CLOSE WINDOW

GT2742: sems bskyed pa'i cho ga mdor bshad pa
Wyliee-texts produced with BDRC’s OCR application

སྒྱུ་འཕྲུལ་དྲ་བའི་མན་ངག་རིམ་པ་གསུམ་པ་རྫོགས་སོ།། །། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཀུན་ཏུ་བཟང་པོ་ལ་ཕག་འཚལ་ལོ།། དད་པའི་ལྷ་ལ་ཕྱག་འཚལ་ནས།། ཐམས་ཅད་མཁྱེན ་ཉིད་མངོན་དང་པའི།། རྣལ་འབྱོར་ཆེན་པོ་རྣམས་དོན་ཕྱིར།། སེམས་བསྐྱེད་ཆོ་ག་བཤད་པར་བྱ།། བརྩོམ་པའི་དང་པོ་མེད་པས་ན།། དཔག་ཏུ་མྱེད་པའི་སྒོ་སྤྱོད་ཀྱང་།། ས་བོན་རྒྱ་མཚོ་འདི་མེད་པས།། མཐུར ་ཕྱིན་འབྲས་བུ་མི་སྣང་སྟེ།། དེ་ཉིད་སྡུག་བསྔལ་ས་བོན་འགྱུར།། དེ་བས་གཞི་འདི་གོམས་པར་བྱོས།། །། དེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡོན་ཏན། འབྱུང་ཁུངས་ཀྱི་རྩ་བར་ངེས་པ་ནི་སེམས་ཡིན ་ཏོ།། གཞུང་ལས། དེ་བཞིན་གཤེག་ས་པ་རྣམས་ཀྱི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ནི་བྱང་ཆུབ་ཀྱི་སེམས་སོ།། རྩ་བ་ནི་སྙིང་རྗེ་ཆེན་པོ་ལས་བྱུང་བའོ།། ཐབས་ཀྱི་མཐར་ཕྱིན་པའོ་ཅེས་འབྱུང་བ་དང་།། རིགས་ཀྱི་བུ ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་བྱང་ཆུབ་སེམས་ཀྱི་ས་བོན་ལྟ་བུའོ།། ཞེས་པ་དང་།། ཚོས་རྣམྦྷ་ས་ཀུན་ཀྱཾ་ཡོ་བྱད་ནི།། སྙིང་རྗེ་བྱང་ཆུབ་སེམས་ཡིན་ཏེ།། ཡོ་བྱད་དེ་དང་མ་ལྡན་ནཱ།། དོན་རྣམས་གྲུབ་པར་མི ་འགྱུར། ཚད་མྱེད་སྙིང་རྗེ་བསྐྱེད་པ་དང་།། བྱུང་ཆུབ་སེམས་ལ་དགའ་བ་ནི།། སྔོན་དུ་འགྲོ་བའི་མཆོག་ཡིན་ཏེ།། བསྒྲུབ་པོ་པོས་ནི་ནིན་ཏནྡོ་བྱཱ།། རྩུ་བ་བྱང་ཆུབ་སེམས་ཉིད་རྟོགས།། ཐ་བྱེས་ཀྱི་ཕ་རོལ་ཕྱིན་པར་སྤྱོད།། སྙིང ་རྗེས་ཆུང་མ་ཟོས་པར་ཟུང་།། གདོན་མི་ཟོ་འབར་འགྲུབ་ཅེས་གསུངས།། ཞེས་པ་ལ་སོགས་པ་རྒྱས་པར་གསུངས་སོ།། ། དེ་དོག་གི་ཁྱོད་པར་ནི།། དཔེར་ན་ས་ཆེན་པོ་ནི་སེམས་ཅན་ཐམས་ཅད་ཀྱིས ་འཚོ་བ་སྟེ།། འགྱུར་བ་མེད་ཅིང་ལྡན་དུ་འཕྱན་འདོགས་པ་ལ་རེ་བ་མེད་དོ།། དེ་བཞིན་དུ་སེམས་དང་པོ་སྐྱེས་པ་ཡང་། སྙིང་པོ་བྱང་ཆུབ་ལ་ཐུགས་ཀྱི་པདྨ་དུ།། སེམས་ཅན་ཐམས་ཅད་ཀྱི་འཚོ་བ་སྟེ། འགྱུར་བ་མེད་ཅིང་ལྡན་དུ་ཕན ་འདོགས་པ་ལཱ་རེ་བ་མེད་པའོ།། དཔེར་ན། རྡོ་རྗེ་རིན་པོ་ཆེ་ཆགས་ཀྱང་གསེར་གྱི་རྒྱུན་ཁྱད་པར་ཅན་ཐམས་ཅད་ཟིལ་གྱིས་གནོན་པ་སྟེ།། རྡོ་རྗེ་རིན་པོ་ཆེའི་མིང་ཡང་མཱི་དོར་ལ།། དབུལ་ཐམས་ཅད་ཀྱང་བ་ཟློག་གོ།། དེ་བཞིན་དུ་ཐམ ་ཅད་མཁྱེན་པ་ཉིད་དུ་སྐྱེད་པའི་སེམས་རིན་པ་ཆེ་བསྒྲུབ་པ་དང་མ་ལྡན་ཡང་། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅུད་ཟིལ་གྱིས་གནོན་སྟེ།། བྱང་ཆུབ་སེམས་དཔའི་མིང་ཡང་མི་འདོར་ལ།། འཁོར་བའི་འབུལ་བ་ལས་ཀྱང་བཟློག་གོ། ་དཔེར་ནོ་སེང་གེའི་ཕྲུ་གུའི་དྲི་མནམ་པའི་རྫི་ཕྱོགས་ན་གནས་པའི་གཅན་ཟན་ཐམས་ཅད་ཀྱང་འབྲོས་པར་འགྱུར་རོ།། དེ་བཞིན་དུ་སེམས་བསྐྱེད་པོའི་བྱང་ཆུབ་སེམས་དཔའ་གང་དུ་ཕྱིན་པའི་ས་ཕྱོགས་ན་གནས་པའི་ལོག ་པར་སྤྱོད་པའི་སེམས་ཅན་ཐམས་ཅད་སྐྲག་པོར་འགྱུརོ།། གནས་འདྲིར་བསྐྱེད་པ་རྩམ་གྱིས་འཇིག་རྟེན་གསུམ་པོ་བླ་མར་བཅས་པའོ།། ཆོས་ནས་ཉན་ཐོས་བདུད་ཀྱི་སྡེ་རྣམས་ཟིལ་གྱིས་གནོན་ཞེས་གསུངས་སོ།། ཐབས་ཆེན ་བྱང་ཆུབ་སེམས་དཔའི་གསང་བའི་སྤྱོད་པའང་འདི་ཉིད་དེ།། འདི་མེད་རྒྱལ་བ་རྣམ་པར་སྣང་མཛད་ཐག་པ་གསུམ་སྟོན་མི་སྲིད་དོ།། སྐད་ཅིག་ཙམ་ཡང་དད་པའི་ཤུགས་སྐྱེད་དེ་ཡང་མྱུར་དུ་འཇམ་དཔལ་གཞོན་ནུར ་ཙྪ་གས་བ་གས་ཤིང་ཤཱཀུནནཱ་དམ་རྒྱག་ཅོག་ཀྱང་སྨྲ་ཡྀམྦྷ། ཙྪ་མས་པཱ་སྟནྡྷ་ས་གང་རྒྱུན་གནས་དུམ་པ་རབ་ཏུ་སྔགས།། ཀླུང་དག་འདིར་ན་མདུན་རྒྱུ།། དཀྱུར། ་ཡིད་ཀྱིས་ཕྱོགས་བྱེད་པ།། དེ་ནི་དངོས་དང་འདྲ་བ་སྟེ།། འབྲས་བུ་ལ་ཡང་མཐོ་དམུན་མེད།། བྱང་ཆུབ་སེམས་ཀྱི་བས་རྣམས་གང་།། དེ་ལ་གྷརཱ་ཏེ་གཟུགས་ཡོད་ནཱ། ནམ་མཁའི་ཁམས་ནི་ཀུན་གང་སྟེ།། དེ་ནི་དེ་ལས་སྡུག་པར་འགྱུར།། ་སོགས་པ་རྒྱམ་པོ་གསུང་གི།། དེ་སས་སྐྱེ་བསྐྱེད་མདོར་བསྟན་ནོ།། དས་པོ་གཉིས་དང་རློམ་པ་བནི།། གན་དང་དབང་པོ་ཡི་བྱུང་།། ཚིག་རྣམས་སམས་བསྐྱེད་སྡོས་པའི་ངས།། གདུམ་ལས་ཀྱིས་སྐྱིད་པ་དང་། ་ཤེས་བཞིན་བཤགས་པ་རྣམ་བཅུ་གཅིག། ལས་ཀྱི་གཙོ་བོར་གང་ལེན་པ།། དེ་ནི་ལྡོག་པར་མ་གསུངས་ཏེ།། ཅུང་ཟད་ཙམ་གྱི་ལས་རྣམས་ཀྱང་།། རྒྱ་མཚོ་བཞིན་དུ་མི་སྐམ་ཞིང་།། འབྲས་བུ་བདག་གཞན་གཉིས་ལ་སྣང་།། དེ་བས ་ནན་ཏནྡ་སྙིང་པོས་གྱིས།། ། ཀུནྡ་རྫོབ་སེམས་ནི་སྒྱིང་རྗེའི་མཆོག། སྡུག་བསྡུ་ལྔ་བཅུ་གཅིག་ཡུལ་བྱས་ཏེ།། གདུང་བས་བསྒྲུབ་པའི་སེམས་བཅས་པས།། དགོན་སྐྱོབ་བདག་པོར་ཡིད་ལ་བྱེད།། བདག་བདེ་རྗེ་དང་དོན་འདོད ་བདེ་ནི་ལྡོག་པ་མ་གསུངས་སོ།། འཁོར་ལོས་དཔུང་གི་ཚོགས་འདྲེན་བཞིན།། དེ་ནི་སངས་རྒྱས་ཆོས་རྣམས་འདྲེ་ན།། ས་དང་རྒྱ་མཚོ་ནོར་བུ་བཞིན།། ཡོན་ཏན་དོན་དང་སྣང་བ་རྣམས།། སྙིང་རྗེ་ཆེན་པོ་ཉིད་ལས་འབྱུང་།། མེ་ལོང ་བཞིན་བསྒྲིབ་བྱས་པ། དངོས་གྲུབ་གྲགས་སུ་བྲལ་གསུངས་སོ།། བུ་དང་ཞེ་འགྲས་སྤྱོད་པ་ཡིས།། བྱང་ཆུབ་སེམས་དཔའི་མིང་མེད་ན།། སངས་རྒྱས་ཁས་ཆེས་རྣལ་འབྱོར་ཅི།། །། དོན་དམ་ངེས་པར་རབ་བཤད་པ།། མ་གཡོས་ཀུན་གཞིའི ་ངང་དུ་བཤད།། རང་བཞིན་སྣང་བའི་གསེར་ཚུལ་ལྟར།། གཉིས་སུ་མེད་པར་རྒྱལ་བས་བཤད།། དྲི་དེ་ངེ་ག་པུར་ནུས་པ་བཞིན།། མཚན་མ་མེད་པར་སེམས་མི་དམིགས།། སེམས་ཉིད་གང་ཡིན་ཆོས་ཉིད་དེ།། ཆོས་ཉིད་ཀྱང་ནི་དེ་བཞིནོ།། ་ཆོས་སེམས་གཉིས་མེད་ལྡན་གྱུར་པས།། བླ་མོད་བྱང་ཆུབ་ཆེན་པོར་བཤད།། ནམ་མཁའ་གར་ཁྱབ་ཆོས་ཀྱིས་ཁྱབ།། ཆོས་ཉིད་གར་ཁྱབ་སེམས་ཡིན་པས།། ཕྱི་ནང་གཉིས་མེད་སེམས་སུ་གསལ།། མོས་དང་རྒྱུན་དྲན་མངོན་འགྱུར་བར ་ཡིད་ལ་བྱེད་པའི་སེམས་དག་གིས།། དོན་འདི་ཡོངས་སུ་རྫོགསྨྲ་བར་བརྗོད།། །། གཡོ་ཞིང་སྨོན་པར་བྱེད་པ་ནི།། རང་བཞིན་མཚུངས་པར་ལྡན་པ་དང་།། ཞར་འབྱུང་ལྷན་ཅིག་བྱེད་པ་དང་།། ཡོན་ཏན་མཐོང་ཐོས་རྗེས་འཇུག་དང་།། བྱིན ་རླབས་ཤུགས་ཀྱིས་འབྲེལ་པ་བཞི།། རྐྱེན་གྱི་རྣམ་པ་འདུས་པ་ཡིན།། སྐད་ཅིག་ཅུང་ཟད་ས་བོན་ལས།། བཅའོ་མེ་བཞིན་དུ་སྐྱེ་བར་གསུངས།། ལྷག་པར་འཕེལ་བའི་གང་ཟག་གིས།། སྙིང་རྗེ་སྐྱེ་དང་ལྷར་ལྡན་པས།། དོན་གཉིས་རྒྱུ། ་འདི་ཤེས་ནས།། གོམས་པར་མང་དུ་བྱས་པ་ཡིས།། ཟླ་བ་ཡར་གྱི་ངོ་བཞིན་དུ།། ཇེ་ཆེ་ཇེ་མང་མངོན་འཕེལ་བར།། དམ་བཅས་འཇུག་པར་བྱ་བ་ཡིན།། ལྷག་པའི་བསམ་པ་མངོན་བྱས་ཏེ།། འགྱུར་བ་མེད་པར་གནས་པར་བྱའོ།། དངོས ་གཞི་གཉིས་ལ་རབ་བརྟན་པ།། འཇུག་པའི་སྐྱེས་བུར་དེ་བཤད་དོ།། ཕྱིས་འབྱུང་སྡོམ་པའི་དངོས་པོ་ལ།། རྒྱུན་དང་དུམ་བུར་གང་གནས་པ།། གནས་པའི་སེམས་སུ་རབ་ཏུ་བརྟན།། དེ་ཉམས་གསུམ་དུ་ཤེས་པར ་བྱ།། གནས་པ་མང་པོའི་མཐུ་རྫོགས་པས།། མངོན་བྱས་རྐྱེན་གྱིས་མི་འཕྲོགས་ཤིང་།། བསྒྲུབ་བྱ་རྐྱེན་གྱིས་མཐར་ཕྱིན་པ།། ཀློང་ཡངས་ནུམ་མཁའི་དཀྱིལ་འཁོར་ལ།། སྤྲིན་མེད་ཉི་མ་འབུམ་གྱིས་བདལ།། མི་སྐྱེ་མི་འགག་ངོ་བོ་ལུས ་ཇི་ལྟར་བལྟས་དགུའི་དེར་སྣང་བས།། དོན་གཉིས་ལྷུན་གྲུབ་རྟོག་བྲལ་བ།། མཐར་རྫོགས་སེམས་སུཾ་རྒྱལ་བས་གསུངས།། བསྔོ་གཞི་སྒྲིབ་བྲལ་ཉིད་དུ་བསྟན།། ཡུལ་ཉིད་ལྔ་ཡི་དབང་པོ་ནི།། རིམ་པ་གསུམ་གྱི་མཚན་ཉིད་ཅན།། སྙིང ་རྗེ་ཆེན་པོ་བརླན་ལྡན་པས།། ཁེ་གྲགས་འདོད་པའི་སེམས་གསུམ་སྤངས།། ཤེས་བྱ་བར་མ་ཀུན་མཁྱེན་པས།། མ་འདྲེས་དོན་གྱི་ཐ་སྙད་རྣམས།། ནད་དང་སྨན་གྱི་རིམ་བཞིན་བྱེད།། སྟོན་པའི་མཆོག་དུ་འདི་གསུངས་པས།། དང་པོའི ་རིམ་ལ་གནས་པའི་མིས།། བརྩོན་འགྲུས་དགའ་བའི་ལས་རྣམས་གྱིས།། འདུ་ཤེས་སྨྱོན་པར་བཞག་སྟེ་བླང་།། ཅུང་ཟད་འགལ་བའི་སེམས་མེད་པར།། རྟག་པར་གདུང་པས་རྨོངས་བྱེད་པ།། དེ་འདྲ་བྲལ་བསམ་གསུངས་སོ།། ། ་དབང་འགྱུར་རྡོ་རྗེ་དམ་ཅན་རྣམས།། བྱིན་རླབས་གཉེན་པའི་སེམས་དག་གིས།། ལས་ཀྱི་སྟོངས་སུ་འགྱུར་བའི་ཕྱིར།། ཞིང་ཁམས་བྱེད་པའི་རྡུལ་འདས་པའི།། སངས་རྒྱས་འཁོར་བཅས་བཞུགས་པར་བྱ།། དེ་དག་རྟག་ཏུ ་མངོན་བྱས་མ་སྟེ། ཤེས་བཞིན་རང་གི་སྡོམ་པ་བསྔོ།། སྨོན་ལམ་དབང་གིས་གཟིགས་པར་འགྱུར།། མུཎྜལ་བདུད་རྩིའི་དྲིས་བྱུག་པ།། ཙན་དན་བདུད་རྩིའི་ཆུས་སྦྱངས་པ།། དྲི་ཞིམ་རྒྱས་ཀྱིས་རབ་བརྒྱན་སྟེ།། རིན་ཆེན་འབྱོར་བས ་ལྷག་ཐོགས་བྱ།། སྣ་ཚོགས་ཡོལ་བའི་ཕྱི་རོལ་འདུག། ཁ་སྦྱར་བན་དྷའི་བུམ་ཆུ་སྦྱིན།། དྲིལ་བུས་རྡོ་རྗེའི་མིང་བརྟགས་བྱས།། སངས་རྒྱས་འཁོར་བཅས་གཟུགས་བརྙན་དགྲམྦ།། སྣ་ཚོགས་མཆོད་པ་རྒྱས་པ་དག། འཁོར་གསུམ་དག ་པའི་སེམས་ཀྱིས་དབུལ།། ཁུར་གསིལ་རོལ་མོ་རྒྱས་པར་སྦྱིན།། འབྱུང་པོ་ཀུན་གྱི་གཏོར་མ་དང་།། འགྲོ་དྲུག་སྦྱིན་པོ་ཆེན་པོའི་དང་།། དུག་གསུམ་སྤངས་པའི་སེམས་ཀྱིས་གཏང་།། སེམས་སྐྱེས་མཚོན་པའི་རྡོ་རྗེ་ཡང་།། རྟག་ཏུ ་བཅང་བར་བྱ་བྱཱ་ཡིནྡ།། དྲང་པོ་འདས་དང་འཇུག་འདོད་དང་།། གཡོ་བར་མཁན་པོས་གསོལ་བཏབ་པས།། མ~ཾ་ཁནྡེ་པོས་གསོལ་བ་བཏབ་ནས་ནི།། དད་པའི་སེམས་ལ་གནས་སུ་གཞུག། དགོས་པོའི་ཡོ་བྱད་རང་འབྱོར་ནས།། དགེ་བའི ་བར་ཆད་བཟློག་པའི་ཕྱིར།། རྡོ་རྗེ་མི་ཤིགས་གུར་བཅིང་བྱ།། བུམྦྷ་ཆུ་གསུམ་པོ་བྱིན་བརླབ་ཕྱིར།། བདུད་རྩི་འཁྲུལ་པའི་དྲན་པ་ཡིས།། བགེགས་བསྐྲད་པ་ཡི་རང་བཞིན་དུ།། འབྲུ་ལྔས་ཡེ་ཤོས་ཆུ་རྒྱུན་དགུག། མཱ་ལུས ་འདུས་པའི་ཁྲོ་བཞི་ནི་ཚོགས།། བསྐྱེད་དང་སྤྱན་དྲངས་མཆོད་ཚོགས་སྦྱར།། སྔགས་བཟླས་གསོལ་བཏབ་བུ་བྱིན་བརླབ།། ཁྲུས་བྱས་དྲི་ཞིམ་རྒྱན་ལྡན་བུ།། ཡོལ་ཕྱིར་ཕྱག་བྱས་ཐལ་སྦྱར་སྟེ།། དཔལ་རྡོ་རྗེ་འཛིན་པའི་བདག ་འཁོར་བ་འདོན་པའི་དེད་དཔོན་ཆེ།། སྡུག་བསྔལ་ཆུ་བོ་རྒྱུན་བཟློག་དང་།། དོན་གཉིས་བདག་གིས་མངོན་བྱས་པའི།། ཐབས་ཀྱི་ལས་མཐའ་གང་ལགས་པ།། རིམ་པ་ཡང་དག་བསྟན་པའི་ཕྱིར།། ཐུགས ་རྗེ་ཉེ་བར་སྐྱེད་མཛད་དེ།། དེ་རིང་གནང་བ་མཛད་པར་རིགས།། མཾ་ལུས་ཕྱོགས་བཙུན་བཞུགས་པའི།། སྔོན་གྱི་དབང་པོ་ཇི་སྙེད་པའོ།། རྒྱ་སྨྲ་པདྨ་སྤྱན་དྲངས་མཆོད་པར་བྱ།། སངས་རྒྱས་ལྟ་བའི་མོས་བྱས་པས།། ལོག་བཟུང་ན ་དུ་གནས་པོར་བྱ།། ཐལ་སྦྱར་ཞིང་ལ་ལུས་དབུལ་བྱ།། བི་ཤུདྡྷཾ་དང་སྒྱེ་སྔགས་ཀྱིས།། ཙན་དནྟྲ་བདུད་རྩི་ཆུ་སྐྱུར་དེ།། དད་པའི་ལྷར་སྐྱེད་བྱིན་གྱིསཽ་བརླབ།། རིན་ཆེན་བསྙེན་པས་གསོལ་བཏབ་པས།། རྒྱལ་བ་སྲས་དང་བཅས་རྣམས། ་ཀྱིས།། ཐུགས་རྗེ་ཉེ་བར་བསྐྱེད་མཛད་དོ།། དམི་ཚིག་དམ་བྱི་ཅེས་རིམི་པཾ་བཞིན།། བདག་ལ་བྱིན་གྱིས་བརླབས་པར་རིགས།། རབ་ཏུ་གཏོར་སྟེ་འདྲིལ་པ་བརྟག། རྡོ་རྗེའི་མིངྒ་ཡང་སྦྱིན་པར་བྱ།། དང་ཁྱོད་སྦྱངས་རྒྱས་དཀྱི ་འཁོར་གྱིས།། རཱིམ་པར་རབ་ཞུགས་ངེས་པ་ཡིན།། དམ་ཚིག་འདོད་པའི་སེམས་བསྐྱེད་ཅིང་།། གཞན་དོན་རབ་དགའི་སྙེམས་ལྡན་པས།། བཤགས་པའི་མཆོག་གིས་རབ་ཤོགས་སྷོ།། དག་པོའི་སེམས་ཀྱིས་བརླབ་པར་གྱིས ་འདབ་རྒྱད་པདྨའི་དཀྱིལ་འཁོར་ལ།། བརྟན་ནས་སྤང་ཅིང་མོས་བྱེད་དེ།། མཐའ་རྣམས་བྲལ་བའི་བྱང་ཆུབ་སེམས།། མི་རྟོག་མི་གནས་ནམ་མཁའ་ཉིད།། ཆོས་རྣམས་དེ་འདྲར་མོས་པ་དང་།། མཐོང་སྒོམ་ལམ་ལ་གནས་པ་དང་།། ་མཐར་ཕྱིན་ཐམས་ཅད་མཉམ་སྦྱོར་བས།། དམ་བཅས་ཡིད་ཀྱིས་བརྟན་པར་བྱ།། རྒྱུན་ཡང་དེ་བཞིན་བསྟུན་པར་གསུངས།། དེ་ཡི་ཡོན་ཏན་དཔེ་རྣམས་ཀྱི།། ངེས་པར་མཚོན་པ་བཞི་རུ་བཤུད།། བརྟུན་པའི་བྱང་ཆུབ་སེམས་བསྐྱེད།། ། ་མ་རིག་བཞི་དང་བཅས་པའི་སེམས།། སྐད་ཅིག་རྒྱུན་གྱི་ལས་ཉོན་མོངས།། མཐུན་པར་སྣང་བའི་བལྟོས་པའི་ཆོས།། རྨི་ལམ་བཞིན་དུ་ཉམས་ཐག་རྣམས།། དྲན་པའི་སྙིང་རྗེ་གདུང་སེམས་ཀྱི།། ཁུང་པའི་ཞིང་དུ་མངོན་བྱས ་པཱ།། སྡུག་བསྔལ་རྒྱ་མཚོ་བཟློག་པའི་ཕྱིར།། ཆོ་འཕྲུལ་ལས་དང་སྐུ་དོན་རྣམས།། རྒྱུ་ལྕི་བས་གྲངས་མཐའ་མི་རྟོགས་སོ།། མངོན་འདོད་བྱ་བའི་མོས་པ་དག། བརྟན་པར་བསྐྱེད་ཅིང་རྒྱུན་གནས་པ།། སེམས་ཀྱིས་སྔོན ་བཞིན་གནས་པར་བྱ།། ཐལ་སྦྱར་གུས་པའི་ལུས་གནས་སྟེ།། དང་པོར་གསོལ་བའི་ཚིག་བཤད་བཞི།། སྔོན་དུ་བཏང་ནས་གཏམ་པར་།། དཀྱིལ་འཁོར་མཆོད་པ་སྦྱིན་སྲེག་བསོགས།། གཞན་དོན་གྲངས་མ་ཇི་སྙེད ་པ།། ཚེ་འདི་གནས་ཙམྦ་མཐ་ཐུག་པར།། ནམ་ཡང་རྒྱུན་ཚད་མ་གྱུར་ཅིག། ཐུན་མོངས་ཐབས་ཀྱིས་སྤྱོད་དྲུག་དང་།། མི་མཐུན་འདུལ་བའི་སྤྱོད་པ་རྣམས།། དེ་བཞིན་བསྟོན་པར་བསྒྲུབ་པ་ཡིས།། འགྲོ་མི་འདུལ་མེད་པར ་ཤོག། དམ་བཅས་རིམ་པའི་སྡོམ་པ་རྣམས།། ཚིགས་བཤད་བཞིན་དུ་སེམས་ཀྱིས་བསྒྲུབ།། དོན་གཉིས་འགྱུར་བའི་ལུས་སྤྱོད་དག། ལུས་ཀྱི་ལེ་ལོ་སྤངས་པས་བྱས།། དོན་མེད་སྤྱོད་པ་སེམས་ཀྱིས་གནན།། ་སྙིང་པོ་བཤད་དང་ཕན་པའི་གཏམ།། མ་གཏོགས་རྒྱུན་བཅད་དེ།། ལེ་ལོ་སྤངས་པས་གསུམ་བསྒྲུབ་བྱཱ།། ཙ་ཅོ་ནམ་ཡང་མ་ཡིན་པ།། སངས་རྒྱས་ཆོས་སུ་དེ་བཤད་དོ།། བསམ་བཏན་ཤེས་རབ་རབ་མ་དང་། ་སྙིང་རྗེ་སྡོམ་པ་བསྔོས་པའི་སེམས།། གཡེང་དང་བྱིང་རྨུགས་རྣམ་སྤངས་པས།། བསམ་བྷ་བརྟག་པར་གང་དྲན་པ།། སངས་རྒྱས་ཆོས་བཞིར་འདི་བཤད་དོ།། སྒོ་གསུམ་ཆུད་པར་མོས་གྲུབ་པས།། རྟག་ཏུ་རང་ཉམས ་སློང་བྱེད་པ།། དམ་ཆོག་སྡོམ་པའི་གཞིར་ཤེས་བྱ།། སངས་རྒྱས་སྐུ་གསུང་ཐུགས་ཐོབ་འགྱུར།། རྒྱུས་པར་ཡོན་ཏན་བརྗོད་མི་ལང་།། ། ཁུང་པའི་ཞིང་དུ་གྷུ་རེ་རྣམས་ལ།། སྡུག་བསྔལ་ཡིན་ཡང་མཐར ་ཕན་སྤྱོད།། སྟོང་ཅིང་མཐོ་སེམས་རབ་སྤངས་པས།། འཁྲུལ་པ་ཇི་སྙེད་བརྗོད་མི་ལང་།། འདི་འདྲ་བ་ཡང་སྣོད་མ་སྨྲ།། རྒན་པོ་བླ་མའི་འདུ་ཤེས་བྱེད།། ཕྲག་དོག་ཅན་ལ་སེམས་ངན་མེད།། དཔག་ཚད་དུ་མའི་མཐར ་གནས་བྱ།། མན་ངག་ཟང་ཟིང་ལན་སྤངས་སྦྱིན།། འགྲོན་ག་ཉེར་རྒོ་སྣ་མེད་དབང་དུ་བྱ།། དོན་ཡོད་སྡིག་པ་དང་དུ་བྱུང་།། མ་བསྔོས་འཚོ་བ་རྟགས་ཏུ་སྦྱང་།། གླགས་དང་འགྲན་ནོར་དགེ་བ་དོར།། ཉམས་ལ་སྙིང ་རྗེ་གཏང་སྙོམས་སྤང་།། དོན་འགྱུར་ཕྱིར་ནི་བདག་དགེ་སྤང་།། དེ་ནི་ལྡོག་པར་མ་གསུངས་སོ།། འཛིན་སྤངས་པའི་སྦྱིན་པ་བཞི།། འཆང་བས་སྦྱིན་པ་བཟློག་པར་བྱ།། ལུས་འདོད་དུམ་བུའི་སེམས་དག་གིས། ་སྤྲུལ་སྐུ་ཐོབ་ཕྱིར་སྦྱིན་པར་བྱ།། ཉམས་སོང་ལོག་ལྷ་སུན་དབྱུང་ཕྱིར།། སྐལ་བའི་སྦྱིན་པས་བཟློག་པར་བྱ།། བསམ་གཏན་རོ་མཆོག་རླུང་གནས་ཀྱང་།། ཐེག་སྨན་སྤྱོད་པ་དོ་བ་མེད།། འདོད་པའི་སེམས་ཀྱིས་གྲོང་མི ་གཉེར།། བཟློག་པའི་སེམས་ཀྱིས་གྲོང་རྒྱུ་བ།། ཆོས་ཀྱི་སྐྱེས་ཀྱིས་འགྲོ་བར་བྱའོ།། །། ནད་དང་སྡུག་བསྔལ་ཅན་གཡོས་བྱེད།། ཚུལ་ཁྲིམས་བསམ་སྤྱོད་ལྷུར་མི་འཛིན།། མཉེས་དང་བྲལ་ན་དག་པར་གསུངས།། ་བརྩོད་པའི་རྩ་བ་སེམས་དྲན་དང་།། རྣམ་སྨིན་དྲན་པར་བཟློག་པར་བྱ།། ཁོང་ཁྲོ་ཉེས་ཆེན་བྲལ་འགྱུར་པ།། འདི་ལྡན་བྱང་ཆུབ་སེམས་དཔའ་མེད།། ཆོས་སྤྱོད་བཅུ་ལ་དམ་བཅས་ནས།། ཐུན་མོངས་ཞེན་པ་བཟློད། ་པར་བྱ།། སྡུག་བསྔལ་བསམ་པ་ནཱམ་མི་འདོར།། སྣོད་མུ་བལྟས་ལ་སེམས་མི་བརྟན།། དེ་ལ་དོན་འགྱུར་སྤང་མི་བྱ།། ཕན་བྱེད་རྣམས་ལ་ལན་མྱི་གླན།། མྱ་ངན་ཅི་ཡང་གསང་བར་བྱ།། སྒྲོ་བསྐུར་སྤོངས་སྟེ། ཡོན་ཏན ་བརྗོད།། ངན་བྱེད་མཐོང་བ་མེད་སྨོན་དང་།། སྤོས་ང་ནི་མཐོང་བ་དེ་བཞིན་སྟེ།། སྨོན་ལམ་བདག་གི་ཞིང་དུ་བཏབ།། བཟང་པོར་སྤྱོད་དང་དངོས་པོ་བཟང་།། མཆོད་རྫས་མཐོང་བ་ཇི་སྙེད་པ།། བདག་ཞིང་ཀུན་གྱིས་སྤྱོད་པར ་སྨོན།། གདུག་པ་སངས་རྒྱས་ཞིང་གནས་དང་།། འགྲོ་བ་སྤྲུལ་པས་དོན་བྱེད་དང་།། བྱིན་པ་བསམ་གཏན་བདེན་རྣམས་དང་།། བསམ་རྩིས་ཆོས་ཀྱི་བསམ་པ་དང་།། འགྲེང་བ་སེམས་ཅན་དོན་བསྟན་དང་།། དཔའི་བདུད ་བཞི་གཡུལ་འཇོམས་དང་།། ཐམས་ཅད་སྤྱོད་བཞིན་མ་གོས་དང་།། སྲོག་གཅོད་ཁྲོའོ་འཕྲིན་ལས་དང་།། འདོད་ཆགས་མཉམ་པར་སྦྱོར་བ་དང་།། རྐུ་བྱེད་དངོས་གྲུབ་ལེན་པ་དང་།། རི་བོ་རྟོག་པས་མི ་ཕྲོགས་དང་།། ཆུ་རྒྱུན་ཆོས་སྤྱོད་རྒྱུན་ལྡན་དང་།། འབྲས་བུ་སྐུ་དང་ཡེ་ཤེས་དང་།། མེ་ཏོག་རྣམ་གྲོལ་ཕུང་པོ་དང་།། ཡུལ་ཁམས་རྣམ་དག་འཇིག་རྟེན་དང་།། ཁ་ཟས་ཏིང་འཛིན་རོ་མཆོག་དང་།། སྐོམ་དང་སྙིང་རྗེ་ཆུ་འཐུང ་བསོགས།། ཁམས་གསུམ་གནས་པའི་སེམས་ཅན་ལ།། སྨོན་ལམ་ཡིད་ཀྱིས་ཟིན་པར་བྱ།། གཞན་ཕྱིར་བདག་ཀྱང་དེ་བཞིན་སྨོན།། རྩ་བའི་སྤྱོད་པ་གསུམ་བསོགས།། སེམས་སྐྱེད་སྡོམ་པ་བླངས་ནས་མཐོང་།། ཉམས ་མེད་བསམ་པའི་དྲན་པ་དང་།། ཤེས་བཞིན་ལྟ་བས་བརྟག་དངོས་སྟེ།། གང་ཞིག་སྔོན་གོམས་དབང་ཉམས་པ།། འགྱོད་དང་བཅས་པས་སོར་གཞུག་བྱ།། ཡི་གེ་ལ་སོགས་བཟོ་མཐའ་རྣམསོ།། རྩོལ་བས་རྒྱུན་ཏུ་འཇུག་བྱེད་པ།། ། ་གོམས་ཏེ་སྨྲ་བར་མ་གྱུར་པའི།། དངོས་སྡེ་གང་ཡང་ཡོད་མ་ཡིན།། སྤྱོད་ལམ་རྣམ་གསུམ་དྲན་བྱ་བ།། བྱང་ཆུབ་སེམས་དཔའི་མིང་ཐོབ་སྟེ།། དེ་ནི་ལྡོག་པར་མི་འགྱུར་རོ།། དཔེར་ན་ཕྱུག་པོ་ནོར་སྡོད་པ།། མེད་པར་གྱུར་པ་སོར་འཇུག ་བཞིན།། སྤྱོད་པ་མཉམ་པའི་རྣལ་འབྱོར་པས།། ཞིག་པ་བཞིན་དུ་མི་གོནས་ཏེ།། གཞི་འམ་འོན་ཏོ་གཞན་དག་གམ།། དབང་པོར་གྱུར་པའི་རྟེན་དག་ལ།། སྔོན་དུ་མཎྜལ་མཆོད་སྦྱར་ནས།། མེ་ཏོག་ཕྱག་འཚལ་ལུས་གུས་པས།། འགྱོད ་སེམས་དངོས་པོ་གང་གིས་བཤགས།། དེ་བཞིན་སླར་ཡང་བླང་བར་བྱ།། བདག་དང་དངོས་པོ་འབྲས་བུ་རྣམས།། མི་དམིགས་སེམས་ཀྱི་བཤགས་བྱ་བར།། དེ་ནི་ཉེས་པར་མུ་གསུངས་སོ།། འདི་ནི་ཤིན་ཏུ་གསང་བའི་ཆོས།། བདག་གཞན ་གཉིས་ཀའི་དོན་འགྱུར་ཕྱིར།། སྡོམ་པ་རྣམ་གྲངས་འཕེལ་མི་བྱ།། འདོད་པ་སྦྱིན་པའང་དེ་བཞིན་ནོ།། ཐུན་མོང་རབ་ཏུ་ཞེན་པ་བཟློག་པ་དང་།། བསླབ་པ་མཐར་ཆུབ་དེ་ལས་གྲོལ་བའི་ཕྱིར།། ལས་མཐའ་སེམས་བསྐྱེད་ཆོ་ག་མདོར་བཤད ་བས།། འགྲོ་བ་མཐའ་དོག་བྱང་ཆུབ་སེམས་ལྡན་ཤོག།། སེ་མྱོས་སྐྱེད་པའི་ཚིག་མདོར་བཤད་པ་རྫོགས་སོ།། །། ། རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ།། དེ་ལྟར་སྟོན་པ་མཆོད་བྱས་ནས།། ལམ་གྱི་རྣལ་འབྱོར་རྣམས་དོན་ཕྱིར།། ་