ་བཅད་པ་ནི་དེ་ལ་དང་པོར་བསོད་ནམས་ཀྱི་ཚོགས་ནི་དཔལ་རྡོ་རྗེ་རྣལ་འབྱོར་མའི་མཆོད་པའོ།། མཆོད་པ་སྔོན་དུ་འགྲོ་བས་བསོད་ནམས་བསྡུས་པའི་ཕྱིར་རོ།། ཡེ་ཤེས་ཀྱི་ཚོགས་བསགས་པ་ནི་སྟོང་པ ་ཉིད་བསྒོམ་པའོ།། དེ་བས་ན་སྟོང་ཉིད་སྙིང་རྗེའི་བདག་ཉིད་དོ།། དེ་ནས་ཁམས་གསུམ་རྣམ་པར་དག་པའ་ཆོས་འབྱུང་ཟུར་གསུམ་དབྱེར་མེད་པའི་བདག་ཉིད་ཡིན་པའི་ཕྱིར་རོ།། དེ་ལ་བརྟེན་པའི་ལྷའི་བསྒོམ་པ་ནི་བསྐལ་བཱི ་མེ་ལྟར་འབར་བའི་འོད་ནི་དྲག་པོ་དང་བཅས་པའི་སྒེག་པ་ལ་སོགས་པའི་རོ་དང་ལྡན་པའི་ལུས་འབར་བའི་ཕྲེང་བའི་རང་བཞིན་ཡིན་པོའི་ཕྱིར་རོ་ཞེས་དོན་རྣམ་པ་བཞི་དང་ལྡན་པའི་ཚིགས་སུ་བཅད་པའོ།། ཕྱག་འཚལ་བའི ་རྗེས་ལ་བློ་ཅན་གྱི་འཇུག་པའི་ཡན་ལག་གི་བརྗོད་པར་བྱ་བ་ལ་སོགས་པ་བརྗོད་ནས་མན་ངག་དང་བཅས་པའི་སྒྲུབ་ཐབས་བསྟན་པ་ཉེ་བར་གསུངས་པ་ནི་བླ་མ་ཞེས་པ་ལ་སོགས་པའོ།། དེ་ལ་སྒྲུབ་ཐབས་ཞེས་པ་ནི་བརྗོད་པར ་བྱ་བའི་ཉེ་བར་བསྟན་པའོ།། གཞུང་གི་ཚོགས་ནི་བརྗོད་པའོ།། བླ་མ་ཞེས་པ་ལ་སོགས་པ་ནི་ཁོང་དུ་ཆུད་པའི་དགོས་པའོ།། རྡོ་རྗེ་རྣལ་འབྱོར་མ་མངོན་དུ་བྱེད་པ་ནི་དགོས་པའོ།། འབྲེལ་པ་ནི་བཤད་པར་བྱ་བ་དང་བཤད ་པར་བྱེད་པའི་མཚན་ཅན་ནམ། ཐོས་པ་དང་ཐོས་པར་བྱེད་པའི་མཚན་ཉིད་ཤུགས་ལ་བཤད་པའོ།། བཅད་ཅེས་པ་ནི་བསྡུས་པའི་དོན་ཏོ།། ཡན་ལག་གི་དོན་བརྗོད་པ་ནི་བཤད་པ་ཞེས་འབྲེལ་ཏོ།། སྒྲུབས་ཐབས་ནི་རྡོ་རྗེ་རྣལ ་འབྱོར་མའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་བྱེད་པའི་མཚན་ཉིད་ཀྱི་ལམ་མོ།། རང་ཉིད་ཀྱིས་ནི་རྫོགས་པ་ཡང་ཕྱིའི་དེ་ཉིད་ཀྱི་རབ་ཏུ་གསལ་བར་བྱ་བའི་ཕྱིར་བཤད་པར་བྱ་བ་ཞེས་མ་འོངས་པ་བསྟན་པའོ།། སྒྲུབ་པའི་ཐབས ་ཇི་ལྟ་བུ་ཞེ་ན། བླ་མྲ་རྡོ་རྗེ་སློབ་དཔོན་རྣམས་ཀྱི་བརྒྱུད་པའི་རིམ་པ་དེ་ལས་བྱུང་བའི་མན་ངག་གྲམ། དེའི་གྲུབ་མཐའ་དེ་ཁོ་ན་གང་གི་སྤྱོད་ཡུལ་དེ་ལ་དེ་སྐད་ཅེས་བྱའོ།། དེ་ནི་བླ་མ་དམ་པའི་བརྒྱུད་པ་ཉེ་བར་བསྟན་པོའི་བརྡའི ་དོན་གྱི་རང་བཞིན་གྱི་དོན་ཏོ།། ཡང་དེ་ཇི་ལྟ་བུ་ཞེ་ན། མཆོག་ནི་སྒྲུབ་ཐིབས་ཐམས་ཅད་ཀྱི་སྙིང་པོ་དོན་གྱི་མཆོག་ཡིན་པའི་ཕྱིར་རོ།། གང་གི་སྦུབས་ཐབས་ཞེ་ན། རྡོ་རྗེ་རྣལ་འབྱོར་མའི་འོ།། དེའི་དོན་བཤད་ཟིན་ཏོ།། ་འོན་ཏེ་བདེ་མཆོག་སྡོམ་པ་རྒྱ་མཚོ་ལ་སོགས་པའི་རྒྱུད་ལས་བཅོམ་ལྡན་འདས་ཀྱིས་སྒྲུབ་ཐབས་འདི་རྒྱས་པར་བཤད་པ་མ་ཡིནྡ་ནམ། དེས་ན་སྒྲུབ་ཐབས་གཞན་གྱིས་ཅི་ཞིག་བྱ་ཞེ་ན། མདོར་བསྡུས་ཞེས་པ་ནི་སྐྱོང་བ ་དོན་བསྡུས་པས་འདི་ནི་གདམས་ངག་དང་བཅས་པ་དང་། ཉུང་བ་དང་། སྙིང་པོའི་དོན་དང་ལྡན་པ་དང་བསྡུས་པའི་དོན་ཏོ།། ད་ནི་སྒྲུབ་པ་པོའི་མཚན་ཉིད་དང་སྦུབས་ཐབས་དང་། རིམ་པ་ཇི་ལྟ་བར་ཉེ་བར་བརྗོད་པ་ནི་དང་། ་པོར་ཞེས་པ་ལ་སོགས་པ་རེ་ཞིག་སྔགས་པས་གནས་དང་བདག་དང་རྣལ་འབྱོར་གྱི་བསྲུང་བའི་སྔགས་དང་ལྡན་པས་སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་གྱི་སྒྲུབ་པ་པོ་སྔགས་ཀྱི་ཁྲུས་ཀྱི་ངག ་པ་ནི་མ་དཱ་ནས་ཁྲུས་བྱའོ།། ཡང་ཇི་ལྟར་ཞེ་ན། བླ་མའི་རྡོ་རྗེ་སློབ་དཔོན་ནོ།། སངས་རྒྱས་ནི་སྤང་བྱ་དང་། བླངས་བྱའི་དོན་ཐམས་ཅད་ཀྱི་དེ་ཉིད་ཀྱི་རྟོགས་པའོ།། དེ་དག་ལ་ཐུན་མོངས་མ་ཡིན་པའི་མོས་པ་དང་ལྡན་པའི ་ཡིད་ཀྱིས་སོ།། སློབ་དཔོན་ལ་དད་པ་ཅན་གྱིས་དངོས་གྲུབ་ཐོབ་པར་འགྱུར་བའི་ཕྱིར་རོ།། དེ་སྐད་དུ་ཡང་། བཛྲ་ཨ་རལླི་ལས་རྒྱུད་དང་རྒྱུད་ལས་བདག་གིས་བརྗོད།། དངོས་གྲུབ་རྣམས་ནི་མཆོག་ཞལ་མ།། བླ་མ་དགྱེས་ནས་ཐོབ ་འགྱུར་ཕྱིར།། རྟག་ཏུ་བླ་མ་མཉེས་པར་བྱ་ཞེས་དང་། གཞུང་གཞན་དག་ལས་ཀྱང་། བླ་མ་སངས་རྒྱས་བླ་མ་ཆོས་ཞེན་པ་ལ་སོགས་པའོ།། ཡང་ཇི་ལྟར་ཞེ་ན། བརྟན་པ་ནི་མི་ལྡོག་པ། གཟུང་བ་ནི་བླངས་པ། བྱང་ཆུབ་ནི་སྟོང ་ཉིད་སྙིང་རྗེའི་རང་བཞིན་བདེ་བ་ཆེན་པོའི་ངོ་བོ་ཉིད་ཡིན་ལ་སེམས་ནི་ཡིད་ཡིན་ནོ།། བྱང་ཆུབ་ལ་སེམས་སྐྱེས་པས་ནི་ལམ་བདེ་བས་རྟོགས་པར་འགྱུར་རོ།། ཡང་དེ་ཇི་ལྟ་བུ་ཞེ་ན། དབང་ལ་སོགས་པས་ནི་སྐུ་གསུང་ཐུགས་ཀྱི ་ཡེ་ཤེས་ཀྱི་དྲི་མ་དཀྲུས་པས་རྫོགས་པའི་དབང་བསྐུར་ཐོབ་པའི་དོན་ཏོ།། དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་མའི་རྒྱུད་བླ་ན་མེད་པ་ལས་དབང་བའི་ཕྱིར་རོ།། འདིས་སྒྲུབ་པ་པོའི་མཚན་ཉིད་གསུངས་སོ།། གཞུང་གཞན་ལས་ཀྱང་དང ་པོར་དད་པ་མཁས་པ་ཡིས།། རྣལ་འབྱོར་དབང་ཕྱུག་མ་ཉིད་ལ།། སྔགས་ལ་གྲུབ་པ་མཁས་གྱུར་པས།། འཇིག་རྟེན་ཕན་པ་སྤྲོ་བའི་དབང་གྱུར་ཅིང་།། བླ་མ་མཆོག་ནི་ཞབས་ཀྱི་རྗེས་འབྲངས་པ།། གཏི་མུག་བྱིང་དང་ལེ་ལོ་བྲལ།། ་དམ་ཚིག་གསུམ་ངོན་སྒྲུབ་བྱེད་པ།། ངག་ལྡན་ཡིད་ཀྱི་མཐའ་ཅན་གྱི།། ཆགས་ཞེ་ན་རྟོག་པ་རྣམ་སྤངས་པ། འཁོར་བའི་བག་ཆགས་ཐབས་ཀྱིས་རབ་ཞི་བ།། བདེན་པ་གཉིས་ཀྱི་ཡོངས་སུ་སྤྱོད་གོམས་པའི།། ལས་སུ་རུང ་བའི་ཡིད་ཅན་བློ་དང་ལྡན།། ཐོས་པ་ཅན་དང་སློབ་དཔོན་དཔག་མེད་པ།། རྟོགས་བྲལ་མཁའ་འགྲོ་མ་ལ་རབ་ཏུ་འདུད།། མཆོད་པའི་ལྔས་ལ་གོམས་པ་ཡིས།། བླ་མ་རྒྱལ་བ་རྡོ་རྗེ་ལྷ་མོས་ཅན།། ཁྱད་པར་ཆོ་ག་མང་པོ་ཡི། ་མན་ངག་ཆོ་ག་མ་ལུས་རིགས་པ་ཅན།། བླ་མ་དམ་པ་བརྟེན་ལ་མཁས་གྱུར་པ།། རྗེས་གནང་ཐོབ་ཅིང་ཡན་ལག་དུལ་བའི་སྔགས་པ་ནི་ཞེས་སོ།། འདི་ལྟ་བུའི་སྔགས་པས་གང་དང་གང་བྱས་ནས་འཆད་པར་འགྱུར་བའི་ལས་བྱེད ་ཅེ་ན། སྭ་བྷ་ཝཱ་ཅེས་པ་ནི་རང་བཞིན་གྱིས་འོད་གསལ་པ་དངོས་པོ་མེད་པའི་བདག་ཉིད་དེ་གང་རྣམས་ཀྱི་ངོ་བོ་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། སརྦྦ་དྷརྨཿནི་ཆོས་རྣམས་སོ།། དེ་དག་ཀྱང་གང་ཞེ་ན། དེ་ལ་འཇིག་རྟེན་གྱི་ཆོས ་རྣམས་ནི་ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅོ་བརྒྱད་རྣམས་སོ།། ལམ་གྱི་ཆོས་རྣམས་ཉེ་བར་བསྟན་པ་ནི་དྲན་པ་ཉེ་བར་བཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ ་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་རྣམས་སོ།། འཇིག་རྟེན་ལས་འདས་པའི་ཆོས་རྣམས་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་དང་འཕགས་པའི་ལཱམ་བརྒྱད་པ་རྣམས་སོ།། སངས་རྒྱས་ཀྱི་ཆོས ་རྣམས་ནི་སྟོབས་བཅུ་དང་། མི་འཇིགས་པ་རྣམས་སོ།། ཡང་ཇི་ལྟར་ཞེ་ན། དུར་ཁྲོད་ལ་སོགས་པ་ནི་རོས་བྱ་བ་བྱེད་པས་དུར་ཁྲོད་དེ། མགོ་མེད་པ་དང་། གྱེན་དུ་བཅིངས་པ་དང་། ཉལ་བ་དང་། རྩེ་གཅིག་པ ་ལ་བཏགས་པ་རྣམས་ཀྱི་རིམ་པ་བཞིན་དུ་འགྲོ་བ་དང་། གནས་པ་དང་། ཉལ་བ་དང་བསྟན་པས་དུར་ཁྲོད་ལ་སོགས་པས་རིའི་རྩེ་མོ་དང་། བྲག་ཕུག་དང་། ཤིང་གི་རྩ་བ་དང་ཆུའི་འགྲམ་དང་། ཆུ་བོ་གཉིས་ཕྲད་ས་དྲང ་དབང་ཕྱུག་ཆེན་པོའི་གནས་དང་། ཁང་སྟོང་དང་། སྐྱེས་མོས་ཚུལ་དང་། འཁྲུག་པ་ཆེན་པོ་བྱུང་བའི་སྡོད་པ་ལ་སོགས་པའོ།། དེ་ལ་དབེན་པའི་གནས་སུ་འཇམ་པའི་གདོན་རོལ་སོགས་པ་ལཾ། རྣལ་འབྱོར་གྱི ་རོལ་པ་ནི་སྟོང་ཉིད་དང་སྙིང་རྗེ་ཟུང་དུ་འཇུག་པ། རྡོ་རྗེ་སྐྱིལ་ཀྲུང་གིས་གནས་པ། སྒལ་ཚིགས་དྲང་པོ་དང་། ཏིང་ངེ་འཛིན་གྱི་ཕྱག་རྒྱ་སྣ་རྩེ་ལ་བལྟ་བ་དང་། སྨྲ་བ་བཅད་པ་དང་། སེམས་རྩེ་གཅིག་པའི་རོལ ་པས་བསྡད་པའོ།། ཇི་ལྟར་ཞེ་ན། རབ་ཏུ་བསྔགས་པོ་ཞེས་པ་ནི་གནས་དང་ཉེ་བའི་གནས་ལ་སོགས་པའི་ནང་ནས་གནས་རྣམ་བཞི་སྟེ། ཛ་ལནྡྷ་ར་དང་། ཨོ་ཥྱཎ་དང་། པུརྞ་གི་རི་དང་། ཀཱ་མ་རུ་པ་དང་། ་དེ་ལ་ཨོཾ་ཌཱི་ཡ་ནཱའི་དང་པོའི་ཡི་གེ་ནི་ཟླ་བ་ཕྱེད་དང་ཐིག་ལེ་དང་བཅས་པས། ཨོཾ་གྷི་ཡི་གེ་ནི་རབ་ཏུ་བསྔགས་པའི་དོན་ཏོ།། སྔ་བོན་འདིས་མཚོན་པས་གནས་ཨོཾ་ཌི་ཡ་ནའོ།། དེ་ལ་ཞལ་མངོན་པར་ཕྱོགས་པས་བདེ་བར ་འགྱུར་བའི་དོན་ཏོ།། ཅིའི་ནུབ་ཕྱོགས་སུ་ཞལ་བལྟ་ཞེ་ན། ཨོཾ་ཌྱ་ཎ་རྡོ་རྗེ་རྣལ་འབྱོར་མའི་ཞལ་ནས་སྒྲུབ་ཐབས་འདི་བྱུང་བའི་ཕྱིར་དང་། དེ་ལ་དེ་ཡོད་པ་དང་། དེ་ལ་དད་པར་བྱེད་པ་རུང་བའི་ཕྱིར་རོ།། ཅིའི་ཕྱིར་འདུག་པ ་བྱ་ཞེ་ན། རང་དང་གཞན་ཞེས་པ་ལ་སོགས་པ་ནི་རང་གི་ཕུན་སུམ་ཚོགས་པ་དེ་སྒྲིབ་པ་དང་བཅས་པའི་བག་ཆགས་གཉིས་སྤངས་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའོ།། གཞན་གྱི་ཕུན་སུམ་ཚོགས་པ་ནི ་བོ་མེད་པས་སེམས་ཅན་ཐམས་ཅད་སྨིན་པ་དང་འགྲོལ་བ་ལ་སོགས་པའི་ལྔས་སོ།། ཡང་ན་རང་དང་གཞན་གྱི་ཕུན་སུམ་ཚོགས་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་གྱི་ཚོགས་སོ།། དེ་དག་མངོན ་པར་མཆོད་པའི་ཆེད་དུའོ།། ཡང་གང་ཞེ་ན། དེའི་རྗེས་སུ་ཞེས་པ་སྨོས་པ་ནི་འདུག་པའི་རྗེས་ལ་སྐུ་གསུང་ཐུགས་ཀྱི་ཀུན་ནས་རྟོག་པ་སྤངས་པའི་ཕྱིར།། རྒུན་འགྲམ་དང་། བུ་རམ་དང་། འབྲས་འདག་ལས་བྱུང ་བའི་མ་ད་ན་རྣམ་པ་གསུམ་སྟེ། བདུད་རྩི་རྣམ་པ་ལྔ་དང་བཅས་པི། པདྨའི་སྣོད་ལ་བླུགས་ནས་མངོན་པར་བསྔགས་པ་ནི་ཨོཾ་ཨཱཿཧཱུཾ་གི་ཡི་གེ་གསུམ་གྱིས་བརླབ་པར་བྱས་ནས་ཆུ་དེ་ཉིད་ནི་ལྷའི་ཆུས་ལག་པ ་གཡོན་ནས་བརྩམས་ནས་ཡན་ལག་ནི་ལུས་ཐམས་ཅད་ཉིད་ལག་ནི་ལྟེ་བ་དང་། སྙིང་ག་དང་། མགྲིན་པ་དང་། མགོ་བོ་རྣམས་སོ།། ཡན་ལག་དང་ཉིང་ལག་སྟེ་ཐམས་ཅད་ལ་སྔགས་ཀྱིས ་ཆུས་ཁྲུས་བྱའོ།། ལྷའི་རྫས་དེ་ཉིད་ཀྱིས་མཆོད་པའི་རྫས་ནི་མཆོད་པའི་ཆེད་དུ་རྫུས་ཏེ། མེ་ཏོག་དམར་པོ་ལ་སོགས་པ་ལཱ་བསེང་གཏོར་བྱའོ།། དེའི་རྗེས་ལྔ་ཞེས་བྱ་བ་ནི་བསང་གཏོར་གྱི་རྗེས་ལ་ལག་པ་གཡོན་པའི ་སོར་མོ་རྣམས་དང་། ལག་པའི་མཐིལ་དུ་ཡང་གོ་བར་བྱའོ།། ད་ལ་ལག་པ་གཡོན་པའི་དབུས་དང་། མཐེ་འུ་ཆུང་དང་། སྲིན་ལག་དང་། གུང་མོ་དང་། སྡིགས་མཛུབ་དང་། མཐེ་བོ་རྣམས་ལ་རིམ་པུ་ཇི་ལྟ་བུར ་ཕྲག་མོ་དང་། གཤིན་རྗེ་མ་དང་། རྨོངས་བྱེད་མ་དང་། སྡིག་བྱེད་མ་དང་། གཏུམ་མོའི་རང་བཞིན་གྱིས་དམར་པོ་དང་། སྔོན་མོ་དང་། དཀར་མོ་དང་། སེར་མོ་དང་། ལྗང་གུ་དང་། ངུ་བའི་མདོག་ཅན་ནོ།། ཨོཾ་པྲཾ་ཧི་ཡཽ ་ཧཱུ~ཾ་མོཾ་ཧྲིཾ་ཧྲིཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཅེས་པའི་ཡི་གེ་འདི་རྣམས་ཀྱིས་སྦྱངས་ཏེ། རྣལ་འབྱོར་མ་དྲུག་གི་ཚིགས་གདགས་པར་བྱས་ཏེ། རྣལ་འབྱོར་མ་དྲུག་གི་ཡི་གེ་འདི་དག་གི་སྔགས་དང་ལྷ་དབྱེར་མེད་པའི་ཕྱིར་སྔགས་འདི་རྣམས ་ཁོ་ན་རྣལ་འབྱོར་མ་དྲུག་ཏུ་ལྷག་པར་མོས་ནས་ཡང་དག་པར་བྱ་ཞིང་མཆོད་པ་ལ་སོགས་པ་བྱའོ།། ཞེས་གདགས་པས་བྱའོ།། ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་པའི་སྔགས་ཀྱིས་ཆུས་བཀྲུས་པ་ཁོ་ན་ལུས་ངག་ཡིད ་གསུམ་ཡོངས་སུ་དག་པའོ།། འདིར་ནི་འདི་ཁོ་ན་བསྐྱོད་ནམས་ཀྱི་ཚོགས་ཡོངས་སུ་བསྔགས་པའོ།། འགའ་ཞིག་ནི་གཞུང་གི་རིམ་པ་སྤངས་ནས་འདི་སྐད་དུ། ལྷའི་ཆུ་བྱིན་གྱིས་བརླབས་པའི་རྗེ་སུ་གཡོན་པའི་སོར་མོ་རྣམས ་ལ་རྣལ་འབྱོར་མ་དྲུག་གྲི་སྔགས་ཀྱི་ཡི་གེ་རྣམས་བསྒོམས་ཤིང་ལྷའི་ཆུས་མཆོད་ནས་དེ་ཁོ་ནས་ལྟེ་བ་ལ་སོགས་པའི་ཡན་ལག་དང་ཉིང་ལག་རྣམས་ལ་གསང་གཏོར་བྱའོ།། དེ་ནས་ལྷའི་ཆུ་དེ་ཁོ་ནས་མེ་ཏོག་ལ་སོགས ་པ་ལ་བསང་གཏོར་བྱ་ཞིང་ལྷའི་ཆུ་དེ་ཉིད་ཀྱིས་གཡོན་པའི་སྲིན་ལག་གི་ཆོས་འབྱུང་བྲིས་ལ་དེའི་དབུས་སུ་དཔལ་རྡོ་རྗེ་རྣལ་འབྱོར་མ་སྐད་ཅིག་གི་རྣམ་པས་བསྒོམས་ཏེ། མེ་ཏོག་ལ་སོགས་པས་མཆོད་ཅིང་ཕྱག་འཚལ་བ་ལ ་སོགས་པ་ནས་བཏང་སྙོམས་ཀྱི་བར་དུ་བྱའོ།། འདི་ནི་སྐྱབས་སུ་འགྲོ་བ་ལ་སོགས་པ་མི་དགོས་ཏེ། གང་ཟག་དབང་པོ་རབ་ཀྱི་ཡིན་པའི་ཕྱིར་རོ།། འདིར་ནི་འདི་ཉིད་རང་ཁོ་ན་དགེ་བའི་ཚོགས་སོ།། ་ད་ནི་བསོད་ནམས་ཀྱི་ཚོགས་ཀྱི་ཆགས་རྗེས་ལ་ཡེ་ཤེས་ཀྱི་ཚོགས་བསགས་པའི་ཆེད་དུ་སྟོང་པ་ཉིད་ཀྱི་དོན་དུ་བསྒོམ་པ་ནི་དག་པ་གསུམ་ནོས་པ་ལ་སོགས་པའོ།། དེ་ལ་འདིར་སྟོང་པ་ཉིད་ཇི་ལྟར་བསྒོམ་པ་ནི་ཆོས་ཐམས ་ཅད་དངོས་པོ་མེད་པར་བསྒོམས་པ་ཉིད་ཀྱིས་ཐོག་མ་མེད་པ་ནས་བསགས་པའི་སྐྱེ་བོའི་རྒྱུད་ལས་བྱུང་བའི་དྲི་མི་དག་པས་སོ་སོའི་ཕུང་པོར་འཛིན་པ་ཡོངས་སུ་སྤོང་བ་སྔོན་དུ་འགྲོ་བས་བསྐྱེད་རྫོགས་གཉིས་ཀྱི་ལྷ་བསྒོམ ་པར་བྱའོ།། འདིར་གང་གི་ཕྱིར་སྤྱོད་ཉིད་བསྒོམ་པ་ནི་རིགས་པ་སྐབས་ཀྱིས་ཆོས་ཐམས་ཅད་ཀྱི་གཟུང་འཛིན་གྱིས་དབེན་པའི་སེམས་གཅིག་པུའི་ངོ་བོ་རྣམས་ལ་རང་བཞིན་མང་པ་ནི་སྟོང་པ་ཉིད་དུ ་འདི་ལྟར་སྔོན་པོ་ལ་སོགས་པོ་ཕྱི་རོལ་ཐམས་ཅད་དང་ནང་གི་མིག་ལ་སོགས་པ་རྣམས་ཀྱི་སྒྲོ་བཏགས་བྱའོ།། གང་གི་ཕྱིར་སེམས་ལས་གཞན་བེམས་པོ་རྣམས་ཐ་དད་མེད་དོ།། དེ་མེད་པས་འཛིན་པའང་མེད་དོ།། སེམས ་གཅིག་པུ་ངོ་བོ་གཉིས་མི་འཐོད་པའི་ཕྱིར་རོ།། འོན་ཏེ་སེམས་ཙམ་བདེན་པར་གྱུར་ན་དེ་མ་ཡིན་ཏེ། ཆོས་ཐམས་ཅད་ཀྱི་ནང་དུ་འདུས་པས་དེ་ལ་ཡང་དངོས་པོ་མེད་པར་ཁོང་དུ་ཆུད་པའི་ཕྱིར་རོ།། གང་གི་ཕྱིར་ཆོས ་རྣམས་དངོས་པོ་མེད་པ་སྟེ། དེའི་ཕྱིར་མ་སྐྱེས་པའོ།། དེ་ཉིད་ཀྱིས་རང་བཞིན་གྱིས་སྒྲོ་བཏགས་པ་ཐམས་ཅད་ཀྱི་མུན་པ་དང་བྲལ་བས་འོད་གསལ་བའོ།། གང་ཕྱིར་དང་པོ་མི་སྐྱེས་པའི་ཕྱིར་རོ།། དང་པོ་སྨྱོས་ནས ་ཕྱི་མར་གང་ལ་ཡང་རྣམ་པར་འཇིགས་པ་དེ་མ་ཡིན་ནོ།། དེའི་ཕྱིར་ཆོས་རྣམས་གཞན་སྒྱུ་མ་ལ་སོགས་པ་བཞིན་དུ་དེང་པོར་མ་སྐྱེས་པ་ཉིད་ཀྱིས་དོན་དམ་པའི་དངོས་པོས་སྟོང་པ་དེ་བཞིན་དུ་སེམས་ཡང་ངོ་།། རིགས ་པོས་མཚུངས་པའི་ཕྱིར་རོ།། འདིར་ནི་ད་ལྟར་བར་བསྟན་ནས་འོདས་པ་དང་མ་འོངས་པ་གཉིས་ལ་ཡང་སྤྱིར་སྟོང་པ་ཉིད་བསྟན་པོས་སྟོང་པ་ཉིད་ལ་སོགས་པའི་ཏིང་ངེ་འཛིན་རྣམ་པར་ཐར་པའི་སྒོ་གསུམ་བསྟན་ཏོ།། ་དེ་བས་ན་དག་པ་གསུམ་བརྗོད་པར་བྱའོ་ཞེས་པ་ནི་ཨོཾ་གསུམ་གྱི་རང་བཞིན་དང་རྡོ་རྗེ་དང་རྣལ་འབྱོར་རྣམ་པ་གསུམ་གྱིས་ཡོངས་སུ་དག་པའི་སྔགས་གསུམ་བརྗོད་པར་བྱའོ།། དེ་ལ་རང་བཞིན་སྟོང་པ་ཉིད་ཀྱིས་དངོས་པོ་དང ་དངོས་མེད་དང་། གཟུང་འཛིན་སྒྲོ་བཏགས་དང་བྲལ་བས་དྲི་མ་མེད་པའོ།། ཕུང་པོ་ལ་སོགས་པ་ཐམས་ཅད་དང་བདག་ཀྱང་དེ་བཞིན་ནོ།། ཆོས་ཐམས་ཅད་ཀྱི་ནང་དུ་ཆུད་པའི་ཕྱིར་རོ།། རྡོ་རྗེ་ནི་སྟོང་ཉིད་དེ་སྟོང་ཉིད ་རྡོ་རྗེར་བརྗོད་པར་བྱ་ཞེས་གསུངས་པའི་ཕྱིར་རོ།། དེ་བྱས་ན་མཚན་མ་མེད་པ་མ་ལུས་པ་སྒྲོ་བཏགས་པ་དང་བྲལ་བས་དག་པའོ།། རྣལ་འབྱོར་ནི་བྱང་ཆུབ་ཀྱི་སེམས་ཏེ། སྨོན་པོ་དང་བྲལ་བས་དག་པའོ།། བདག ་འཛིན་སྤངས་དཀྲོའ་བའི་ཕྱིར་ཏེ། བདག་རང་བཞིན་གྱིས་དྲག་པ་ལ་སོགས་པ་ཞེས་གསུངས་པའི་ཕྱིར་རོ།། སྔགས་གསུམ་གྱིས་སྟོང་པ་ཉིད་དྲང་མཚན་མ་མེད་པ་དང་སྨོན་པ་མེད་པ་རྣམ་པར་ཐར་པའི་སྒོ་རྣམ་པ ་གསུམ་བཤད་དོ།། རང་བཞིན་གྱིས་ཡོངས་སུ་དག་ཀྱང་འདི་དག་གིས་བློ་བུར་དུ་དྲྀ་ན་སྤངས་པའི་ཕྱིར་རོ།། དེའི་རྗེས་སུ་སྨོན་པ་སྔོན་དུ་འགྲོ་བས་སྙིང་རྗེ་ཆེན་པོས་སྟོང་པ་ཉིད་ལས་རབ་ཏུ་སདྲ་ནས་ལྷའི་རྣམ་པས་སྒོམ ་སྐབས་སུ་བྱེད་གསུངས་པ་ནི་དེ་ལས་ཞེས་བྱ་བ་ལ་སོགས་པ་ནི་དེ་ལས་སྟོང་པ་ཉིད་ཀྱི་རྗེས་ལ་རང་གི་ལུས་ཁམས་གསུམ་སྟེ་ལུས་ངག་ཡིད་རྣམ་པ་གསུམ་དེས་ཡོངས་སུ་དག་པར་གྱུར་པའི་གཞལ་ཡས་ཁང་དཀྱིལ ་འཁོར་གྱི་ཕོ་བྲང་གསུམ་ཡིན་པས་ཁམས་གསུམ་གྱིས་རྣམ་པར་དག་པའི་གཞལ་ཡས་ཁང་ངོ་།། ཁམས་གསུམ་ཀྱང་གཞལ་ཡས་ཁང་གིས་རྣམ་པར་དག་གོ།། དེ་ནས་རང་གི་ལུས་ཁམས་གསུམ་འདི ་དགྲ་གཞལ་ཡས་ཁང་ལས་ཐ་དད་པ་མ་ཡིན་སྲེག་ཅན་རྣམས་འདི་རྒྱལ་བ་ཡིན་ཏེ། འཁོར་ལོ་འདིའི་དབང་ཕྱུག་བདག་ཡིན་མི་མིན་ཡུལ་དང་དབང་པོ་ལ་སོགས་མིན།། གཟུགས་སོགས་ཆོས་ཉིད་བདག་ཉིད་ཀྱིས་མིན ་དཀྱིལ་འཁོར་ལས་བྱུང་འདི་རྣམས་ཡིན།། སྣ་ཚོགས་དཀྱིལ་འཁོར་ཀུན་ནས་ཤེས་ཤིང་མ་བཅོས་དཀྱིལ་འཁོར་བོར་ནས་བརྟགས་པའི་དཀྱིལ་འཁོར་ཅི་སྟེ་སྒོམ་ཞེས་དུས་ཀྱི་འཁོར་ལོ་ལས་བཤད་དོ།། ཁམས་གསུམ ་རྣམ་པར་དག་པའི་གཞལ་ཡས་ཁང་དུ་ལྷག་པར་མོས་པ་སྟེ།། སྐད་ཅིག་ཙམ་གྱིས་ས་བོན་དང་ཕྱག་མཚན་ལ་མི་བལྟོས་པར་ལྟ་བའི་དཀྱིལ་འཁོར་ལ་དཔལ་རྡོ་རྗེ་རྣལ་འབྱོར་མ་རྣལ་འབྱོར་པ་ཡིས་རྟག་ཏུ་བསྒོམ་ཞེས ་འབྲེལ་ཏོ།། ཕྱག་གཉིས་པ། གཡས་པས་གྲི་གུག། གཡོན་པས་ཐོད་པ་འཛིན་པ། དབུ་སྐྲ་གྲོལ་བ། ཐུར་དུ་འཕྱང་བ། གཙར་བུ་པ། ཞལ་གཉིས་པ། སྤྱན་གསུམ་པ། ལང་ཆོ་ཞེས་པ་ནི་ལོ་བཅུ་གཉིས་ལོན ་པ་ལྟ་བུ་ཡིད་དུ་འོང་བའོ།། ཕྱག་རྒྱ་ལྔ་ནི་འཁོར་ལོ་དང་། སྙན་ཆ་དང་། མགུལ་བརྒྱན་དང་། ལག་གདུབ་དང་། སྐེ་རགས་རྣམས་ཀྱིས་བརྒྱན་པའོ།། སངས་རྒྱས་ལྔ་ཞེས་པ་ནི་ཐོད་པ་ལྔས་དབུ་ལ་བརྒྱན་པའོ།། ་སྐྱིལ་ཀྲུང་ཕྱེད་པ་ཞེས་པ་ནི་བརླག་གཡོན་པའི་ཐང་ཀར་གཡས་པའི་ཞབས་ཀྱིས་རྩེ་བཞག་པའོ།། ཟླ་བ་ནི་བརྡའི་སྐད་ཀྱིས་རོའོ།། དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར་རོ།། མེ་ཞེས་པ་ནི་ཆོས་འབྱུང་གྲུ་གསུམ་སྟེ།། སྟེང་དུ་རྒྱས ་པོ་འོག་ཏུ་ཕྲ་མོའོ།། དཀྱིལ་འཁོར་ཞེས་པ་ནི་ཟླ་བ་དང་ཉི་མ་མེའི་དཀྱིལ་དུ་གནས་པའོ།། ཛ་བ་སིནྡྷུ་ར་དང་མཚུངས་ཞེས་པ་ནི་ཨོཾ་ཌའི་མེ་ཏོག་དང་། སིནྡྷུ་ར་ཉིད་དམར་པོ་དང་འདྲ་བའོ།། ལྷ་མོ་ཞེས་པ་ནི་རང་གི་ཕུན་སུམ ་ཚོགས་པ་ལ་རྩེ་བར་འགྱུར་བས་ལྷ་མོའོ།། ཞལ་གཉིས་ཞེས་བྱ་བ་ནི་གཡས་ཕག་གདོང་ངོ་།། གཡོན་པ་ཁྲོ་བའི་རོ་དང་ལྡན་པས་ཁྲོ་མོའོ།། ཞལ་གཉིས་ཀྱིས་རྣམ་པར་དག་པ་ནི་ཀུན་རྫོབ་ཅེས་པ་ལ་སོགས་པ ་ནི་བདེན་པ་གཉིས་ཀྱི་རྣམ་པར་དག་པས་ཞལ་གཉིས་སོ།། གཽནས་སྐབས་ཀྱི་དག་པ་གཞན་བརྗོད་པར་བྱ་བ་ནི་རྡོ་རྗེ་ཕག་མོ་ནི་རྡོ་རྗེ་སེམས་དཔའ་རྣམ་པར་དག་པ་འམ། རྣམ་པར་སྣང་མཛད་ཀྱིས་སོ།། དེ་བཞིན ་ཉིད་ཀྱིས་རྣམ་པར་དག་པས་རྡོ་རྗེ་ཕག་མོའོ།། བདུན་པ་གཉིས་ཀྱིས་རྣམ་པར་དག་པས་ཞབས་གཉིས་དོང་ཕྱག་གཉིས་སོ།། ཁམས་གསུམ་ལ་མི་དམིགས་པར་བསྟན་པའི་དོན་དུ་རྣམ་པར་དག་པས་རྡོ་རྗེའི་སྐྱིལ ་ཀྲུང་ཕྱེད་པའོ།། ཐམས་ཅད་སྒྲོ་མ་བཏགས་པའི་སྙིང་རྗེ་ཆེན་པོ་ལ་ཆགས་པའི་རྣམ་པར་དག་པས་གདན་ལ་མཐེ་བོང་ཅུང་ཟད་རེག་པའོ།། མངོན་པར་ཤེས་པ་དྲུག་གི་རྣམ་པར་དག་པས་སྤྱན་དྲུག་གོ། ལོག ་པར་ལྟ་བ་མངོན་པར་སྤོང་བས་ཁྲོ་མོའི་ཞལ་ལོ།། གཏི་མུག་རྣམ་པར་དག་པས་ཕག་ཞལ་ལོ།། དབང་གི་ལས་དང་སྙིང་རྗེའི་རྣམ་པར་དག་པས་དམར་བའོ།། གཉིས་སུ་མེད་པའི་དེ་ཉིད་ཀྱི་ཆོས ་ཀྱི་ཕུང་པོ་བརྒྱད་ཁྲིའི་སྤྲོ་བའི་རྣམ་པར་དག་པས་དབུ་སྐྲ་གྲོལ་བའོ།། མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔའི་རྣམ་པར་དག་པས་དཔྲལ་བར་རྡོ་རྗེའི་ཕྱུང་བའོ།། རིགས་ལྔའི་རྣམ་པར་རྟོག་པ་དག་པས་ཐོད་པ་ལྔའོ།། ་དེ་བཞིན་གཤེགས་པ་ལྔའི་རྣམ་པར་དག་པས་འཁོར་ལྀ་ལ་སོགས་པའི་ཕྱག་རྒྱ་ལྔའོ།། རྡོ་རྗེ་སེམས་དཔའི་རྣམ་པར་དག་པས་ཐལ་བའོ།། ཨཱ་ལི་ཀཱ་ལིའི་རྣམ་པར་དག་པས་མགོ་ལྔ་བཅུའི་དོ་ཤལ་ལོ།། དངོས་པོ་དང ་དངོས་པོ་མེད་པའི་རྣམ་པར་དག་པས་གྲི་གུག་གོ། བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པར་དག་པས་ཁ་ཊྭཱཾ་གའོ།། བདེ་བ་ཆེན་པོའི་སྙིང་རྗེའི་རོ་རྣམ་པར་དག་པས་སུམ་བདུད་བཞི་བཅོམ་པའི་རྣམ་པར་དྲག་པས་ཐོད་པ་ཁྲག་གིས ་བཀང་བའོ།། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དང་འགྲོ་བ་མ་ལུས་པའི་དེ་བཞིན་ཉིད་དབྱེར་མེད་པར་བསྟན་པའི་ཕྱིར་འཁོར་བར་གནས་པའི་ཉེས་པས་མ་གོས་པའི་རྣམ་པར་དག་པས་ཆུ་སྐྱེས་ཀྱི་གདན་ནོ།། ཞི་བ་ལ ་སོགས་པའི་ཕྲིན་ལས་ཐམས་ཅད་ཀྱི་རྣམ་པར་དག་པས་སྣ་ཚོགས་པདྨའོ།། སེམས་ཅན་མ་ལུས་པའི་རྒྱུད་ཀྱིས་མོ་རིག་པའི་མུན་པ་རྣམ་པར་འཇོམས་པར་བྱེད་པར་མི་དགེ་བའི་གདམ་སྐེམས་པར་བྱེད་པ་དང་བྱང་ཆུབ་ཀྱི ་གསུམ་ཡོངས་སུ་དག་པའོ།། འདིར་ནི་འདི་ཁོ་ན་བསྐྱོད་ནམས་ཀྱི་ཚོགས་ཡོངས་སུ་བསྔགས་པའོ།། འགའ་ཞིག་ནི་གཞུང་གི་རིམ་པ་སྤངས་ནས་འདི་སྐད་དུ། ལྷའི་ཆུ་བྱིན་གྱིས་བརླབས་པའི་རྗེས་སུ་གཡོན་པའི་སོར་མོ་རྣམས ་ལ་རྣལ་འབྱོར་མ་དྲུག་གྲི་སྔགས་ཀྱི་ཡི་གེ་རྣམས་བསྒོམས་ཤིང་ལྷའི་ཆུས་མཆོད་ནས་དེ་ཁོ་ནས་ལྟེ་བ་ལ་སོགས་པའི་ཡན་ལག་དང་ཉིང་ལག་རྣམས་ལ་གསང་གཏོར་བྱའོ།། དེ་ནས་ལྷའི་ཆུ་དེ་ཁོ་ནས་མེ་ཏོག་ལ་སོགས ་པ་ལ་བསང་གཏོར་བྱ་ཞིང་ལྷའི་ཆུ་དེ་ཉིད་ཀྱིས་གཡོན་པའི་སྲིན་ལག་གི་ཆོས་འབྱུང་བྲིས་ལ་དེའི་དབུས་སུ་དཔལ་རྡོ་རྗེ་རྣལ་འབྱོར་མ་སྐད་ཅིག་གི་རྣམ་པས་བསྒོམས་ཏེ། མེ་ཏོག་ལ་སོགས་པས་མཆོད་ཅིང་ཕྱག་འཚལ་བ་ལ ་སོགས་པ་ནས་བཏང་སྙོམས་ཀྱི་བར་དུ་བྱའོ།། འདི་ནི་སྐྱབས་སུ་འགྲོ་བ་ལ་སོགས་པ་མི་དགོས་ཏེ། གང་ཟག་དབང་པོ་རབ་ཀྱི་ཡིན་པའི་ཕྱིར་རོ།། འདིར་ནི་འདི་ཉིད་རང་ཁོ་ན་དགེ་བའི་ཚོགས་སོ།། ་ད་ནི་བསོད་ནམས་ཀྱི་ཚོགས་ཀྱི་ཆགས་རྗེས་ལ་ཡེ་ཤེས་ཀྱི་ཚོགས་བསགས་པའི་ཆེད་དུ་སྟོང་པ་ཉིད་ཀྱི་དོན་དུ་བསྒོམ་པ་ནི་དག་པ་གསུམ་ནོས་པ་ལ་སོགས་པའོ།། དེ་ལ་འདིར་སྟོང་པ་ཉིད་ཇི་ལྟར་བསྒོམ་པ་ནི་ཆོས་ཐམས ་ཅད་དངོས་པོ་མེད་པར་བསྒོམས་པ་ཉིད་ཀྱིས་ཐོག་མ་མེད་པ་ནས་བསགས་པའི་སྐྱེ་བོའི་རྒྱུད་ལས་བྱུང་བའི་དྲི་མ་དག་པས་སོ་སོའི་ཕུང་པོར་འཛིན་པ་ཡོངས་སུ་སྤོང་བ་སྔོན་དུ་འགྲོ་བས་བསྐྱེད་རྫོགས་གཉིས་ཀྱི་ལྷ་བསྒོམ ་ལ། ཆུ་ལྗག་མ་ལས་ཡོངས་སུ་རྫོགས་པའི་རང་གི་སྤྱི་བོར་རྡོ་རྗེ་སེམས་དཔའ་འམ་རྣམ་པར་སྣང་མཛད་བསྒོམ་པར་བྱའོ།། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ་ཧཱུཾ་ཕཊ་ཅེས་བརྗོད ་བྱའོ།། དེ་ནས་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་ཅིང་རྐང་པ་བརྒྱད་པའི་སྔགས་ཀྱིས་བསྟོད་དེ། འོད་ཟེར་གྱིས་བསྐུལ་བའི་སེམས་ཅན་རྣམས་ཀྱིས་ཕྱག་བྱ་བ་དང་། བསྟོད་པ་བྱ་བ་དང་། གསོལ་བ་གདབ་པར་བདག་ཉིད ་ལྷག་པར་མོསྲ་ཏེ། དེ་ནས་ཆོ་ག་ཇི་ལྟ་བར་བྱས་པས་བདུད་རྩི་སྦྱངས་ལ་ཧཱུཾ་དཀར་པོ་ལས་བྱུང་བའི་རྡོ་རྗེ་རྩེ་གཅིག་ཏུ་གྱུར་པའི་ལྗགས་ཀྱི་འོད་ཟེར་འཇུག་མོའི་བླ་ག་ལྟ་བུ་ཅན་གྱིསཽ་སམ། ཡིད་ཀྱིས་བཀུག་ནས་ཆགས ་པ་མེད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་དུ་གྱུར་པའི་དཔའ་བོ་དང་དཔའ་མོ་དབང་ཕྱུག་མའི་གཟུགས་སུ་བདག་ཉིད་ལྷག་པར་མོས་ཤིང་བདུད་རྩི་མྱང་བར་བྱའོ།། དེས་བདེ་བ་ཅན་གྱི་སེམས་ཏིང་ངེ་འཛིན་ལ ་གནས་པར་འགྱུར་བར་རིགས་པ་ཡིན་པའི་ཕྱིར་རོ།། གདན་ལ་སོགས་པ་ཡང་དཀྱིལ་འཁོར་གྱི་དྲི་ཉིད་བདེན་པ་གཉིས་ཀྱིས་བརྟག་པར་བྱའོ།། །། དེའི་རྗེས་སུ་དངོས་གྲུབ་ཐམས་ཅད་མྱུར་དུ་རྫོགས་པར ་བྱ་བའི་ཕྱིར་སེམས་བརྟན་པར་འདོད་པའི་རྣལ་འབྱོར་པའི་བསྒོམ་གསུངས་པ་ནི་དེའི་པདྨའི་ནང་དུ་ནི་ཞེས་པ་ལ་སོགས་པ་ནི་རྡོ་རྗེ་རྣལ་འབྱོར་མ་དེའི་པདྨའི་ནང་དུ་གནས་པའི་འཁོར་ལོ་ཟུར་གསུམ་པ་ཆོས་འབྱུང་བསྒོམ་པར་བྱའོ།། ་ཞེས་ལག་པར་བཤད་པར་བྱའོ།། འཁོར་ལོ་དེ་ཇི་ལྟ་བུ་ཞེ་ན། དོན་ཀུན་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མངོན་པར་འདོད་པའོ།། དེ་དག་གི་སྒྲུབ་བྱེད་ནི་ཡོངས་སུ་རྫོགས་པར་སྦྱིན་པར་བྱེད་པའི་ཕྱིར་རོ།། དོན ་ཀུན་སྒྲུབ་སྦྱིན་ནི་འདོད་པའི་དོན་མ་ལུས་པར་རྫོགས་པར་བྱེད་པའི་གནས་ཞེས་བྱ་བའི་དོན་ཏོ།། ཡང་ཇི་ལྟ་བུ་ཞེ་ན། ཡོན་ཏན་གསུམ་བརྒྱན་མཚན་གནས་སུ་ཞེས་པ་ནི་ལ་ལཱ་ནཱ་དང་། ར་སྱ་ནཱ་དང་ཨ་བི་དྷཱུ་ཏིའི་རྩ་རྣམས་ནི ་སྙིང་སྟོབས་དང་རྡུལ་དང་མུན་པའི་རང་བཞིན་ནོ།། རང་བཞིན་དེ་དག་གིས་རྣམ་པར་བརྒྱན་པའི་དོན་ཏོ།། ཡང་ཇི་ལྟ་བུ་ཞེ་ན། མཚན་གནས་སུ་ཞེས་པ་ནི་ཕྱག་རྒྱ་ཆེན་པོའི་བདག་ཉིད་ཆོས་ཐམས་ཅད་བསྐྱེད་པའི་གནས ་སུ་གྱུར་པའི་རྐྱེན་ཡིན་པའི་ཕྱིར་རོ།། ཡང་ཇི་ལྟ་བུ་ཞེ་ན། ཁ་དོག་དམར་པོ་ཞེས་པ་ན་ཛཾ་བའི་མེ་ཏོག་ལས་ཀྱང་ཤིན་ཏུ་དམར་བའོ།། དེའི་ཕྱིར་འོད་ཆེན་ལྷན་ནོ་འབར་ཞིང་ཤིན་ཏུ་གསལ་བའོ།། ཡང་འཁོར་ལོ་ནི་ཇི་ལྟ་བུ ་ཞེ་ན། སྔགས་ཀྱིས་ཡི་གེ་ཡོངས་སུ་རྫོགས་ཞེས་པ་ནི་མན་ངག་གིས་པཾ་དབུས་སུ་ཡོད་པ་ལ་གོ་བར་བྱའོ།། རྡོ་རྗེ་རྣལ་འབྱོར་མའི་རྩ་སྔགས་ཀྱིས་ཇི་ལྟར་ཡོངས་སུ་གང་བའི་དབུས་སུ་གྱེན་དུ་ལངས་པའི་སྔགས་ཀྱི་ཕྲེང ་བས་ཡོངས་སུ་གང་ཅེས་བྱ་བའི་དོན་ཏོ།། ཡང་ཇི་ལྟ་བུ་ཞེ་ན། བསྐོར་ཞེས་པ་ནི་རྫ་མཁན་གྱི་འཁོར་ལོ་བཞིན་དུ་ཤུགས་དྲག་པའི་ཞེས་བྱ་བའི་དོན་ཏོ།། ཇི་ལྟ་བུར་འཁོར་ལོ་བསྒོམ་པར་བྱ་ཞེ་ན། སྲིན་པོ་ཞེས་བྱ ་བྱ་བ་ལ་སོགས་པ་ནི་སྲིན་པོ་ནི་གཏུམ་མོ།། དུས་ཀྱི་མེའི་རང་བཞིན་གྱི་ཕུང་པོ་ལྔ་པོ་མཱི་དམིགས་པའི་བདག་ཉིད་བཟའ་བར་རུང་བ་དང་མཚུངས་པའི་ཕྱིར་སྲིན་པོའོ།། དེའི་ཞལ་ནི་རྩོལ་རུང་ངོ་།། དེའི ་ལམ་ནི་གྱེན་དུ་དྲངས་ནས་སུ་ཞེས་བྱའོ།། ཡང་ཇི་ལྟ་བུ་ཞེ་ན། རྣམ་འོདྲ་ཅེས་བྱ་བ་ལ་སོགས་པའི་རྣམ་འོད་དབྱིག་གཉེན་ནི་གཏུམ་མོ་སྟེ་མེའི་ངོ་བོ་ཡིན་པའི་ཕྱིར་རོ།། གཏུམ་མཽ་དེ་རབ་ཏུ་འབར་བས་སོ།། འདི་བསྡུས་པའི ་དོན་ནི་སེམས་བརྟན་པར་བྱེད་པའི་དོན་དུ་རྣལ་འབྱོར་པས་ལྟེ་བ་དང་། སྙིང་ག་དང་། མགྲིན་པ་དང་། བདེ་བ་ཆེན་པོའི་འཁོར་ལོར་གནས་པའི་མདུད་པའི་བུཾ་གཱ་རྣམས་ལ། ཨོཾ་ཧཱུཾ་ཨོཾ་ཧཾ་ཞེས་པའི་ཡི་གེ་རྣམ་པར་བལྟས ་ལ། གསང་བའི་འཁོར་ལོ་གནས་པའི་རླུང་དང་མེས་བསྐྱོད་པའི་གཏུམ་མོའི་ངོ་བོ་ཨོཾ་ཡི་གེ་འབར་བའི་འོད་ཟེར་གྱིས་འཛག་པར་འགྱུར་བའི་ཧཾ་ལ་སོགས་པའི་ཡི་གེ་གསུམ་དང་ལྷན་ཅིག་ཏུ་དབྱེར་མེད་པའི་ཨོཾ་གྱི་ཡི ་གེ་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་ཐིག་ལེར་གྱུར་པ་རྣམ་པར་བསྒོམ་ཞིང་སྒོམ་པ་ཡོངས་སུ་སྦྱིན་པར་ལྷག་པར་མོས་ནས། ཨོཾ་དེ་ཁོ་ན་ལས་འོད་ཟེར་གྱི་རེ་ཁཱ་ཕྲ་མོ་འབར་བ་ཞིག་ཏུ་གྱུར་པར་གནས་པཱར ་བལྟའོ།། དེའི་མཐུས་བདུད་རྩིའི་གོང་དུ་འཇིག་པར་འགྱུར་བས་ཁྱབ་བདག་ཕེབས་པར་འགྱུར་ཞིང་འོད་ཟེར་གྱི་དེ་ཁཱ་དེ་ཡང་བསིལ་བར་འགྱུར་ཏེ། དེ་ནས་ཐིག་ལེ་ལ་སེམས་རྩེ་གཅིག་པས་བལྟ་བར་བྱའོ།། ཇི་སྲིད་དུ། ་རྟགས་རྣམས་ཀྱིས་ཀྱང་བརྟན་པ་རྙེད་པ་ཉེ་བར་མཚོན་པར་བྱའོ།། བརྟན་པ་རྙེད་ནས་འོད་ཟེར་གྱི་རི་མོ་དེའི་སྣང་བ་སྣ་ཚོགས་གསལ་བར་འགྱུར་བར་རྣམ་པར་བསམས་ལ། སྐྱུ་རུ་ར་ལག་མཐིལ་དུ་བཞག་པ་བཞིན་དུ ་ཐམས་ཅད་མཐོང་བར་འགྱུར་རོ།། ཏིང་ངེ་འཛིན་ཐམས་ཅད་ཀྱང་མྱུར་དུ་རྫོགས་པར་འགྱུར་རོ་ཞེས་པ་ནི་ཐིག་ལེའི་རྣལ་འབྱོར་རོ།། །། དེའི་རྗེས་སུ་ཕྲ་བའི་རྣལ་འབྱོར་བསྒོམ་པར་བྱེད་པའི་ཐབས་ཀྱིས་མཆོག ་གསུངས་པ་ནཱི་ཕག་གདོང་ཞེས་པ་ལ་སོགས་པ་ནི་ཕག་གདོང་ལས་མཐོ་གང་གི་སྟེང་དུ་གཡུང་དྲུང་ཡོངས་སུ་འཁོར་བར་བལྟས་ནས་འཁོར་ལོ་བསྒོམ་པར་བྱའོ།། དེ་བཞིན་དུ་འཛག་པར་འགྱུར་བའི་ཧཾ་ལ་སོགས་པའི་ཡི་གེ ་རྣམས་རོ་གཅིག་ཏུ་གྱུར་པའི་ལྷན་ཅིག་རྒྱས་ནི་དགའ་བའི་རང་བཞིན་བྱང་ཆུབ་སེམས་ཀྱི་ཐིག་ལ་ཡུངས་འབྲུ་ཙམ་སྐད་ཅིག་མ་སྐྱེས་པའི་རྣལ་འབྱོར་མ་དང་བཅསྲྀ་པ་རྡོ་རྗེའི་ནོར་བུ་འམ། པདྨའི་ཟེ་འབྲུའི་རྩེ་མོ་ལ་བཞུག་ནས་དམིགས ་པར་བྱའོ།། ཇི་སྐད་བཤད་པ་བརྟན་པར་གྱུར་ན་རྟགས་མཐོང་ལོ།། རྡོ་རྗེ་ཕག་མོ་ལ་སོགས་པ་རྣལ་འབྱོར་མའི་དཀྱིལ་འཁོར་སྤྲོ་བར་བྱའོ།། ཞེས་པ་ནི་པྲ་མོརི་རྣལ་འབྱོར་རོ།། ཁ་ཅིག་ནི་རྣལ་འབྱོར་པའི་ཉོན་མོངས ་པར་གནོད་པར་འགྱུར་བའི་སེམས་རྒྱུན་ཅན་གཡུང་དྲུང་བསྒོམ་པར་བྱའོ།། དེ་ནས་སེམས་ཏིང་ངེ་འཛིན་ལ་གནས་པའི་གསང་བའི་གནས་སུ་འཁོར་ལོ་འཁོར་བར་བལྟའོ་ཞེས་ཟེར་རོ།། ཡང་འགའ་ཞིག་ནི་གཡུང་དྲུང ་བསྐོར་བྱར་མཐོང་ནས་སྲན་པའི་ཞལ་ཅུང་ཟད་བསྣམས་པས་རྣམ་འོད་དབྱིག་གཉེན་འབ་ནཱས་འཁོར་ལ་སྒྱུས་ཞེས་ཟེར་རོ།། འདི་ལྟ་སྟེ། གཡུ་དྲུང་ལ་སེམས་བརྟན་པར་གྱུར་ན་སྲོག ་རྩོལ་གྱི་རླུང་བརྟན་པར་འགྱུར་རོ།། རྩོལ་བ་རླུང་བརྟན་པར་འགྱུར་ན་དེས་བསྐྱོང་བའི་གཏུམ་མོས་ཧ~ཾ་ལ་སོགས་པའི་ཡི་གེ་ལས་ཐ་མི་དད་པའི་བདུད་རྩི་ཐབས་པས་གསང་བའོའཁོར་ལོ་དེ་ཡང་ལྷན་ཅིག་སྐྱེས ་པའི་དགའ་བའི་རང་བཞིན་ཐིག་ལེར་གྱུར་པར་བསྒོམ་པར་བྱའོ།། དེ་སྐད་དུ་ཡང་སྒྲུབ་ཐབས་ཆེན་པོ་ལས། དེའི་རྗེས་ལ་མཁས་ཅན་ཁམས་སུ་ནི།། སྐད་གསུམ་རི་བོའི་སུལ་ནང་དུ། འཁོར་ལོ་དམར་པོ ་རབ་ཏུ་འབར་བ་ནི། མྱུར་བར་སྔར་བཤད་ལྟ་བུར་འཁོར་བར་བསྒོམ།། ལྷག་པའི་ཤུགས་ཀྱིས་བརྟན་པར་ལྔར་གནས་ཤིང་།། རླུང་མེད་མི་གཡོ་མཪྵ་མ་ལྟར་གསལ་ཏེ།། བདེ་བ་ཆེན་བྱོའོ་འཁོར་ལོར་བཞུག ་བྱས་ནས།། བདུད་རྩིའི་ཐིག་ལེ་ཟགས་པས་ཁྲུས་བྱ་ཞིང་ཞེས་པ་ནས་ཕྱག་རྒྱ་ཆེན་པོ་འཐོབ་པར་འགྱུར་བ་ཡིན་ཞེས་པའི་བར་དུ་བཤད་པཱའོ།། འདི་ལྟ་བུ་རྣམ་པརླ་བསྒོམ་པའི་རྣལ་འབྱོར་པ་ལ་ཅི་འགྲུབ་པར ་འགྱུར་ཞེ་ན། ཕྱག་རྒྱ་ཞེས་པ་ལ་སོགས་པ་ནི་དགའ་བ་ལ་འགྲོ་བས་སོམ་སྤྲོས་པ་ཐམས་ཅད་དང་བྲལ་བས་སྟོང་པ་ཉིད་ཡོངས་སུ་དག་པའི་ཕྱིར་རོ།། ཕྱག་རྒྱ་གཉིས་ནི་གཡུང་དྲུང་དང་འཁོར་ལོའོ།། དེ་ལ་མཐར ་ཐུག་པའི་སྦྱོར་བ་གཉིས་སུ་མེད་པའི་ཡེ་ཤེས་སོ།། ཡང་ནཱ་སྲིན་པར་ཞལ་ཅུང་ཟད་བསྡམས་པ་དང་། རྣམ་འོད་དབྱིག་གཉེན་རབ་ཏུ་འབར་བས་ཕྱུག་རྒྱུ་གཉིས་སོ།། ཡང་ན་བདེ་ཆེན་པོའི་འཁོར་ལོ་དང་སྦྲུལ་པོའོ ་ལོ་གཉིས་ལ་བདེ་བ་ཆེན་པོའི་རོས་ཕྲད་པ་ནི་ཕྱག་རྒྱ་གཉིས་ཀྱིས་རབ་སྦྱོར་རོ།། དེས་ཁམས་གསུམ་དུ་འགྲུབ་པ་ནི་རྫོགས་པར་འགྱུར་རོ།། ཡང་གི་ཚིག་གིས་དངོས་གྲུབ་ཕྲ་མོ་སྨོས་ཅི་དགོས། འཇིག་རྟེན་དང ་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏེ།། འོན་ཏེ་བསྐྱེད་རིམ་ཙམ་ལ་གནས་པས་དངོས་གྲུབ་ཐོབ་པར་འགྱུར་རོ།། ཞེས་ཟེར་ན། སྐད་ཅིག་གིས ་ཞེས་བྱ་བ་ལ་སོགས་པ་ནི་ས་བོན་དང་ཕྱག་མཚན་ལ་སོགས་པ་མེད་པས་སྐད་ཅིག་ནརྀ་ཅིག་ཅར་རོ།། རྣམ་པ་ནི་ལྷའི་རྣམ་པའོ།། དེའི་རྣལ་འབྱོར་ནི་སྟོང་པ་ཉིད་དང་སྙིང་རྗེ་ཟུང་དུ་འཇུག་པའོ།། བདག་ཉིད་ནི ་དྲ་བོ་གོང་ཡོད་པ་དེ་སྐད་ཅིག་རྣམ་པའི་རྣལ་འབྱོར་པ་དག་གོ།། རྣལ་འབྱོར་པ་ནི་གཉིསུ་མེད་པའི་ཡེ་ཤེས་དང་ལྡན་པ་སྣ་འགྲུབ་པར་འགྱུར་བ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ།། རྣམ་གཞན ་མིན་ཞེས་བྱ་བ་ནི་རྫོགས་རིམས་ཞེས་བྱ་བ་ནི་ཏཽ།། འདི་ལྟ་སྟེ། རིམ་པ་གཉིས་ན་ཡིང་དག་བརྟན།། རྡོ་རྗེ་ཅན་གྱིས་ཆོས་བསྟན་ཏོ།། བསྐྱོད་པའི་རིམ་པ་དང་རྫོགས་པའི་རིམ་པར་གནས་པའི་རྣལ ་འབྱོར་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར་རོ་ཞེས་བསྒོམ་གྱི་ཆོ་གའོ།། སྔགས་བཏུ་བ་ནི་གོ་སླའོ།། དེ་ནས་གཏོར་མ་བཤད་པར་བྱ་བ་ནི་གཙིར་བུ་ཞེས་པ་ལ་སོགས་པ་ན ་གཅེར་བུ་སྐྲ་གྲོལ་བས་སྔར་བཤད་པའི་ནུབ་ལ་སོགས་པའི་ཕྱོགས་སུ་བལྟ་ཞིང་མན་ངགྲ་ཇི་ལྟ་བར་བྱིན་གྱིས་བརླབས་ནས་གཏོར་མ་བཏང་ཞེས་དགུགས་ནས་བཤད་པར་བྱའོ།། འདི་ནི་ཡཾ་ལས་བསྐྱེད་པའི་རླུང་གི ་འཁོར་ལོའི་སྟེང་དུ་རཾ་ལས་བསྐྱེད་པའི་མེའི་དཀྱིལ་འཁོར་རོ། དེའི་སྟེང་དུ་ཀཾ་ལས་བྱུང་བའི་མི་མགོ་གསུམ་ལ་ཨ་ལས་བྱུང་བའི་པདྨའི་སྣོད་ཀྱི་བདུད་རྩི་ལྔ་དང་། སྒྲོན་མ་ལྔ་དང་། ཧ་ཧོ་ཧྲཱིཿཡི་ཡི་གེ་རྣམས་ཀྱི་ཐ་མའི ་པའི་མདོག་དང་དྲི་དང་། ནུས་པ་སྤངས་ནས་རླུང་གིས་བསྐྱོད་པའི་མི་འབར་བས་བདུད་རྩི་ལྔ་ལ་སོགས་པ་ཞུ་ནས་འོ་མ་དང་སིནྡྷུ་རི་འདྲིས་པ་བཞིན་དུ་བལྟས་ནས་བཾ་ལས་སྐྱེས་པ་ཁ་ཊྭཱཾ་ག་མགོ་ཐུར་དུ་བསྟན་པས་དགུགས ་ནས་ཞུ་ཞིང་དེའི་འོག་ཏུ་ཨོཾ་ཨཱཿཧཱུཾ་བསྒོམས་པའི་འོད་ཟེར་གྱི་རྒྱ་མཚོ་ལ་སོགས་པའི་བདུད་རྩི་ཡང་བཀུག་པར་བྱས་ལ། གྲུབ་པའི་དངུལ་ཆུ་ལྟར་བདུད་རྩི་ཡང་རབ་ཏུ་གྲུབ་ལྔ། ཡི་གེ་གསུམ་གྱིས་འདོད་པ ་ལྟར་བར་བྱིན་གྱིས་བརླབས་ནས་སྔགས་དང་ཕྱག་རྒྱས་བཀུག་པའི་རྡོ་རྗེ་རྣལ་འབྱོར་མ་ལ་སོགས་པའི་ཚོགས་མདུན་དུ་བཞག་ཅིང་ཡང་དག་པར་མཆོད་དེ། ཧཱུཾ་དཀར་པོ་ལས་རྡོ་རྗེའི་ལྗགས་ཀྱི་བུ་ག་དང་ལྡན་པའི་རྡོ ་མཁའ་འགྲོ་མཱ་ལཱ། ཨོཾ་བཛྲ་ཌཱ་ཀཱི་ནྟི། ཨོཾ་མ་པཱ་ལ། གྲྀཧྞ་གྲཧྞ་ཧཱུ~ཾ་ཕཊ། ཨོཾ་ཛྫཿཧཱུཾ་བ་ཧོ། ས་མ་ཡ་སྟཱ་དྲཤྩཿནས་པའི་སྔགས་འདིས་སོ།། མཁའ་འགྲོ་མ་ལ་སོགས་པ་ལ་ནཱི། ཨོཾ་བཛྲ་ཨ་རལླི ་ཧོཿཛཱཧཱུཾ་བཾ་ཧོཿབཛྲཱ་ཌཱ་ཀི་ནི་ས་མ་ཡསྟཱཾ་དྲྀ་ཤྱ་ཧོཿཞེས་པཾ་འདིས་ལན་ཅིག་གམ་གཉིས་སམ་གསུམ་མམ་བཞི་འམ་ལྔར་བརྗོད་པར་བྱའོ།། དྭེ་ནས་དུར་ཁྲོད་བརྒྱད་ལ་གནས་པའི་ཕྱོགས་སྐྱོང་རྣམས་ལུ ་དབུལ་བ་ནི་ཨཽ་ཁ་ཁ་ཁཱ་ཧི་ཁཱ་ཧེ། སརྦྦ་ཡཀྵ་རཱཀྵ་ས། བྷཱུ་ཏ། པྲེ་ཏྲ་པི་ཤཱ་ཙཾ། ཨུརྠཱ་ད་ཀུཥྚཎ་ཌ། ཨ་བསྨཱ་རཱ། ཌཱ་ཀི་ནཱ་ད་ཡ། ཨི་མཾ་བཱ་ལཾ། གྲྀཧྣ་ཏུ། ས་མ་ཡཱཾ་རཀྵནྟ། མ་མ་སནྣ་སིདྡྷིམྦྷི། ་པྲཱ་ཡ་ཙྪནྟུ། ཡ་ཐེ་བ~ཾ། ཡ་ཐཱཥྚཾ། བྷཱུཉྩེ་ཐ། པི་བི་ཐཱ། མཱ་ཏི་ཀྲ་མེ་ཐཱ། མ་མཾ་སརྦྦོ་ཀཱིཪྵ་ཡ་སདྒྷ་ཁ། བི་བྲིདྡྷ་ཡེ། ས་ཧ་ཡི་ག་བནྡྷ་ཧཱུཾ་ཧཱུཾ་ཕཊ་པཊ་སྭཱཧཱུ~ཾ། ཞེས་པ་འདི་ལིན་བདུན་བརྗོད་པས་ད ་ལོ།། བདུད་རྩི་མྱངས་ནས་བདེ་བ་ཆེན་པོ་ཐེ་པར་འགྱུར་བའི་རྡོ་རྗེ་རྣལ་འབྱོར་མ་ལ་སོགས་པའི་ལྷ་རྣམས་བྱིསྒོམ་པར་བྱའོ།། དེ་ནས་རང་གཱི་ས་བོན་ལུས་བྱུང་བའི་མཆོད་པའི་ལྷ་མོ་རྣམས་ཀྱིས་ཡང་དག་པར ་མཆོད་ཅིང་རྐང་བརྒྱད་པའི་སྔགས་ཀྱིས་བསྟོད་དེ་འདོད་པའི་དངོས་གྲུབ་ལ་གསོལ་བ་བཏབ་ནས་ལྷག་ཆད་ལ་སོགས་པའི་ཉེས་པ་སྤངས་ནས་བཟོད་པར་གསོལ་ཏེ། སྲིན་ལག་དང་མཐེ་བོང་གིས་སེ་གོལ་གཏོགས ་ཅིང་ཨོཾ་བཛྲ་མུཿཞེས་བརྗོད་པས་སེ་གོ་ལཱ་གཏོགས་ཅིང་དཀྱིལ་འཁོར་བདག་ཉིད་ཀྱི་ས་བོན་ལ་བསྟིམ་པར་བྱའོ།། བཅོམ་ལྡན་འདས་མའི་གཏོར་མའོ།། དམ་ཚིག་ཅེས་པ་ནི་འག ་བར་མི་བྱ་བའི་ཕྱིར་དམ་ཚིག་ནི་སྲོག་གཅོད་པ་ལ་སོགས་པ་ཁ་ན་མ་ཐོ་བའི་ལུས་སྡོམས་པའོ།། ཡང་དམ་ཚིག་ནོ་ཤེས་རབ་མ་བསྟེན་པ་ལོས་བྱུང་བའི་དགའ་བ་བཅུ་དྲུག་གི་ཐིག་ལེའི་བདག་ཉིད་རོ་གཅིག་ཏུ་གྱུར ་ནས་རྡོ་རྗེ་ནོར་བུ་རབ་ཏུ་འཇུག་པ་ནི་ཚངས་པར་སྤྱོད་པའོ།། ཡང་དམ་ཚིག་ནི་དགའ་བ་བཅུ་དྲུག་གི་ཐིག་ལེ་དེ་ཉིད་འཛག་པར་མི་འགྱུར་བའི་ཚུལ་ཁྲིམས་ཀྱི་རང་བཞིན་ནི།། དེ་ཇི་ལྟར་ཞེ་ན། རྡོ་རྗེ་ནོར་བུ་ལས ་གྱེན་དུ་གསང་བ་དང་། ལྟེ་བ་དང་། སྙིང་ག་དང་། མགྲིན་པ་དང་། དཔྲལ་བའི་ཟེ་འབྲུས་འདྲེན་པ་ནི་གསང་བའི་དམ་ཚིག་གོ། བཟའ་བ་ནི་གོ་ཀུ་དཱ་ཧ་ན། སྒྲོན་མ་ལ་སོགས་པ་ཆོ་ག་ཇི་ལྟ་བུས་བདུད ་རྩིར་བསྒྱུར་བའི་བཟའ་བའོ།། དམ་ཚིག་ཉམས་པཱ་ལ་ཀླང་གཟེར་དང་མཛེན་དེ་ལ་སོགས་པ་རྣམ་པ་སྣ་ཚོགས་འབྱུང་བར་འགྱུར་རོ།། དམ་ཚིགས་གཉིས་བསྲུངས་པ་ཁོ་ནས་དངོས་གྲུབ་འགྲུབ་པར་འགྱུརརོ།། ་རྡོ་རྗེ་པ་ག་མོར་ཕྱག་འཚལ་ནས།། ཚེས་བཅུའི་ཆོ་ག་རྒྱས་པ་རུ།། སྒྲུབ་པ་པོ་ལ་ཕན་པའི་ཕྱིར།། སྟོབས་ཆེན་རབ་ཏུ་བརྗོད་པར་བྱ།། ཉོན་མོངས་དྲ་བས་རྣམ་གཅོད་པའི།། མར་གྱི་ཚེས་བཅུ་ངེས་པ ་པ་སྟེ།། ཤཱཀྱ་སེང་གེ་སྔར་བྱང་ཆུབ།། སྙིང་པོ་བྱང་ཆུབ་ཐོབ་པར་འགྱུར།། དང་པོའི་སངས་རྒྱས་མ་དང་གར།། མུར་གྱི་ཆོས་བཅུར་སངས་རྒྱས་གྱུར།། མར་ངོ་སྨྲས་པས་ཅི་ཞིག་བྱ།། དེ་ཀུན་དེ་བཞིན་གཤེགས ་ལས་བྱུང་།། ལུ་ཨི་བི་རུ་ལྀ་སོགས་རྣམས།། གྲུབ་ཐོབ་གྲུབ་ཉིད་ཐོབ་པར་གྱུར།། ཚེས་བཅུ་དེ་ཉིད་ངེས་ན་དེ།། ཚེས་བཅུ་མཚུངས་མེད་བསོད་ནམས་ཅན།། དེ་ལ་བསམ་གཏན་བཟླས་བརྗོད་པ།། དེ་བཞིན་གཏོར ་མ་སྦྱིན་སྲེག་གོ། མཐའ་མིང་འབྲས་བུ་བསྟན་པ་ནི།། སྲོང་ལ་ཁྱད་པར་འཕགས་པས་སུ།། དཔའ་བོ་རྣལ་འབྱོར་མ་འཁོར་ལོ།། གཞོན་ནུའི་འཁོར་ལོའི་ཅིག་པུ་འམ།། གྲུབ་ཐོབ་རིམ་པའི་ཆོ་ག་ཡིས།། མཆོད ་ནུ་དངོས་གྲུབ་ཐོབ་པར་འགྱུར།། རྣལ་འབྱོར་རོལ་པས་རབ་ཞུགས་པའི།། རིམ་གྱིས་ཐིམ་པའི་རླུང་སེམས་ཀྱིས།། སེམས་ཀྱི་སྤྲོས་པ་ཚེ་ས་བཅུ་སྟེ།། རང་རིག་ཚེས་བཅུར་རབ་ཏུ་གྲགས།། བླ་མ་མན་དག ་གིས་གནས་པའི།། མྱི་ཤིགས་པ་ཡཱི་སྒྲོ་ལས་བྱུང་།། ལྷུན་སྐྱེས་ཚེས་བཅུ་ཚིག་ཏུ་བཤད།། སྲོག་གི་རྣལ་འབྱོར་ཚེས་བཅུ་ཡིན།། དབུས་མའི་ལམ་དུ་རོལ་པ་ཡིས།། གཏུམ་མོ་གྱེན་དུ་འགྲོ་བ་སྟེ།། སྤྱི་བོར ་འཁོར་ལོ་ཀུན་ནས་གནོད།། ལུས་ཀྱི་ཆོས་བཅུ་དྲན་པ་ཡིན།། དེ་ནས་ཆོས་བཅུར་ཏིལ་དང་ནི།། སྐྱུ་རུ་ར་དང་ཡུངས་འབྲུ་སྟེ།། བཀྲུས་ནས་སྒྲུབ་པོ་མཉམ་བཞག་ནས།། མཆོད་པའི་བྱེ་བྲག་འགྲུབ་པར ་འགྱུར།། གསང་འདུས་ལ་སོགས་རིམ་པ་ཡིས།། རང་རང་ཡི་དམ་མཆོད་པར་བྱ།། ཁྱད་པར་དུ་ནི་སྲོད་ལ་སྟེ།། སྒྲུབ་པ་པོས་དེ་ཉིད་བསྒོམ་པར་བྱ།། རང་གི་རྟོག་པར་བཤད ་པ་འམ།། གྲུབ་ཐོབ་ལཾ་གསུངས་གཏོར་མ་དབུལ།། སྟྲཱི་ཡི་རིམ་པ་རབ་ཏུ་བཤད།། ད་ནི་ཁྱད་པར་བརྗོད་པར་བྱ།། ཡར་གྱི་ཚེས་བཅུར་མཆོག་སྦྱིན་ག་ཉིས།། མར་ངོ་སྦྱིན་སྲེག་མོ་ཆད་པ་གཉིས།། སྟོན་ཟླ་ཐ ་ཆུང་ཚེས་བཅུ་ལྔ།། གྲུབ་ཐོབ་རྒྱུད་པའི་དཔའ་བོ་རྣམས།། སྤོབས་པཾའི་རང་བཞིན་སེམས་ལྡན་ལ།། ཚོང་གི་མཆོགུ་གི་མཆོད་པར་བྱ།། ཀུན་དའི་མེ་ཏོག་རབ་བུ་རྒྱུས་པའི།། མེ་ཏོག་དམར་པོ་མཆེད ་པར་བྱ།། ཡིད་ཀྱི་བཟླས་པར་རོལ་པ་ནི།། ས་འོག་ལ་ནི་དམིགས་གྱུར་པ།། མར་ངོར་ཏིལ་ལ་དམར་པོ་ཡིས།། ནཱནྟི་ནི་ཡིས་ཁུ་བས་སྤོངས།། དང་པོའི་སྲོང་ལ་སྦྱིན་སྲེག་བྱ།། དབེན་པའི་གནས་སུ་བསྒོམ ་གནས་སོ།། དགུན་ཟླ་ར་བར་སྣམ་བུ་འམ།། རས་བལ་འབྱུང་གོས་དབུལ་བར་བྱ།། མེ་ཏོག་སེར་པོ་རབ་བརྒྱུས་པའི།། མེ་ཏོག་དམར་པོའི་ཕྲེང་བས་མཆོད།། ཉིང་ལེག་རལ་པས་བཟླས་པ་དང་།། ས ་སྟེངས་འོག་རྗེས་འབྲེངས་པའི།། ཟླ་བ་མར་ངོ་ཏིལ་ནག་གི་ས།། ལྷག་པར་གང་བཞིན་སྦྱིན་སྲེག་བྱ།། གོང་བཞིན་འབྲིང་པོར་བ་མར་དང་།། ཀོ་ཀི་ར་ཏེས་འདྲེས་མཆོད་པ།། གོང་བཞིན་དུ་ནི་སྤྱད ་བར་བྱ།། གསང་སར་ཚིག་གིས་བཟླས་པ་དང་།། མི་ཡི་འཇིག་རྟེན་གནས་རོལ་ནི།། ཟག་པ་ཀུན་ནས་ཟླུམ་འཇོག་པ།། དེ་བཱཞོན་ཏོལ་དཀར་སྟོན་སྐྲག་ནོ།། མཚན་ཕྱུང་དག་ལ་ཡང་དག་སྤྱོད།། དཀུན་དྷཱ་ཐ ་ཆུང་ཡཱུར་ཚེས་བཅུར།། ཞོ་ནི་དྲི་ཞིམ་དབུལ་བར་བྱ།། གསེར་གྱི་སྙེ་མ་མེ་ཏོག་འདྲེས།། མཆོད་པ་སྡེར་བཞིན་སྤྱད་པར་བྱ།། ཡིད་ཀྱི་ཟླས་པ་རོལ་པ་ནི།། སྨིན་མཚམས་གནས་ལ་གནས་གྱུར་པའི།། མར ་ངོ་ཡི་ནི་ཚེས་བཅུ་ལ།། པྲི་ཡང་ཀུ་ནི་སྦྱིན་སྐྲག་ནཽ།། དང་པོའི་ཐུན་ལ་དྲན་པ་ཡིན།། དཔྱིད་ཟླ་ར་བའི་མར་དུ་ལྀ།། བུ་རམྱ་བཅའ་སྒ་དབུལ་བར་བྱ།། པ་ཊ་ལྔའི་མེ་ཏོག་འདྲེས།། མེ་ཏོག་དམར་པོས་མཆོད་པྲ ་དང་།། བཟླས་པའི་འོག་མིན་རབ་གནས་པའོ།། རོལ་པ་དྲག་པོའི་རོ་དང་བཅས།། མཱར་ངར་ལི་ཕུག་སྲ་བོན་གྱིས།། ཐོ་རངས་ཐུན་ལ་སྦྱིན་སྲོག་བྱ།། དེཔྱིད་ཟླ་འབྲིང་པོར་ཡང་ཚེས་བཅུར།། ཨ་ཤྩ་ཀཱ་ནི ་དམར་པོ་ཡིས།། དེ་བཞིན་རྣལ་འབྱོར་མཆོད་པར་བྱ།། ཚིག་གིས་བཟླས་དང་རོལ་པ་ནི།། རབ་ཏུ་མི་གནས་གནས་གྱུར་པ།། ཀ་ར་དང་བཅས་མཽ་ཧེའི་ཞོ།། དྲི་མི་མེད་པ་སྦྱིན་པར་བྱ།། མར་ངོར་མེ་ཏོག ་སུ་མ་ཀའི།། སྦྲང་རྩི་མར་བཅ་སོ་སྦྱིན་སྲེག་བྱ།། དཔྱིད་ཟླ་ཆུང་ཡར་ངོ་ལ།། ཀ་ར་བཱི་ར་མ་ལུས་མཆོད།། ཡིད་ཀྱི་བཟླས་དང་རོལ་པ་ནི།། རི་རབ་བསྐྱོད་བྱེད་མཆོག་གྱུ་རོ་པ།། རྐེད་དཀྲིས་ཡོངས་སུ ་གྱོན་ནུས་སུ།། གཡོགས་པའི་གྲོས་ཕྲ་སྦྱིན་པར་བྱ།། མར་ངོ་མར་དང་འདྲེས་པ་ཡིས།། གུ་གུལ་གྱི་ནི་སྦྱིན་སྲེག་བྱ།། དབྱར་ཟླ་ར་བའི་ཡར་ངོ་རུ།། མར་མེ་རླུང་སྤྱན་བཅུ་ས་ཏྲཻལ་མར།། ་ཏོག་དམར་པོས་རབ་བརྒྱུས་པའི།། སྙེ་མའི་མེ་ཏོག་རྣམས་ཀྱིས་མཆོད།། གསང་བའི་ཟླས་དང་རོལ་པ་ནི།། སྟོང་ཉིད་ལམ་ནི་མཐོང་བྱེད་མོ།། མར་ངོའི་ཐུགས་མར་དང་བཅས།། རྟག་པར་དེས་ནི་སྦྱིན་སྲེག་བྱ།། དབྱར ་ཟླ་འབྲིང་པོ་ཡར་ངོ་ལ།། ཀ་ར་བཱི་རས་མཆོད་པར་བྱ།། ཚིག་གིས་བཟླས་དང་རོལ་པ་ནི།། ཉིང་ལག་ཀུན་ཏུ་བལྟ་བར་བྱ།། སྦྲང་རྩིས་བཀང་བའི་འཁར་སྡེར་དང་།། ཡང་ན་རལ་གུ་དབུལ་བར་བྱའོ།། མར་ངོ་གྲུབ ་པའི་རྗེས་བཅས་པའི།། འབྲས་ཡོས་ཀྱིས་ནི་སྦྱིན་སྲེག་བྱ།། དབྱར་ཟླ་ཡར་དོར་ཛ་བཱ་དང་།། བནྡྷ་མ་དང་ཡན་ཏིས་མཆོད།། རྣལ་འབྱོར་བཟླས་དང་རོལ་པ་ནི།། སྣ་ཡི་རྩ་བར་རབ་གཟིགས་པ།། གདུགས་དང ་གཙུག་ཏོར་དཀར་པོ་འམ།། པྲ་ཚིལ་བྱུགས་པོའི་རསཱ་སྨྲྀན་བྱ།། མར་ངོས་ནས་ཀྱི་སྦྱིན་སྲེག་བྱ།། ཏིལ་མར་མར་དཀར་འབྲས་པས་སོ།། སྟོན་ཟླ་ར་བར་ཙམྦ་ཀ། ནཱི་གྲ་གེ་སྔར་ཆུ་སྐྱེས་དང་།། ཨུཏྤལ་ཀུ་མུ་ཏ་ཡིས ་མཆོད།། རང་གིས་ཐོས་བཟླས་རོལ་པ་ནི།། ན་མཁའི་སྐོར་མ་དམིགས་པར་བྱ།། ཙུ་ནེ་ཙུ་གཾ་ལྷམ་ཞོ་ཆུ།། རབ་ཏུ་གྲངས་པ་སྦྱིན་པར་བྱ།། མར་ངོར་དུཪྻ་མ་བཅད་པའི།། སྦྱིན་སྲེག་ཆོས་ཀུན་ཕན་པར་གྲགས།། སྟོན་ཟླ ་འབྲིང་པོའི་ཡར་ཚེས་བཅུར།། ཨིནྡྲི་བ་ར་དམར་པོས་མཆོད།། དྲི་ཞིམ་མདོག་བཟང་མེ་ཏོག་གིས།། ཡེ་དམ་ལྷ་ནི་མཉེས་པར་བྱ།། གསང་སར་བཟླས་པ་ཆོག་བརྗོད་བྱུང་།། རོ་མ་དང་ནི་བཅས་པ་ཡི།། ཕྱག་རྒྱར ་རབ་རྣམ་འཇིག་པ།། ཡོངས་སུ་གྲགས་པར་ཤེས་པར་བྱ།། རྣལ་འབྱོར་གོས་དང་རྣལ་འབྱོར་དབྱུག། རྣལ་འབྱོར་བསྒོམ་ཐག་ཁོ་ན་ཉིད།། སྔོན་དུ་བཤང་གཟུགས་བླ་མི་ཡི།། ཡང་དག་ཏིང་འཛིན་གནས་པས་དངུ ་མར་ངོར་དྲི་ཞིམ་རྫས་རྣམས་ནི།། མར་བཅས་ཨ་ཀ་རུ་བསྲེག་བྱ།། ཏིལ་རྣམས་དང་ནི་གྲུབ་པའི་རྫསྭ།། ཐམས་ཅད་དག་ལ་ཐམས་ཅད་སྦྱོར།། པི་ལ་ཤ་དང་ཨརྐ་དང་།། ཀསྨི་རི་དང་པ་ཏྲ་དང་།། ཨུ་དུམྦ་ར་ཁ་དི ་ར་པ་ལཀྵ་དང་ཨ་ཤྩཏྟ།། ཀཱ་བེད་དུརྱ་འན་རྣམས།། སྦྱིན་ཟླ་ཐ་ཆུངས་ལ་སོགས་སུ།། ཡམས་ཤིང་འདི་རྣམས་རིམ་པས་སྲེག། ཡང་ནི་ཇི་ལྟར་རྙེད་པས་སུ།། གྲུབ་པའི་རྫས་དང་བཅས་པ་ཡི།། ཐམས་ཅད་ཀུན ་ལྔ་སྲེག་པར་བྱ།། དངོས་གྲུབ་ཡིད་དུ་འོང་འདོད་པས།། སྐྱེས་པ་འམ་ནི་བུད་མེད་ཀྱིས།། དཔའ་བོའི་ཕྱེ་མ་དང་བཅས་པའི།། འཁར་བའི་སྣོད་དུ་སྦྱིན་པར་བྱ།། རྣལ་འབྱོར་དངོས་གྲུབ་བསྒྲུབ་པ་དང་།། བདུད་འདུལ ་ཕྱིར་ནི་སོ་རྩོལ་དབུལ།། བུ་འདོད་ཕྱིར་ནི་དགའ་བ་ཡིས།། ཆང་ནི་སྦྲང་རྩེ་འདྲེས་པ་དབུལ།། གང་དང་གང་དུ་ཁྱད་པར་འདོད།། ཁྱད་པར་འཕགས་པ་གང་ཡིན་པ།། མི་ཟད་འབྲས་བུ་ལ་དོད་པ་ཡི།། དེ་དེར་ཆོས་བཅུ ་དབུལ་བར་བྱ།། དེར་ནི་གསང་བའི་སྦྱིན་པ་ནི།། སྦྱིན་པ་ཀུན་གྱི་མཆོག་གི་མཆོག། སེམས་ནི་རྣམ་རྟོག་ལས་བྱུང་བ།། དགའ་རྫས་རྣམ་པ་ཇི་སྙེད་པ།། སྒྲུབ་པ་པོས་ནི་མྱོང་གྱུར་པ།། དེ་དག་དངོས ་གྲུབ་ས་བོན་འགྱུར།། དེ་ཕྱིར་གསང་བའི་སྦྱིན་པ་ནི།། དོན་ཀུན་སྒྲུབ་བྱད་ཁྱད་པར་འགྱུར།། ཟླ་མཚན་མྱོང་བ་དངོས་གྲུབ་ལ།། མ་རྒྱས་པ་ཡི་རྣལ་འབྱོར་ལ།། དཱར་མས་སྡིག་པོ་ཟད་བྱེད་མོ།། སངས་རྒྱས་ཆོས་རྣམས ་འཕེལ་འགྱུར་མ།། གང་ལ་གང་དག་འདོད་གྱུར་པ།། དེ་ལ་དེ་ལྟར་སྦྱིན་པར་བྱ།། གང་གིས་ཟླ་མཚོན་བྱུང་བ་ཡི།། སྐྱེས་པ་གང་དུ་སྦྱིན་བྱས་པ།། འདས་པའི་སྐྱེ་བ་བཅུ་ཐམ་པར།། ཁྱབ་བདག་དེས་ནི་སངས་རྒྱས ་འགྱུར།། སྐྱེ་བ་དགུ་ལ་ལུ་ཡི་པ།། བི་རཱུ་པཱ་ཡང་དགུ་ལས་བྱུང་།། སྐྱེ་བ་དྲུག་ལཱ་དཱ་རིག་གོ། མང་པོས་ཅི་བྱ་ཐམས་ཅད་ནི།། གྲུབ་ཐོབ་རྣམས་ནི་ཐོབ་པ་རཱ་འགྱུར།། མར་ངོའི་ཚེས་བཅུར་ཟླ་མཚན་ཅན།། སྦྱིན ་པཱར་རབ་ཏུ་ནུས་པ་ནི།། གྲུབ་ཐོབ་སྒྲུབ་མཐོའི་ཕྲེང་བ་རུ།། ག་ཏམ་ནི་རྒྱས་པར་བརྗོད་པ་ཡིན།། ཁ་དའི་སྐུད་ནརྀ་མི་གྲགས་པར།། ཚེས་བཅུར་སྒྲོལ་མའི་ཡི་གེ་བཅུ།། བྱ་རོགྲ་མ་ཡི་ཕྱག་རྒྱར་གནས།། ཏིདྲྀ་འཛིན ་གྱི་སྔགས་བཟླས་པས།། འཆི་བ་འོ་མ་བར་ཆད་ཉིད་གྱུར་ཀྱང་།། རྒྱལ་བར་འགྱུར་བར་ཐེ་ཚོམ་མེང་།། དེ་ཉིད་ཁོ་ནའི་དུས་ཆོད་དུ།། ཡི་གེ་གསུམ་གྱི་སྔགས་བརྗོད་ཅིང་།། ཆུ་ནི་སྙིམ་པ་བརྒྱ་ཕུལ་ནས།། ལོ་གཅིག ་རླུང་དུ་ནོར་རླུང་འགྱུར།། ཡིང་དུའོང་བར་འདོད་བྱུང་བའི།། མཁའ་འགྲོ་མཱ་འམ་ཕག་མའི་འདུས།། འདིར་ནི་མདྨ་ཀྟ་ཅི་ཞིག་བྷཱུ།། དེ་ཐམས་ཅད་འགྲུབ་པར་འགྱུར།། དྲངས་གྱུ་རྟག་པའི་ཕྱུག་མོ་ཡི།། ཆགས ་ནི་དང་བཅས།། མཚན་མོར་ཏི་ལ་དང་སྦྱིན་སྲེག་གིས།། དངོས་གྲུབ་མཆོག་ནི་རྙེད་པར་འགྱུར།། གྲུབ་རྫོབ་གྲུབ་མཐོའི་མཁའ་འགྲ་མའི།། སྦྱིན་སྲེག་ཚོགས་དེ་ཚེ་རུ།། སྦྱིན་སྡུག་བྱེད་པས་སྐྱེ་བོ་དཀླགས།། ལྔ་སག ་དྷདངས་གྲུང་ཐུབ་པར་འགྱུར།། བསམ་གཏན་སྦྱིན་པ་བྱ་སྦྱིན་སྲེག། མཆོད་པས་འཁོ་ཚིམ་པར་བྱུང་།། གཞན་ལས་ཆོས་བསྒྱུར་སྟོང་འགྱུར་བ།། འབྲས་བུ་ཡང་དག་སྐྱེ་བར་འགྱུར།། གུར་གུམ་དང་སཱིནྡྷར ་ཀཽ་སུམ་པོ་གོས་བཟང་མདོག། ཟླ་མཚན་བྱུང་བའི་སྦྱིན་པ་དག། ཆོས་བཅུར་ཁྱུང་བར་འཕགས་པར་འགྱུར།། ཟླ་གབ་མེད་པའི་སྣ་ཕྱོགས་སུ།། མཁས་བུས་བྱ་རག་གཽ་ཏོར་མ་དབུལ།། ཕྱིར་སོང་ཉི་མའི་གུང ་དག་ལ།། སྲ་ཀཱ་ར་ལ་གཏོར་མ་སྦྱིན།། ཉི་མ་ནུབ་པར་འབྱུང་པོ་རྣམས།། དགའ་བོའི་ཚེ་དུ་གཏོ་མ་དདཱ་ལི།། མཚན་མོར་གཏོར་མ་སྦྱིནྡ་ནས་སུ།། སྟེང་ཀུའི་ཚོ་གྲོས་རྣམས་དགའ་བར་བྱ།། ཆོས་བདུར་ཁྱད་པ ་གཏོར་མ་འདི།། དངོས་གྲུབ་ཆེན་མོ་འབྱུང་བར་འགྱུར།། སྟོང་ཕྲག་ཉི་ཤུ་རྩ་བཞི་ལས།། སྙིང་པའི་དོན་ནི་བཀུག་ནས་སུ།། ཆས་བཅུའི་རྟག་པ་འདི་ཡིན་ཏེ།། སྙིང་རྗེ་ཅན་གྱི་མཁས་པས་བྱ།། མཐུལ་བ་ཡི་སླབ ་མ་རྣམས།། ནོར་བདག་ཡིན་ཀྱང་སྦྱིན་མི་བྱ།། གྲུབ་ཐོབ་བརྒྱུད་པར་གནས་པ་ཡིས།། དབང་པོ་དུལ་བ་རྣམས་ལ་སྦྱིན།། དེ་མ་ཡིན་ན་གྲུབ་ཐོབ་བརྒྱུད།། སྣོད་དང་བྱང་ཆུབ་ཉམས་པ ་འགྱུར།། དངོས་གྲུབ་རྒྱ་མཚོ་ཁྱད་པར་རུ།། མཆོད་པ་སྦྱིན་སྲེག་ཚི་ག་ནི།། གཞུང་དེ་བདག་གིས་རྒྱས་པར་བཤད།། དེ་ཕྱིར་མཁས་པས་ཉམས་སུ་ལོང་།། སེམས་ཅན་ཕུན་འ་དད་བདག་གིས་ནི།། བྱས་པའི ་བསོད་ནམས་གང་ཐོབ་དེས།། རྟག་ཏུ་ཉོན་མོངས་བྲལ་བ་ཡི།། སེམས་ཅན་ཚེགས་རྣམས་ཡིན་པར་གྱུར།། དཔལ་རྡོ་རྗེ་རྣོལ་འབྱོར་མའི་འགྲེལ་པ་ཆོས་བཅུའི་མཆོད་པའི་རྟོག་པ། གྲུབ་ཐོབ་ཆེན་པོ་དྭཽ་རི་ཀ་པས ་མཛད་པ་རྫོགས་སོ།། ། རྒྱ་གར་ཤར་ཕྱོགས་ཛ་ག་ཏ་ལའི་པཎྜི་ཏ་དཔལ་མཁས་པ་ཆེན་པོ་དཱ་ན་ཤཱི་ལས་བོང་ཡུལ་གྱི་དབུས་དྲང་སྲོང་སྲིན་པོ་རིར་ལྷའི་སྐད་ལས་བོད་ཀྱི་སྐད་དུ་འཁྲུལ་པ་མེད་པར ་འགྱུར་དུ་མཛད་པ་རྫོགས་སོ།། ། དེ་ནོས་བྱ་རྙོག་ལ་སོགས་པའི་གཏོར་མཱཥྚི་སྔགས་བྲི་བ་ནི། ཨཱ~ཾཀླྀ་ཀྲྀ་ཀྲྀ། དྷརྨྨ་ཏྲཱི། ཨཱ་ཀཱི། ཤཱ་ནཱ་ར~ཾ། སིདྡྷི། དྷཱ་ཡ་ས་ནཱ། ཀཾ་བྷཱི་ཡ། ཤཱ ་